ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་བ།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཚེས་ ༢༨ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་ཐོག་ཚོགས་གཙོ་ངོས་ནས་གཏམ་བཤད་རིང་པོ་ཞུ་རྒྱུའི་གྲ་སྒྲིག་གང་ཡང་ཞུས་མེད། དེར་བརྟེན་ཚོགས་གཙོས་གང་གསུང་པ་དེ་ཚོགས་འདུའི་གྲུབ་འབྲས་དང་འབྲེལ་བ་ཡོད་པ་མ་གཏོགས་ཐག་གཅོད་དང་བཀོད་ཁྱབ་དེ་འདྲ་གང་ཡང་ཆགས་ཀྱི་མ་རེད། ཅེས་ཞུ་རྒྱུ་ཡིན། ང་ཚོའི་ལས་རིམ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ལྔ་དང་། དེ་བཞིན་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ནང་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་དང་། ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཡོད།
སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་མང་ཆེ་བ་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་། དེའི་ཐོག་སྤྱི་འཐུས་རྒྱུན་ལས་ཐོག་ནས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོར་བགྲོ་གླེང་དང་ལན་འདེབས་གསལ་བཤད་བཅས་ཀྱི་ཐོག་དུས་ཚོད་མང་པ་བཏང་ཡོད་པའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ཚང་མས་ངོ་ནས་ཚ་ཚ་འུར་འུར་ཐོག་ནས་ཆ་ཤས་ལེན་སྟངས་སོགས་ཀྱི་ཐོག་ནས་ཡག་པོ་བྱུང་སོང་བསམ་པའི་ཚོར་སྣང་བྱུང་། སྤྱིར་ལས་རིམ་གང་འདྲ་ཞིག་བརྩམས་ཀྱང་ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ་ཞིག་ཆགས་དགོས་པ་དང་། གཉིས་ནས་བོད་དོན་བདེན་མཐའ་གསལ་རྒྱུའི་གནས་སྟངས་ཐོག་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ང་ཚོས་ལས་རིམ་མང་པོ་སྒྲིག་དགོས་པའི་གནས་སྟངས་དེ་འདྲ་ཆགས་ཡོད། ད་ལྟའི་ཆར་ཆ་བཞག་ན་གནས་སྟངས་འདི་ཆབ་སྲིད་ཀྱི་ཐོག་ནས་དམར་ཤོག་གི་སྒྲིག་འཛུགས་ལམ་སེང་འགྱུར་བ་འགྲོ་གི་རེད། ཅེས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ན་མ་སྒྲིག་པ་མེད་པ་ལྟ་བུའི་གནས་སྟངས་ཡོང་གི་འདུག
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ Wang Yi གཏམ་བཤད་གནང་འདུག སྐབས་དེར་ཁོང་གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ཐོག་ནས་གནད་དོན་གང་ཡིན་ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་རེད་ཅེས་བརྗོད་ཡོད། དེ་ལྟ་བུའི་གནས་སྟངས་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གཉིས་ཕན་ཐོག་ནས་ང་ཚོ་མདུན་བསྐྱོད་བྱེད་ཐུབ་རྒྱུ་དང་། གཅིག་བྱས་ན་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་མེད་ན་བསམ་པའི་རེ་བ་ཞིག་མཐོང་གི་ཡོད་རེད། འོན་ཀྱང་ང་ཚོའི་སྒྲིག་འཛུགས་ཐོག་ནས་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་པ་ཞིག་དང་། གནས་སྟངས་དེའི་ཐོག་ལ་མཐུས་ཤོར་མི་འགྲོ་བ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་ཐོག་ལ་ལག་པ་མ་འཆང་བར་མུ་མཐུད་ལྷག་ཐུབ་ཐབས་མེད་པ་ལྟ་བུ་མཐོང་གི་ཡོད། རྒྱུ་མཚན་གང་རེད་ཅེ་ན། གཅིག་ནས་བོད་ནང་གི་བོད་མིའི་སེམས་ཤུགས་དང་། ཕུག་བསམ་ལྡན་པའི་ཐོག་ནས་མི་རིགས་ཀྱི་འདུ་ཤེས་དམ་འཛིན་གནང་བཞིན་པ་དེ་གནས་སྟངས་གཅིག་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་སེམས་ཁུར་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་བོད་དོན་ཐོག་ཐུགས་སྣང་གནང་བཞིན་ཡོད། གནས་སྟངས་དེ་ཚོར་བརྟེན་ནས་རྒྱ་ནག་གཞུང་ནས་བོད་དོན་ཐོག་ལག་པ་མ་འཆང་བར་ཟུར་དུ་གཡུག་རྒྱུའི་གནས་སྟངས་ལྷག་གི་མི་འདུག ཅེས་དེ་འདྲའི་ཐོག་ནས་ཚོགས་གཙོའི་མཐོང་ཚུལ་ཞུ་འདོད་བྱུང་།
དེ་བཞིན་ང་ཚོའི་གྲོས་ཚོགས་ལས་རིམ་ནང་སྤྱི་འཐུས་སྒེར་གྱི་གྲོས་ཚོད་ཕེབས་པ་དེ་མང་མོས་ཐོག་ནས་གཏན་འབེབས་ཞུས་ཐུབ་ཡོད། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ཡན་ལག་དང་། དེ་བཞིན་གཏམ་བཤད་དང་ཡིག་འབྲེལ་གཙོ་བོ་བོད་ཀྱི་སྐད་ཡིག་ཐོག་གནང་དགོས་པའི་ཐག་གཅོད་བྱུང་ཐུབ་ཡོད། ད་ལྟའི་དུས་ཚོད་ཀྱི་གནས་སྟངས་ཐོག་ནས་ཚོགས་གཙོ་ངོས་ནས་ཡག་པོ་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟའི་བོད་ཀྱི་སྐད་ཡིག་གནས་སྟངས་ཐོག་སེམས་འཚབ་བྱེད་དགོས་པའི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་འདུག གཅིག་ནི་བོད་ནང་གི་གནས་སྟངས་ཐོག་ནས་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་འདུག གཉིས་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཐོག་ནས་ཀྱང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་འདུག དཔེར་ན། བོད་ལྟ་བུར་མཚོན་ན། རྒྱ་ནག་དང་ས་མཚམས་ཀྱི་གནས་སྟངས་བོད་པ་རེད། དེ་བཞིན་བོད་ནང་དུའང་རིགས་གཅིག་གིས་བོད་ཀྱི་སྐད་ཡིག་མི་ཤེས་པའི་གནས་སྟངས་ཡོང་བཞིན་འདུག དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་ཀྱང་མང་པོ་ཞིག་གཞན་དབང་སྟབས་བསྟུན་གྱི་གནས་སྟངས་ཆགས་སྟབས། རང་དབང་ཐོག་བོད་ཀྱི་སྐད་ཡིག་ཧ་ཅང་ཤུགས་ཆེན་པོ་བེད་སྤྱོད་གཏོང་རྒྱུའི་གནས་སྟངས་མེད་ནའང་། གཞན་དབང་སྟབས་བསྟུན་འོག་གང་ལ་གང་འོས་པ་དང་གང་ལ་གང་འཚམ་པ་དེ་འདྲའི་གནས་སྟངས་ཐོག་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཤུགས་ཆེན་པོ་གནང་ཐུབ་དགོས་པའི་གནས་སྟངས་དེ་གལ་ཆེན་པོ་ཆགས་ཡོད།
ཕྱོགས་མཚུངས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་མཁན་བོད་པ་ཚོར་བལྟས་པ་ཡིན་ནའང་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་སླེབ་པ་ཞིག་དང་། ཕྲུ་གུ་ཆུང་ངུ་ཡིན་ནའང་བོད་ལུགས་ཕྱུ་པ་གྱོན་རྒྱུ་རིགས་ལ་དོ་སྣང་དང་དབྱིངས་གསར་པ་སླེབ་ཀྱི་འདུག དེ་ཚོའི་ཐོག་ལའང་ཁོར་ཡུག་བཟང་དུ་འགྲོ་བ་དང་། དོ་སྣང་ཤུགས་ཆེ་བ་ཡོང་སྟབས། མ་འོངས་པར་བོད་ཀྱི་སྐད་ཡིག་ལ་ཏན་ཏན་ཐུགས་ཕན་གསོ་བའི་རེ་བ་ཆེན་པོ་ཞིག་འདུག དེར་བརྟེན་ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་དགོས་རྒྱུ་ཞིག་དང་། བོད་མི་མང་ཚོགས་ངོས་ནས་ཀྱང་དེའི་ཐོག་དོ་སྣང་ཤུགས་ཆེ་ཙམ་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གྲོས་ཚོགས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།
ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ།
བཀྲིན་ཆེ་ཐུགས་རྗེ་ཆེ་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་རྒྱང་བལྟ་བྱས་པ་ཡིན་གྲོས་ཚོགས་རྒྱལ་ཁའི་ངང་གྲོལ་ཡོད་ན་དགའ་བསུ་ཡོད་ཐུགས་རྗེ་ཆེ་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་མེད་པ་ཤོག་།
༼༼རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད༽༽
འདི། རང་མགོ་རང་གིས་རྡུང་བའི་རྒྱལ་ཁ་རེད་དམ།
གཞན་མགོར་རྡོག་པ་བཞག་པའི་རྒྱལ་ཁ་རེད།
རྒྱལ་ཁ་འདི་བོད་མི་ཚང་མར་རེག་པ་ཞིག་རེད་དམ།
སྤྱི་འཐུས་འགའ་ཞིག་ལ་ཐོབ་པའི་ལེགས་གྲུབ་ཞིག་རེད། དེང་སང་གི་རྒྱལ་ཁ་འདི་མཚར་མོ་ཡོད་ལེ་རེད་ཐལ།
གྲོས་ཚོགས་ཀྱི་ལས་རིམ་དང་གསུང་བཤད། དྲི་བ་དྲི་ལན་ཆ་ཚང་ལ་རྒྱང་བལྟ་བྱས་པ་ཡིན། ཡིན་ན་ཡང་ལེགས་ཚོགས་ངང་གྲོལ་མིན་གསལ་བོ་ཞིག་མ་ཤེས་ཐལ། ཕར་འཛིངས་ཚུར་འཛིངས་འདྲ་བྱས་ནས་དོན་ལ་སྨན་པའི་གྲོས་མོལ་ཞིག་དང་འགག་ལ་ཐུག་པའི་གནད་དོན་ཞིག་རྩ་བ་ནས་མེད་ཁ་ཞིག་ཡུན་ཐལ།
༄༅། སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཚོ་ནས་དགོས་པའི་བོད་ཀྱི་ཚབ་སྲིད་སྐོར་ལ་གྲོས་མོལ་མ་གནང་བར་མི་དགོས་པའི་དགའ་ལྡན་ཕོ་བྲང་ལ་ཟུར་ཟ་མཚན་སྨད་བྱས་པ་ནི་མགོ་རུལ་བ་རྣ་བའི་མ་ཚོར་བའི་རང་སྐད་བརྒྱབ་པ་ནི་མི་འདོད་པའི་རྒྱུ་མཚན་གང་རེད།
རྒྱ་དམར་པོའི་ཡན་ལག་རེད་དམ། ལྷ་འདྲེ་གསོལ་མཁན་གྱི་རྐང་པ་ཡིན་ཧ་གོ་གི་མི་འདུག་ལྷག་པར་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་མཁན་དེ་སུ་རེད་། ཤེས་ཡོན་གང་ཡང་མེད་པའི་སྐད་ཆ་བཤད་ཀྱི་འདུག་། ཁོ་ལ་མི་འདོད་པའི་སྐད་ཆ་བཤད་པ་དེ་སེམས་ནང་དུ་ག་རེ་
དགོས་ཀྱི་ཡོད་པ་རེད།
བོད་ཀྱོ་གཏམ་དཔེ་ཞིག་ལ། ཤེས་ཡོན་མེད་པའི་མི་དེ་། ནམ་ཡང་དཔོན་དུ་མ་བསྐོ་ལ། ཟེར་བ་བཞིན་སྔ་ལོ་ཡང་སྐད་ངན་ཞིག་བརྒྱབ་སོང། འདི་ལོ་ཡང་སྐད་ངན་བརྒྱབ་སོང། སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་མར་བཞག་རོགས། དེ་ལས་ཤེས་ཡོན་ཡོད་པའི་མི་ཞིག་བཞག་ན་ལེགས། ཆོས་མིན་སྐྱ་མིན་ར་མ་ལུག་དེ་ཚོ་དགོས་ཀྱི་མི་འདུག་
ཁྱི་རྒན་དེ་ཚོ་གྲོལ་ཙང་ཡག་པོ་རེད། གནས་སྐབས་རིང་སྲང་ལམ་ལ་འཁྱམས་འགྲོ་གི་རེད། དེ་ནས་སླར་ཡང་གྲོས་ཚོགས་ནང་ཁྱི་འཛིང་རྒྱག་ཀ་ཡོང་གི་རེད། བསྟན་པ་ཡར་འཕེལ་ཟེར་བའི་ཁྱི་སྨྱོན་ཁོས་མཆེ་བ་གཙིར་ནས་ཡོང་གི་རེད། དེ་གྲོས་ཚོགས་ར་བ་དེ་སྒོ་རྒྱབ་བཞག་ན་ཡག་ཤོས་རེད།་དགོས་པ་མི་འདུག
གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་རྒྱང་བསྲིང་འདི་སློབ་དཔོན་ཐུགས་རྗེ་ཅན་གྱིས་བྷ་ཏ་ཧོར་གྱི་སྒོམ་གྲྭ་ནས་སངས་རྒྱས་བསྟན་པའི་སྲུང་མར་སྤྱན་དྲངས་པའི་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། དགའ་ལྡན་ཕོ་བྲང་གིས་དབུས་བྱས་པ་ཅན་རྣམས་ལ་དམའ་འབེབས་ཟུར་ཟ་བྱ་ཡུལ་དང་་། ཐུད་ཚོ་བ་མར་གྱིས་བཀའ་དྲིན་དུ་་མི་ཚོར་མཁན་རྣམས་ལ་ཕྱོགས་་གཏོགས་གླད་་མེད་བྱབས་ཆུང་རྣམས་ཀྱིས་སྤྲེལ་ལད་འཁྲབ་་ཡུལ་ཙམ་ལས་གཞན་པའི་ཕན་ཐོགས་མི་འདུག ལྷག་པར་ཁོང་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་ན་ཚ་སྙིང་ལ་བཅུག་སྟེ་སྤྱི་སེམས་ཡིན་མདོག་གིས་ཁྱི་འཛིང་རྒྱབ་པས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་རེ་བ་བརླག་ཏུ་བཅུག་པ་དང་། བྱེས་འབྱོར་སེར་སྐྱ་མི་མང་རྣམས་རིང་པོ་མི་ཐོགས་པར་གདུག་འདྲེ་འདི་ཚོའི་གྲས་ཀྱིས་ང་ཚོ་རླུང་ལ་བསྐུར་བར་འདུག་སྙམ་སྟེ་ཡི་མུག་དགོས་པ་བཟོས་། ་རྒྱ་དམར་པོ་ནི་དགའ་བའི་འཛུམ་མདངས་སྟོན་འོས་པ་བཟོས་སོང་། དེ་བཞིན་དོལ་རྒྱལ་རྗེས་འབྲངས་པ་ཚོ་ཡང་དགའ་ཐག་ཆོད་དེ་བསྟན་པ་ཡར་ཕེལ་གྱིས་སྔ་ཕྱིར་སྨྱོ་བཤད་བྱས་པ་རྣམས་YouTube ནང་ཟུར་བཏོན་གྱིས་འཛམ་བུ་་གླིང་ལ་སྟོན་པའི་གོ་སྐབས་ཡག་ཐག་ཆོད་བསྐྲུན་སོང་བ་ལས་གཞན་པའི་དགེ་མཚན་བྱུང་མ་སོང་ངོ།།
ད་ལམ་སྐབས་འདིའི་གྲོས་ཚོགས་ལས་རིམ་ནང་མྱ་ངན་གུས་བཏུད་དང་གདུང་སེམས་མཉམ་སྐྱེད་སོགས་ལ་གྲོས་ཆོད་མང་ཙམ་བཞག་འདུག་པ་དེ་ཚོ་བོད་མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བའི་གནས་དོན་ལ་སོང་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་གི་ཡོད་།
ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ཆེ་བཤོས་དེ་བཅའ་ཁྲིམས་དགོང་དོན་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུ་དེ་ཡིན་ན་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་འགྲོ་བཞིན་པའི་རྒྱ་གར་གྱི་མི་སེར་སྐོར་དང་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་སྐོར་སོགས་ལ་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་གལ་ཆེན་ཡིན་པ་ངོས་འཛིན་དང་བཅས་ལྷག་དོན་དུ་བཙན་བྱོལ་སྤྱི་ཚོགས་འདི་རྒྱུན་གནས་ཐུབ་ཆེད་བཀའ་ཤག་གི་ལས་འཆར་ལྔ་དང་ལྔ་བཅུ་ཟེར་བའི་འཆར་གཞིའི་འོག་བཙན་བྱོལ་སྤྱི་ཚོགས་རྒྱུན་གནས་དང་བསྲ་བརྟན་ཐུབ་པའི་ཆེད་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
གྲོས་ཚོགས་ནང་སྤྱི་མཐུས་མང་ཆེ་བ་ཕྱོགས་རིས་དང་ཕྲག་དོག་གི་བཟི་བསྡད་ཡོད་པ་བཤད་མ་དགོས་པ་རེད། ལྷག་བསམ་རྣམ་དག་གི་གཅིག་གི་གཅིག་ལ་རྒྱབ་སྐྱོར་དང་མཐུན་སྒྲིལ་བྱེད་པ་ཉིན་མོའི་སྐར་མ་ནང་བཞིན་རེད། རང་རྒྱལ་གཞན་ཕམ་གྱི་བསམ་བློ་མ་གཏོགས་བསམ་མ་ཤེས་པ་འདྲ་བོ་འདུག དོག་ཙམ་སོ་སོའི་འདོད་པ་དང་མ་མཐུན་ན་གོང་ས་མཆོག་གི་མཚན་དེ་བེད་སྤྱོད་གཏོང་ནས་ཕ་རོལ་ལ་ངོ་རྒོལ་བྱེད་པ་ཁྲིམས་ལྟ་བུ་ཞིག་ཆགས་འདུག དེ་ནི་སྤྱི་མཐུས་རྒན་པ་རྣམས་པའི་ལུགས་སྲོལ་དང་གྲུབ་འབྲས་རེད།