ཤར་ཕྱོགས་ཁུག་རྟ།
སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་ལུས་དོན་གྱི་བདག་པོ་བསམ་ཚུལ་བསྡུས་ན་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུའི་དབང་ཚད་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུ་དང་། བོད་མི་རིགས་ཀྱི་མངོན་འདོད་མཐར་ཐུག་ཐག་གཅོད་བྱེད་རྒྱུ་གཉིས་ཀྱི་གལ་གནད་རང་བཞིན་གཅིག་པ་ཡིན་པས། གཞིས་ལུས་དོན་གྱི་བདག་པོར་བསམ་ཚུལ་བསྡུས་ན་མ་གཏོགས་ཅི་ལྟར་བསྒྱུར་བཅོས་གཏོང་ཐུབ་བམ།
བོད་ཀྱི་མཁས་པ་ཆེན་པོ་དག་གིས། གནད་དོན་ཐག་གཅོད་བྱེད་སྐབས། ༧རྒྱལ་བ་རིན་པོ་ཆེས་ཅི་ཙམ་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་བཞིན་༧སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་ཐུབ་ཀྱི་མེད། དེ་གཉིས་པང་སྒྲིག་ན། དང་པོ་༧རྒྱལ་བ་རིན་པོ་ཆེ་དང་། གཉིས་པ་སྤྱི་འཐུས་ལྷན་ཚོགས་ཡིན་པར་བདེན་ཚིག་གསུང་གིས་སྡོམ་ཚིག་གནང་ཡོད་པས་རེད། དེ་བས་སྐབས་བཅུ་བཞི་པས་སྤྱི་འཐུས་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་ལྗིད་ཚད་མ་ནོར་བར་རྩ་དོན་ཐག་གཅོད་བྱེད་དགོས་ཀྱི་རེད། ད་དུང་པེ་ཅིན་སྲིད་གཞུང་གི་བཀའ་དྲིན་ལ། གནམ་གྲུའི་གླ་ཆ་བརྒྱུད་པའི་སྙོག་གླེང་གཞིས་ལུས་རྒྱ་ཆེའི་མི་མང་གི་གཟིགས་མོར་སོན་ཡོད་པས། དེ་བས་གཞིས་ལུས་མི་མང་ལ་བསམ་ཚུལ་ཡོད་སྐད་འདུག་ལ། ༧རྒྱལ་བ་རིན་པོ་ཆེས་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་སྡོམ་བཀའ་སློབ་གནང་སྐབས་དེ་དོན་ཞབས་འདྲེན་རེད་ཅེས་གསུངས་སོང་།
དེས་ན་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ངེས་པར་དུ་དགོངས་བཞེས་གཟབ་ནན་གནང་དགོས་ཀྱི་རེད། ཉ་ཉོག་མེད་པས་དེ་ཙམ་གྱིས་འཐུས་བར་བྱ་བ་དང་། གོ་བ་ལོག་འགྲེལ་བྱེད་མཁན་དག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཟེར་གྱི་འདུག་མ་ཟེར་རོགས། བོད་མི་མང་མངོན་འདོད་འདི་འདྲ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་བབ་འདི་འདྲའི་སྐབས་ལ་ཟེར་གྱི་ཡོད།
སྐབས་བཅུ་བཞི་པའི་སྤྱི་འཐུས་འདི་ཚོས་གཞིས་བྱེས་བོད་མིའི་སྐྱུ་ཚབ་མཚོན་མི་ཐུབ་པ་མ་ཟད། ད་ཆ་ཁོང་ཚོར་བོད་ཀྱི་ལས་དབང་ལ་ཐེ་བྱུས་བྱེད་པའི་དབང་ཆ་མེད། ལྷག་དོན་༸གོང་ས་མཆོག་གི་བགྲེས་ཡོལ་སྐོར་ལ་ཐག་གཅོད་བྱེད་དབང་རྩ་བ་ནས་མེད། འདི་ཚོས་བོད་མི་བྱིངས་དང་༸གོང་སའི་ཐུགས་རེ་ཆུད་ཟོས་སུ་བཏང་སོང་།
དངོས་གནས་རེད། སྐབས་བཅུ་བཞི་པའི་སྤྱི་འཐུས་འདི་ཚོས་ལོ་ངོ་ལྔ་ཆུད་ཟོས་སུ་བཏང་བ་མ་ཟད། ཞབས་འདྲེན་མེད་ན་མ་གཏོགས་ཆ་ཚང་ཞུས་སོང། ལྷག་དོན་བོན་ནག་མགོ་རིལ་གཉིས་ཀྱིས་གཙོས་ཆབ་ཏོག་མགོ་རིལ་ཁྱུ་གཅིག་དང་། འཇུ་ཆེན་དཀོན་ཆོག་ཅེས་པའི་རྒན་མོ་དེ་དང་། ཀརྨ་ཆོས་འཕེལ་ཟེར་བའི་སྤོར་ཏོ་དེ། ཟླ་བ་ཚེ་རིང་ཟེར་བའི་རྙོག་གྲ་ཚ་པོ་དེ་སོགས་མི་གྲངས་བཅུ་གསུམ་ཙམ་ཞིག་ཡོད། འདི་ཚོ་ཚང་མ་ཡག་པ་ཞིག་མ་རེད། བྱས་ཙང་ཁོ་ཚོས་བོད་ཀྱི་ལས་དབང་ལ་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་མེད། ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
ད་ག་རེད། ཕྱོགས་ལྷུང་འཐེན་འཁྱེར་ཅན་གྱི་སྤྱི་འཐུས་འདི་ཚོས་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་མིན་ཐད་ཐག་གཅོད་བྱེད་པའི་དབང་ཆ་མེད། ཁོ་ཚོས་བཤད་པར་མོས་མཐུན་རྩ་བ་ནས་མེད། ཁོ་ཚོའི་བསམ་འཆར་ལ་ངོ་རྒོལ་ཡོད། གཙོ་བོ་འདི་བོད་ཀྱི་བདག་པོ་གཞིས་བྱེས་གཉིས་ཀྱི་མི་དམངས་ཡོངས་ལ་སྐད་ཆ་དྲིས་ཏེ་ཐག་གཅོད་དགོས། བོད་མི་དམངས་ཀྱི་བསམ་ཚུལ་བསྡུ་དགོས། སྤེན་པ་ཚེ་རིང་དང་། རྒྱ་རི་སྒྲོལ་མ་གཉིས་ནས་ལས་གནས་ཁྱུར་ཁར་འགན་ཡག་པོ་འཁུར་དགོས། ད་ཆ་བོད་མི་དམངས་བསམ་བློ་ཡག་པོ་གཏོང་བའི་དུས་ལ་བབ་ཡོད། བོད་མི་གཅིག་འགྱུར་བཟོ་ཐུབ་མཁན་གྱི་སྐྱེ་བོ་དེ་སུ་ཡིན་མིན་ཤེས་པ་བྱེད་དགོས།
བཅའ་ཁྲིམས་བསྒྱུར་བཅོས་ཀྱི་དབང་ཚད་སྤྱི་འཐུས་ལྷན་ཁང་ལ་མེད་ན ། ཁྲིམས་བཟོ་ལྷན་ཁང་གི་མིང་བྱང་འདི་བོར་ཚར་བ་རེད ། ད་རེབ་༧གོང་ས་མཆོག་གི་དགོངས་གཞི་ལྟར་བསྒྲུབ་རྒྱུ་གལ་འགངས་ཆེ་བ་རེད་སྙམ་ཡོད །
འུ་ཅག་གི་ཡང་ནས་ཡང་དང་བསྐྱར་ཏེ་ལས་དོན་གལ་གནད་ཆེ་བ་རེ་ཐོན་དུས་འགྲུབ་ཀྱང་མ་འགྲུབ་རུང་༧གོང་ས་མཆོག་ལ་ཁག་བཀལ་ན་བློ་བདེ་བོ་ཞིག་མ་རེད་སྙམ་ཡོད།
BBC་ཡིས་མཆན་དེ་ཡ་མཚན་པ་ཞིག་འདུག
བོན་པོ་བ་གང་ཞིག་གིས་བྱེད་བབས་ལ་བོན་ནག་ཅེས་བར་བརྗོད་པ་ནི་ཆེས་མ་རུང་བ་ཞིག་རེད།
དེ་ལྟར་ན་སྤྱི་འཐུས་བོད་མི་ཡིན་པ་དེ་དག་ལ་བོད་ནག་ཅེས་བརྗོད་ན་འགྲིག་གམ།
དེ་བཞིན་ཁམ་ནག་ཨམ་ནག་དབུས་ནག་ཅེས་བརྗོད་ན་འགྲིག་པ་འདུག་གམ།
ཁྱེད་ལྟ་བུ་ཞིག་སྤྱི་འཐུས་སུ་སླེབ་ཚེ་ཆོས་ལུགས་དང་མི་རིགས་ཆོལ་ཁ་སོགས་ཀྱིན་འཐེན་འཁྱེར་གྱིས་ཕུ་དཀྲུགས་མདའ་དཀྲུགས་བྱེད་ཐག་གཅོད་རེད།
ལ་སྟོད་བུ་ལགས་གཡུག་ཞོག་གནས་ཚུལ་ཆུང་ཆུང་རེད། དེ་འདྲ་བར་བོན་པོ་ཚོ་ནད་མ་ཐེག་ན་བོན་པོའི་སྤྱི་འཐུས་མགོ་རིལ་དེ་གཉིས་སྒོ་ཀར་བཀྱིགས་ཏེ་སྐད་ཆ་ཚ་འདྲི་གྱིས་དེ་གཉིས་ཀྱིས་བོན་པོ་ཚང་གི་རྐང་པ་ནས་འཐེན་སོང་ཡ། bbc དེའི་ཀུན་སློང་ལ་ལྷད་མེད་པ་མ་ཟད་བོད་ཞེན་པ་ཞིག་ཡིན་དུས་སུམ་ཅུའི་དྲན་ལ་འགྲོ་ཞོར་མཆན་འདེབས་གནང་བ་ཡིན་རྒྱུ་རེད། བྲེལ་ཚུབ་སྐབས་ཡིག་ནོར་འདྲ་ཡོང་གི་རེད། རྒྱུན་གཏན་ནས་ཡིག་ནོར་ལ་གཏན་གཏན་བྱེད་མཁན་དེ་ཡང་bbc ཁོ་རང་རེད་ཡ། བྱས་ཙང་ད་རེས་ཡིག་ནོར་ཡོད་ཀྱང་བྱས་ཉེས་སུ་བརྩི་རྒྱུ་མིན།
སྤྱི་འཐུས་ལས་ཐོག་རྣམས་པས་བོད་ཕྱི་ནང་གི་བོད་འབངས་རྣམས་ཀྱི་ངོ་ཚབ་མཚོན་མ་ཐུབ་པའི་རྒྱུ་མཚན་ག་རེ་རེ་ཡོད་ཀྱང་བརྩི་བཀུར་ཞུ་ཐབས་མེད། དེ་ནི་བོད་མི་མང་མི་རེ་ངོ་རེས་སོ་སོའི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་པའི་ཐོག་སྤྱི་འཐུས་རྣམས་བོད་མི་མང་གི་ངོ་ཚབ་མཚོན་ཕྱིར་རང་མོས་ཀྱིས་འདེམས་མཐོན་བྱུང་བ་ཤ་སྟག་ལས་དེ་མིན་རྒྱུ་ནོར་ཧམ་གཤེད་སོགས་ཀྱིས་རང་ཉིད་སྤྱི་འཐུས་སུ་ཞུགས་པ་དེ་འདྲ་མ་རེད། དེའི་ཕྱིར་ཁོང་རྣམས་པར་ནོར་འཁྲུལ་རིགས་ཡོད་ཡོད་པ་རེད་ལ་ད་དུང་ཡོང་རྒྱུ་ངེས་ཅན་རེད། བྱས་ཙང་ཁོང་རྣམས་པར་སྨྲ་ངན་མ་གནང་བར་ལན་གཅིག་ཕམ་པ་རྒྱལ་ཁའི་རྩ་བ་ཟེར་བ་ལྟར་ཁོང་རྣམས་ཀྱི་ནོར་འཀྲུལ་དེ་སྐྱོན་དུ་མ་བརྩི་བར་རྐྱེན་ངན་གྲོགས་ཤར་དུ་བརྩིས་ནས་ཁོང་རྣམས་པར་སླར་ཡང་སེམས་ཤུགས་རེ་སྤར་རོགས། །
ལ་སྟོད་བུ་སོགས་གནད་འགག་ལ་འཇུས། བཅའ་ཁྲིམས་བསྒྱུར་བཅོས་སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཚད་ཡིན་ཡང་། དོན་དངོས་པོའི་གནས་ཚུལ་ལ་ལྟོས་ན་༧གོང་ས་མཆོག་གི་སྐུ་ཚབ་མཚོན་ཐུབ་པ་ནང་ལྟར་ད་ལྟ་སུའང་མི་འདུག་ལ། ལྷག་བསམ་ལགས་ཀྱིས་གསུངས་པ་ལྟར་བོད་རིགས་གཅིག་གྱུར་བྱེད་མཁན་གྱི་སྐྱེས་བུའང་གཅིག་རང་གཅིག་ལས་མི་འདུག ལྷག་ཏུ་ང་ཚོ་མང་གཙོའི་ད་ལྟ་རྐང་པར་ལངས་ཙམ་རེད། དེ་བས་དེ་གང་དུ་བསྐྱོད་མིན་ལ་ཚོད་དཔག་ཐུབ་པ་ཞིག་མེད་པར། གང་བྱུང་མང་བྱུང་སྣང་བ་དག་ནས་ལས་ཀ་བྱེད་རྒྱུ་མི་འདུག
གཞུང་འཛིན་སྣེ་མོ་བས་༧གོང་ས་མཆོག་ལ་ལག་པ་འཕྱི་མི་འཕྱིའི་བསམ་ཚུལ་འདི་གནད་འགག་རེད། ཡིན་ཡང་དེ་ཙམ་འགོག་ཐབས་ལ་༧གོང་ས་མཆོག་གི་འགན་དབང་བསྐྱར་བཅོས་མ་བྱས་པར་ལམ་ཁ་གཞན་ཡོད་ཡོད་པ་རེད། ཡིན་གཅིག་མིན་གཅིག་མང་གཙོ་ལབ་དུས་ཁྲིམས་རང་ལ་བསྒྱུར་བཅོས་གཏོང་དགོས་སམ། བོད་རང་གི་གནས་བབ་དང་འཚམས་པའི་ལམ་ཁ་གཞན་ཡོད་སྲིད་པ་རེད། གཙོ་བོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་འཕྲལ་ཕུགས་རྒྱང་གསུམ་ལ་མནོ་བསམ་ཐོངས་པའི་ཐོག་ཕྱག་ལས་གནང་དགོས་ཀྱི་རེད།
ཧ་ཧ་དྲྭ་གྲོགས་ཚོ་ད་དུང་ཡང་དེ་ལྟར་བཞུགས་འདོད་ཡོད་དམ། ༧གོང་ས་མཆོག་ལ་དགོངས་པ་སྤྲོད་རྒྱུ་སོགས་ཀྱི་དབང་ཚད་བཙན་བྱོལ་གཞུང་གི་གྲོས་ཚོགས་ལ་མེད་ན། རྒྱ་ནག་གཞུང་གིས་བཤད་པ་ལྟར་བཙན་བྱོལ་གཞུང་གིས་བོད་མི་ཡོངས་ཀྱི་ཚབ་མཚོན་མི་ཐུབ་པར་ཁས་ལེན་རྒྱུ་ཡིན་ནམ།
གང་ལྟར་ཡང་༧གོང་ས་མཆོག་ལ་བཀྲེས་ཡོལ་གནང་ཕྱོགས་འཐད་ལ་ད་ལྟའི་ཆར་སྐྱོན་ཆེ་ཡང་། མ་འོངས་དམངས་གཙོའི་ལམ་ལུགས་ལ་ཕན་པ་ཆེ་ལུགས་༧གོང་ས་མཆོག་ནས་གསུངས་པ་ལྟར་ལོས་ཡིན།
༼ བཀའ་བློན་ཁྲི་པ་མཆོག་གི་དེ་རིང་གི་གསར་འགོད་གསལ་བསྒྲགས། བང་ཆེན་དྲ་བ་ནས་བཤུས།༽
༡ གསར་འགོད་པ་ཞིག་གིས་ཉེ་ཆར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དེར་ཁྱེད་ཀྱི་དགོངས་ཚུལ་གང་ཡོད་ཅེས་དྲིས་པར།
བཀའ་ཁྲི་མཆོག་གིས་ལན་གནང་དོན། ང་ཚོའི་བསམ་ཚུལ་བཀའ་ཤག་གི་གསུང་འཕྲིན་ནང་དུ་ཡོད་པ་རེད། ༧གོང་ས་མཆོག་གི་དགོངས་ཚུལ་གང་ཡིན་ང་ཚོས་ཤེས་ཀྱི་ཡོད། ཕྱི་ལོ་༡༩༦༠ ཙམ་ནས་༧གོང་ས་མཆོག་གིས་བོད་མི་སེར་སྐྱ་མི་མང་རྣམས་ལ་སྐྱབས་མགོན་རིན་པོ་ཆེར་ བརྟེན་མི་དགོས་པར། རང་དབང་གིས་རང་རང་སོ་སོས་ཆབ་སྲིད་ཀྱི་འགན་དབང་ལེན་དགོས་པའི་བཀའ་སློབ་ཡང་ཡང་ ཕེབས་ཡོད་པ་རེད། དེང་སྐབས་བཙན་བྱོལ་བོད་མི་རྣམས་ནས་བཀའ་ཁྲི་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་ པས། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་དེ་འོས་འདེམས་བྱུང་བའི་ཆབ་སྲིད་ཀྱི་ འགོ་ཁྲིད་དེ་ལ་རྩིས་འབུལ་ཞུ་རྒྱུའི་དགོངས་གཞི་ཡོད་མོད། འོན་ཀྱང་ཕྱི་ནང་རྒྱ་ཆེའི་བོད་མི་རྣམས་ནས་༧སྐྱབས་མགོན་རིན་པོ་ཆེར་མུ་མཐུད་ བོད་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རོགས་ཞེས་བརྗོད་ཀྱི་ཡོད་པ་རེད། བཀའ་ཤག་གི་ངོས་ནས་ཀྱང་༧སྐྱབས་མགོན་རིན་པོ་ཆེར་དགོངས་གཞི་དེ་འཕར་འགྱང་གནང་ རོགས། དུས་ཆེན་སྲུང་བརྩི་བྱེད་པའི་སྐུ་དབང་རྣམས་ཉུང་དུ་གཏོང་ཆོག་གི་རེད་ཅེས་སྙན་ སྒྲོན་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་སོང།
༢ ཡང་གསར་འགོད་པ་གཞན་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེའི་གསུམ་དུས་གསུང་འཕྲིན་ནང་ཆབ་སྲིད་ཀྱི་འགན་དབང་བགྲེས་ཡོལ་ཆ་ཚང་ཞུ་རྒྱུའི་ཐུགས་འདོད་ཡོད་སྐོར་གསུངས་སོང། དེ་འདྲའི་སྐབས་ལ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་གནས་བབ་དང་བོད་རྒྱ་ཞི་ མོལ་གྱི་གནད་དོན་སོགས་ཀྱི་གནས་སྟངས་ག་འདྲ་ཆགས་སྲིད་དམ་ཅེས་དྲིས་པར།
བཀའ་ཁྲི་མཆོག་གིས་ལན་གནང་དོན། གནས་སྟངས་དེ་འདྲ་ཞིག་ཆགས་ཀྱི་རེད་ཅེས་གཏན་ནས་བཤད་ཐུབ་ཀྱི་མི་འདུག གནས་སྟངས་ག་འདྲ་ཞིག་ཆགས་མིན་སྔོན་ནས་ཤེས་ཀྱི་ཡོད་པ་དང། དེ་ལ་ཐབས་ལམ་འདི་འདྲ་ཡོད་ཅེས་༧སྐྱབས་མགོན་རིན་པོ་ཆེར་སྙན་སྒྲོན་ཞུ་རྒྱུ་ཡོད་ཚེ། ང་ཚོས་ཡང་ནས་ཡང་དུ་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་ཞུ་མི་དགོས་པ་ཞིག་རེད། ད་ལྟ་༧གོང་ས་མཆོག་ལ་མུ་མཐུད་ཐུགས་འགན་བཞེས་རོགས་ཞེས་ཞུ་བ་དེ་ཕྱོགས་གཅིག་ནས་དད་པ་དམ་ཚིག་གི་སྐད་ཆ་ཡིན་པ་དང། ཕྱོགས་གཞན་ཞིག་ནས་ཐབས་ལམ་དེ་མེད་ན་འདི་ཡོད་ཅེས་འདེམས་ཁ་མེད་པའི་རྐྱེན་གྱིས་ རེད། ད་ཆ་༧སྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་བཅད་ཡོང་དུས། འདེམས་ཁ་མེད་ཟེར་ནས་སྡོད་རྒྱུའང་མེད་པ་དང། བོད་མི་ཡོངས་ནས་ཐབས་ལམ་འཚོལ་རྒྱུའི་འབད་བརྩོན་དགོས་པ་རེད་ཅེས་སོགས་གསུངས་ སོང།།
དྲ་གྲོགས་ལྷན་རྒྱས་ཕེབས་པ་དགའ། ༧དཔལ་ལྡན་རང་གཞུང་གིས་བཞེད་པའི་མང་གཙོ་ཞེས་པའི་མང་དང་རྒྱ་ནག་གཞུང་གིས་འདོད་པའི་དམངས་གཙོ་ཞེས་པའི་དམངས་དང་མང་གཉིས་ཀའི་ནང་ནས། ང་ཚོའི་༼ མང་༽ འདིར་གྲངས་འབོར་དང་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་འཇོག་གི་ཡོད་པ་གཉིས་འཛོམས་ཡིན་པ་ནི་རང་གཞུང་གི་མང་གཙོའི་འཕེལ་རིམ་ལ་ལྟོས་པས་ཤེས་ཐུབ་ལ། བོད་མི་རིགས་ཀྱི་མང་གཙོའི་ཤིང་རྟ་བ་ཆེན་པོ་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་ཟབ་ཡངས་དགོངས་གཞི་དེ་ག་རང་ཡིན་པའང་ཡིག་ལམ་དང་དངོས་ཡོད་གཉིས་ཀ་ནས་མཐོང་ཐུབ་པ་ཞིག་རེད།
འོ་ན། ང་ཚོའི་མང་གཙོ་འདིའི་ནང་དོན་ཡོངས་སུ་ཚང་རྒྱུའི་ཚབ་མཚོན་གསུམ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་། མི་མང་གིས་ཐད་འདེམས་བྱས་པའི་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་རེད། ང་ཚོའི་སྤྱི་ཚོགས་དང་། ལྷག་པར་གྲོས་ཚོགས་ནང་དུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་སུས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་མེད་ལ་བཀའ་མོལ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཚར་བ་རེད། ཡིན་ནའང་། ང་ཚོས་དངོས་ཡོད་གནས་ཚུལ་ལ་ལྟོས་ཡོང་དུས། མི་མང་གིས་ཐད་འདེམས་བྱས་པའི་བཀའ་ཁྲི་སྐབས་གཉིས་ཀྱི་ལས་ཐོག་པའི་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་ལྟར། སྤྱི་འཐུས་ཚོགས་གཙོས་མི་མང་གི་སྐུ་ཚབ་མཚོན་ཐུབ་རྒྱུའི་གཟི་བརྗིད་དང་ཡིད་ཆེས། ནུས་སྟོབས་ད་དུང་རེག་མེད། དེ་ནི་ཚོགས་གཙོ་གཅིག་པུའི་དགེ་སྐྱོན་ནས་མིན་པར། ཁྲིམས་བཟོ་ལྷན་ཚོགས་ཁོ་རང་གི་སྤྱི་ཡོངས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་ལ་རག་ལས་སྟབས། གནད་དོན་འདིར་ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདང་ངེས་བསྐྲུན་ཐུབ་མེད། དཔེ་མཚོན་གསལ་བོ་གཅིག་ནི། མི་མང་གིས་བཀའ་ཁྲི་གལ་ཆེན་པོ་ཅི་ཙམ་ཡིན་པར་མཐོང་བ་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གལ་གནད་མཐོང་གི་མེད། དེ་ནི་མི་མང་རང་ངོས་ཀྱི་མ་ཤེས་པའི་ཆ་ཁོ་ན་མིན་པར་སྤྱི་འཐུས་རྣམ་པའི་ཤེས་འཇོན་ལྷག་བསམ་གྱིས་སྤྱི་འཐུས་ཀྱི་མཚན་མཐོང་ལ་གཟི་བརྗིད་མ་བསྐྲུན་པས་རེད་ལ། དེང་སྐབས་ཕལ་ཆེར་ཁ་ཐོག་ཚད་དང་དགའ་ཉེ་ཕྱོགས་གཏོགས་ཀྱིས་སྤྱི་འཐུས་ལ་འདེམས་རྒྱུའི་ལུགས་ངན་ཞིག་ཀྱང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱུ་མཚན་དེ་འདྲ་མང་པོ་ཞིག་གིས། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་ལ་ཨང་རིམ་ཞིག་བཀར་དགོས་པའི་དབང་དུ་བཏང་ན། ༡ ༧རྒྱལ་བ་རིན་པོ་ཆེ། ༢ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ༣ སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་བཅས་རེད་འདུག་པས།
༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་གི་ཁྲིམས་འཆར་ཕར་ཞོག གྲོས་ཚོགས་ནང་སྐད་ཆ་ཙམ་བྱུང་རྒྱུར་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ལ་བཀའ་འདྲི་ཞུ་དགོས་པར་འདོད།
༼ཁ་སྔོན་དུས་བབ་སྟེང་ཞབས་མཆན་ཞིག་བཀོད་པ་འདིར་བཤུས་ཡོད།༽
སྤྱི་འཐུས་ཚོར་ལྟ་སྟངས་སྐོར་ལ་རྩོམ་འཆལ་ཞིག་བྲིས་ཡོད་མོད། དེ་རིང་འདིར་དེ་འབྲེལ་གླེང་ས་ཞིག་འདུག་པས། ང་ཚོས་བཀའ་ཁྲི་ཅུང་ཙམ་བཞག་ནས་སྤྱི་འཐུས་ཚོའང་ཅུང་ཙམ་གླེང་དགོས་པར་གདའ།
མང་པོ་ཤོད་རྒྱུ་མི་འདུག་སྟེ། སྤྱི་འཐུས་སྤྱི་པའི་འཐུས་མི་ཡིན་མིན་ཡོང་ཁུངས་ནས་ཤོད་མི་ཐུབ་ཀྱང་། ཕྱག་ལས་གནང་ཕྱོགས་ཀྱིས་སྤྱི་པའི་འཐུས་མི་ཡིན་མིན་གསལ་བོ་སྟོན་ཐུབ་ཀྱི་རེད་མོད། ང་ཚོས་དེ་དག་ལ་ད་བར་རྗེས་འདེད་གཏོང་རྒྱུའི་ཧུར་བརྩོན་བསྟེན་གྱི་མེད་ཙང་། ལོ་ཁོར་མོ་ཡུག་གཅིག་ཏུ་ཉིན་བཅུ་གྲངས་ཤིག་གི་ཚོགས་འདུར་ཞུགས་རྗེས། ཕལ་ཆེར་ལས་དོན་གཞན་སྤྱི་བྱིངས་ལ་མེད་པ་རེད། དེའང་འཚམས་གཟིགས་སྐབས་གནས་ཚུལ་རེ་རྡོག་སྒྲུབ་རྒྱབ་པ་གྲོས་ཚོགས་སུ་ཕར་གཡུག་ཚུར་གཡུག་བྱེད་རྒྱུ་ལས། ཉིན་རེའི་རང་གི་སྒེར་དོན་ལྟར་སྤྱི་པའི་ལས་ཀར་ཁ་ལག་གཉིས་ཀས་ལྟ་རྟོགས་བྱེད་མཁན་དང་དེ་འབྲེལ་གྱི་དྲི་བ་ཁྱེར་ཡོང་མཁན་ཉུང་ཉུང་ཡིན་ནི་རེད།
ང་ཚོའི་སྤྱི་འཐུས་ལ་ལུང་པ་གཞན་ལྟར་དཔལ་འབྱོར་མཐུན་རྐྱེན་ལྷུག་གཏོང་གིས་རང་དབང་གིས་མི་མང་གི་ལས་དོན་བྱེད་རྒྱུར་དཀའ་ངལ་ཡོད་ནའང་། ང་ཚོའི་སྤྱི་འཐུས་ཚོའི་ལས་དོན་གྱི་ངོ་བོ་ཉེན་རྟོག་པ་འདྲ་བོ་ཞིག་རེད། དེས་གང་ན་དཀའ་ངལ་དང་སྐྱོན་ལྷག་གི་ཡོད་མེད་ལ་ལྟ་རྒྱུ་ལས་གཞན་བྱེད་ཡ་ཕལ་ཆེར་མེད་པ་འདྲ་བོ་རེད། གནས་ཚུལ་རེ་རེག་སོང་ན་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་དེ་རེད།
འོ་ན། ང་ཚོས་ཉེན་རྟོག་པའི་ལས་དོན་འདིའི་ཐོག་སྤྱི་འཐུས་ཚོས་ཅི་ལྟར་ཤུགས་རྒྱག་གི་ཡོད་མེད་བསྐྱར་སེམས་རེ་བྱས་ན། དེའང་ཧ་ཅང་གསལ་བོ་མིན་པ་ཞིག་མ་རེད།
ང་ཚོའི་སྤྱི་འཐུས་ཚོའི་ཡོང་ཁུངས་བྱེ་བྲག་པ་ཞིག་ལ། དེ་ལས་ཀྱང་བྱེ་བྲག་གཞན་ཞིག་ནི། ༡ ཁྱིམ་བརྒྱུད་སྤྱི་འཐུས། ༢ དཔལ་འབྱོར་སྤྱི་འཐུས། ༣ རྐང་པ་ཉིས་འཛུགས་ཀྱི་སྤྱི་འཐུས་བཅས་རེད། འདི་གསུམ་གྱི་ཁོངས་སུ་སྤྱི་འཐུས་མང་ཆེ་བ་ཚུད་སོང་ན།
ལས་དོན་གྱི་ཐོག ༡ ལྷ་སྐུ་ལྟ་བུའི་སྤྱི་འཐུས། ༢ ཁ་དབང་ཅན་གྱི་སྤྱི་འཐུས། ༣ ཕྱོགས་ཁག་ཅན་གྱི་སྤྱི་འཐུས་གསུམ་མངོན་སུམ་དུ་ཐོན་འདུག་པས།
དེའི་ནང་མ་ཚུད་པས། ཉམས་ཆུང། དྲངས་ཚུགས། ཤེས་ཡོན་ཅན་གྱི་སྤྱི་འཐུས་རྣམས་ངོས་གཞན་ཞིག་ཏུ་དེད་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་བ་ཞིག་ནི་ཟུར་ལྟོས་ལེབ་མཐོང་ཡིན་པས།
ང་ཚོས་རྐུབ་སྟེགས་དང་མཚན་སྙན་གྲགས་ཁོ་ནར་དོན་གཉེར་བྱེད་པོ་དག་ལ་རང་བཞིན་གྱིས་དགོངས་པ་མ་སྤྲད་ན་གྲོས་ཚོགས་ཀྱི་ནུས་པ་ཁྲིམས་བཟོའི་ཐོག་འདིང་རྒྱུར་དོན་དམ་གྱི་ཤུགས་ཇེ་ཞན་ལ་འགྲོ་བར་སེམས།
ཞིབ་ཏུ་རྗེས་ནས་གླེང། དེ་རིང་འདི་ཙམ་ཡིན།
བཅའ་ཁྲིམས་ཀློག་རོགས།
བཅའ་ཁྲིམས་བཀླགས་པས་མ་ཚད་ད་ངག་ཐོག་ལ་ཆུ་རྒྱུག་རྒྱུག་འགྲོ་གི་འདུག
བཙན་བྱོལ་བོད་མི་ཚོས་རྩ་འཛིན་བྱེད་ཡུལ་དུ་གྱུར་པའི་ཆེས་མཐོའི་ཡིག་ཆ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་ལ། བཅའ་ཁྲིམས་ནང་གསལ་བའི་དབང་ཚད་ལ་བརྩི་བཀུར་བྱེད་དང་མི་བྱེད་ནི་བོད་གཞུང་བརྩི་བཀུར་བྱེད་ཀྱི་ཡོད་མེད་ཀྱི་ཚད་འཛིན་ས་མཐར་ཐུག་པ་དེ་ཡིན།
དེ་ཡང་རྒྱུ་མཚན་ནི། བཅའ་ཁྲིམས་འདི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་༸གོང་ས་མཆོག་གིས་ཐད་བསྐོས་འོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་རྣམ་གཉིས་ཀྱིས་དབུ་ཁྲིད་པའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་མ་ཟིན་གཏན་འབེབ་དང་། འཛམ་གླིང་གི་ཐོག་ཡོད་པའི་རྒྱལ་སྤྱིའི་མཁས་དབང་བོད་ལ་སེམས་ཐག་ཉེ་བ་ཁག་ལས་དགོངས་འཆར་ཞུ་གནང་དང་། མཐར་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐོག་ཞིབ་འཇུག་བརྒྱུད་མཐའ་མའི་གཏན་འབེབས་ལ་༸གོང་ས་མཆོག་གིས་ཆོག་མཆན་བསྩལ་བ་ཞིག་ཡིན།
དེ་འདྲའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་བརྩི་བཀུར་ཞུ་རྒྱུ་ནི་བོད་ཀྱི་ཡུལ་མིའི་ལས་འགན་དང་པོ་ཡིན།
དེ་ནས་ད་ལྟ་ང་ཚོས་བསམ་བློ་གཏོང་དགོས་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཞི་པའི་དགོངས་དོན་ལག་བསྟར་བྱེད་ཕྱོགས་དང་། ཁྲིམས་དོན་བཟོ་བཅོས་བྱེད་ཕྱོགས་ཐད་བསམ་འཆར་འབུལ་དགོས་པ་དེ་ཡིན།
༸གོང་ས་མཆོག་གིས་གྲོས་ཚོགས་སུ་གནང་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་དེ་ལམ་སྟོན་གྱི་ངོ་བོར་ཕེབས་ཀྱི་ཡོད་དང་། ཡང་ན་བཀའ་རྩ་ཁྱབ་བསྒྲགས་ཀྱི་ལམ་ནས་བཀའ་ཕེབས་ཀྱི་རེད།
དེ་ལ་དཔག་པའི་བཅའ་ཁྲིམས་བཟོ་བཅོས་བྱེད་ཕྱོགས་ཐད་བསམ་འཆར་འདོན་དགོས་པར་སེམས།
ཤར་ཕྱོགས་ཁུག་རྟས་ཆེ་བཤད་རྒྱག་གི་འདུག
ཤར་ཁུག་ཟེར་བ་འདིའི་སྐད་ཆ་ཀླུ་མཁར་བྱམས་ཀྱི་སྐད་ཆ་ལས་སྡུག་གི དྲ་གྲོགས་ཚོས་བསམ་བློ་གཏོང་རན་འདུག
བཙན་བྱོལ་བོད་མི་ཙམ་དུ་མ་ཟད་གཞིས་ལུས་རྒྱ་ཆེ་མི་མང་གིས་ཀྱང་མ་འོངས་བོད་ཀྱི་སྒྲོམ་གཞིའི་ཁྲིམས་ཡིག་གི་འཆར་ཟིན་འདི་ག་རང་དུ་ངོས་འཛིན་བྱས་ཏེ་ཕེབས་བཞིན་པར་ཁོ་བོར་ཐེ་ཚོམ་མེད།
སྤྱི་འཐུས་ལྷན་ཚོགས་ལ་དབང་ཚད་ཡོད་པ་དེའང་མཐར་གཏུག་ན་རྒྱུ་མཚན་གཅིག་རང་ལས་མེད་དེ། དེ་ནི་གཞིས་བྱེས་མི་མང་གི་སྐུ་ཚབ་བོ་ཞེས་པ་འདི་རེད། ངས་གང་ཞིག་ཏུ་དོགས་སློང་དང་སེམས་ཁྲལ་བྱེད་ཀྱི་ཡོད་ཟེར་ན། མི་མང་གི་སྐུ་ཚབ་འདི་སུས་མཚོན་མིན་དང་། མཚོན་སྟངས་ཅི་ལྟར་ཡིན་མིན་གླེང་གི་ཡོད་ལ། ད་དུང་དེ་བས་ཀྱང་སྐབས་བཅུ་བཞི་པ་ཞེས་ངེས་ཚིག་སྦྱར་དགོས་དོན་དག་ཀྱང་གོང་དུ་བཤད་ཟིན། དེས་ན། རྣམ་པ་ཚོས་མཁྱེན་པའི་ཐོག་ནས་བཀའ་མོལ་གནང་དགོས་རྒྱུ་གཅིག་དང་། བོད་ལ་རང་སྐྱོང་རང་བཙན་གང་བྱུང་ནའང། འཐུས་མའི་ལྷན་ཚོགས་ཀྱི་ངོ་བོ་འདི་འགྱུར་བ་ཡོང་དོགས་མེད་པས། སྤྱི་འཐུས་ལྷན་ཚོགས་ཞེས་པར་བརྗོད་དོན་འདི་བཞིན་མ་སྦྱར་ན་ཆབ་སྲིད་དང་རིག་པའི་གཞུང་ལུགས་ཀྱི་གླེང་སྲོལ་དང་མཐུན་པར་བསམས་སོང་།
མ་འོངས་བོད་ཀྱི་སྒྲོམ་གཞིའི་ཁྲིམས་ཡིག་གི་འཆར་ཟིན་འདི་ག་རང་ ཟེར་བ་ཏག་ཏག་སྡོད་ཀྱི་མ་རེད།
སྤྱི་འཐུས་ལྷན་ཚོགས་ལ་དབང་ཚད་ཡོད་པ་དེའང་མཐར་གཏུག་ན་རྒྱུ་མཚན་གཅིག་རང་ལས་མེད་དེ། དེ་ནི་གཞིས་བྱེས་མི་མང་གི་སྐུ་ཚབ་བོ་ཞེས་པ་འདི་རེད། ཟེར་བ་འདིའི་ཐད་བསམ་ཚུལ་ཤོད་རྒྱུ་ཞིག་ལ། སྤྱི་འཐུས་ལྷན་ཚོགས་ལ་དབང་ཚད་ཡོད་དོན་ནི་བཙན་བྱོལ་བོད་གཞུང་འདི་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་ཡིན་ཟེར་བ་དེ་རེད། དེར་བརྟེན་མང་གཙོའི་སྤྱི་ཚོགས་ནང་ཁྲིམས་བཟོ་གྲོས་ཚོགས་ནི་དབང་ཚད་ཆེ་ཤོས་ཡིན་པ་དེ་རེད། དེ་ནས་འདས་པའི་ལོ་འགར་ང་ཚོས་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམ་པ་ཚོར་སྡུག་བཤད་ཁོ་ན་བྱས་པ་རེད། ཡིན་ནའང་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་རྒྱུན་འདིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་དག་གལ་ཆེན་སྐོར་ཅིག་ཐག་གཅོད་བྱས་ཡོད་པ་དེ་ཡང་དྲན་དགོས་པ་རེད།
གཅིག ༢༠༠༨ ལོའི་ཞི་རྒོལ་སྐབས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྣེ་ཁྲིད་དེ་རྩ་དོན་ཐོག་གལ་ཆེའི་ལས་དོན་སྤེལ་ཡོད་པ་རེད།
གཉིས། ༢༠༠༨ ལོར་བཅའ་ཁྲིམས་དོན་ཚན་ང་གཅིག་པའི་དགོངས་དོན་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོངས་ཚོགས་ཀྱིས་ཛ་དྲག་གི་དུས་སྐབས་སུ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་སྲ་བརྟན་རྒྱུན་འཁྱོངས་གནང་བ་བརྒྱུད་འཕྲལ་ཕུག་གཉིས་ཀར་ཕན་པའི་ཐག་གཅོད་གནང་ཡོད་པ་རེད།
གསུམ། ༢༠༡༠ ལོར་རྩ་དོན་ཐོག་གི་གླེང་སློང་ལ་གྲོས་ཚོགས་ཉན་ཞིབ་ཚོགས་ཏེ་༸གོང་ས་མཆོག་གི་དགོངས་པའི་དབུ་མའི་ལམ་དེ་གའི་ཐོག་ཤར་བསྐྱོད་བྱེད་རྒྱུར་གྲོས་ཆོད་བཞག་ཡོད་པ་རེད།
བཞི། ༢༠༡༠ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་བསྐོངས་ཏེ་བཙན་བྱོལ་བོད་གཞུང་མང་གི་མ་འོངས་ལས་དོན་བྱེད་ཕྱོགས་ཐད་གལ་ཆེའི་བསམ་ཚུལ་གསན་བཞེས་གནང་ཡོད་པ་རེད།
དེར་བརྟེན་ཀྱོན་ཡོངས་ནས་བལྟ་དགོས་པ་གལ་ཆེན་པོ་ཡིན་པར་སེམས།
ཤར་ཕྱོགས་ཁུག་རྟ་ལགས། མུ་མཐུད་ཕེབས་པར་དགའ་བསུ་ཞུ།
ང་དང་ངའི་བཀའ་ཤག་གང་དུ་ཡོད་སར་བོད་མི་མང་གིས་དེ་གར་རང་གི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་རེད་ཅེས་པ་འདི་ནི་ལོ་རྒྱུས་ནང་སྐད་གྲགས་ལྡན་པའི་ཆབ་སྲིད་ཀྱི་བཀའ་མོལ་ཞིག་ཏུ་ངོས་འཛིན་བྱས་པས་མ་ཟད། དོན་དངོས་རང་བཞིན་ཀྱང་དེ་ལྟར་རེད། མང་གཙོ་དབུ་བརྙེས་པའི་དུས་དེ་ཤེད་ནས་ད་བར་གྱི་བྱུང་རིམ་ཧྲིལ་བོའི་ནང་། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་དོན་གྱི་བདག་པོར། ༧རྒྱལ་བ་རིན་པོ་ཆེ་ཉག་གཅིག་ཡང་དག་པའི་མང་གཙོའི་ལམ་ནས་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་གྱི་སྐུ་ཚབ་གོང་ན་མེད་པར་བསྐོས་ཡོད། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་བསྒྱུར་བཅོས་བཏང་བའི་མང་གཙོའི་ལམ་ལུགས་ཀྱི་བཙན་བྱོལ་བོད་གཞུང་ཞིག་ཡོང་ཐུབ་མེད་པ་དེའང་། མཐར་ཐུག་ན། ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་རྒྱུའི་ནུས་པ་དེ་༧རྒྱལ་བ་རིན་པོ་ཆེ་ལས་མ་བརྒལ་བ་དེས་རེད། དངོས་ཡོད་དེ་ལྟར་ཡིན་པས་ན། མིས་བཟོས་པའི་ཁྲིམས་ལུགས་ལ་དངོས་ཡོད་གནས་ཚུལ་གྱིས་ཕར་ལྟ་ཚུལ་ཡང་དེ་ལྟར་ཡིན་སོང་བ་རེད། དེས་ན་ངས་བཅའ་ཁྲིམས་ལ་ལག་པ་འཆང་མཁན་དང་བཅའ་ཁྲིམས་ཀྱི་འབྲུ་དོན་གང་རུང་ལ་འགྱུར་བ་གཏོང་ས་གཉིས་ལ་གནམ་སའི་ཧེ་བག་ཡོད་པ་ཤེས་སོང་བ་རེད། དེར་བདག་དབང་དང་། མང་གཙོ། ཁྲིམས་མཐུན་ཡིན་མིན་སོགས་གང་ནས་ལྟོས་ཀྱང་དོགས་སློང་མི་བྱེད་ག་མེད་ཆགས་སོང་བ་རེད།
དེ་མིན་དོན་ལ་འཇུས་ནས་སྐད་ཆ་བཤད་ན་ལས། ལན་འདེབས་རྒྱུའི་ངལ་བ་བསྟེན་རྒྱུ་མིན། དོན་ལ་སུ་ཞིག་འཇུས་ཡོད་མེད་ཁ་བརྒྱ་མིག་སྟོང་གིས་གཟིགས་བཞིན་པ་རེད།
ཨོ། ངས་སྐབས་བཅུ་བཞི་པ་འདི་སྡུག་ཐག་ཆོད་ནས་དབང་ཚད་མེད་ནམ་ནམ་ཞ་ཞར་དུ་ཟེར་ཐུབ་ཀྱི་མ་རེད། ངས་གོང་དུ་དྲངས་པ་དེའང་། གཞིས་ལུས་མི་མང་ལ་བསམ་ཚུལ་ཐོན་ས་ཞིག་ཟུར་བཏོན་བྱས་པ་དེ་ལྟར་ལགས། གཞན་ངས་སྐབས་བཅུ་བཞི་པའི་བྱས་རྗེས་ཆེ་ཤོས་༼ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག༽་གཏན་འབེབས་བྱས་པ་དང་། ཚོགས་གཙོ་སྤེན་པའི་སྐབས་སུ་བཀའ་ཤག་ལ་མཉམ་རུབ་ཀྱིས་མི་དམངས་ལ་བག་ཆགས་ཡག་པོ་བཞག་ཡོད།
༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་༧རྒྱལ་བ་རིན་པོ་ཆེས་བློ་འདོན་དང་བཀའ་ཡིག་བསྩལ་བ་གཞིར་བཟུང་ཚོགས་པ་ལས། སྐབས་བཅུ་བཞི་པས་གོ་སྒྲིག་བྱས་པ་རེད།
༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་གནས་ཚུལ་བསྡུ་རུབ་བྱས་པ་དང་། དེ་དོན་རྒྱལ་སྤྱིར་ཁྱབ་བསྒྲགས་བྱས་པ་ལས། སྣེ་ཁྲིད་བྱས་རབ་ཤེས་མ་སོང་།
༢༠༡༠ ལོའི་ཉན་ཞིབ་ཚོགས་འདུ་རྩ་དོན་ཆེད་དུ་ཡིན་མིན་དང་། དཀྲུག་གཞི་གསལ་བཟོས་ཕྱིར་དུ་ཡིན་མིན་ཚང་མ་སོམ་ཉི་རེད།
༢༠༡༠ ལོའི་རྒྱལ་ཡོངས་ཚོགས་ཆེན་བཀའ་ཤག་གིས་སྐབས་དུས་དགོས་མཁོ་ངེས་ཅན་ཞིག་ལ་མཐོང་ཡོད་པ་མ་རེད། དེ་མིན་ཅང་མི་ཤེས།
ངས་ལྟོས་ན་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་འདི། ཞི་རྒོལ་ཆེན་མོ་དང་། ལྷག་ཏུ་འཛིན་སྐྱོང་གི་ལས་དོན་ནང་གི་བོད་རྒྱ་ཞི་མོལ་གྱི་གནས་བབ་དང་འབྲེལ་བ་ཤུགས་ཆེ་མེད་འགྲོ་བསམ་པས། གཅིག་བྱས་ནས་བཀའ་ཤག་གིས་༧གོང་ས་མཆོག་ལ་བློ་འདོན་བྱས་ཡོད་སྲིད་པ་རེད། དེ་ངའི་རྣམ་རྟོག་ཡིན།
ཤར་ཕྱོགས་ཁུག་རྟ་ལགས་སུ་ཞུ་དོན། ད་ལྟ་ངེད་གཉིས་ནས་བརྗོད་གཞི་གང་ཞིག་ལ་བགྲོ་གླེང་བྱེད་བཞིན་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། བསམ་བློ་ཞིབ་གཏོང་དང་། འགན་ཁུར་གང་ནུས་ཀྱིས་དཔྱད་བརྗོད་མུ་མཐུད་སྤེལ་བ་ཡིན་ན་ང་གནིས་ལ་མཐའ་མའི་བབས་ས་ཞིག་ཡོད་པར་སྙམ། དེས་ན་ངང་རྒྱུད་རིང་པོ་དང་། རྩ་དོན་ཐོག་སེམས་རྩ་ཁོལ་པོའི་སྒོ་ནས་མུ་མཐུད་ཕེབས་རོགས་ཞུ།
ཤར་ཕྱོགས་ཁུག་རྟ་དེ་ལྐུགས་རྟགས་ལ། འཇིགས་བྲལ་བསྟན་འཛིན་ནས་འཇུ་ཆེན་བཅའ་ཁྲིམས་ཟིན་བྲིས་པ་གཙོ་གྲས་ཡིན་པ་སོགས་འཇུ་ཆེན་གྱི་རྐང་པ་ནས་ཤི་འཐམས་རོ་འཐམས་བྱེད་བཞིན་པ་མ་ཤེས་པར་ད་དུང་གཅིག་གཅིག་གཉིས་ཟེར་བཞིན་གཅིག་ལབ་བྱེད་པ་དབང་པོ་མི་གསལ་བའི་རྟགས་རང་མ་རེད་པས།
ཤར་ཕྱོགས་ཁུག་རྟ་ལགས། ཁྱོད་རང་གིས་གསུངས་པ་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཀའ་སློབ་འདི་དང་འགྲོགས་ནས་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་བོད་གཞུང་དགའ་ལྡན་ཕོ་བྲང་འདི་བཙན་བྱོལ་ལ་ཕེབས་པ་རེད། བོད་ཀྱི་ལྷ་སྡེ་མི་སྡེས་དབང་བཀུར་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཉག་ཕྲའི་དུས་སྐབས་དེ་དུས་ནས་བོད་ཀྱི་གནད་དོན་འདི་མི་རབས་ནས་མི་རབས་བར་འཐབ་རྩོད་བྱེད་དགོས་པ་ཆགས་སྲིད་པའི་དགོངས་པ་བཞེས་པ་དང་། དེ་ལྟར་བྱེད་པ་ལ་༸གོང་ས་མཆོག་ཁོང་ཉིད་ཞལ་མ་བཞུགས་པའི་དུས་སྐབས་སུ་ཡང་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དགའ་ལྡན་ཕོ་བྲང་འདི་བཞིན་མུ་མཐུད་གནས་དགོས་པར་གཟིགས་པ་དང་། དེ་ཡོང་བ་ལ་བོད་ཀྱི་སྲིད་གཞུང་འདི་མང་གཙོའི་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་སྲིད་གཞུང་ཞིག་ཏུ་མདུན་བསྐྱོད་བྱེད་དགོས་པར་གཟིགས་ཏེ་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གཉིས་རིང་སྟ་གོན་རིམ་པར་གནང་བ་ཁ་སང་གསུམ་དུས་གསུང་འཕྲིན་དུ་རོབ་ཙམ་གསུངས་པ་ལྟར་ཡིན་ལ། ད་ལན་ཡང་གནད་དོན་དེ་རང་གི་ཆེད་དུ་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་གནང་བ་དེ་རེད།
དེར་བརྟེན་ངས་ག་རེ་ཞུས་བསྡད་ཀྱི་ཡོད་ཟེར་ན། ང་ཚོ་ཤེས་ཡོན་ཏོག་ཙམ་ཡོད་པར་འདོད་མཁན་ཚོས་༸གོང་ས་མཆོག་གིས་ལོ་མང་རིང་གཞི་རྟེན་གང་འདྲ་ཞིག་ཧ་ཅང་གལ་ཆེན་དུ་གཟིགས་པའི་ཐོག་ནས་མདུན་བསྐྱོད་གནང་གི་ཡོད་པ་དེ་རྩ་ཆེར་བརྩི་དགོས་པ་དེ་དོན་གྱིས་༸གོང་ས་མཆོག་ལ་བརྩི་བཀུར་བླ་ན་མེད་པ་དེ་ཡིན་པར་ངོས་འཛིན་ཞུས་བསྡད་ཀྱི་ཡོད་ལ། བོད་མི་རིགས་ཀྱི་ཁེ་ཕན་བླ་ན་མེད་པ་ཡང་དེ་རེད་ཟེར་གྱི་ཡོད། དེ་བས་ཁྲིམས་བཟོ་གྲོས་ཚོགས་ལ་དེ་ལྟའི་སྐུ་དབང་ཡོད་དགོས་པ་དེ་༸གོང་ས་མཆོག་གིས་ལམ་སྟོན་ཨུ་ནན་ཁོ་ནའི་འོག་བྱུང་བ་ཞིག་རེད་ལ། ད་ལྟ་བཟོས་ཟིན་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་སྐུ་དབང་མེད་ན་བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུ་ང་གཉིས་རིང་གི་མདུན་བསྐྱོད་ལ་ཁ་ཕྱོགས་མེད་སོང་བ་རེད། དེ་མེད་སོང་ན་༸གོང་ས་མཆོག་གི་མི་ལོ་ང་གཉིས་རིང་གི་ཐུགས་རེ་ནུས་མེད་དུ་སོང་བ་ཁས་ལེན་བྱེད་དགོས་པ་རེད། མཐར་གཏུགས་ན་གནས་སྟངས་དེ་འདྲ་ཞིག་རེད།
དེ་བས་ཞུ་རྒྱུ་ལ། ཁྱོད་རང་གིས་གསུངས་པ་བཞིན་ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་རྒྱུའི་ནུས་པ་དེ་༧རྒྱལ་བ་རིན་པོ་ཆེ་ལས་མ་བརྒལ་བ་དེ་བརྒལ་བ་ཞིག་ངེས་པར་དུ་བཟོ་དགོས་པ་དེ་རྒྱལ་བ་རིན་པོ་ཆེའི་མི་ལོ་ལྔ་བཅུ་ང་གཉིས་རིང་གི་ཕུགས་རྒྱང་གི་ལམ་སྟོན་གལ་ཆེ་ཤོས་གཅིག་རེད།
འདི་འཇིགས་བྲལ་ཡིན་ནམ། འཇུ་ཆེན་ནམ་འཇུ་ཆུང་གང་ཡིན། གང་ལྟར་ཉིན་གང་འདིར་བསྡད་སོང་། འཇུ་ཆེན་གྱིས་འཇུ་ཆུང་མེལ་ཚེ་བྱེད་པར་བཙུགས་བཞག་པ་འདྲ་པོ་ཞིག་འདུག འཇུ་ཆེན་བཀྱག་མ་བཀྱག་ཡོད་པ་མ་རེད། བློ་སེང་དང་བཀྲས་ཤིས་དབང་འདུས་གཉིས་ཀྱིས་བཀའ་ཁྲིའི་འིས་བསྡུའི་དྲིལ་བསྒྲགས་བསྐོར་བསྐྱོད་སྐབས་ཞར་དང་ཞོར་ལ་འཇུ་ཆེན་ནག་པོ་ནག་རྐྱང་བཟོས་ཚར་སོང་། ད་བཀྲུས་ནས་དག་ཡས་ཅང་ཡོད་དམ།
འདི་འཇིགས་བྲལ་ཡིན་ནམ། འཇུ་ཆེན་ནམ་འཇུ་ཆུང་གང་ཡིན། གང་ལྟར་ཉིན་གང་འདིར་བསྡད་སོང་། འཇུ་ཆེན་གྱིས་འཇུ་ཆུང་མེལ་ཚེ་བྱེད་པར་བཙུགས་བཞག་པ་འདྲ་པོ་ཞིག་འདུག འཇུ་ཆེན་བཀྱག་མ་བཀྱག་ཡོད་པ་མ་རེད། བློ་སེང་དང་བཀྲས་ཤིས་དབང་འདུས་གཉིས་ཀྱིས་བཀའ་ཁྲིའི་འོས་བསྡུའི་དྲིལ་བསྒྲགས་བསྐོར་བསྐྱོད་སྐབས་ཞར་དང་ཞོར་ལ་འཇུ་ཆེན་ནག་པོ་ནག་རྐྱང་བཟོས་ཚར་སོང་། ད་བཀྲུས་ནས་དག་ཡས་ཅང་ཡོད་དམ།
ཤར་ཕྱོགས་ཁུག་རྟ་ལགས་སུ་ཞུ་རྒྱུར། གཤམ་ལ་དེ་སྔོན་གུས་པས་སྤེལ་བའི་བསམ་ཚུལ་བོད་ཀྱི་ཁྲིམས་མཐུན་བདག་དབང་གླེང་བ་ཞེས་པ་ཞིག་སྤེལ་ཡོད་པ་དེའི་གནད་དོན་འདི་དང་འབྲེལ་ཡོད་ཅིག་འདིར་ལུང་འདྲེན་ཞུ་རྒྱུ་ཡིན། དེ་ལ་དེ་རིང་གི་གནད་དོན་དང་འབྲེལ་ནས་དགོངས་འཆར་གནང་རོགས་ཞུ།
ཕྱི་ལོ་ ༡༦༤༢ ལོར་དབུ་བརྙེས་པའི་བོད་ཀྱི་སྲིད་གཞུང་གི་སྐུ་ཚབ་ཚོས་པེ་ཅིན་དུ་རྒྱ་ནག་དམར་གཞུང་གི་སྡིག་སྐུལ་འོག་བོད་མིའི་བདེ་ཐབས་སུ་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་གྱི་མིང་རྟགས་བཀོད་པ་ནས་བཟུང་རྒྱ་ནག་དམར་གཞུང་དང་འགྲིག་མཐུན་གྱི་ཐབས་ཤེས་ཡོད་རྒུ་གནང་ཡང༌། ཕྱི་ལོ་ ༡༩༥༤དང༌། ༡༩༥༥། ༡༩༥༦། ༡༩༥༧། ༡༩༥༨ བཅས་ཀྱི་ལོ་དུས་ནང་བོད་མདོ་ཁམས་སྟོད་སྨད་ཀྱི་ས་ཁུལ་དུ་དཔོན་པོ་གསར་པའི་བཙན་ཤེད་ཀྱི་བྱེད་སྤྱོད་ལ་བོད་པས་རང་སྲུང་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་ནས་ཞི་དྲག་གི་རྣམ་འགྱུར་རིམ་བསྟན་ལ་རྒྱ་ནག་གིས་ཡ་ང་མེད་པའི་དྲག་གནོན་བྱས་པ་དང༌། ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་བོད་མི་མང་གི་ཞི་བའི་རང་དབང་སྒེར་ལངས་ཀྱི་དོན་རྐྱེན་ལ་ཡང་རྒྱ་ནག་དམར་གཞུང་གིས་དྲག་གནོན་བྱེད་འགོ་བཙུགས་སྟབས་རྒྱ་བོད་འགྲིག་མཐུན་ལ་རེ་ཐབས་གཏན་ནས་མེད་པ་ལྟ་བུར་ཡོད་ཀྱང༌། བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བོད་གཞུང་བཀའ་ཤག གཞུང་ཞབས་ཧྲག་བསྡུས་བཅས་རྒྱལ་ས་ལྷ་ས་ནས་བྲོས་བྱོལ་གྱིས་ལྷོ་ཁའི་ལྷུན་རྩེ་རྫོང་དུ་བོད་ཀྱི་གནས་སྐབས་སྲིད་གཞུང་བཙུགས་ཏེ་ལན་དགུ་ཆད་འཐུད་ཀྱི་རེ་བས་རྒྱ་བོད་འགྲིག་མཐུན་ཡོང་རེའི་ཁྱབ་བསྒྲགས་བྱས་པར་དོན་འབྲས་མ་བྱུང་སྟབས། མཐར་བོད་གཞུང་བོད་མི་འབུམ་ཕྲག་ལ་ཉེ་བ་དང་ལྷན་རྒྱ་གར་ལ་བོད་རང་དབང་སླར་གསོའི་ཆེད་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་བོད་ཀྱི་སྲིད་གཞུང་ལ་བཙན་བྱོལ་བོད་གཞུང་ཟེར་སྲོལ་ཆགས། དེ་ཡང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་རྒྱལ་སྤྱིའི་གསར་འགོད་པར། ཕྱི་ལོ་ ༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་རྒྱ་མི་རང་ཉིད་ནས་བརྩིས་མེད་བཏང་སོང་ཞེས་དང༌། བོད་པར་མཚོན་ན་རང་ཉིད་ངོ་ཤེས་པར་བོད་ཅེས་པའི་ཐ་སྙད་ལ་ངོས་འཛིན་འཁྲུལ་མེད་ཅིག་བྱ་རྒྱུར་དོན་སྙིང་ཆེན་པོ་ལྡན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བདག་གཅེས་འོག་མ་སུ་རི་ལ་ཕེབས་མ་ཐག ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་བཙན་བྱོལ་དུ་བོད་གཞུང་གི་ལས་དོན་རྒྱུན་སྐྱོང་གི་བྱེད་སྒོ་དབུ་འཛུགས་བསྐྱངས་པ་དང༌། ྋགོང་ས་མཆོག་དང་བཀའ་ཤག་གང་དུ་ཡོད་ས་དེར་བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་པ་དང༌། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་མི་མང་གི་བོད་ཀྱི་གནས་ཚུལ་ངོ་མ་གང་ཡིན་མཁྱེན་རྟོགས་ཆེད་གསར་འགོད་འདུ་ཚོགས་ཐོག་གསུང་བཤད་དང་དྲི་ལན་དོན་ཚན་དགུ་བཅུ་སྐོར་ལ་ལན་འདེབས་གནང་བའི་སྐབས་སུ། རྒྱ་བོད་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བརྩི་འཇོག་སྤངས་པ་ཡིན། རྒྱ་དམར་སྲིད་གཞུང་རང་གིས་གྲོས་མཐུན་དེའི་བརྗོད་དོན་ལ་བརྩི་མེད་རྒྱབ་སྐྱུར་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་དེར་སླར་ཡང་ངོས་ལེན་བྱེད་པའི་ཁྲིམས་ཀྱི་གཞི་རྩ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་པ་དང༌། གྲོས་མཐུན་དེར་རྩ་འཛིན་མ་བྱས་སྟབས་གྲོས་མཐུན་མ་བཞག་སྔོན་ང་ཚོའི་གནས་སྟངས་རང་དབང་ཆ་ཚང་ཡོད་པ་དེར་གནས་ཡོད་ཅེས་ཀྱང་མཛད་རྣམ་དུ་གསུངས། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༢ པའི་ནང་གནམ་དང་ས་ལས་ངོ་ཤེས་མེད་པའི་བཙན་བྱོལ་བའི་གནས་སྟངས་འོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་མཚོན་ངེས་ཀྱི་བོད་པ་ཚོས་བོད་རང་བཙན་སླར་གསོའི་རྩ་དོན་རྩོད་ལེན་བྱེད་རྒྱུར་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་བཞག་རྗེས་བོད་གཞུང་དེ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་སྲིད་གཞུང་དུ་བསྒྱུར་བའི་བྱུང་རབས་འདི་ནི་བོད་ཀྱི་ཡབ་མེས་བཙན་པོ་དག་གི་སྙིང་སྟོབས་དང་མཐུན་པའི་བཙན་བྱོལ་བོད་གཞུང་གི་འཕེལ་རིམ་ཡིན། འདས་པའི་དུས་ཡུན་ནང་བོད་ཀྱི་ཐུན་མོང་གི་ལོ་རྒྱུས་དང། སྐད་ཡིག ས་ཁམས་ཁོར་ཡུག འཚོ་བ་སྐྱེལ་སྟངས། མིའི་བསམ་པའི་འཁྱེར་སོ། རིག་གཞུང་བཅས་ཀྱིས་བོད་པ་ཚོ་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་བས། བོད་གཞུང་གི་ལམ་ལུགས་ཚད་ལྡན་སྟོབས་ཤུགས་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་གྱི་བྱེད་སྒོ་འཐུས་ཚང་བྱུང་མིན་ཇི་ལྟར་ཡང༌། བོད་མི་མང་གིས་བོད་གཞུང་དེ་སོ་སོའི་གཞུང་ཡིན་པར་ངོས་ལེན་བྱས་ཡོད་པའི་དོན་དངོས་ལོ་རྒྱུས་ནི་བོད་གཞུང་ལ་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་ཆབ་སྲིད་ཀྱི་བདེན་དཔང་ཡིན་ཅིང༌། བོད་འདི་གཞིས་བྱེས་གཉིས་སུ་གྱར་བའི་ངོས་ནས་གླེང་ན། ཕྱི་ལོ ༢༠༠༨ ལོའི་བོད་ཀྱི་ས་བྱི་ཞི་བའི་གསར་བརྗེའི་གྱེན་ལངས་བྱས་པའི་གཙོས་ད་བར་མི་ལོ་ལྔ་བཅུའི་རིང་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་རྒྱ་ཆེའི་མི་མང་གིས་རྒྱ་ནག་གི་བཙན་འཛུལ་དང་བཙན་གནོན་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་པ་འདིས། བཙན་བྱོལ་བོད་གཞུང་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་སྲིད་གཞུང་ཡིན་པར་བརྗོད་པ་དེར་ཚད་མཐོའི་བདེན་དཔང་བྱས་ཡོད་ལ། རྒྱ་ནག་གཞུང་གིས་བོད་ལ་ཁྲིམས་མཐུན་གྱི་བདག་དབང་ཡོད་རབས་དང༌། བོད་མི་བདེ་སྐྱིད་ལྡན་རབས་བརྗོད་པ་ནི་གཞི་རྩ་མེད་པའི་ཧམ་བཤད་འབའ་ཞིག་ཡིན་པ་འཛམ་གླིང་གཞུང་མང་གི་མདུན་དུ་ཚད་ཤིན་ཏུ་མཐོན་པོའི་ལམ་ནས་ར་སྤྲོད་བྱས་པ་ཞིག་ཡིན། འདས་དང་ད་ལྟའི་གནས་སྟངས་དེར་བརྟེན་རྒྱ་བོད་གཉིས་ཀྱི་རྩོད་པ་གང་ཡོད་ཐམས་ཅད་ཀྱི་རྨང་གཞི་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་སུ་ལ་ཡོད་མེད་འདིར་ཐུག་ཡོད་པའི་དོན་དངོས་དེ་བོད་རིགས་ཙམ་གླེང་བའི་བརྒྱུད་རིམ་གྱི་ནང་དུ་ཡང་གཡོལ་ཐབས་མེད། ལྷག་པར་བོད་ཀྱི་བདག་དབང་གི་གནད་དོན་འདི་འགལ་འབྲེལ་གྱི་སྦྱོར་བ་ལག་ལེན་གྱི་བྱ་སྤྱོད་གང་གི་ནང་དུ་ཡང་རྩ་བའི་གནད་འགག་ཡིན་པ་ད་ལྟ་དང༌། མ་འོངས་པའི་གནས་བབ་གང་གི་ནང་དུ་གསལ་པོ་ཆགས་རྒྱུ་ནི་འདས་པའི་ལོ་རྒྱུས་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན། མདོར་ན་ལོ་སྟོང་ཕྲག་མང་པོའི་རིང་མཐོ་སྒང་བོད་ཀྱི་ཡུལ་ཁམས་བདག་བཟུང་གིས་འཚོ་གནས་བྱས་པའི་གདོང་དམར་བོད་པ་ཚོས། བོད་ཀྱི་ཁྲིམས་མཐུན་བདག་དབང་སུ་ལ་ཡོད་མེད་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་རིང་ཚེ་སྲོག་གི་འགྲོ་གྲོན་བཏང་བ་བརྒྱུད་ཐག་བཅད་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྔ་ཕྱིའི་བྱུང་རབས་ནང་འབུར་དུ་དོད་པའི་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་རེད། དེ་བས་བོད་པ་མི་མང་གི་རླབས་ཆེན་ལོ་རྒྱུས་ཀྱི་ཐག་གཅོད་འདི་དབུ་མའི་ལམ་གྱི་འཐབ་བྱུས་ཀྱི་ངོས་ནས་བཤད་ན་རྨང་གཞི་དང་བརྗིད་ཁོག་ཡིན་ལ། རྒྱ་བོད་ཐ་དད་དུ་ངོས་འཛིན་གྱི་གནས་བབ་འོག་འདྲ་མཉམ་གྱི་ཞི་མོལ་བྱས་ཏེ་བོད་དོན་འགྲིག་ཆགས་ཀྱི་ཐག་གཅོད་མ་བྱུང་བར། བཙན་བྱོལ་བོད་གཞུང་གིས་མ་འོངས་བོད་ལ་དབང་བའི་ཁྲིམས་མཐུན་བདག་དབང་གི་གནས་བབ་འདི་ནམ་ཡང་མི་འདོར་བར་བདག་པོ་རྒྱག་དགོས་པ་བོད་པའི་ཚེ་སྲོག་གིས་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་ཀྱིས་བཞག་པ་སྲུང་སྐྱོབ་བྱེད་དགོས་པའི་མ་མཐའི་ལས་འགན་ཞིག་དང༌། བཙན་བྱོལ་བོད་གཞུང་གི་རྩ་བའི་སྟོབས་ཤུགས་དང་བརྗིད་ཁོག་མིན་ནམ་སྙམ།
ཡིན་ནའང་ཉེ་བའི་ལོ་ངོ་འགའི་ནང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་ཅིག་གིས། བཙན་བྱོལ་བོད་གཞུང་ཞེས་བརྗོད་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བེད་སྤྱོད་ཤུགས་ཆེ་བཏང་ཡོད་ལ། བཙན་བྱོལ་བོད་གཞུང་ཟེར་དུས་གོང་དུ་བཤད་པ་ལྟར་བོད་པ་མི་མང་གིས་ངོས་འཛིན་ལྡན་པའི་མི་མང་སྲིད་གཞུང་ཞིག་ལ་ཟེར་གྱི་ཡོད་ཀྱང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་དུས་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་ཀྱི་སྒྲིག་འཛུགས་སམ་ཚོགས་པ་ལ་གོ་བ་ཡིན། ཧ་ཅང་ཉེན་ཚབས་ཆེ་ལ་གནད་ཆེའི་འགྱུར་བ་འདི་དག་ཆབ་སྲིད་པའི་མིང་འཛིན་བག་འཁུམ་པ་ཚོས་ཚིག་རེ་གཉིས་ཀྱི་ལམ་ནས་བཅོས་བསྒྱུར་གཏོང་གི་ཡོད། གནད་དོན་འདིའི་ཐད་བསམ་ཞིབ་བྱེད་རིན་ཡོད་པའི་གལ་ཆེའི་གནས་ཚུལ་འདི་འདྲ་ཞིག་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་དང་འབྲེལ་ཐུག་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད་ཀྱི་ཡོད་ལ། ད་བར་རྒྱ་བོད་འབྲེལ་ཐུག་གྲོས་མོལ་བྱས་པའི་རིང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་། བཀའ་ཤག་ངོས་ལེན་བྱེད་ཀྱི་མེད་སྐོར་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས་སྐུ་ཚབ་ཀྱིས་གསལ་པོ་གསུངས་པ་བཞིན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བོད་གཞུང་མེད་པ་བཟོས་ཟིན་ཚུལ་བརྗོད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཡུལ་གྱར་སྲིད་གཞུང་དེ་ནི་ཁྲིམས་འགལ་གྱི་སྲིད་གཞུང་རྫུས་མ་ཡིན་པ་དང༌། དེ་ནི་ལོག་སྤྱོད་པ་རེ་ཟུང་གིས་རྒྱ་ནག་ཁ་བྲལ་གཏོང་བར་དམིགས་ཏེ་བཙུགས་པའི་ནག་ཚོགས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་ཡང་རྒྱ་ནག་གཞུང་གིས། ཏཱ་ལའི་རུ་ཚོགས་ཀྱིས་བཀྲམ་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་གྲོས་འགོའི་ནང་བོད་ཡུལ་གྱར་སྲིད་གཞུང་གིས་བོད་མི་དམངས་ཀྱི་ཁེ་ཕན་དང་བོད་མི་དམངས་ཀྱི་ཚབ་མཚོན་ཡིན་ཞེས་བཤད་ཡོད། གྲོས་འགོ་དེ་ཀྲུང་གོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒོ་ཀུན་ནས་སུན་འབྱིན་བྱས་རྗེས། ཏཱ་ལའི་རུ་ཚོགས་ཀྱིས་ཉེ་ཆར་སླར་ཡང་འཆད་འགྲེལ་ཞིག་བསྐྱར་དུ་བཟོས་ནས། གོང་ས་ཏཱ་ལའི་བླ་མ་ནི་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་ཡིན་པའི་གོ་བབ་ནི་དུས་དང་རྣམ་པ་ཀུན་ཏུ་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་པ་ཞིག་ཡིན་ཞེས་བཤད་ཡོད། དོན་དངོས་ཐོག་ཏཱ་ལ་དང་ཡུལ་གྱར་སྲིད་གཞུང་ཟེར་བ་ནི་དོན་གཅིག་ཡིན་པ་དང་། སྲིད་གཞུང་དེའི་དབྱིན་ཡིག་གི་མིང་ཆ་ཚང་ནི་ Central Tibetan Administration of His Holiness the Dalai Lama ཡིན། ཡིག་སྒྱུར་བྱས་ན། གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་བོད་དབུས་སྲིད་གཞུང་། ཟེར་གྱི་ཡོད། འོན་ཏེ་དོན་དངོས་ཐོག་ཡུལ་གྱར་སྲིད་གཞུང་དེ་དང་། དེའི་ཆོས་སྲིད་ཀྱི་གཙོ་འཛིན་ཏཱ་ལ་གཉིས་ནི་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་བ་དང་། ཕྱི་རྒྱལ་གྱི་ཕྱོགས་གཏོགས་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་ཆབ་སྲིད་ཀྱི་རུ་ཚོགས་ཆུང་ཆུང་ཞིག་ཡིན་པ་ལས་ཁྲིམས་མཐུན་རང་བཞིན་སྤུ་ཙམ་ཡང་མེད་པ་རེད། ཅེས་སོགས་བརྗོད་ཀྱི་ཡོད། དེར་བརྟེན་བོད་པ་ཚོས་གསལ་རྟོགས་ངེས་པར་བྱེད་དགོས་པའི་ཕུགས་རྒྱང་གི་རྩ་དོན་ཐད་ཀྱི་རྩ་བའི་གནད་འགག་གཉིས་ནི། རྒྱ་ནག་གི་ལངས་ཕྱོགས་འདིས་བོད་ཀྱི་བདག་དབང་བོད་གཞུང་ལ་ཡོད་པའི་འདས་དང་ད་ལྟའི་བོད་ཀྱི་ལོ་རྒྱུས་ལ་བཙན་གནོན་ཧམ་ཤེད་བྱེད་ཀྱི་ཡོད་པ་དང་གཅིག བཙན་བྱོལ་བོད་གཞུང་ནི་བོད་པ་ཚོ་ལ་གལ་ཆེན་པོ་ཇི་ཙམ་ཡིན་པ་དེ་རིན་ཐང་ཅན་གྱི་དངོས་པོ་གཞན་པ་གང་འདྲ་ཞིག་གིས་ཀྱང་ཚབ་མཚོན་གཏན་ནས་མི་ཐུབ་པ་དང་གཉིས་ཡིན་པས། བོད་པ་ཚོས་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་གནས་བབ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་རྒྱུ་དེ་བོད་ཀྱི་བྱེད་ཕྱོགས་ཐམས་ཅད་ཀྱི་རྩ་བའི་བྱེད་ཕྱོགས་ཤིག་ཏུ་འཛིན་དགོས་པ་དབུ་མ་དང་རང་བཙན་གྱི་འདོད་ཚུལ་གང་གི་ལམ་དུ་བསྐྱོད་ཀྱང་གལ་གནད་ཆེ་ཤོས་ཀྱི་ལས་དོན་ཉག་ཅིག་ཆགས་ཡོད། སྤྱིར་ན་ཆབ་སྲིད་ཀྱི་འཐབ་རྩོད་ནང་། ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་ཀྱི་ས་མཚམས་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་དོན་དངོས་གནས་ཚུལ་འདི་དག་ལ་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་ཚིག་དོན་ནུས་མེད་དང་བྱབ་མེད་ཀྱི་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་མཚམས་འཇོག་དགོས་པ་མ་ཟད། ཕྱིན་ཆད་དེ་འདྲ་ཤོད་མཁན་དེ་ཚོ་ཡན་པོར་གཏོང་མི་རུང་བའི་གཞེན་སྐུལ་ནན་པོ་བྱེད་ཀྱི་ཡོད།
གནད་ཀྱི་མདོ་རྩ།༼ ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་རྒྱུའི་ནུས་པ་དེ་༧རྒྱལ་བ་རིན་པོ་ཆེ་ལས་མ་བརྒལ་བ་དེ་བརྒལ་བ་ཞིག་ངེས་པར་དུ་བཟོ་དགོས་པ་དེ་རྒྱལ་བ་རིན་པོ་ཆེའི་མི་ལོ་ལྔ་བཅུ་ང་གཉིས་རིང་གི་ཕུགས་རྒྱང་གི་ལམ་སྟོན་གལ་ཆེ་ཤོས་གཅིག་རེད། ༽འདི་ག་རང་རེད།
དེ་སྔོན་གྱི་བསམ་ཚུལ་རིང་དྲགས་ནས། ད་ལྟ་ཆུ་ཚོད་མི་འདུག རྗེས་སུ་ཞིབ་མོར་ལྟོས་མཚམས་འགོ་ཚོས་ས་དང་བསམ་ཚུལ་འདོན་དགོས་ས་ཡོད་ན་འབད་བརྩོན་བྱེད་ཀྱི་ཡིན།
ཤར་ཕྱོགས་ཁུག་རྟ་ལགས། གོང་དུ་ཞུས་པ་བཞིན་ང་གཉིས་ལ་བབ་ས་གཅིག་ཡོད་པར་མཐོང་བས་དགའ་བོ་བྱུང་། བསམ་ཚུལ་མུ་མཐུད་གནང་བར་དགའ་བསུ་ཡོད།
རང་གྲོལ་ལགས་ག་རེ་གསུངས་ཀྱི་ཡོད་འཇུ་ཆེན་ཁོས་རང་ཉིད་ཀྱིས་ནག་པོ་བཟོས་པར་བཀྲུས་ཏེ་དག་རྒྱུ་མེད་པ་ཚང་མས་ཤེས་གསལ་ལས་བཀའ་ཁྲིའི་འོས་མི་འགས་ནག་པོ་བཟོས་པ་རེད་གསུངས་ན་ཅུང་འགྲིགས་ཀྱི་ཡོད་དམ། གང་ལྟར་འཇུ་ཆེན་ཡར་བཀྱགས་མཁན་དེ་ཚོ་ནི་བསམ་ཤེས་མེད་པའི་གླེན་ལྐུགས་རྡོ་ཡར་བཀྱག་ཏེ་རང་གི་རྐང་པར་ཞུ་མཁན་རྣམས་རེད་ལོ། རང་གྲོལ་དེ་མམཚམས་རེ་རྫི་རྡིབ་པ་འདྲ་པོ་འདུག་ད།
དྲ་གྲོགས་ཚོ། དེ་ནི་ལོ་ངོ་དུ་མའི་ཡར་སྔོན་ནས་༧གོང་ས་མཆོག་གི་བཀས་གནང་པའི་རྒན་ཡོལ་དེའི་སྐོར་རེད་མ་ཟད་ད་ནི་ཁོང་གིས་གསུངས་པ་བཞིན་དུས་ལ་བབས་པ་ཞིག་དང་སུ་དང་གང་གིས་དེའི་ངོ་ཚབ་ཐུབ་མིན་དང་དེ་དང་འདི་ལ་དེའི་བདག་དབང་ཡོད་མེད་ཀྱི་སྐད་ཆ་གང་ཡང་མེད་པར་ཁོང་ལ་ཐོབ་ཆོག་ཆོག་ད ང་འཐོབ་དགོས་པ་ཞིག་ཀྱང་རེད། ཁོང་གིས་ང་ཚོ་སྟེ་བཙན་བྱོལ་པ་ཚོ་མི་ལོ་༥༢རིང་བྱིའི་པ་དམར་འཇར་བཞིན་སྐྱོར་གཉོར་བྱས་པའི་དྲིན་ལན་ཙམ་དུ་ཐ་ན་ང་ཚོ་འདི་ཙམ་ཞིག་མནར་སོན་ཡོད་ཞེས་ཚིགས་ཡག་པ་ཞིག་ལས་ཤོད་མ་ཐུབ་ནའང་ད་ནི་ཤོད་རན་ལས་གཞུང་འདི་འདྲ་དང་སྤྱི་འཐུས་ཚོ་ངན་རབ། ཁོང་ཚོར་ཐོབ་དབང་དང་བདག་དབང་ཡོད་མེད་ཤོད་བསྡད་པ་ཡིན་ན་ཁོང་གིས་བཀས་བསྐྱང་པའི་ང་ཚོ་དེ་གང་འདྲ་ཞིག་དུ་གྱར་འདུག ང་ཚོས་གཞུང་དེ་ང་ཚོས་མ་བཀུར་ན་སུ་ཞིག་གིས་གོང་བཀུར་བྱེད།ད་དུང་ང་ཚོས་གཞུང་ལ་ང་ཚོ་ཡིད་མ་ཆེས་ན་སུ་ཞིག་ཡིད་ཆེས། མ་གཞི་ནས་ང་ཚོ་གཅིག་བཟོ་དགོས་པ་རེད་ལ་གཅིག་ཆགས་དགོས་པ་རེད། དེ་ལྟར་དགོས་ན་གཅིག་གིས་གཅིག་ལ་ཡིད་ཆེས་གདེངས་ཚོད་དགོས་པ་རེད།
༼ དུས་ཚོད་སྨིན་༽ ཞེས་པ་འདི་འང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་སྟེ། སུ་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་བློ་ཕམ་གྱི་གནས་ཚུལ་མེད་ཅེས་ཤོད་ཐུབ་བམ། ང་ཚོའི་གྲོས་ཚོགས་ནང་ནས་གསུང་འཕྲིན་ལ་བགྲོ་གླེང་བྱེད་ཐེངས་རེ་རེར། ཉན་ཞིབ་དོགས་འདྲིའི་སྐབས་སྤྱི་འཐུས་རེ་འགས་བཀའ་མོལ་གསུང་སྟངས་རེ་རེར། སྤྱི་ཚོགས་ནང་ཁ་ཚད་ཡོང་ནང་གི་ཚིག་ཚོད་མེད་ཤོད་མཁན་རེ་རེར་ལ་བསམ་བློ་ཞིག་བཏང་དུས། དུས་ཚོད་སྨིན་པར་གསུངས་པ་འདི་དོན་དངོས་རང་ཆབ་སྲིད་ཀྱི་གནས་ཚད་སྨིན་པ་ཞིག་ཨེ་ཡིན་བསམ་ཁར། འདི་བོད་མི་རིགས་ཀྱི་འབྱུང་འགྱུར་ལ་ཁེགས་ཐེག་ཐུབ་པའི་བབ་བརླིང་བརྟན་གསུམ་གྱི་དུས་ཚོད་སྨིན་པ་ཞིག་དེ་བས་ཀྱང་ཨེ་ཡིན་བསམ་ནས་རྣམ་རྟོག་གི་ཆར་བབས། བསམ་གཞིག་གིས་གཏིང་དུ་དེད་ནས། ཟས་ཀྱི་དང་ག་མེད་ཁར། ཁ་ན་ལབ་རྒྱུ་དང་གདོང་ན་འཛུམ་ཀྱང་མི་འདུག་ཟེར།
རང་དབང་མང་གཙོ་ཟེར་ནས་འབྲུག་བཞིན་གྲགས།
དོན་དངོས་བཙན་བྱོལ་བོད་མིའི་མང་གཙོ་དང།
རང་དབང་ལོངས་སུ་སྤྱོད་བྱའི་གནད་དོན་ནི།
བཀའ་སྤྱི་གཉིས་ཀྱི་འོས་ཤོག་འཕེན་རྒྱུ་ཙམ།
མང་གཙོ་ཚད་དང་ལྡན་པའི་ཡུལ་ལུང་ནང་།
རྒྱལ་ཁབ་རང་གི་ཆབ་སྲིད་ཐག་གཅོད་དང་།
སྤྱི་པའི་ལས་ཀྱི་བྱ་བཞག་གལ་ཆེན་རྣམས།
མི་སེར་རང་གིས་རང་ཐག་གཅོད་བཞིན་ཡོད།
དོན་ལ་གནས་སོ་རིགས་ཀྱི་བུ། མ་འོངས་རེ་བས་བཅངས་ལགས་སོ།
ངའི་བབ་འཁྲི་ཞིག་ཡིན་མིན་མི་ཤེས་ཀྱང་། དྲང་མོར་ཞུས་ན།
འཁྱམ་པོ་སོགས་ཀྱིས་བརྗོད་བྱར་ཀླན་ཀ་འཚོལ་གྱི་འདུག་པས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།། ཡིད་ཆེས་རྙེད་པའི་རྟག་ཏུ་གང་བར་ཤོག། གསུངས་པ་ལྟར། དང་པོ་འགོ་ཚོས་པ་གནོང་།
ཁོ་བོའི་བསམ་ཚུལ་བྱས་ན་བཙན་བྱོལ་བོད་གཞུང་ལ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་རྒྱུའི་དབང་ཆ་དང་འགན་དབང་ཆ་ཚང་ཡོད་རེད་སྙམ། གལ་སྲིད་དེ་མེད་པ་ཡིན་ན་བོད་གཞུང་དེ་ཆོལ་ཁ་ཆོས་ལུགས་ཆ་ཚང་བའི་གཞུང་ཡིན་པས་གོ་མ་ཆོད་པ་རེད། གལ་སྲིད་སྤྱི་འཐུས་གྲོས་ཚོགས་ལ་མེད་ན། ད་འོ་ན་སུ་ལ་ཡོད་དམ། བཀའ་ཤག་ལ་ཡོད་དམ། ཁྱེད་རྣམ་པ་ཚོས་དམངས་གཙོའི་རྒྱལ་ཁབ་ཁག་ལ་གཟིགས་དང་། བཅའ་ཁྲིམས་བསྒྱུར་བཅོས་གཏོང་རྒྱུའི་དབང་ཆ་སུ་ལ་འདུག་གམ།
ད་སྤྱི་འཐུས་ལ་བཀའ་རྒྱུད་བཏང་བས་ཅི་ཕན། སྤྱི་འཐུས་ལེག་ཉེས་ནི་སྤྱི་འཐུས་གདམ་མཁན་གྱི་མི་མང་ལ་རག་ལས་ཡོད། དེས་ན་ད་ལོའི་སྤྱི་འཐུས་དེ་ཆོལ་ཁ་ཆོས་ལུག་གི་ཕྱོགས་ཞེན་མེད་པར། སྤྱི་ཕན་ལྷག་བསམ་ཅན་གདམ་རྒྱུ་ནི་གནད་ཀྱི་དོན་རྩ་རེད
སྤྱི་འཐུས་ལྷན་ཚོགས་ལ་མེད་ཅེས་ཀྱང་གསུངས་མི་འདུག རྒྱལ་བ་རིན་པོ་ཆེར་ལྟོས་ནས་གནས་སྐབས་འདི་དང་སྤྱི་ལྷན་འདི་འདྲར་མི་འདུག་ཅེས་གསུངས་འདུག་པས། དངོས་གནས་རང་ག་རེ་འབྲི་རྒྱུའི་ཀླད་པ་མུག་འགྲོ་གི་འདུག
བོན་ནག་མགོ་རུལ་དང་འཇུ་ཆེན་དཀོན་མཆོག་ཚོའི་ཁོང་ཚོ་ལ་རྒྱབ་རྩ་ཤུགས་ཆེན་ཡོད་ཚུལ་སྔར་ལོའི་གྲོས་ཚོགས་ནང་འཇིག་སྐུལ་ཞིག་བྱེད་པའི་རྐྱེན་གྱིས་ད་ལོ་གྲྭ་ས་སེར་འབྲས་དགའ་གསུམ་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་མ་ཟད་བོན་ནག་མགོ་རུལ་དེ་ཡང་དགེ་ལུགས་ཚང་གི་སྤྱི་མཐུས་འོས་མིའི་ནང་ཨང་གྲངས་མཐོ་ཤོས་ཐོབ་པ་རེད།། དངོས་གནས་གྲྭ་ས་དེ་ཚོའི་སློབ་གཉེར་ག་རེ་བྱེད་གི་ཡོད་གང་ཤེས་ཐེ་ཚོམ་རེད་ཡ།། ཇོ་བོ་རིན་པོ།།
ཤར་ཕྱོགས་ཁུག་རྟའི་བཤད་བྱའི་སྙིང་བོ་བཤད་ན་འདི་འདྲ་ཞིག་རེད།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་མང་གི་ངོ་བོ་མཚོན་ཐུབ་ཀྱི་མ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བོད་མི་མང་གི་ངོ་བོ་དང་དབང་ཚད་མཚོན་པའི་འདུས་ཚོགས་ཤིག་ཡིན་ཟེར་བ་རྫུན་རེད། ཅེས་༧གོང་ས་མཆོག་གིས་ཡང་དག་པའི་མང་གཙོའི་ལམ་ལུགས་འཐུས་ཚང་བ་གསུངས་པ་དེ་མ་རེད་ཅེས་བཤད་ཡོད་པ་དེ་རེད།
ངས་ལྟོས་ན། སྐབས་བཅུ་བཞི་པ་ཟེར་དགོས་དོན་ནི་༧སྐུ་མདུན་གྱིས་གསུང་འཕྲིན་སྐབས་འདིར་གནང་བས་རེད་འདོད་ལ། གཞིས་ལུས་མི་མང་ལ་འོས་བསྡུ་བྱེད་དགོས་ཀྱི་འདུག་ཟེར་བ་དེས་སྤྱི་འཐུས་ལྷན་ཚོགས་ལ་གཟི་བརྗིད་ཅིག་སྣོན་གྱི་མེད་འགྲོ་བསམ་སོང་། གང་ལྟར་ཁུག་རྟའི་བསམ་ཚུལ་འདི་ལས་སླ་བོ་མ་རེད་ཡ། སྟག་འབུམ་གྱིས་གངས་རིའི་བུ་རྒོད་གསུངས་པ་དེ་དོན་ལ་གནས་སྙམ།
མཁྱེན་ལྡན་རྣམས་བགྲོ་གླེང་གནང་གི་ཕེབས་པ་དགའ།
བོན་ནག་མགོ་རུལ་དང་ས་ནག་འཇུ་ཆེན།
ཆབ་ནག་ཐང་ཞུ་ཅན་ཞེས་ཟེར་ན་གང་འདྲ་འདུག་གམ།
ཆབ་ནག་ཐང་ཞུ་ལགས།
བོན་ནག་མགོ་རུལ་དེ་དགེ་ལུགས་ཚང་གི་སྤྱི་འཐུས་སུ་ག་འདྲ་བྱེད་ནས་སླེབས་པ་རེད་དམ།
གལ་སྲིད་སྤྱི་འཐུས་ལྷན་ཚོགས་ལ་གོང་ས༧མཆོག་བགྲེས་ཡོལ་ལས་གཙོས་བོད་ཀྱི་མངོནའདོད་ཐེག་གཅོད་ཀྱིས་དབང་ཆ་མེད་པ་ཡིན་ན། ཏ་ལྟའི་བཙན་བྱོལ་སྲིད་གཞུང་དེ་ཡང་བོད་མི་ས་ཡ་དྲུག་གི་སྲིད་གཞུང་ཞིག་དུ་ངོས་འཛིན་བྱེད་ཐབས་ནམ་ཡང་མེད། དེ་ལྟར་ཡིན་ཚེ་རྒྱུན་ཏུ་རྒྱ་ནག་གིས་བཤད་བཞིན་པའི་ཁ་བྲལ་རང་ལུགས་པ་ཞེས་བསྒྲགས་གཏམ་དག་ཡང་ངོས་ལེན་མི་བྱེད་ག་མེད་ཡིན། གོང་ས་༧་མཚོག་གི་བགྲེས་ཡོལ་ཕེབས་རྒྱུའི་བཀའ་དགོངས་དེ། ཉེ་ཆར་བརྩལ་བ་ཞིག་མ་ཡིན་པར་ལོ་མང་སྔོན་ནས་བཀའ་སློབ་རིམ་བཞིན་གནང་ཡོད་པ་ཚང་མིའི་ཤེས་གསལ་ཡིན་པ་མ་ཟད་ཉེས་སྟོང་གཅིག་ནས་བཟུང་ཕྱིའི་རྒན་ཡོལ་ཡིན་གསུང་གནང་ཡོད་པ་ཡང་ཤེས་གསལ་རེད། འོ་ན་ཕྱིའི་རྒན་ཡོལ་ཏེ་བོད་མི་མང་གིས་མངོན་འདོད་ཡིན་ནམ་མིན། སྐབས་དེ་དུས་བོད་མི་མང་གིས་བསམ་ཚུལ་བསྡུས་ཡོད་ཚོད་གོ་མ་སོང་ལ་གཞུང་སྒེར་སུ་ཡིས་དེ་ཙམ་གྱིས་དམིགས་བསལ་གྲོས་ཆོད་གང་མེད། མདོར་བསྡུས་བཤད་ན། ང་ཚོ་ཚང་མིའི་གོང་ས་མཆོག་ཡང་དག་པའི་མགོན་སྐྱབས་ཞིག་དང་ཡང་དག་པའི་དབུ་ཁྲིད་ཞིག་དུ་ཡིད་ཆེས་དང་ངོས་འཛིན་བྱེད་གིས་ཡོད་ན། ཁོང་བགྲེས་ཡོལ་ཕེབས་རྒྱུ་དེ་ཡང་ཁོང་༧རང་ཉིད་ཀྱིས་བོད་མི་རིགས་ཀྱིས་འཕྲད་ཕུགས་ཀྱི་དགེ་ཕན་ཆེད་དུ་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་དགོངས་བཞེས་བ་ཡིན་པས་ང་ཚོ་གདམས་ཁ་མང་པོ་ཞིག་ལྷག་མི་འདུག་སྙམ།
དེ་ཨ་རོགས་ཁམས་པས་ཆོལ་ཁའི་ཞེན་ཁོག་བྱས་ནས་བདམས་པ་རེད་འདོད།
བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པའི་ལས་རིམ་དང་རྣམ་དཔྱོད་བསྟེན་པ་ཡིན་ན། སྐབས་བཅུ་བཞི་པའི་སྤྱི་འའཐུས་ལྷན་ཚོགས་ལ་དབང་ཚད་ཡོད་ད་ཡོད། དེ་མིན་༼སྤྱི་འཐུས་ལྷན་ཚོགས་༽ཞེས་སྤྱི་ལ་ཤོད་ཚུལ་འདི་གཟབ་དགོས་པར་མཐོང་ལ། དེ་ཆབ་སྲིད་ཀྱི་བགྲོ་གླེང་གནང་སྟངས་ཤིག་མིན་པར་འདོད། མདོར་བསྡུས་ན་གོང་དུ་མ་རྩོམ་དང་དེའི་རྗེས་ཀྱི་རྩོམ་པ་པོའི་དགོངས་ཚུལ་རྣམས་གཏིང་ལོན་བྱེད་ཐུབ་ཀྱི་མེད་པ་འདྲ།
སྐབས་བཅུ་བཞི་པའི་ཚོགས་དུས་མཐའ་མའི་ཟུར་ཉན་དུ་མ་བཅར་གོང་། དྲ་རྒྱའི་ཁ་ཕྱེས་པ་ཡིན། མཁྱེན་ལྡན་མང་པོ་ཕེབས་འདུག མང་ཆེ་བས་གནད་དོན་རང་གི་སྒང་ལ་བགྲོ་གླེང་བྱེད་ཀྱི་འདུག དེ་བས་རང་ཅག་སྨྱུ་གུ་འཛིན་མཁན་ཚོས་འདི་འདྲ་ཞིག་ལས་སྐབས་འདིར་ཅང་འཇོན་གི་མེད་ཙང་ཁྱེད་རྣམས་ཕེབས་པ་དགའ་བྱུང་།
དེ་ནས་གོང་དུ་རྡོ་རྗེ་ཚེ་བརྟན་ཟེར་བ་ཞིག་གིས་ངས་ཆེ་བཤད་རྒྱག་གི་ཡོད་ཚུལ་གསུངས་འདུག ཁྱེད་རང་ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་ཡིན་ཤག་གིས་ག་རེ་ཞུ་འདོད་འདུག་ལབ་ན། གླེང་གཞི་ཆེན་པོ་ཡིན་ཙང་གླེང་མཁན་གྱིས་ཀྱང་ཆེ་བཤད་རྒྱག་གི་ཡོད་པ་འདྲ་བོ་རང་བཞིན་གྱིས་མཐོང་འགྲོ་གི་རེད། ངས་དང་པོར་གསུང་འཕྲིན་བཀོད་པའི་ཞབས་མཆན་ནང་ཁྱེད་ལས་ཚོར་བ་རྣོན་པོའི་ཐོག་ནས། ཐོག་མ་ནས་མྱི་ཆུང་ཆུང་གི་སྐད་ཆ་ཆེན་པོ་ཆགས་སྲིད་པར་ངོས་འཛིན་བྱས་པ་ཡིན་ལ། དེ་ལྟར་ཆགས་དུས་དགོངས་འགལ་མེད་པ་ཞེས་རྒྱ་ཆེའི་མི་མང་ལ་ཞུས་ཡོད། ཚོད་དཔག་དེ་དེ་ག་རང་གནས་ཀྱི་འདུག་སྟབས། གཞན་ཤོད་ཡ་མི་འདུག གལ་སྲིད་གལ་ཆེན་གླེང་སྟངས་མ་འགྲིག་ས་ཡོད་ན་ངེས་པར་དུ་འདོམས་རོགས་ཞུ།
༧རྒྱལ་བའི་གསུང་ཆོས་དང་ལོ་སར་གྱིས་འདིར་ཉིན་ཤོས་སླེབས་ཐུབ་མ་སོང་། དགོངས་ཚུལ་འདི་རྣམས་གཏིང་ཟབ་པོ་རེད་འདུག དངོས་གནས་སེམས་ཁུར་བྱེད་ཀྱི་འདུག ཐུགས་རྗེས་ཆེ་ཞུ་འདོད་བྱུང་།
ངས་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས་སུ་དྲི་བ་ཞིག་གཏོང་གི་ཡིན།
འོ་ན་ཁྱེད་རང་གིས་གཟིགས་ན་ག་འདྲ་བྱས་ན་དགའ་ས་རེད་དམ།
ཁ་སང་བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྐད་ཆ་གནད་འགག་ཅིག་གསུངས་སོང་། དེ་ནི་བགྲེས་ཡོལ་དང་ཆབ་སྲིད་འགན་དབང་རྩིས་སྤྲོད་ཟེར་བ་གཉིས་ཀ་བར་ཁྱད་ཆེན་པོ་ཡོད་པར་གསུངས་སོང་།
གལ་སྲིད་བགྲེས་ཡོལ་གནང་རྒྱུའི་ལམ་ཁ་འདེམས་པ་ཡིན་ན། བཅའ་སྒྲིག་སོགས་སུ་བསྒྱུར་བཅོས་མ་གནང་བར། སྡེ་སྲིད་ལྷན་ཚོགས་ལག་བསྟར་བྱས་པས་ཀྱང་འཐུས་ངེས་རེད་ལ། ཅི་ཙམ་བོད་མི་མང་ལ་༧རྒྱལ་བ་རིན་པོ་ཆེ་ད་ཡོད་གནས་སྟངས་ལྟར་དགོས་ངེས་ཆགས་པ་དེ་སྲིད་དུ། དོན་ཚན་ ༡༩ པ་འགྱུར་བ་གཏོང་ཐབས་མེད་པ་རེད་འདོད།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་བཞི་པའི་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན།
༄ ༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཐུན་མོང་ལ། ཆེད་དོན། ཀུན་གྱིས་ཤེས་གསལ་ལྟར་ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་ བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ མངའ་བདག་ཁྲི་རལ་པ་ཅན་གྱི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་ རབས་ཞེ་གཉིས་ཀྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་པུར་ རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་ གྱུར་ཏེ་རྒྱ་ཧོར་བོད་གསུམ་ཞེས་འདྲ་མཚུངས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ ཅིང༌། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་པ་འབུར་དོད་བྱུང་བ་ནས་བཟུང་ཆོས་དང༌། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་གང་ས་ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་ཆིག་བསྒྲིལ་གྱི་ནུས་པ་ ཉམས་ཏེ་ལུང་ཚན་སོ་སོའི་སྒེར་བཙན་ཙམ་ལས་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་ མ་བྱུང་བའི་ཐོག ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་འཛུགས་ནས་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་ རྒྱ་ནག་ཙམ་མ་ཟད་བོད་ཁམས་ཡོངས་རྫོགས་ཀྱང་ཚུད། ཕྱི་ལོ་ ༡༢༦༠ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་ མཛད་ཀྱང༌། རིང་པོར་མ་ཐོགས་པར་མཐའ་མཚམས་ཇི་བཞིན་སྐྱོང་མ་ཐུབ་ཁར། ལོ་ ༣༨༠ སྐོར་གྱི་ནང་ཕག་གྲུ་དང༌། རིན་སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་སོ་སོའི་རྒྱལ་སའི་ ཉེ་འདབས་ས་ཁུལ་ཙམ་ལས་བོད་ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང༌། ནང་ཁུལ་བདེ་གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།
ཕྱི་ ལོ་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་ ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་སྲོལ་ ཚུགས་ཤིང༌། བོད་ཁྲི་སྐོར་བཅུ་གསུམ་ཀྱི་ཆབ་སྲིད་གང་ཙམ་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཞིང༌། ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་རིམ་ བཞེས་མཛད་ལམ་ཆགས། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་སྲིད་ཕྱོགས་ཀྱི་ ལས་དོན་སྤྱི་དང༌། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་མ་བྱུང་ཁར། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་ སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང༌། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ྋཞབས་སོར་འཁོད་བསྟུན་བོད་ ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ་བར་སྐབས་རྒྱལ་སྤྱིའི་ གནས་ཚུལ་གཟིགས་རྟོག་ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང༌། ཆབ་སྲིད་ཕྲ་ཚུགས་ཐབས་སུ་དེང་རབས་ཀྱི་སློབ་གསོ་དང༌། ལམ་ལུགས་ལེགས་བཅོས་སོགས་ལ་ཐུགས་བརྩོན་གནང་སྟེ་རླབས་ཆེན་གྱི་གྲུབ་འབྲས་བྱུང་ ནའང༌། ཐུགས་བཞེད་ཡོངས་རྫོགས་ཇི་བཞིན་མ་འགྲུབ་པའི་གནས་ཚུལ་ཆུ་སྤྲེལ་ཞལ་གདམས་ལས་ དཔོག་ནུས། ཕྱོགས་མཚུངས་དགའ་ལྡན་ཕོ་བྲང་གི་རྒྱལ་ཚབ་དང་སྲི་ཞུ་བ་ན་རིམ་གྱིས་ནོར་འཁྲུལ་ དང་འཐུས་ཤོར་སྣ་ཚོགས་བྱུང་ཡོད་མོད། མདོ་དོན་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་མི་དམན་ཙམ་ལོ་བཞི་བརྒྱར་ཉེ་བའི་ རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།
ངོས་ རང་ྋརྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཁྲི་འདོན་བྱུང་རྗེས་ཆུང་ངུའི་དུས་ནས་ འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་དེང་རབས་ཅན་དུ་བསྒྱུར་གལ་ཆེ་བའི་ བསམ་ཚུལ་ཡོད་མུས་སུ། རང་ལོ་བཅུ་དྲུག་ལས་མ་སོན་ཞིང༌། རྒྱལ་སྤྱིའི་ལམ་སྲོལ་ལྟ་ཅི། བོད་རང་གི་སྲོལ་རྒྱུན་ལམ་ལུགས་ཁག་ཀྱང་ཆ་ཚང་རྒྱུས་མྱོང་མེད་སྐབས་ནས་ཆབ་སྲིད་ ཀྱི་འགན་ཁུར་སྔ་བསྣུར་གྱིས་མ་ལེན་མཐུ་མེད་བྱུང་སྐབས། གནས་བབ་ཛ་དྲག་དང་རྐྱེན་ངན་རྣམ་མང་རུ་འཛིངས་སུ་ཡོད་ནའང༌། བོད་ཀྱི་ཆབ་སྲིད་ལམ་སྲོལ་སྔར་ལམ་དེབ་གསལ་ལྟ་བུ་མིན་པར་གནས་དུས་དང་འཚམས་པའི་ བསྒྱུར་བཅོས་བྱེད་རྒྱུའི་འདུན་པ་ཆེ་བསྐྱེད་ཡོད་ཁོངས་ནས། བསྒྱུར་བཅོས་ཚོགས་པ་གསར་འཛུགས་སོགས་ཐབས་ཤེས་རྣམ་གྲངས་མི་ཉུང་བ་ཞིག་བྱས་ རུང༌། ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་དབང་གིས་འདོད་བློ་ཁེངས་པའི་ལེགས་བཅོས་བྱེད་མ་ ཐུབ།
ཕྱི་ ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་མང་གཙོའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་ གལ་གནད་ཆེ་ཤོས་གྲས་སུ་བརྩིས་ཏེ་བཀའ་བློན་ལས་ཁུངས་ཁག་ཆ་བགོས་གསར་འཛུགས་དང༌། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་སོགས་རིམ་འཛུགས་བྱ་ རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས།
རྒྱལ་ ཁབ་སུ་འདྲ་ཞིག་ཡིན་རུང་ཡུལ་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་འགན་ཁུར་བའི་ ཐོག་ནས་གནས་དུས་དང༌། མང་ཚོགས་ཀྱི་མངོན་འདོད་ལ་བསྟུན་ནས་ཆབ་སྲིད་འཛིན་སྐྱོང་མ་བྱས་པར། རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་ མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་ བཟང་ཤོས་ཡིན་པ་བཅས་ལ་བརྟེན་གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར་བོད་མི་ ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་རང་ལ་དམིགས་ཏེ་མང་གཙོའི་ལམ་སྲོལ་ལ་ཡིད་ ཆེས་ཀྱིས་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་ནས་བརྩམས་ཏེ། ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང༌། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་གསལ་བསྒྲགས། ཕྱི་ལོ་ ༡༩༩༠ ལོར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཆེད་བཙུགས་དང༌། སྤྱི་འཐུས་གྲངས་སྤར་གྱིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་དུ་གནས་རིང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་ཏེ་ཁྲིམས་ཀྱི་དབང་ བསྒྱུར་མིང་དོན་མཚུངས་པ་དང༌། སྤྱི་ལྷན་དབང་ལུང་ལྡན་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་ཐུབ་པ་སོགས་བཙན་ བྱོལ་བའི་གནས་བབ་ལ་གཞིགས་པའི་གྲུབ་འབྲས་མི་དམན་པ་ཐོན་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་ འདེམས་དགོས་པའི་ལམ་སྟོན་ལག་བསྟར་བྱས་པ་ནས་བཟུང་ངོས་རང་རྒྱུན་ལྡན་འཛིན་ སྐྱོང་གི་ལས་དོན་ཐོག་ཐེ་བྱུས་མི་དགོས་པར་ཕྱེད་རྒས་ཡོལ་ལྟ་བུས་འཇིག་རྟེན་ སྤྱི་ཡོངས་ལ་སྨན་པའི་བྱེད་སྒོ་གཞན་གྱི་ཐོག་དུས་ཚོད་ཇེ་མང་གཏོང་རྒྱུའི་གོ་ སྐབས་བླངས་པ་ཡིན།
བཙན་ བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་ ལུགས་རིས་མེད་དང༌། ཡུལ་མིའི་རྒྱལ་ཁབ་ཀྱི་བརྗོད་ཚིག་བཀོད་པ་དེ་ཡང་མཐར་ཐུག་ཆབ་སྲིད་ཀྱི་དབུ་ ཁྲིད་མཚན་གནས་རྗེས་འབྲེལ་མ་ཡིན་པར་འོས་བསྡུའི་ལམ་ནས་ཡོང་རྒྱུའི་ཆ་རྐྱེན་དུ་ ཕུགས་དམིགས་བཟུང་བ་ཞིག་ཡིན།
མདོ་ དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་ གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་ འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་ འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་ སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།
དེ་ འདྲའི་བསམ་ཚུལ་དེ་ཉེ་དུས་གསར་བྱུང་ཞིག་མིན་པར་མང་གཙོའི་ལམ་སྲོལ་དུ་བསྐྱོད་ རྒྱུའི་ལས་རིམ་འགོ་འཛུགས་བྱེད་སྐབས་ནས་ཡོད་ཀྱང་ཕྱི་ནང་གི་གནས་ཚུལ་སྤྱི་དང༌། ཁྱད་པར་མང་ཚོགས་དང་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱི་ཤེས་འཇོན་དང༌། བསམ་སྤྱོད་མྱོང་གོམས་བཅས་ཚད་ལོང་ཡོང་རེས་ངང་སྒུག་བྱས།
མི་ ལོ་བཞི་བརྒྱར་ཉེ་བའི་རིང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དངོས་བརྒྱུད་ཅི་རིགས་ ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་པའི་སྲོལ་རྒྱུན་ལ་གོམས་ཤུགས་ཆེ་བའི་བོད་ མི་སྤྱི་དང༌། ཁྱད་པར་གཞིས་བཞུགས་བོད་མི་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པའི་བོད་མིའི་ ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་བསམ་བློར་འཆར་དཀའ་བའི་སྔོན་གོམས་བག་ཆགས་ཀྱི་ དབང་གིས་གནས་ཚུལ་འདི་རིགས་མང་ཚོགས་ནས་འཕྲལ་མར་ངོས་ལེན་ཡོང་ཐབས་དཀའ་བ་ཤེས་ རྟོགས་ཡོད་པ་ལྟར་འདས་པའི་ལོ་ ༥༠ ཙམ་གྱི་རིང་གཞིས་བྱེས་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དང༌། འགན་ཁུར་གྱི་སེམས་སྟོབས་གོང་མཐོར་སྤེལ་ཐབས་སྒོ་དུ་མ་ནས་བྱས་དང་བྱེད་བཞིན་པ་ དཔེར་ན། ཕྱི་ལོ་ ༡༩༦༩ ལོར་གསུམ་དུས་གསུང་འཕྲིན་དུ་ “བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་ གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་ མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་ཞིང༌། ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན།” ཞེས་དང༌། དེ་བཞིན་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་ “ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་ གཅོད་བྱེད་ངེས་ཡིན།” ཞེས་དང༌། དེ་བཞིན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་བཟུང་བཀའ་ཤག་དང༌། སྤྱི་འཐུས། ལས་བསྡོམས་ཚོགས་འདུ་སོགས་སུ་ད་ཕྱིན་རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུར་བརྩིས་ ཏེ་གཞུང་དང་མང་ཚོགས་ཀྱི་ལས་འགན་ཆ་ཚང་འཁུར་དགོས་ཞེས་ཡང་ཡང་བཤད་ཡོད། དེ་བཞིན་སྤྱི་འཐུས་སྐབས་ ༡༣ པའི་ཚོགས་གཙོ་དང༌། སྐབས་དེའི་ཁྲིམས་ཞིབ་པ་ཆེ་བ་བཅས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ ཁྲིམས་འཆར་ཁག་གི་ཐོག་ངོས་ནས་མིང་རྟགས་འགོད་རྒྱུས་མཚོན་ཆབ་སྲིད་དང་འཛིན་ སྐྱོང་གི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་གྱི་བྱེད་སྒོ་དེ་རིགས་མེད་པ་བཟོ་ འགབ་བརྗོད་ཡོད་ཀྱང༌། སྐབས་དེར་རྒྱུ་མཚན་རྣམ་མང་བགྲངས་ཏེ་གནས་སྐབས་ངང་འཐེན་དགོས་པའི་ཨུ་ནན་བྱུང་ བ་ལྟར་དེ་མུས་སུ་ལུས། དེ་བཞིན་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་སུའང་ཞིབ་ཕྲ་བརྗོད་ རྒྱུ་བྱུང་བ་ལྟར། ད་ཆ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་ བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་ རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་ པར་བྱེད་དགོས།
སྐབས་ འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་ མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་ པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་ གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་ གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་ སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་ གཡེང་མི་དགོས།
བཙན་ བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་ སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་ སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དཻར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་ འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་ རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་ རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་ སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་ འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་དེ་དོན་ ཡིད་འཇགས་འཚལ། གྲོས་ཚོགས་ཀྱི་བྱེད་སྒོ་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་ཏཱ་ལའི་བླ་མ་ སྐྱེ་ཕྲེང་བཅུ་བཞི་པ་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ དགེ་བར་བྲིས།། །།
དེ་རིང་3.14 ཉིན་གྲོས་ཚོགས་སུ་བསྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན་འདི་དེ་རིང་ཞོགས་པར་སྒྲོག་སྦྱང་གནང་གྲུབ་པ་དང་། ད་ལྟ་བཞུགས་མོལ་ཚོགས་འདུ་ཚོགས་བཞིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་མཇལ་རྗེས།
ཐད་ཀར་དུ་བཤད་ཐུབ་པ་ཞིག་ནི་ང་ཚོའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོར་རྣམ་དཔྱོད་མེད་ན་མ་གཏོགས། ཡོད་ཚད་ཕྱིར་བཏོན་དགོས་པའི་གསུང་འཕྲིན་རིའི་རྒྱལ་བོ་རི་རབ་འདྲ་བ་ཞིག་བསྩལ་འདུག་པས། ད་གལ་གནད་ཅན་དང་། ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་འདིར་ཅི་ལྟར་ཐག་གིས་གཅོད་མིན་ལྟ་ཡི་ཡིན། དེ་རིང་ཉིན་རྒྱབ་གསང་བའི་ངང་ཚོགས་འདུ་ཚོགས་སོང་། གྲུབ་འབྲས་རླབས་ཆེན་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། ད་རེའི་སྤྱི་འཐུས་ཚོར་རྔུལ་ནག་ཤམས་སེ། གང་བྱུང་མང་བྱུང་རྐུབ་སྟེགས་འདི་ནོན་མི་ཉན་པའི་ཚོར་བ་སླེབས་ཡོད་ཤག་ལ། ཡང་རེ་ཤོས་ཀྱིས་ལས་སྨོན་དུས་སུ་སྨིན་པར་ངོས་བཟུང་སྟེ། འདི་འདྲའི་ཉག་ཕྲ་བའི་སྐབས་སུ་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུའི་སྨོན་ལམ་ཐེབས་འདུག་བསམ་ནས། མི་ཚེའི་སྙིང་དོན་ལ་ངོས་བཟུང་ནས་དགའ་སྐྱོའི ཚོར་བ་མཉམ་ཏུ་ཡོང་གི་ཡོད་ཤག་རེད།
ད་ལྟོས་བསྡད་ཡོད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ།
གོང་དུ་པདྨ་མཚོས་གནང་པའི་དྲི་བ་དེ་ལ་གནས་སྐབས་ལན་མི་དགོས་པ་ཞུས། སང་ཉིན་ཆུ་ཚོད་ ༡༠ ནས་སྤྱི་འཐུས་ཚོས་གསུང་འཕྲིན་ཐད་བགྲོ་གླེང་གནང་རྒྱུ་རེད། སྔོན་དུ་གཏམ་གང་ཞིག་ཤོད་དགོས་པ་མཐའ་དག་བཤད་པའི་ཁུལ་ཡིན། ཡིན་ནའང་། མྱི་ཆུང་ཆུང་ཡིན་ཙང་གཏམ་ཆེན་དང་གལ་ཆེན་དག་ལ་འཇུས་རྒྱུར་བློས་ཞེ་དྲག་ལྕོག་གི་མི་འདུག
བདེན་པ་རེད་ཡིན་ནའང་སྐབས་བཅུ་བཞི་པའི་་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞབས་འདྲེན་རྐྱང་རྐྱང་ཞུ་ནས་ད་ལྟ་བར་དུ་ཕྱིན་སོང་ཡིན་ན་ཡང་ད་མགྱོགས་པོ་ཚར་འགྲོ་རྒྱུ་རེད་དངོས་གནས་ཡག་པོ་རེད།
དེ་ཡང་སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲལ་ལ་མི་ཡོང་བ་ཤོག་ལྷག་པར་དུ་བོན་པོ་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ཟེར་བ་འདི་དངོས་གནས་ཁྱི་སྨྱོན་པ་དང་འདྲ་བཞིན་འདུག
རྩོན་སྒྲུབ་པ་ལགས་ངའི་མཆན་བརྒྱབ་པ་སྟེ་སྐྱོན་ག་རེ་འདུག
དེང་སང་གླེང་བྱ་གལ་ཆེན་གསུམ་སྟེ ༡ གསུང་འཕྲིན་རིན་པོ་ཆེ། ༢ བཀའ་སྤྱིའི་འོས་བསྡུ། ༣ ཀུན་གཟིགས་མཆོག་གི་གཤེགས་རྐྱེན་བཅས་ཀྱིས་བོད་ནང་དུ་གཡོ་འགུལ་ཐེབས་བཞིན་སྐད་ཐོས་ལ།
མཁྱེན་ལྡན་ཚང་མས་གནད་དོན་དང་གནས་བབ་དངོས་གནས་དེ་བརྒྱུད་སྤྲོད་བྱེད་རྒྱུ་གལ་ཆེ་མིན་འགྲོ་བསམས།
རྩ་ཁྲིམས་ཟིན་བྲིས་སྐབས་ཀྱི་མི་སྣ་གལ་ཆེན་ཞིག་༧ས་སྐྱ་བདག་ཆེན་གྱི་གདུང་སྲས་ཁྲིམས་ལུགས་རབ་འབྱམས་པ་ཨ་ནནྡ་རིན་པོ་ཆེ་ཡང་་ཡོད་པ་ཐོས། སྐབས་དེར་ཁྲིམས་མི་ཤེས་པའི་དཔོན་པོ་རྒན་པ་ཁག་ཅིག་གིས་རྩ་ཁྲིམས་ཟིན་བྲིས་རང་གི་ཕྱོགས་སུ་འཁྱེར་མ་ཐུབ་པར་དགག་པ་བརྒྱབ་ཚུལ་ཡང་ཐོས། མ་གཞི་སྐབས་དེར་ཟིན་བྲིས་བྱས་པའི་རྩ་ཁྲིམས་དེབ་ལྔ་དྲུག་པོ་་རྒྱལ་སྤྱིའི་མདུན་སར་ངོ་གནོང་མི་དགོས་པའི་རྩ་ཁྲིམས་ཀྱི་རྨིང་གཞི་ཞིག་རེད་ཅེས་བཤད་ན་ཆོག་པར་སེམས། ཞིབ་ཆ་མི་འདུག་པས་ད་དུང་སྟོང་ཅ་ཤིན་ཏུ་ཆེན་པོ་ལྷག་འདུག བློ་སེང་ལགས་འདིའི་དབུ་འཛིན་དུ་བསྐོས་ན་རང་གི་ཤེས་བྱ་དང་འཚམ་པ་ཞིག་རེད།
དྲི་མེད་ལགས། དེ་ཐོས་མྱོང་།
ཁུ་རྟ་ལགས་ཁྱེད་ཀྱིས་གསུང་བ་དེ་བདེན་པ་རེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ནས་བོད་མང་གི་ཚབ་མཚོན་མི་ཐུབ་མཁན་འཐུས་མི་རེ་ཟུང་ཡོད་པ་དེ་ཚོས་ད་ལྟ་ནས་དགོངས་པ་ཞུས་ཡག་པོ་འདུག་མ་གཏོགས་ཡང་རྒྱལ་ཡོངས་ཚོགས་ཆེན་ཐོག་བརྩོད་རྙོག་ཡོང་གི་རེད། ད་ཐེངས་དེ་འདྲ་མི་ཡོང་བའི་ངོ་འགོག་དང་སྤྱིར་ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་དང་་ངེས་པར་དུ་བྱ་དགོས ཁུར་དང་མ་བྱས་ན་དེ་བཀའ་རྐྱེན་ལྡོག་བྱས་བ་དང་ཁྱད་པར་ཅི་ཡོད།
གོང་ས་༧མཚོག་གི་བགྲེས་ཡོལ་དེ་ཨ་རི་ལ་ཕེབས་པར་སེམས།
༧དཔལ་ལྡན་རང་གཞུང་གིས་བཞེད་པའི་མང་གཙོ་ཞེས་པའི་མང་དང་རྒྱ་ནག་གཞུང་གིས་འདོད་པའི་དམངས་གཙོ་ཞེས་པའི་དམངས་དང་མང་གཉིས་ཀའི་ནང་ནས། ང་ཚོའི་༼ མང་༽ འདིར་གྲངས་འབོར་དང་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་འཇོག་གི་ཡོད་པ་གཉིས་འཛོམས་ཡིན་པ་ནི་རང་གཞུང་གི་མང་གཙོའི་འཕེལ་རིམ་ལ་ལྟོས་པས་ཤེས་ཐུབ་ལ། བོད་མི་རིགས་ཀྱི་མང་གཙོའི་ཤིང་རྟ་བ་ཆེན་པོ་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་ཟབ་ཡངས་དགོངས་གཞི་དེ་ག་རང་ཡིན་པའང་ཡིག་ལམ་དང་དངོས་ཡོད་གཉིས་ཀ་ནས་མཐོང་ཐུབ་པ་ཞིག་རེད།
འོ་ན། ང་ཚོའི་མང་གཙོ་འདིའི་ནང་དོན་ཡོངས་སུ་ཚང་རྒྱུའི་ཚབ་མཚོན་གསུམ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་། མི་མང་གིས་ཐད་འདེམས་བྱས་པའི་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་རེད། ང་ཚོའི་སྤྱི་ཚོགས་དང་། ལྷག་པར་གྲོས་ཚོགས་ནང་དུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་སུས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་མེད་ལ་བཀའ་མོལ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཚར་བ་རེད། ཡིན་ནའང་། ང་ཚོས་དངོས་ཡོད་གནས་ཚུལ་ལ་ལྟོས་ཡོང་དུས། མི་མང་གིས་ཐད་འདེམས་བྱས་པའི་བཀའ་ཁྲི་སྐབས་གཉིས་ཀྱི་ལས་ཐོག་པའི་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་ལྟར། སྤྱི་འཐུས་ཚོགས་གཙོས་མི་མང་གི་སྐུ་ཚབ་མཚོན་ཐུབ་རྒྱུའི་གཟི་བརྗིད་དང་ཡིད་ཆེས། ནུས་སྟོབས་ད་དུང་རེག་མེད། དེ་ནི་ཚོགས་གཙོ་གཅིག་པུའི་དགེ་སྐྱོན་ནས་མིན་པར། ཁྲིམས་བཟོ་ལྷན་ཚོགས་ཁོ་རང་གི་སྤྱི་ཡོངས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་ལ་རག་ལས་སྟབས། གནད་དོན་འདིར་ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདང་ངེས་བསྐྲུན་ཐུབ་མེད། དཔེ་མཚོན་གསལ་བོ་གཅིག་ནི། མི་མང་གིས་བཀའ་ཁྲི་གལ་ཆེན་པོ་ཅི་ཙམ་ཡིན་པར་མཐོང་བ་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གལ་གནད་མཐོང་གི་མེད། དེ་ནི་མི་མང་རང་ངོས་ཀྱི་མ་ཤེས་པའི་ཆ་ཁོ་ན་མིན་པར་སྤྱི་འཐུས་རྣམ་པའི་ཤེས་འཇོན་ལྷག་བསམ་གྱིས་སྤྱི་འཐུས་ཀྱི་མཚན་མཐོང་ལ་གཟི་བརྗིད་མ་བསྐྲུན་པས་རེད་ལ། དེང་སྐབས་ཕལ་ཆེར་ཁ་ཐོག་ཚད་དང་དགའ་ཉེ་ཕྱོགས་གཏོགས་ཀྱིས་སྤྱི་འཐུས་ལ་འདེམས་རྒྱུའི་ལུགས་ངན་ཞིག་ཀྱང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱུ་མཚན་དེ་འདྲ་མང་པོ་ཞིག་གིས། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་ལ་ཨང་རིམ་ཞིག་བཀར་དགོས་པའི་དབང་དུ་བཏང་ན། ༡ ༧རྒྱལ་བ་རིན་པོ་ཆེ། ༢ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ༣ སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་བཅས་རེད་འདུག འདི་ནས་བདེན་པ་དང་དངོས་ཡོད་གཞི་ལ་བཞག་ནས་སྐད་གསེང་མཐོན་པོས་ཐག་གཅོད་བྱས་པ་ཡིན་ལ་བསྒྲགས་པའང་ཡིན།
ཁུག་རྟས་ག་རེ་བསམ་གི་ཡོད་མེད་སུས་ཤེས། ཁུག་རྟ་སྒོར་མོ་ལ་དགའ་བས་ཁོས་འདི་ལྟར་ལབ་སྒོར་མོ་མི་ཉུང་བ་ཞིག་རག་གི་མེད་འགྲོ། ཁོས་སྒོར་མོ་རག་ན་མི་འབྲེལ་བ་གང་ཡང་མེད་ས་ལ་ཨ་ཕ་ཞེས་སྤྲེལ་ལད་འཁྲབ་ནས་སྒོར་མོ་སློང་གི་རེད། རྒྱབ་ལྗོངས་ཞིབ་ཕྲ་བཤད་ངུ་ཤོར་ཡ་རེད། བདེན་པ་ཡིན་མིན་དབུས་གཙང་སྤྱི་འཐུས་ནོར་ཝེ་རླུང་འཕྲིན་གྱི་རྩོམ་སྒྲིག་པ་ཀརྨ་ཡེ་ཤེས་ལགས་སུ་དྲིས་དང་ཧ་ཅང་གསལ་པོ་རེད།
ངས་ཞིབ་ཕྲ་བྲིས་མེད། ཁོ་ངོ་ཚ་འགྲོ་གི་རེད་བསམ་སོང་། ཁོས་ཨ་ཕ་ཟེར་ནས་སྒོར་མོ་ལེན་ས་དེ་ཨ་ཞང་དང་འབྲེལ་དཀའ་རབ་ཅིག་ཡོད་པའི་སྐད་ཆ་རེད། ངས་འདི་ལྟར་འབྲི་དགོས་དོན་ཁོས་དེང་ཧ་ཅང་ཡིན་མདོག་གིས་ཅིག་ཅིག་ཅིག་གིས་འགྲིག་མ་སོང་། མུ་མུག་མུག་གིས་འགྲིག་མ་སོང། འགྲིག་མཁན་ང་གཅིག་པུ་ལས་མེད་མདོག་མདོག་བྱེད་ཀྱི་འདུག དེ་ལ་བརྟེན་ནས་ངས་འདི་བྲིས་པ་ཡིན། ཁོའི་བསམ་ཚུལ་ལ་བགྲོ་གླེང་བྱེད་རྒྱུའི་རིན་ཐང་མི་འདུག འདི་ངས་ཁ་ཕོ་མིན། དངོས་གནས་ཡིན།