སྐལ་བཟང་ཉི་མ་དང་པདྨ་བསམ་གྲུབ་གཉིས་ཀྱིས།
ཁ་སང་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྐད་བསྐུར་ཞིག་བརྒྱུད་ནས་གནས་ཚུལ་ཞིག་གོ་ཐོས་བྱུང་བ་ནི། དེ་རིང་ནོར་གླིང་སྤྲོ་སྐྱིད་ཟ་ཁང་གི་ལྟག་རྒྱབ་ཏུ་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་ས་བོན་འོས་ཤོག་འཕེན་དུ་ཡོང་དགོས་པ་དེ་རེད། དེའི་ཕྱིར། དགེ་གྲོགས་པདྨ་བསམ་གྲུབ་ཞོགས་པ་སྔ་མོ་ནས་བདག་གི་སར་ཡོང་ནས་ངེད་གཉིས་ཀྱིས་སྤྱི་འཐུས་སྐོར་ལ་ལབ་གླེང་སྣ་ཚོགས་བྱེད་ཞོར་འོས་མི་བཙལ།
ཁོས་ཕྱོགས་ཚང་མར་ལྟ་རྒྱུ་མི་འདུག སྤྱི་འཐུས་ཀྱི་འོས་ཆོས་ཡོངས་སུ་ཚང་མཁན་ཞིག་མི་འདུག ང་ཚོའི་མི་ཚང་མ་ཕྱི་ཤེས་ན་ནང་མི་ཤེས་མཁན། ནང་ཤེས་ན་ཕྱི་མི་ཤེས་མཁན་རྐྱང་རྐྱང་རེད་ཟེར། དེ་ནས་ངེད་གཉིས་ཀྱིས་གྲོས་ཚོགས་ཚོགས་ཁང་ནི་གནད་དོན་གླེང་མོལ་ཁང་ཡིན་ལ། གྲོས་ཚོགས་ཀྱི་འཐུས་མིའང་གནད་དོན་ལ་ལྟ་ཤེས་མཁན་ཞིག་དང་གནད་དོན་གླེང་ཐུབ་མཁན་ཞིག་ལ་བསམ་བློ་བཏང་། དམིགས་ཚད་འདིས་སྤྱི་འཐུས་སྐབས་བཅུ་བཞི་པ་བར་གྱི་མདོ་སྨད་སྤྱི་འཐུས་ཚོར་ཚད་ཐིགས་ཤིག་བླངས་ན། སྔར་ཧོར་གཙང་འཇིགས་མེད་ཟེར་བ་ཞིག་བྱུང་བ་མ་གཏོགས་མཐོང་རྒྱུ་མི་འདུག ད་ལྟའི་སྤྱི་འཐུས་ལས་ཐོགས་དག་གི་ཁྲོད་ནས་སུ་ཞིག་སླར་ཡང་གདམ་མིན་ལ་བསམ་བློ་བཏང་པར། བུ་ཚོགས་གཙོ་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཚུལ་◌ཁྲིམས་འོད་ཟེར་གཉིས་ལས་མ་རྙེད། དེ་ཡང་སྤེན་པ་ཚེ་རིང་གི་གྲོས་ཚོགས་ཚོགས་ཁང་གི་ཉམས་མྱོང་དང་ཚུལ་ཁྲིམས་འོད་ཟེར་གྱིས་ས་གནས་ས་ཐོག་ལ་ལས་འགུལ་ཙག་ཙིག་ཅིག་སྤེལ་བ་རེད་ཟེར་བའི་ཆ་རྐྱེན་གཉིས་ལ་བལྟས་པ་ཡིན། བུད་མེད་ཀྱི་ཁྲོད་ནས་འཕེལ་རྒྱས་སྒྲོལ་མ་དང་ཀིརྟི་སྒྲོལ་དཀར་གཉིས་བདམས། དེ་གཉིས་ལས་འཕེལ་རྒྱས་སྒྲོལ་མས་ན་ནིང་གྲོས་ཚོགས་ཚོགས་ཁང་ནང་གནད་དོན་ཞིག་བཟོས་པའི་སྙིང་སྟོབས་མཐོང་བ་དང་གཞན་དེ་ནི་ཁ་སྣོན་ཙམ་ཡིན།
དེ་ནས་ངེད་གཉིས་ཀྱིས་མགོ་བོ་གཟེངས་སུ་བཏེགས་ཏེ་ལྟ་ཕོད་ཅིང་། མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་ཕོད་པའི་རྩ་དོན་གཞིར་བཞག་གིས་ཅུང་རྒྱུས་ཡོད་པའི་སྤྱི་ཚོགས་ཀྱི་དཀྱིལ་ཟུར་གང་སར་ས་བོན་གསར་བ་རེ་བཙལ། བཙལ་བཙལ་བའི་མཐའ་མར་ངེད་གཉིས་ཀྱིས་ཐག་གཅོད་བྱུང་བ་ནི།
བློ་གྲོས་དཔལ་བཟང་། (རང་དབང་རྩོམ་པ་པོ་དང་དང་བླངས་སློབ་དཔོན་ཆེན་མོ།)
བསོད་ནམས་རྒྱལ་མཚན།(ས་རཱ་མཐོ་སློབ་ཀྱི་སློབ་དཔོན།)
ལྷ་ལུང་རྒྱལ། (ནོར་གླིང་མཐོ་སློབ་ཀྱི་སློབ་དཔོན་དང་ཉམས་ཞིབ་པ།)
ལུང་རིགས་རྒྱལ། (དུས་བབ་རྩོམ་སྒྲིག་པ་དང་སྤྱི་ཚོགས་དཔྱད་བརྗོད་པ།)
དམ་ཆོས་དཔལ་བཟང་། (ལོ་རྒྱུས་ཉམས་ཞིབ་པ།)
ཧོར་གཙང་འཇིགས་མེད། (རྩོམ་པ་པོ་དང་ཞིབ་འཇུག་པ།)་ བཅས་ཡིན།
འོས་བླུགས་ཏེ་ཕྱིར་ནང་ལ་ཡོང་ནས་བསམ་བློ་ཞིག་གཏོང་དུས། ངེད་གཉིས་ཀྱི་འོས་མི་དག་ནི་ད་ ལྟའི་བྱེས་འབྱོར་མདོ་སྨད་མི་དམངས་ཁྲོད་ཀྱི་ཉམས་ཞིབ་པ་དང་སློབ་དཔོན། རྩོམ་པ་པོ་རྐྱང་རྐྱང་ཆགས་འདུག དོན་དངོས་སུ་སྤྱི་འཐུས་ལ་དགོས་ངེས་ཅན་གྱི་ཆ་རྐྱེན་ནི་འདི་འདྲ་མ་རེད་ལ། ངེད་གཉིས་ཀྱིིས་ཀྱང་བསམ་གཟས་ནས་དམིགས་ཚད་འདི་འདྲ་བཏོན་པ་མིན་ཏེ། གང་ལྟར་ཁོང་ཅག་དང་སྔོན་གྱི་ཆོལ་གསུམ་བོོད་མིའི་སྤྱི་འཐུས་ནང་གི་རྒན་པོ་ཧོན་ལོག་འདྲ་བ་ཚོ་དང་། ཡང་ན་ཉི་མར་ལྡེ་བའི་རྒན་མོའི་འཆལ་གཏམ་ལྟ་བུ་སྨྲ་མཁན་ཚོའི་བར་ལ་བར་ཁྱད་གནམ་ས་ཡོད་པར་འདོད་ནས་བླུགས་པ་ཡིན། ཁོང་ཚོའི་བར་ཁྱད་ནི་སྔར་གྱི་མི་ཚོས་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་མི་ཤེས་པར་མ་ཟད། གནད་དོན་ཅན་གྱི་སྐད་ཆ་རེ་ཡང་བཤད་ཤེས་ཀྱི་མི་འདུག ཉམས་ཞིབ་པ་དང་སློབ་དཔོན། རྩོམ་པ་པོ་དག་ནི་སྤྱི་ཚོགས་ལ་རྒྱུས་ཡོད་པའི་ཆ་ནས་སྤྱི་ཚོགས་ཀྱི་གནད་དོན་ཉིད་གནད་དོན་དུ་འཛིན་ཐུབ་པ་དང་དེ་གླེང་ཡང་ཕོད་པ་དེ་རེད།
བསམ་ཚུལ་མང་པོ་ཞིག་ཕར་བཤད་ཚུར་བཤད་བྱས་རྗེས། ཁོས་ འདི་དག་ཀྱང་ས་ཆའི་ཁྲོད་ཀྱི་རི་དྭགས་རེད་ཟེར་། ངས་ མ་རེད། འདི་དག་ནི་སྒོ་ངའི་ནང་གི་སེར་རིལ་རེད་ཅེས་བཤད།།
གལ་སྲིད་རྒྱ་ནག་འདི་ཤོག་བུ་དཀར་གཙང་ཞིག་ཡིན་རྒྱུ་ན་མདོ་སྨད་ཀྱི་སྨྱུག་ཐོགས་འདི་ཚོས་ཅིག་འཇོན་ན་ཐང་ཡང་། བློ་ཕམ་པ་ཞིག་ལ་རྒྱ་ནག་ནི་དེ་ལྟར་མིན་ནོ།།
མདོ་སྨད་མི་མང་གིས་ཇི་ལྟ་བུའི་མི་བུ་ཞིག་བསྐྱེད་བསྲིང་བྱེད་མིན་སུ་ཞིག་ལ་རག་ལས་ཡོད་པ་ཤེས་དཀའ་གི་ཡ། རྒན་པ། ན་གཞོན། བསམ་མེད། ལྡོམ་པོ། རྩོམ་པ་པོ། ཡང་ན་ཆབ་སྲིད་པ། ་་་
བསྟན་འཛིན་འབྱུང་གནས་ཟེར་བ་ཞིག་གིས་བདག་གི་དུས་བབ་ཟིན་བྲིས་སུ་མཆན་བུ་འདི་འདྲ་ཞིག་བཏབ་འདུག་པ་དྲ་གྲོགས་ཚོར་སྤྱན་འབུལ་ཙམ་ཞུས་པ་ཡིན།
བསྟན་འཛིན་འབྱུང་གནས། ༢༠༡༠/༠༧/༡༩ ཉིན་འདོན་སྤེལ་བྱས།
༡ རྨོག་རུ་བསྟན་པ། དབུ་མའི་ལམ་རྩོམ་སྒྲིག་པ།
༢ ཚུལ་ཁྲིམས་སངས་རྒྱས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
༣ ཧར་གདོང་ཨ་འཇིགས། ཀུན་སྤྱོད་རྩོམ་སྒྲིག་པ།
༤ ཤིས་ཚང་མཁྱེན་རབ་རྒྱ་མཚོ། མཆོད་མེ་རྩོམ་སྒྲིག་པ།
༥ བོན་བརྒྱ་བསྟན་འཛིན་རབ་རྒྱས། ལྗང་རླུང་རྩོམ་སྒྲིག་པ།
༦ གསེར་རྟའི་ཚུལ་ཁྲིམས་འོད་ཟེར། སྤྱི་འཐུས་ལས་ཐོག་པ།
༧ གཙང་སྐོར་འཕྲིན་ལས་རྒྱ་མཚོ། སམྦྷཊ་རྩོམ་སྒྲིག་པ།
༨ ཨ་རིག་དགེག་མཐོང་། གསར་འགོད་པ།རྩོམ་སྒྲིག་པ།
༩ ཀླུ་སྐལ་བཟང་རྡོ་རྗེ། སྤྱི་འཐུས་ཚགས་པར་རྩོམ་སྒྲིག་པ།
༡༠ གསེར་རྟའི་ཚུལ་ཁྲིམས་བསྟན་འཛིན། སམྦྷོཊ་རྩོམ་སྒྲིག་པ།
༡༡ ཟུང་ཆུ་གངས་རི། མོན་གྷོ་གངས་ལྗོངས་རང་བདེན་ཚོགས་གཙོ།
༡༣ ཨ་མཆོག་ཀླུ་སྒྲུབ་བསྟན་དར། དྷི་སྐད་རྩོམ་སྒྲིག་པ།
གོང་གསལ་རྣམས་འུ་ཚོ་མདོ་སྨད་པ་ནང་གི་ཨ་ཡོད་ནང་གི་ད་ཡོད།སྒོང་ང་ནང་གི་སེར་རིལ་ཞེ་གཅིག་ཡིན་པས་རང་རེའི་མི་དམངས་རྣམས་ནས་འདེམ་ཁ་མ་ནོར་བར་གནང་རོགས།
ད་ཕལ་ཆེར་རྩོམ་ཡིག་འགྲན་བསྡུར་བྱེད་རྒྱུ་ཡིན་ས་རེད་པ། རྒྱ་ལ་རྩོམ་ཡིག་འགྲན་བསྡུར་བྱས་ནའང་ཨང་ལོན་མིན་མི་ཤེས་ཡ།
ད་ངས་བྱེད་ན།
བོད་ཆོལ་ཁ་གསུམ་གྱི་སྤྱིུ་འཐུས་དེ་དག་དུམ་དུ་གསུམ་དུ་བགོ་བཤའ་བྱས་ཏེ།
ལས་འགན་རེ་སྤྲོད་དགོས་འདུག
དབུས་གཙང་གི་སྤྱི་འཐུས་དེ་ཚོ་གཞུང་གི་ཆབ་སྲིད་འདྷིན་མཁན་གྱི་རྐུབ་སྐྱག་སྟེང་དུ་བསྡད་དེ་ལས་ཁུང་དུ་བཞུགས།
སྔར་ནས་བོད་ཀྱི་ལྷ་སར་སྐུ་དྲག་ཕལ་མོ་ཆེ་དབུས་གཙང་སོགས་ནས་རང་རེད་ཤག
ཁམས་པའི་སྤྱི་འཐུས་དེ་དག་དམག་དཔོན་དུ་བསྐོས་ཏེ་དམག་གི་འདིན་སྐྱོང་བྱས།
སྔར་ནས་ཁོང་ཚོས་རྒྱ་ནག་ལ་དམག་རྒྱབ་རབས་དང་རྒྱལ་བ་རིན་པོ་ཆེ་ཡང་རྒྱ་གར་དུ་གདན་འདྲེན་ཞུས་རབས་སོགས་ཀྱི་དཔའ་གཏམ་ཤོད་ཀྱིན་པ་རེད།
ཨ་མདོའི་སྤྱི་འཐུས་དེ་ཚོས་གཞུང་གི་ཁྲིམས་ཡིག་ལས་སོགས་རྩོམ་གྱི་འགན་དེ་དག་སྤྲད་དེ་རྩོམ་སྒྲིག་ལྷན་ཚོགས་ཀྱི་ལས་ཀ་དེ་ཚོ་སྤྲད།་སྔར་ནས་མདོ་མེད་རིག་པའི་འབྱུང་གནས་ཀྱང་བཤད་སྲོལ་འདུག
ཆོལ་ཁ་དེ་དག་གི་འོས་དམིགས་འདོན་སྟངས་ལ་ལྟས་ཏེ་བྲིས་པ་ཡིན་ནོ།
བསྟན་འཛིན་འབྱུང་གནས་ཀྱི་འོས་མི་དེ་ཚོ་གལ་སྲིད་ཐོབ་ན། ཕལ་ཆེར་གྲྭ་སའི་གྲྭ་བ་ཡིན་པའི་ཟོལ་འདྲ་ཞིག་མཐོང་གི་འདུག སྐབས་དེར་བོད་སྤྱི་བའི་དོན་དུ་སྤྱི་འཐུས་ཚོགས་འདུ་འདྲ་ཚོགས་དུས་བོད་སྤྱི་ལ་ཕན་པའི་ཆབ་སྲིད་ཀྱི་ལས་དོན་མི་གླེང་བར་གྲུབ་མཐའི་རྩོད་རྙོག་གླེང་མི་ཡོང་ངམ་སྙམ་པའི་དོགས་པ་ཆེན་པོ་འདུག
སྙིང་རྗེ། ་ཕོ་ཟད་མོ་ལ་ཐུག་ལེ་རེད། སོ་ཟད་རྙིལ་ལ་ཐུག་ལེ་རེད། མདོ་སྨད་ལ་མི་འདི་འདྲ་བ་མ་གཏོགས་མེད་པ་ཨེ་རེད།
འདི་ལོར་སྐྱེ་རྒུ་མདོར་གྲྭ་བས་གང་འདྲ་སེ་མི་དམངས་ལ་རོགས་སྐྱོར་གནང་མ་སོང་ངམ།
དངོས་གནས་གྲཝ་བའདི་ཚོས་བོད་སྤྱི་བའི་དོན་དག་ལ་བསམ་བློ་བཏང་སོང་དྲན་བྱུང།
དེ་མིན་བོད་སྤྱི་བའི་དོན་ལ་ཡིན་ཟེར་ནས་ཚོགས་འདུ་ར་ཚོགས་གཏམ་བཤད་རྫིག་པོ་འདྲ་གླེང།
གྲོས་ཆོད་མང་ཐག་ཆོད་འདྲ་བཞག
རྒྱལ་ས་ཁ་ཤས་ཤིག་ཏུ་བྲག་ཆའི་སྐད་འདྲ་རྒྱབ།
དེ་ནས་ནང་དུ་ལོག་ནས་འཁོར་བའི་འཚོ་བར་མགོ་འཁོར།
དེ་འདྲ་བྱས་ན་གང་འདྲ་ཡོང་ས་རེད།
དགེ་འདུན་ལ་སྐྱབས་སུ་མཆིའོ།་
ཡག་པོ་བསམ་བློ་བཏོང་རོགས།