སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་གསུམ་པ། Posted on 2016-03-232016-03-23 By རེབ་གོང་བཀྲ་ཤིས། 9 Comments on སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་གསུམ་པ། གློག་བརྙན་།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནི་སྤྱི་འཐུས་ནང་ནས་འཛིན་སྐྱོང་ལས་དོན་ཐོག་མགོ་ཚོད་ཤོས་གྲས་ཡིན་པ་ཙམ་མ་ཟད། རྒྱབ་མདུན་ངོ་ལྐོག་མེད་པར་གྲོས་ཚོགས་ནང་བགྲོ་གླེང་སྐབས་བཀའ་མོལ་གནང་མཁན་ཞིག་ཡིན། ཁོང་ནས་ད་བར་སྤྱི་འཐུས་མིང་འཁྱེར་ནས་མ་བསྡད་པར་སྐབས་དུས་མཚམས་པར་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་སྟངས་ལ་དྲི་བ་ཚ་ནན་གཏོང་མཁན་ཞིག་ཀྱང་ཡིན་སྟབས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་རྒྱུ། དེ་རིང་འཛིན་སྐྱོང་བཀའ་ཤག་གི་སྔོན་རྩིས་འཆར་འབུལ་བཀའ་འཁྲོལ་འབྲེལ་ཆགས་དྲི་བ་ཚ་ནན་ཞིག་བཏང་སོང་། སྲིད་སྐྱོང་བློ་སེང་ལགས་ནས་འོས་བསྡུ་ཆེན་མོའི་གསལ་བསྒྲགས་ཆེད་ནི་ཝུ་ཡོག་ཏུ་ཕེབས་སྐབས་མང་ཚོགས་སུ་ལས་བྱེད་གསོལ་ཕོགས་སྤར་རྒྱུ་ཡིན་པ་དང་། ཟློས་གར་ཚོགས་པའི་ཚོགས་ཁང་རྒྱག་རྒྱུ་ཡིན་པ་སོགས་གྲོས་ཚོགས་ནང་སྔོན་རྩིས་བཀའ་འཁྲོལ་མ་ཐོབ་གོང་ནས་གསལ་བསྒྲགས་གནང་བ་ནི་འོས་ཤོག་ཁོ་ན་ཐོབ་ཆེད་གནང་འདུག གལ་ཏེ་གྲོས་ཚོགས་ནས་གོང་གི་གསལ་བསྒྲགས་གནང་བ་ལྟར་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་ན་ཇི་ལྟར་གནང་རྩིས་ཡོད་དམ། མོན་གྷོ་གཞིས་ཆགས་སུ་རྩེད་ཐང་རྒྱབ་བཞིན་པའི་གྲོས་གྲོན་ཆེད་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་གོང་གཏོང་བ་ནི་སྔོན་རྩིས་སྒྲིག་གཞི་དང་འགལ་བ་ཡིན། བཙན་བྱོལ་སྒྲིག་འཛུགས་ནི་ཁྲིམས་ཀྱི་དབང་གྱུར་རམ་གང་ཟག་གི་དབང་གྱུར་གང་ཡིན་ད་ལེན་གྲོས་ཚོགས་ནས་ཐག་གཅོད་ཇི་འདྲ་གནང་བར་རག་ལས་ཡོད་པས། གྲོས་ཚོགས་འཐུས་མི་ཚོས་ངན་པ་ལང་ཤོར་དུ་མ་ཡོང་བར་ཐག་གཅོད་ནན་པོ་གནང་དགོས་མཐོང་།
ཛ་ཆུ་ཁའི་ཕོ་ཉ་ལགས ་སྤྱི་འཐུས་ཟླ་ཕུན་ལགས་དགའ་ཤོས་སྤྱི་འཐུས་དེ་ཡིན་ལགས་་་་་་དངོས་གནས་མི་བུ་ཁོང་རྗེས་སུ་ཡིད་རིང་ཡོད་ལགས་་་་་་་་་་་་་
སྤྱི་འཐུས་ཟླ་ཕུན་ལགས་ཀྱི་དྲི་བར་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་ཁ་གསལ་གྱི་ཁྲིམས་སྒྲིག་འགལ་ཟོལ་མེད་པའི་གསལ་བཤད་གནང་སོང་། ཟླ་ཕུན་གྱིས་དྲི་བ་ཚ་ནན་དེར་བཀའ་བློན་གྱི་གསུངས་ལན་དེས་ཟླ་ཕུན་ཁ་སྐྱེངས་བཟོས་སོང་། དོན་དངོས་མ་མཁྱེན་པའི་གོ་ཙམ་རིག་ཙམ་གྱིས་དྲི་བ་ཚ་ནན་ཞིག་ཏུ་གྱུར་སོང་། ཧཧཧཧ།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་འདིས་བརྟག་དཔྱད་ཞིབ་འཇུག་མེད་པར་རྙོག་གླེང་བཟོ་འཆར་ལས་གཞན་ཡོད་མ་རེད། ལྟོས་དང་འདས་ཟིན་པའི་ནང་ལ་ཁོང་གིས་བཤད་པའི་གཏམ་རྣམས་ལ་གཟིགས་དང་།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་གསུངས་པར་ཁྲིམས་དང་སྒྲིག་གཞིའི་རྒྱབ་དཔུང་ཡོད་ཅིང་། དངོས་ཡོད་གནས་སྟངས་ལས་ཡོལ་དུ་མེད་པ་ཞིག་རེད། འོན་ཏེ། མགོ་སྲིད་སྐྱོང་གཙོས་པའི་ཁོས་སྒེར་འབྲེལ་གྱིས་བཞག་པའི་བཀའ་བློན་དང་། ཁོའི་ཕྱོགས་གཏོགས་སྤྱི་འཐུས་ཚོས། ནམ་དུ་ཡང་སྡིག་པ་མིག་བཙུམ་ཐོག་རང་ཕྱོགས་གཡོ་འགེབས་བྱས་ཏེ་སྒྲིག་འཛུགས་དང་བཙན་བྱོལ་བའི་འདས་མ་ད་གསུམ་ལ་ནམ་ཡང་བསམ་བློ་གཏོང་མི་སྲིད། འགན་འཁུར་གྱིན་མེད། ཆོལ་ཞེན་མངོན་དུ་གྱུར་བའི་སྤྱི་འཐུས་འདི་ཚོས། བྱ་སྤྱོད་ལ་གཟིགས་དང་ག་འདྲའི་མཛོར་བོ་འདུག
མང་གཙོ་( Democracy)རེད་དམ་ (དམངས་གཙོ) Proletaeain) ཧ་ཧ་ཧ་ བོད་པ་ཚང་སྙིང་རྗེ་དབང་ཡོད་ཅན་ལ་ཤེས་མེད་། ཤེས་ཡོད་ཅན་ལ་དབང་མེད་ཟེར་ཡང་ཟེར་ལ་བདེན་ཡང་བདེན་།ཧཧཧཧ
བཀའ་ཤག་གི་འཛིན་སྐྱོང་ལས་རིམ་ཁག་ཅིག་གིས་ཟླ་བ་ཕུན་སྐྱིད་ཀྱི་ཁྲིམས་དང་སྒྲིག་གཞིའི་རྒྱབ་དཔུང་དེ་སྟོང་པ་ཉིད་དུ་བཏང་སོང་། ཞིབ་འཇུག་ནན་པོའི་ཐོག་ནས་སྐད་ཆ་བཤད་དགོས་པ་ལས་གསང་ལམ་བར་གྱི་གླེང་མོལ་དེ་གྲོས་ཚོགས་སུ་གླེང་བསྡད་པ་ཙམ་གྱིས་མི་ཕན། རྗེས་སུ་ཡིད་གཟབ་དགོས།
གྲོས་ཚོགས་ནང་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོ་ལ་བློ་སེང་གིས་འགོ་ཁྲིད་པའི་བཀའ་ཤག་ལ་གདེང་ཚོད་གཅིག་ཀྱང་མེད་པའི་བཟོ་ལྟ་གསལ་པོ་བསྟན་སོང་བ་ནི། སྤེན་ཚེ་ལགས་ཀྱི་རྒྱབ་སྐྱོར་བ་ཟླ་ཕུན་ལགས་ཀྱིས། བཀའ་ཤག་ལ་འགྲོ་སོང་སྔོན་བཏང་བཀའ་ཁྲོལ་རྗེས་ཞུ་སོགས་ཀྱི་སྐོར་ལ་མདའ་གྲི་གདུང་གསུམ་རིམ་དང་གཅིག་ཆར་དུ་འཕངས་པར་རྨས་སྐྱོན་ཆེན་པོ་འཕོག་གི་རེད་སྙམ་སྟེ། བོན་པོའི་སྤྱི་འཐུས་དང་། སེར་རྟ་ཚུལ་ཁྲིམས་གཉིས་སྙིང་གས་འགྲོ་བ་ལྟ་བུའི་སེམས་ཁྲལ་བྱུང་སྟེ། གཡག་རྒོད་ལྟར་རྔ་འཕྱར་སྣ་འབུད་ཀྱིས་གང་ཟེར་འདི་ཟེར་དང་། ཅི་བྱེད་འདི་བྱེད་མེད་པ་གྱུར་སོང་ཡང་། མཐའ་མ་སེང་གེིའི་བཀའ་ཤག་གི་སྲོག་གི་བརྟན་ཕུར་མཁས་མཛངས་གཉིས་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་མདའ་གྲི་མདུང་གསུམ་འགོག་པའི་དེང་དུས་ཀྱི་གོ་ཁྲབ་དེ་གྱོན་ནས་བཞུགས་ཡོད་སྟབས་རྨས་སྐྱོན་ཆེན་པོ་མ་བྱུང་བར་ང་ཡང་གློ་བ་དགའ་ན། ཁོང་རྣམས་སྨོས་ཅི་དགོས། ཞེས་པ་ཙམ་སྨྲའོ།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནི་སྤྱི་འཐུས་ནང་ནས་འཛིན་སྐྱོང་ལས་དོན་ཐོག་མགོ་ཚོད་ཤོས་གྲས་ཡིན་པ་ཙམ་མ་ཟད། རྒྱབ་མདུན་ངོ་ལྐོག་མེད་པར་གྲོས་ཚོགས་ནང་བགྲོ་གླེང་སྐབས་བཀའ་མོལ་གནང་མཁན་ཞིག་ཡིན། ཁོང་ནས་ད་བར་སྤྱི་འཐུས་མིང་འཁྱེར་ནས་མ་བསྡད་པར་སྐབས་དུས་མཚམས་པར་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་སྟངས་ལ་དྲི་བ་ཚ་ནན་གཏོང་མཁན་ཞིག་ཀྱང་ཡིན་སྟབས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་རྒྱུ། དེ་རིང་འཛིན་སྐྱོང་བཀའ་ཤག་གི་སྔོན་རྩིས་འཆར་འབུལ་བཀའ་འཁྲོལ་འབྲེལ་ཆགས་དྲི་བ་ཚ་ནན་ཞིག་བཏང་སོང་། སྲིད་སྐྱོང་བློ་སེང་ལགས་ནས་འོས་བསྡུ་ཆེན་མོའི་གསལ་བསྒྲགས་ཆེད་ནི་ཝུ་ཡོག་ཏུ་ཕེབས་སྐབས་མང་ཚོགས་སུ་ལས་བྱེད་གསོལ་ཕོགས་སྤར་རྒྱུ་ཡིན་པ་དང་། ཟློས་གར་ཚོགས་པའི་ཚོགས་ཁང་རྒྱག་རྒྱུ་ཡིན་པ་སོགས་གྲོས་ཚོགས་ནང་སྔོན་རྩིས་བཀའ་འཁྲོལ་མ་ཐོབ་གོང་ནས་གསལ་བསྒྲགས་གནང་བ་ནི་འོས་ཤོག་ཁོ་ན་ཐོབ་ཆེད་གནང་འདུག གལ་ཏེ་གྲོས་ཚོགས་ནས་གོང་གི་གསལ་བསྒྲགས་གནང་བ་ལྟར་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་ན་ཇི་ལྟར་གནང་རྩིས་ཡོད་དམ། མོན་གྷོ་གཞིས་ཆགས་སུ་རྩེད་ཐང་རྒྱབ་བཞིན་པའི་གྲོས་གྲོན་ཆེད་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་གོང་གཏོང་བ་ནི་སྔོན་རྩིས་སྒྲིག་གཞི་དང་འགལ་བ་ཡིན། བཙན་བྱོལ་སྒྲིག་འཛུགས་ནི་ཁྲིམས་ཀྱི་དབང་གྱུར་རམ་གང་ཟག་གི་དབང་གྱུར་གང་ཡིན་ད་ལེན་གྲོས་ཚོགས་ནས་ཐག་གཅོད་ཇི་འདྲ་གནང་བར་རག་ལས་ཡོད་པས། གྲོས་ཚོགས་འཐུས་མི་ཚོས་ངན་པ་ལང་ཤོར་དུ་མ་ཡོང་བར་ཐག་གཅོད་ནན་པོ་གནང་དགོས་མཐོང་།
་་་་་་་་་་བཙན་བྱོལ་སྒྲིག་འཛུགས་ནི་ཁྲིམས་ཀྱི་དབང་གྱུར་རམ་གང་ཟག་གི་དབང་གྱུར་གང་ཡིན་་་་་་་་་་
ཛ་ཆུ་ཁའི་ཕོ་ཉ་ལགས
་སྤྱི་འཐུས་ཟླ་ཕུན་ལགས་དགའ་ཤོས་སྤྱི་འཐུས་དེ་ཡིན་ལགས་་་་་་དངོས་གནས་མི་བུ་ཁོང་རྗེས་སུ་ཡིད་རིང་ཡོད་ལགས་་་་་་་་་་་་་
སྤྱི་འཐུས་ཟླ་ཕུན་ལགས་ཀྱི་དྲི་བར་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་ཁ་གསལ་གྱི་ཁྲིམས་སྒྲིག་འགལ་ཟོལ་མེད་པའི་གསལ་བཤད་གནང་སོང་། ཟླ་ཕུན་གྱིས་དྲི་བ་ཚ་ནན་དེར་བཀའ་བློན་གྱི་གསུངས་ལན་དེས་ཟླ་ཕུན་ཁ་སྐྱེངས་བཟོས་སོང་། དོན་དངོས་མ་མཁྱེན་པའི་གོ་ཙམ་རིག་ཙམ་གྱིས་དྲི་བ་ཚ་ནན་ཞིག་ཏུ་གྱུར་སོང་། ཧཧཧཧ།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་འདིས་བརྟག་དཔྱད་ཞིབ་འཇུག་མེད་པར་རྙོག་གླེང་བཟོ་འཆར་ལས་གཞན་ཡོད་མ་རེད། ལྟོས་དང་འདས་ཟིན་པའི་ནང་ལ་ཁོང་གིས་བཤད་པའི་གཏམ་རྣམས་ལ་གཟིགས་དང་།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་གསུངས་པར་ཁྲིམས་དང་སྒྲིག་གཞིའི་རྒྱབ་དཔུང་ཡོད་ཅིང་། དངོས་ཡོད་གནས་སྟངས་ལས་ཡོལ་དུ་མེད་པ་ཞིག་རེད། འོན་ཏེ། མགོ་སྲིད་སྐྱོང་གཙོས་པའི་ཁོས་སྒེར་འབྲེལ་གྱིས་བཞག་པའི་བཀའ་བློན་དང་། ཁོའི་ཕྱོགས་གཏོགས་སྤྱི་འཐུས་ཚོས། ནམ་དུ་ཡང་སྡིག་པ་མིག་བཙུམ་ཐོག་རང་ཕྱོགས་གཡོ་འགེབས་བྱས་ཏེ་སྒྲིག་འཛུགས་དང་བཙན་བྱོལ་བའི་འདས་མ་ད་གསུམ་ལ་ནམ་ཡང་བསམ་བློ་གཏོང་མི་སྲིད། འགན་འཁུར་གྱིན་མེད། ཆོལ་ཞེན་མངོན་དུ་གྱུར་བའི་སྤྱི་འཐུས་འདི་ཚོས། བྱ་སྤྱོད་ལ་གཟིགས་དང་ག་འདྲའི་མཛོར་བོ་འདུག
མང་གཙོ་( Democracy)རེད་དམ་ (དམངས་གཙོ) Proletaeain) ཧ་ཧ་ཧ་ བོད་པ་ཚང་སྙིང་རྗེ་དབང་ཡོད་ཅན་ལ་ཤེས་མེད་།
ཤེས་ཡོད་ཅན་ལ་དབང་མེད་ཟེར་ཡང་ཟེར་ལ་བདེན་ཡང་བདེན་།ཧཧཧཧ