སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་བཅུ་བ། Posted on 2016-03-312016-03-31 By རེབ་གོང་བཀྲ་ཤིས། 9 Comments on སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་བཅུ་བ། ༢༽ https://www.youtube.com/watch?v=Faa4n0w9quc ༣༽ https://www.youtube.com/watch?v=a6MW4tJsWEg#t=32 ༤༽ https://www.youtube.com/watch?v=8kD8jhZeE5I གློག་བརྙན་།
བློ་ཕང་ཡ་གཅིག་ལ་ཞི་བའི་ག྄ོམ་འགྲོ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་ནས་མི་ལོ་གསུམ་འགོར་ལ་ཉེ་ཡང་ད་དུང་བཀའ་སྤྱི་གཉིས་ཕར་བཞག་བཙན་བྱོལ་ཆོལ་གསུམ་བོད་མི་ཡོངས་ནས་དྲན་པ་གཏུང་ནས་བརྗེད་སོང་བ་མིན་ནམ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གང་ན་ཡོད།
༡སྤྱི་འཐུས་འཇིགས་མེད་འབྱུང་གནས་ཀྱིས། ལོ་ལྔའི་གཏོང་འཆར་དང་ཡོང་འཆར་ལ་བསྡོམས་བརྒྱབས་དུས་ དཔལ་འབྱོར་གྱི་གནས་བབ་བཟང་དུ་སོང་བ་ངོས་ལེན་མི་ཐུབ་ཟེར། ༢ད་དུང་དངུལ་ཐབས་འཚོལ་ཐུབ་པ་ཟེར་བའི་ནང་ཛ་སྐྱེད་འཕར་བའི་གནད་དོན་ཡོད་ཟེར།
ཇ་མ་ལགས། ད་སེམས་གཙང་མའི་སྐད་ཆ་བཤད་མཚམས་ཞོགས་ཤིག གྲོས་ཚོགས་ནང་གི་སྤྱི་འཐུས་རྣམས་བོད་སྤྱི་བའི་རྩ་དོན་ལ་འགན་འཁུར་མཁན་དེ་འདྲ་མ་རེད། ཁོང་ཚོས་ཕྱོགས་ཞེན་ཁོ་ན་བྱས་ཏེ་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཁམས་པ་ཡིན་པ་དང་། ཁམས་པ་ཚོར་ཁོང་སྲུང་སྐྱོབ་བྱེད་པའི་འགན་ཆེན་པོ་ཡོད་ཁུལ་གྱིས་ལྐུགས་རྟགས་ཁོ་ན་སྟོན་པ་ལས། བོད་སྤྱི་བའི་རྩ་དོན་ལ་འགན་འཁུར་བའི་ཀུན་སློང་བཟང་པོ་ཅན་ཧ་ཅང་ཉུང་ཉུང་རེད། ཉུང་ཉུང་དེ་ཚོ་ཁ་སྟབས་ཞན་པོ་རེད། གླིང་ཚ་ཚེ་བརྟན་རྡོ་རྗེ་ཟེར་བ་དེ་ཁམས་པ་ཞིག་ཡིན་ན་ད་ཚོད་རྒྱལ་སྤྱིའི་ཐོག་གླེང་གི་ཡོད་པ་ཞིག་བཟོ་ཡི་རེད། འོན་ཀྱང་ཁོང་ཨ་མདོ་རེད་པ། རྒྱལ་པ་རིན་པོ་ཆེར་དད་པ་དམ་ཚིག་གཡོ་བ་མེད་པའི་གྲས་རེད་པ། དེར་བརྟེན་མཐོང་ཡང་མ་མཐོང་མདོག་དང་གོ་ཡང་མ་གོ་མདོག་བྱེད་ངེས་རེད། གསེར་རྟ་ཚུལ་ཁྲིམས་དང་བསྟན་པ་ཡར་འཕེལ་ཟེར་བའི་སྤྱི་འཐུས་ཀྱི་མིང་འཁྱེར་མཁན་དེ་ཚོས་གྲོས་ཚོགས་ནང་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ལ་ལྟོས་དང་། རྒྱ་གཞུང་གིས་ཅིང་བྱ་མི་ཐུབ་སར་སྟག་དང་གཟིག་ཡིན་མདོག་གིས་དགོད་བྲོ་བ་རྐྱང་རྐྱང་བྱེད་ཀྱི་མི་འདུག་གམ།
བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བ་དེས་༧རྒྱལ་བ་རིན་པོ་ཆེས་སློབ་བཟང་སངས་རྒྱས་ལ་སྲིད་དབང་ཆ་ཚང་གནང་ཡོད་མེད་ལ་དོགས་པ་ཡོད་ཚུལ་གྱི་སྐད་ཆ་རྫབ་ཆེན་པོ་ཞིག་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་བཤད་ཀྱང་ལན་རྒྱག་མཁན་མི་འདུག དེ་ནི་ཅང་ཙེ་མིན་གྱིས་ཧུའུ་ཅིན་ཐོ་ལ་ཡུན་རིང་དབང་ཆ་ཆ་ཚང་མ་སྤྲད་པའི་གནས་ཚུལ་དང་གོ་བ་གཅིག་མཚུངས་ཡིན་པ་ཞིག་བཤད་སོང་། གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས་ཀྱང་དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་ལ་ངོས་ལེན་མཁན་ཞིག་ཡིན་མདོག་བཤད་ཀྱི་འདུག འཇུ་ཆེན་དཀོན་མཆོག་ཟེར་བ་དེས་ཀྱང་གནས་ཚུལ་གྱི་བརྒྱུད་རིམ་མ་རྟོགས་པར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་སྒོ་བརྒྱབ་ན་ལེགས་ཚུལ་བཤད་ཀྱི་འདུག ལི་ཐང་འཇམ་དབྱངས་བཟོད་པ་ཟེར་བ་དེས་ནི་སློབ་བཟང་སངས་རྒྱས་རང་གི་ཕ་ཡུལ་གཅིག་ཡིན་མདོག་གིས་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ནས་གྲོས་ཚོགས་ཀྱི་ཚོགས་དུས་འདི་རྫོགས་བཅུག་སོང་། དགེ་ལུགས་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ཟེར་བ་དེས་ཀྱང་ཁམས་པ་ཞིག་ཡིན་པའི་ཆ་ནས་སློབ་བཟང་སངས་རྒྱས་ལ་རྒྱབ་སྐྱོར་གྱི་སྐད་ཆ་ཀྱ་གེ་ཀྱོ་གེ་མང་པོ་བཤད་སོང་། གངས་ལྷ་མོ་ཟེར་བ་དེས་ཀྱང་རང་ཉིད་ཁམས་པ་ཞིག་ཡིན་པའི་ཆ་ནས་དོན་དེ་ཙམ་མགོ་ཚོད་ཀྱི་མེད་ཀྱང་སློབ་བཟང་སངས་རྒྱས་ལ་བསྟོན་ཚིག་འབུལ་ཁུལ་བྱས་སོང་། ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ཟེར་བ་དེས་ཀྱང་ཁམས་པ་ཞིག་ཡིན་པའི་ཆ་ནས་སློབ་བཟང་སངས་རྒྱས་ལ་བསྔགས་བརྗོད་བྱས་སོང་། འདི་དག་གི་བརྒྱབ་ལ་དུས་རྒྱུན་མདུན་ལ་རྒྱ་ནག་ཉམས་ཞིབ་པ་ཡིན་ཁུལ་དང་ཕུགས་ལ་ཁམས་པའི་མང་ཚོགས་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒོལ་བའི་སྐད་ཆ་འདྲ་མིན་སྤེལ་སྡོད་མཁན་འབའ་བ་སྐལ་བཟང་རྒྱལ་མཚན་ཟེར་བ་དེ་ཡོད་པ་བཤད་མ་དགོས་པ་རེད། བོད་པ་ནང་ཁུལ་ཆིག་སྒྲིལ་མེད་པ་བཟོ་མཁན་གཙོ་བོ་ཞིག་ཁོང་ཆགས་ཀྱི་ཡོད། ད་བོད་ཀྱི་ལོ་རྒྱུས་ནང་ཁམས་པས་བོད་ཕོངས་བར་དུས་ཡུན་རིང་པོ་འགོར་གི་མ་རེད། མགྱོགས་པོ་མཐོང་ཡོང་གི་རེད། ༧རྒྱལ་བ་རིན་པོ་ཆེ་མཁྱེན། མཁྱེན།
གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས་ཀྱང་དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་ལ་ངོས་ལེན་མེད་མཁན་ཞིག་ཡིན་མདོག་བཤད་ཀྱི་འདུག
དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་རྣམ་པ་གཉིས་ལ་འདི་ནས་སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་པ་ཡིན། དྲྭ་རྒྱའི་ལམ་ནས་རྣམ་པ་ཚོས་དབར་ལ་བཀའ་མོལ་གང་བྱུང་བ་རྣམས་མཐོང་ཐོས་གསལ་པོ་བྱུང་བས། ཤེས་རིག་ལྷན་ཁང་གི་མ་འོངས་ལས་གཞི་ཁག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་བསྒུག་རྒྱུ་ཡིན། ། ད་དུང་བཙན་པོའི་རྒྱ་རབས་མུ་འབྲེལ་བརྙན་ཐུང་ཁ་ཤས་ནི། སུ་ལའང་མི་མཁོ་བའི་ཆོས་ལུགས་ཀྱི་ནད་རོ་རྙིང་པ་ཡར་བསླངས་བ་ཞིག་རེད་འདུག་པས། དབུས་ས་ནས་ཀྱང་མ་བརྟག་མ་དཔྱད་པར་སྡིག་པ་མིག་བཙུམས་ཀྱིས་དེ་མུར་འཇོག་འདོད་ན། དུས་ཚོད་ཁོམ་པ་བྱུང་རིམ་བཞིན་ཚིག་འབྲུ་རེ་རེ་ནས་འཐེར་འདོན་བྱ་འདོད་པ་ཡིན་ནོ། ། བཀའ་དྲིན་ཆེ་ཞུ། ། བོད་སྲིད་པའི་ལྷ་རྒན་འོ་ལྡེ་གུང་རྒྱལ་གསོལ་ལོ་མཆོད་དོ་ཁྱེད་ཉིད་རྒྱལ་གྱུར་ཅིག ། །
བློ་ཕང་ཡ་གཅིག་ལ་ཞི་བའི་ག྄ོམ་འགྲོ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་ནས་མི་ལོ་གསུམ་འགོར་ལ་ཉེ་ཡང་ད་དུང་བཀའ་སྤྱི་གཉིས་ཕར་བཞག་བཙན་བྱོལ་ཆོལ་གསུམ་བོད་མི་ཡོངས་ནས་དྲན་པ་གཏུང་ནས་བརྗེད་སོང་བ་མིན་ནམ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གང་ན་ཡོད།
༡སྤྱི་འཐུས་འཇིགས་མེད་འབྱུང་གནས་ཀྱིས། ལོ་ལྔའི་གཏོང་འཆར་དང་ཡོང་འཆར་ལ་བསྡོམས་བརྒྱབས་དུས་
དཔལ་འབྱོར་གྱི་གནས་བབ་བཟང་དུ་སོང་བ་ངོས་ལེན་མི་ཐུབ་ཟེར།
༢ད་དུང་དངུལ་ཐབས་འཚོལ་ཐུབ་པ་ཟེར་བའི་ནང་ཛ་སྐྱེད་འཕར་བའི་གནད་དོན་ཡོད་ཟེར།
ཇ་མ་ལགས། ད་སེམས་གཙང་མའི་སྐད་ཆ་བཤད་མཚམས་ཞོགས་ཤིག གྲོས་ཚོགས་ནང་གི་སྤྱི་འཐུས་རྣམས་བོད་སྤྱི་བའི་རྩ་དོན་ལ་འགན་འཁུར་མཁན་དེ་འདྲ་མ་རེད། ཁོང་ཚོས་ཕྱོགས་ཞེན་ཁོ་ན་བྱས་ཏེ་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཁམས་པ་ཡིན་པ་དང་། ཁམས་པ་ཚོར་ཁོང་སྲུང་སྐྱོབ་བྱེད་པའི་འགན་ཆེན་པོ་ཡོད་ཁུལ་གྱིས་ལྐུགས་རྟགས་ཁོ་ན་སྟོན་པ་ལས། བོད་སྤྱི་བའི་རྩ་དོན་ལ་འགན་འཁུར་བའི་ཀུན་སློང་བཟང་པོ་ཅན་ཧ་ཅང་ཉུང་ཉུང་རེད། ཉུང་ཉུང་དེ་ཚོ་ཁ་སྟབས་ཞན་པོ་རེད། གླིང་ཚ་ཚེ་བརྟན་རྡོ་རྗེ་ཟེར་བ་དེ་ཁམས་པ་ཞིག་ཡིན་ན་ད་ཚོད་རྒྱལ་སྤྱིའི་ཐོག་གླེང་གི་ཡོད་པ་ཞིག་བཟོ་ཡི་རེད། འོན་ཀྱང་ཁོང་ཨ་མདོ་རེད་པ། རྒྱལ་པ་རིན་པོ་ཆེར་དད་པ་དམ་ཚིག་གཡོ་བ་མེད་པའི་གྲས་རེད་པ། དེར་བརྟེན་མཐོང་ཡང་མ་མཐོང་མདོག་དང་གོ་ཡང་མ་གོ་མདོག་བྱེད་ངེས་རེད། གསེར་རྟ་ཚུལ་ཁྲིམས་དང་བསྟན་པ་ཡར་འཕེལ་ཟེར་བའི་སྤྱི་འཐུས་ཀྱི་མིང་འཁྱེར་མཁན་དེ་ཚོས་གྲོས་ཚོགས་ནང་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ལ་ལྟོས་དང་། རྒྱ་གཞུང་གིས་ཅིང་བྱ་མི་ཐུབ་སར་སྟག་དང་གཟིག་ཡིན་མདོག་གིས་དགོད་བྲོ་བ་རྐྱང་རྐྱང་བྱེད་ཀྱི་མི་འདུག་གམ།
བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བ་དེས་༧རྒྱལ་བ་རིན་པོ་ཆེས་སློབ་བཟང་སངས་རྒྱས་ལ་སྲིད་དབང་ཆ་ཚང་གནང་ཡོད་མེད་ལ་དོགས་པ་ཡོད་ཚུལ་གྱི་སྐད་ཆ་རྫབ་ཆེན་པོ་ཞིག་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་བཤད་ཀྱང་ལན་རྒྱག་མཁན་མི་འདུག དེ་ནི་ཅང་ཙེ་མིན་གྱིས་ཧུའུ་ཅིན་ཐོ་ལ་ཡུན་རིང་དབང་ཆ་ཆ་ཚང་མ་སྤྲད་པའི་གནས་ཚུལ་དང་གོ་བ་གཅིག་མཚུངས་ཡིན་པ་ཞིག་བཤད་སོང་། གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས་ཀྱང་དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་ལ་ངོས་ལེན་མཁན་ཞིག་ཡིན་མདོག་བཤད་ཀྱི་འདུག འཇུ་ཆེན་དཀོན་མཆོག་ཟེར་བ་དེས་ཀྱང་གནས་ཚུལ་གྱི་བརྒྱུད་རིམ་མ་རྟོགས་པར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་སྒོ་བརྒྱབ་ན་ལེགས་ཚུལ་བཤད་ཀྱི་འདུག ལི་ཐང་འཇམ་དབྱངས་བཟོད་པ་ཟེར་བ་དེས་ནི་སློབ་བཟང་སངས་རྒྱས་རང་གི་ཕ་ཡུལ་གཅིག་ཡིན་མདོག་གིས་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ནས་གྲོས་ཚོགས་ཀྱི་ཚོགས་དུས་འདི་རྫོགས་བཅུག་སོང་། དགེ་ལུགས་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ཟེར་བ་དེས་ཀྱང་ཁམས་པ་ཞིག་ཡིན་པའི་ཆ་ནས་སློབ་བཟང་སངས་རྒྱས་ལ་རྒྱབ་སྐྱོར་གྱི་སྐད་ཆ་ཀྱ་གེ་ཀྱོ་གེ་མང་པོ་བཤད་སོང་། གངས་ལྷ་མོ་ཟེར་བ་དེས་ཀྱང་རང་ཉིད་ཁམས་པ་ཞིག་ཡིན་པའི་ཆ་ནས་དོན་དེ་ཙམ་མགོ་ཚོད་ཀྱི་མེད་ཀྱང་སློབ་བཟང་སངས་རྒྱས་ལ་བསྟོན་ཚིག་འབུལ་ཁུལ་བྱས་སོང་། ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ཟེར་བ་དེས་ཀྱང་ཁམས་པ་ཞིག་ཡིན་པའི་ཆ་ནས་སློབ་བཟང་སངས་རྒྱས་ལ་བསྔགས་བརྗོད་བྱས་སོང་། འདི་དག་གི་བརྒྱབ་ལ་དུས་རྒྱུན་མདུན་ལ་རྒྱ་ནག་ཉམས་ཞིབ་པ་ཡིན་ཁུལ་དང་ཕུགས་ལ་ཁམས་པའི་མང་ཚོགས་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒོལ་བའི་སྐད་ཆ་འདྲ་མིན་སྤེལ་སྡོད་མཁན་འབའ་བ་སྐལ་བཟང་རྒྱལ་མཚན་ཟེར་བ་དེ་ཡོད་པ་བཤད་མ་དགོས་པ་རེད། བོད་པ་ནང་ཁུལ་ཆིག་སྒྲིལ་མེད་པ་བཟོ་མཁན་གཙོ་བོ་ཞིག་ཁོང་ཆགས་ཀྱི་ཡོད། ད་བོད་ཀྱི་ལོ་རྒྱུས་ནང་ཁམས་པས་བོད་ཕོངས་བར་དུས་ཡུན་རིང་པོ་འགོར་གི་མ་རེད། མགྱོགས་པོ་མཐོང་ཡོང་གི་རེད། ༧རྒྱལ་བ་རིན་པོ་ཆེ་མཁྱེན། མཁྱེན།
གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས་ཀྱང་དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་ལ་ངོས་ལེན་མེད་མཁན་ཞིག་ཡིན་མདོག་བཤད་ཀྱི་འདུག
འདི་རྣམས་ངོ་མ་སེམས་སྐྱོ་བ་ཞིག་རབ་བརྟན།
སྐད་ཆ་བཤད་སྟངས་ཚང་མ་ནང་འཁྲུག
ལས་ཅི་ཞིག་བསགས་པ་ཡིན་ནམ་
དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་རྣམ་པ་གཉིས་ལ་འདི་ནས་སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་པ་ཡིན། དྲྭ་རྒྱའི་ལམ་ནས་རྣམ་པ་ཚོས་དབར་ལ་བཀའ་མོལ་གང་བྱུང་བ་རྣམས་མཐོང་ཐོས་གསལ་པོ་བྱུང་བས། ཤེས་རིག་ལྷན་ཁང་གི་མ་འོངས་ལས་གཞི་ཁག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་བསྒུག་རྒྱུ་ཡིན། །
ད་དུང་བཙན་པོའི་རྒྱ་རབས་མུ་འབྲེལ་བརྙན་ཐུང་ཁ་ཤས་ནི། སུ་ལའང་མི་མཁོ་བའི་ཆོས་ལུགས་ཀྱི་ནད་རོ་རྙིང་པ་ཡར་བསླངས་བ་ཞིག་རེད་འདུག་པས། དབུས་ས་ནས་ཀྱང་མ་བརྟག་མ་དཔྱད་པར་སྡིག་པ་མིག་བཙུམས་ཀྱིས་དེ་མུར་འཇོག་འདོད་ན། དུས་ཚོད་ཁོམ་པ་བྱུང་རིམ་བཞིན་ཚིག་འབྲུ་རེ་རེ་ནས་འཐེར་འདོན་བྱ་འདོད་པ་ཡིན་ནོ། ། བཀའ་དྲིན་ཆེ་ཞུ། །
བོད་སྲིད་པའི་ལྷ་རྒན་འོ་ལྡེ་གུང་རྒྱལ་གསོལ་ལོ་མཆོད་དོ་ཁྱེད་ཉིད་རྒྱལ་གྱུར་ཅིག ། །