གསེར་རྟ་ཚུལ་ཁྲིམས་འོད་ཟེར།
༄༅། ། ཚང་མར་འཚམས་འདྲི་དང་སྦྲགས། དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་ནས་ཕྲན་དགོངས་པ་ཞུ་རྒྱུའི་སྐོར་ཡིན།
དང་པོ། བྱུང་རབས་མདོར་བསྡུས་ཀྱིས་མཚམས་སྦྱོར།
འདས་པའི་ལོ་རྒྱུས་ནང་མདོ་སྨད་མགོ་ལོག་ཡིན་པའི་དབལ་ཤུལ་གསེར་རྟ་ནི་ཕྱི་ལོ་ ༡༩༥༩ རྗེས་ནས་རྒྱ་དམར་སྲིད་གཞུང་གིས་དབང་ཡོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ། སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་བཅས་ཀྱི་ངོར་དུམ་བུ་དྲུག་ཏུ་བཅད་བགོས་སྣ་ཚོགས་བྱས་ཡོད། འོན་ཀྱང་བཙན་བྱོལ་ནང་ ༡༩༥༩ ལོའི་སྔ་རྗེས་སུ་སྐྱབས་བཅོལ་དུ་འབྱོར་བའི་གསེར་རྟ་བ་ཚོས་ཀྱང་སྔོན་མའི་ལོ་རྒྱུས་གཞིར་བཟུང་མདོ་སྨད་དང༌། མགོ་ལོག་ཡིན་པ་གཞིར་གཞག་གནས་ཡོད།
ཕ་ཡུལ་དུ་ཡོད་སྐབས་མིང་ལ་ཚུལ་པོ་ཟེར་ཞིང༌། ཕྱི་ལོ་༡༩༩༨ལོར་བཙན་བྱོལ་དུ་འབྱོར་འཕྲལ་རང་གིས་རང་ལ་གསེར་རྟ་ཚུལ་ཁྲིམས། ཞེས་བཏགས་པ་ཁོང་ཡང་༡༩༩༨ལོར་དང་པོ་རྒྱ་གར་དུ་འབྱོར་སྐབས་རང་ཉིད་མགོ་ལོག་ཡིན་པ་དང༌། མདོ་སྨད་ཡིན་པའི་ལང་ཕྱོགས་རང་བཞིན་ལྷན་སྐྱེས་སུ་ཡོད་ཀྱང༌། ༡༩༩༨ལོ་མཇུག་ཙམ་ནས་དེ་སྔའི་ལང་ཕྱོགས་འགྱུར་ཏེ། གསེར་རྟ་མགོ་ལོག་མིན་རབས་དང༌། མདོ་སྨད་མིན་རབས་སོགས་ཡིག་འབྲི་དང༌། ཁྱབ་བསྒྲགས་འདྲ་མིན་སྤེལ་བར་བརྟེན་ཕྱི་ལོ་༢༠༠༥ལོར་ཁོང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ནང་སླེབས་པ་དང༌། དེ་འཕྲལ་ཕྲན་ཡང་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ནང་སླེབས་ཡོད།
བོད་དོན་བདེན་མཐའ་གསལ་བའི་མཐུན་རྐྱེན་མེད་དུ་མི་རུང་བ་གཉིས་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་དང༌། བོད་རྒྱ་ཆེའི་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གཉིས་ཡིན་པར་བརྟེན། དེ་གཉིས་ཀྱི་ཕྱི་མ་འདིར་སྐྱོན་བྱས་སོང༌། སྙམ་པའི་སྔངས་སྐྲག་གིས་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྲན་དགོངས་པ་ཞུ་འདུན་བྱུང་མོད། གཞིས་བྱེས་གཉིས་དང༌། ལྷག་ཏུ་བོད་ནང་ནས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཆོས་སྲིད་ཀྱི་གནད་ཡོད་མི་སྣ་གང་མང་གིས་ཞལ་པར་སོགས་བརྒྱུད། སྔོན་ནས་ད་བར་དབལ་ཤུལ་གསེར་རྟ་ལ་གཅིག་ལས་གཉིས་མེད་པ་དང༌། དེ་ཡང་ལོ་རྒྱུས་སྟེང་ནས་མདོ་སྨད་མགོ་ལོག་ཡིན་མོད། ༡༩༥༩ ལོ་ཚུན་ནས་རྒྱ་དམར་གྱིས་ཆེད་དུ་སྔོན་བྱུང་ལོ་རྒྱུས་བཅོས་ཐབས་ཁོ་ནར་དམིགས། བོད་ཡུལ་སྤྱི་མཚུངས་ལྟར་གསེར་རྟ་ཕལ་ཆེར་ཞིག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ངོར་སྦྱར་ཡོད་པ་དང༌། དེང་སྐབས་ཚུལ་པོས་ཀྱང་གསེར་རྟ་མདོ་སྨད་མིན་པར་བཤད་བཞིན་པ་ལྟར་ད་ཐེངས་ཁྱོད་ཀྱིས་དགོངས་པ་ཞུས་སོང་ན་ནི། རྒྱ་དམར་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་དང་གཉིས་སུ་མ་མཆིས་པས། ཁྱོད་ཀྱིས་དགོངས་པ་མ་ཞུ། སྔོན་བྱུང་ལོ་རྒྱུས་ནི་གསོན་པོར་གནས་དགོས་པ་ཧ་ཅང་གལ་ཆེ། ཞེས་ཤུགས་ཆེན་པོ་གསུངས་བྱུང་བས། ཕྲན་གྱིས་ཞིབ་ཏུ་བསམ་སྐབས་ཁོང་ཚོའི་གསུངས་པ་ལ་རྒྱུ་མཚན་ཡོད་པར་མཐོང༌།
འོན་ཀྱང་ངས་ཚུལ་པོ་ལ་གྲོས་བསྡུར་གྱིས་ང་ཚོའི་སྤྱི་ཚོགས་ནང་རྙོག་གླེང་རིགས་གང་ཡང་མི་འབྱུང་ཕྱིར་སྐབས་༡༤བའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ནས་ངེད་གཉིས་དགོངས་པ་ཞུས་ན་ལེགས་ཆ་ཆེ་སྐོར་དང༌། བཀའ་སྤྱིའི་གོ་མིང་ཡོད་མེད་ལ་མ་ལྟོས་པར། ང་ཚོ་བཙན་བྱོལ་ནང་བྱས་ཟིན་ལས་ཀྱང་བྱེད་དགོས་པའི་ལས་དོན་གང་མང་ཞིག་ལྷག་ཡོད་ཕྱིར། དེ་དག་གི་ཆེད་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཞབས་ཞུ་གལ་ཆེའི་སྐོར་ལན་གཅིག་མིན་པར་ཡང་ཡང་འབོད་སྐུལ་ཞུས་པ་ཡིན།
མཐའ་དོན་ཕྱི་ལོ་ ༢༠༠༥ ལོའི་ ཟླ་ ༡༡པའི་ཚེས་ ༡༢ ཉིན་གྱི་དགོང་མོ་སླར་ཡང་ཕྲན་གྱིས་ཚུལ་པོ་ལ་ཞལ་པར་བརྒྱུད་དེའི་སྐོར་བསྐྱར་བཤད་ཡང་བཤད་བྱས་པར། ཚུལ་པོས་ཕྲན་ལ་དངོས་གནས་བྱས་ན་ཁྱེད་ཀྱིས་དགོངས་པ་ཞུས་ན་ཡག་པོ་ཡོད་པ་རེད། ཕ་ཡུལ་གཅིག་པའི་གསེར་རྟ་བ་དང༌། མདོ་སྨད་པ། གཞན་སུས་དགོངས་པ་མ་ཞུ་ཞེས་བཤད་ཀྱང་ཉན་དགོས་དོན་གང་ཡང་ཡོད་པ་མ་རེད། ཁྱེད་རང་ནི་གྲྭ་བ་རེད། མ་ཟད་ད་བར་གདན་ས། གྲྭ་ས་ཁག་ཏུ་སློབ་གཉེར་ཡག་པོ་བྱས་ཡོད་པ་རེད། ད་དུང་མུ་མཐུད་ནས་སློབ་གཉེར་བྱེད་བཞིན་པ་རེད། དེར་བརྟེན་མ་འོངས་པར་ལམ་ཁ་ཡག་པོ་གང་མང་ཁྱེད་རང་ལ་ཡོད་ཡོད་པ་རེད། ང་ནི་གྲྭ་བ་ནི་ལོག་ཚར་བ་རེད། ཅུང་ཟད་རེ་ཡིན་ཡང་ཡར་འགྲོ་ཨེ་ཐུབ་བསམ་བཞིན་འདུག ད་འདི་འདྲ་བྱས་ནས་ཡར་འགྲོ་ཐབས་ཨེ་ཐོན་ལྟ་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག་སོགས་འུ་ཐུག་པའི་སྐད་ཆ་གང་མང་བཤད་བྱུང་བས། ངེད་གཉིས་དགོངས་པ་ཞུ་རྒྱུ་དེ། ཕྲན་གྱི་བསམ་དོན་ལྟར་མ་འགྲུབ་པ་རེད།
དེར་བརྟེན་ཕྲན་གྱིས་ཕ་ཡུལ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་སྔོན་བྱུང་ལོ་རྒྱུས་སོགས་ལ་བསམ་ཚེ་སྐབས་དེར་ཕྲན་རང་ཉིད་གཅིག་པུར་དགོངས་པ་ཞུ་བདེ་མ་བྱུང་ཡང༌། དོན་དག་གང་ཡང་མེད་སར་ལུང་ཚན་བྱེ་བྲག་པ་ཞིག་ཆོལ་ཁའི་བར་གྱི་རྩོད་རྙོག་གི་སྐབས་བསྟུན། ལུང་ཚན་དེའི་ངེད་ཅག་མི་གཉིས་ཆོལ་ཁ་མི་འདྲ་བ་གཉིས་ཀྱི་སྤྱི་འཐུས་ཀྱི་འོས་ནང་ཕྱིན་པ་དེ་ནི་འགྲོ་མཁན་གང་ཟག་ངེད་གཉིས་ཀྱིས་ཞབས་འདྲེན་ཚབས་ཆེན་ཞུས་པ་ཞིག་ཡིན་པར་ཕྲན་གྱིས་དྲན་མྱོང་ཡོད་པ་ལས། དེ་ནི་ངེད་གཉིས་ཀྱི་གཟི་བརྗིད་ཡིན་པར་ད་བར་ཕྲན་གྱིས་དྲན་མ་མྱོང༌།
སྐབས་དེར་ཕྲན་གྱིས་རྒྱ་ཆེའི་མང་ཚོགས་ལ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རང་ཉིད་ཀྱི་ལོ་ངོ་༣༠༠ལྷག་གི་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་གནང་སྟེ། ང་ཚོ་ཡང་དག་པའི་མང་གཙོའི་ལམ་ཆེན་དུ་ཤར་བསྐྱོད་བྱེད་བཞིན་ཡོད། དེར་བརྟེན་བོད་མི་མང་སྤྱི་འཐུས་གང་འདྲ་ཞིག་འོས་བླུག་མིན་ཁྱེད་ཚོ་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་དབང་ཡིན་ཡང༌། ༧གོང་ས་མཆོག་གི་ཐུགས་རེ་ཆེན་པོས་སྐུ་དབང་མང་ཚོགས་ལ་གནང་བ་དེ་གནང་གོ་ཆོད་པ་ཞིག་དགོས་པ་ནི་ང་ཚོ་བཙན་བྱོལ་དུ་ཡོད་པའི་མང་ཚོགས་ཀྱི་ལས་འགན་དང༌། བོད་སྤྱི་བའི་རྩ་དོན་ལ་འབྲེལ་བ་ཆགས་ཡོད།
ལྷག་པར་བོད་མི་མང་སྤྱི་འཐུས་ཤིག་ལ་གཡོལ་ཐབས་བྲལ་བའི་འགན་འཁྲི་ཆེན་པོ་གཉིས་ཡོད། དེ་དག་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་འོག་ཤར་བསྐྱོད་བྱེད་རྒྱུ་དང༌། རང་དོན་ཟུར་བཞག སྤྱི་དོན་ཁུར་འཁྱེར་གྱིས་བོད་སྤྱི་བའི་ལས་དོན་བསྒྲུབ་རྒྱུ་བཅས་རེད། དེ་དག་བསྒྲུབ་པར་ཆ་རྐྱེན་བཞི་ཚང་དགོས། དེ་དག་ནི་ཤེས་ཡོན། ཉམས་མྱོང༌། འཇོན་ཐང༌། ལྷག་བསམ་རྣམ་དག་བཅས་ཡིན་པས། ཆ་རྐྱེན་དེའི་རིགས་ང་ལ་མི་ཚང༌། ཞེས་རླུང་འཕྲིན་དང༌། ཚགས་པར་སོགས་བརྒྱུད་བསྒྲགས་ཤུགས་ཆེན་བྱས་ཡོད།
གཞན་ང་ལ་འོས་ཤོག་བླུག་རོགས་ཞེས་སུ་གཅིག་ལ་སྐུལ་སློང་རིགས་བྱེད་མྱོང་མེད།
དེ་རྗེས་བཀའ་བློན་ཁྲི་བ་དང༌། སྐབས་༡༤བའི་སྤྱི་འཐུས་འོས་བསྡུ་ལེགས་གྲུབ་ཟིན་རྗེས་ཕྲན་སྤྱི་འཐུས་ནང་སླེབས་འདུག་སྟབས། ཕྲན་གྱིས་ཀྱང་རང་ཉིད་ཀྱི་ལས་འགན་དང༌། སྤྱི་འཐུས་ཀྱི་དམ་འབུལ་གཞིར་བཞག་ཆོལ་ཁ་ཆོས་ལུགས་སོགས་དབྱེ་བ་སྤུ་ཙམ་མེད་པར་རང་ནུས་གང་ཡོད་ཀྱིས་སྤྱི་དོན་ལ་ཤུགས་བརྒྱབ་ཡོད། དེར་བརྟེན་རྒྱ་དམར་སྲིད་གཞུང་ཡང་ཕྲན་ལ་དོགས་པ་ཟོས་ཏེ། ཕྱི་ལོ་༢༠༠༩ལོའི་ཟླ་༣ཚེས་༩ཉིན་རྒྱ་ནག་ཞིན་ཧ་གསར་ཁང་གིས་དྲ་རྒྱའི་ནང་ཏཱ་ལའི་བླ་མའི་གྲོས་ཚོགས་རྫུན་མའི་འཐུས་མི་ཚུལ་ཁྲིམས་འོད་ཟེར་གྱིས་༢༠༠༨ལོར་བོད་ནང་ཟིང་ཆ་ཚབས་ཆེན་བསླངས་སྐོར་ཕྲན་ལ་ཉེས་འཛུགས་བྱས་པའི་ཡིག་ཆ་ད་ལྟའང་བོད་གཞུང་བདེ་སྲུང་ལས་ཁུངས་ནང་ཡོད་པ་སོགས་ནི་བྱུང་རབས་མདོར་བསྡུས་ཡིན།
གཉིས་པ། སྐབས་༡༥བའི་གྲོས་ཚོགས་ཀྱི་འོས་གཞིའི་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན།
དབུས་འོས་བསྡུ་ལས་ཁུངས་ཀྱིས་སྐབས་༡༥བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་མི་༥༠ཁྱབ་བསྒྲགས་བྱས་པའི་སྒང་ནས་མར་བརྩིས་པའི་ཨང་༡༠བར་ཕྲན་སླེབས་ཡོད་པར་བརྟེན་ཕྲན་སྐབས་༡༥བའི་སྤྱི་འཐུས་ལ་སླེབས་རྒྱུ་ཕལ་ཆེར་གཏན་ཁེལ་བ་ཞིག་རེད། དེར་བརྟེན་ད་ལྟ་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུ་བཞིན་ཡོད་པ་དང༌། དེ་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོགས་ཆེན་པོ་ཞིག་འབྱུང་ཕྱིར་དམིགས་ཡོད་པ་ལས། རང་ཉིད་སེམས་ཤུགས་ཆག་པས་མིན་ལ། སྤྱི་དོན་ཆེད་ནུས་ཤུགས་འདོན་རྒྱུར་མ་སྤྲོ་བ་སོགས་ཀྱང་རྩ་བ་ནས་མིན། དེའི་ཕྱིར་དཻའི་སྐོར་རྒྱུ་མཚན་སྙིང་བསྡུས་གསུམ་ཡོད་པ་རེ་རེ་བཞིན་སྙན་སྒྲོན་ཞུ་རྒྱུ་ཡིན།
རྒྱུ་མཚན་དང་པོ། དེང་སྐབས་བླ་སེར་དང༌། སྐུ་དྲག ཁྱིམ་རྒྱུད་ཆེན་པོའི་རིགས་རྒྱུད་བཅས་སྡེ་ཚན་གསུམ་བཀའ་ཁྲི་དང༌། སྤྱི་འཐུས་སོགས་ཆབ་སྲིད་ཀྱི་ལས་རིགས་ནང་མ་ཞུགས་ན་བཟང་རབས་སྐོར་ཕྱི་ལོ་ ༢༠༡༠ ལོ་འདི་གཅིག་པུར་བགྲོ་གླེང་དང༌། ཚོགས་སྒེར་གྱི་མིང་ཐོག་ནས་ལས་འགུལ་སྤེལ་མཁན་གང་མང་བྱུང༌། ད་དུང་དེ་བཞིན་ཤུགས་ཆེན་པོ་བཤད་ན་ཆབ་སྲིད་ལས་རིགས་ནང་གོང་གསལ་སྡེ་ཚན་གསུམ་གྱིས་འགན་ལེན་རྒྱུ་རིམ་གྱིས་ཇེ་ཉུང་ལ་འགྲོ་ངེས་ཡིན་པ་ངས་བརྒྱ་ཆ་བརྒྱ་ཐག་བཅད་ནས་བཤད་ཐུབ། དཔེར་ན་སྐབས་བཅོ་ལྔ་བའི་སྤྱི་འཐུས་སྔོན་འགྲོའི་འོས་ཁོངས་ནས་ང་ཕྱིར་འཐེན་བྱས་པ་འདི་དཔེ་མཚོན་གཅིག་ཡིན། ད་དུང་དེ་ལྟར་བྱུང་ན་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཉམས་ཆག་འགྲོ་ངེས་རེད། དེ་ནི་རྒྱ་དམར་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བསྒྲུབ་བྱ་གཙོ་བོ་དེ་རེད། དེའི་ཕྱིར་ད་ལྟ་སྔ་སེ་ནས་ང་ཚོའི་མང་ཚོགས་ལ་ཉེན་ཁ་དེའི་རིགས་གོ་བརྡ་ཡག་པོ་ཞིག་འཕྲོད་ཐུབ་ཆེད་དུའང་ང་དགོངས་པ་ཞུས་པ་དང་ཆབས་ཅིག་གོང་གསལ་སྡེ་ཚན་གསུམ་གྱིས་གཙོས་ང་ཚོའི་མི་མང་གིས་གཟབ་དགོས་ས་གཅིག་ནི། རྒྱ་དམར་གྱིས་མངག་པའི་གསང་ཉུལ་བས་སེམས་ཤུགས་ཆེ་མདོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐྱོན་བརྗོད་ཀྱིས་གཙོས་སྤྱི་ཚོགས་ཧྲིལ་བོ་ཕུ་དཀྲུག་མདའ་དཀྲུག་གིས་གཏོར་བཤིགས་གཏོང་མཁན་སོགས་དང་པོ་ནས་ངོས་ཟིན་པར་བྱས་ཏེ། དེ་དག་གི་འདོད་ཐོག་ཏུ་འགྲོ་མི་དགོས་པ་རྣམ་དཔྱོད་རྩལ་འདོན་གནང་རོགས་ཞུ་རྒྱུའང་ཡིན།
རྒྱུ་མཚན་གཉིས་པ་ནི། ཕྲན་གྱིས་རང་ཉིད་སྤྱི་འཐུས་ནང་སླེབས་ཐབས་སུ་ཁེ་ཕན་ཆེན་པོ་ཞིག་ལ་དམིགས་ཡོད་ཚུལ་དང༌། མི་མང་སྐུལ་སློང་བྱས་རབས། དེ་བཞིན་མདོ་སྨད་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟ་མདོ་སྨད་མ་རེད། མདོ་སྟོད་རེད། ཅེས་ཤོད་མཁན་རེ་ཟུང་དེང་སྐབས་བཙན་བྱོལ་ནང་འབྱུང་བཞིན་པ་དེ་ཚོར་ཁ་གཏད་གཅོག་ཆེད་ཁོ་ནར་དམིགས་ཕྲན་མ་འོངས་པར་སྤྱི་འཐུས་ལ་མུ་མཐུད་འགྲོ་ངེས་རེད། ཟེར་བ་སོགས་དང༌། སྐབས་༡༤བའི་གྲོས་ཚོགས་རིང་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ཚད། དེ་ནི་ཐེངས་རྗེས་མར་ཁོ་རང་ལ་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ཆེད་རེད། ཟེར་བ་སོགས་དང༌། ས་གནས་ཀྱི་ཉམ་ཐག་རྒས་གསོ་ཁང་དང༌། སྐྱོ་བོའི་རིགས་སོགས་ལ་ལྟ་རྟོག་དང་རྒྱབ་སྐྱོར་བྱས་པ་དང༌། སྐྱོ་གནས་རེ་ཟུང་ཐེར་འདོན་བྱས་པར། དེ་ནི་སྤྱི་འཐུས་ཀྱི་དབང་ཚད་དུས་ཚོད་ཡུན་རིང་བར་བེད་སྤྱོད་ཀྱིས་ས་གནས་མགོ་འཛིན་གྱིས་གཙོས་ས་གནས་ཀྱི་དཔོན་རིགས་ལ་གཉའ་ནོན་གཏང་འཆར་རེད། ཟེར་བ་སོགས་བྱུང་ཡོད་པས། དེ་རིགས་དངོས་གནས་ཡིན་མིན་མང་ཚོགས་ལ་ངོ་འཕྲོད་ཐབས་དང༌། ཕྲན་གྲྭ་རྐྱང་ཞིག་གི་ངོས་ནས་སྔ་ཕྱི་བར་གསུམ་དུ་བྱེད་སྟངས་དེ་དག་ནི་ལྷག་བསམ་རྣམ་དག་ཡིན་པ་ལས། རང་ཉིད་སྒེར་ལ་སྤྱི་འཐུས་ཀྱི་དབང་ཚད་སོགས་དགོས་མཁོ་གང་ཡང་མེད་སྐོར་གཟུར་གནས་རྒྱ་ཆེའི་མང་ཚོགས་ཀྱིས་ཇི་བཞིན་མཁྱེན་རྟོག་འབྱུང་སླད་ད་ཐེངས་སྐབས་༡༥བའི་འོས་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུས་པ་ཡིན།
རྒྱུ་མཚན་གསུམ་པ་ནི། གསེར་རྟ་ནི་དེང་སྐབས་བོད་གཞིས་བྱེས་གཉིས་སུ་སྔོན་བྱུང་ལོ་རྒྱུས་ཐོག་ཏུ་མདོ་སྨད་ཡིན་པ་དང༌། མགོ་ལོག་ཡིན་པ་སོགས་གསལ་བོ་ཆགས་བཞིན་ཡོད་ཕྱིར་ཕྲན་གྱིས་ཀྱང་ད་དུང་ཨུ་ཚུགས་བརྒྱབ་ཏེ། སྤྱི་འཐུས་ཀྱི་འོས་ནང་ཕྱིན་ན་དེ་ནི་སྐབས་འཚོལ་བའི་བྱེད་སྟངས་མི་ཆགས་པའི་ངེས་པ་མེད་ཅིང༌། ལྷག་པར་སྤྱི་འཐུས་ནི་སྤྱི་དོན་བསྒྲུབ་ཕྱིར་སྤྱི་ཚོགས་ནང་ནས་མང་ཚོགས་ཀྱིས་དྲག་འདེམས་ཡོང་དགོས་པ་ལས། ལུང་ཚན་བྱེ་བྲག་པ་རེ་ཆོལ་ཁ་ཕན་ཚུན་གྱིས་འཐེན་འཁྱེར་ཆེད་འོས་བླུག་པ་ལྟར། དོ་བདག་སོ་སོ་ཡང་འགྲོ་རྐྱང་བྱེད་པ་འདིའི་རིགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་མཚན་མཐོང་ལ་ཕན་གནོད་གང་ཞིག་འབྱུང་མིན་ནི་ཀུན་གྱིས་ཤེས་གསལ་ཡིན། ཇི་སྲིད་བོད་མི་མང་སྤྱི་འཐུས་གནས་པ་དེ་སྲིད་དུ་སྤྱི་འཐུས་ཀྱི་མཚན་སྙན་ལ་སྲུང་སྐྱོབས་དགོས་པ་དེ་ཡང་རང་ཅག་ཚང་མའི་གལ་ཆེའི་ལས་འགན་ཡིན་པ་རྒྱ་ཆེའི་མང་ཚོགས་ལ་གོ་བརྡ་འཕྲོད་ཆེད་དུའང་ཕྲན་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་ཞུས་པ་ཡིན།
གསུམ་པ། དམིགས་བསལ་གཞེན་སྐུལ།
སྐབས་༡༤བའི་གྲོས་ཚོགས་ནང་ཡོད་པའི་སྤྱི་དོན་ཁ་འཁྱེར། རང་དོན་ཁུར་ལེན་གྱི་སྤྱི་ཚོགས་ཁྲོད་ཀྱི་འཁྲབ་སྟོན་པ་རེ་ཟུང་ད་ཐེངས་སྐབས་༡༥བའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་མཐོན་པོར་སླེབས་འདུག་པ་དེའི་རིགས་ཀྱིས་ཀྱང་རང་ཉིད་ངོས་ཟིན་པའི་ཐོག་ནས་རང་དོན་རང་གཅེས་ཀྱིས་ཤ་ཁྲག་གཅིག་པའི་བོད་ཆོལ་གསུམ་མི་མང་གི་མཐུན་སྒྲིལ་དང༌། རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཀྱི་མཚན་སྙན་ལ་གནོད་སྐྱོན་ཇི་འགྱུར་སོགས་ལ་བསམ་ཤེས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོས་ད་བར་བོད་མི་རིགས་བསྟན་སྲིད་བཅས་ཀྱི་ཆེད་སྐུ་ངལ་ཚད་མེད་ལྷུར་བཞེས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་འཕྲོ་བརླག་ཏུ་མི་གཏང་རྒྱུ་དང༌། བོད་གཞིས་ལུས་མི་མང་གི་རེ་བ་སྟོང་ཟད་དུ་འགྲོ་མི་དགོས་པར་འགན་ཁུར་བའི་སྒོ་ནས་འཕྲལ་དུ་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གྱིས་ཤེས་འཇོན་ལྷག་བསམ་ཅན་གྱི་རྒྱལ་ཞེན་པ་ཚོར་གོ་སྐབས་འབུལ་རོགས། ཞེས་ངས་ལག་གཉིས་ཐལ་མོ་སྦྱར་ནས་དེའི་རིགས་ལ་གསོལ་འདེབས་ཞུ་བཞིན་ཡོད།
བཞི་བ། འབྲེལ་ཡོད་མང་ཚོགས་ལ་དགོངས་སེལ།
ད་ཐེངས་བོད་མི་མང་སྤྱི་འཐུས་སྐབས་༡༥བའི་འོས་གཞིའི་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུས་པ་དེར། ང་ལ་རེ་བ་ཆེན་པོས་འོས་ཤོག་བླུག་མཁན་མདོ་སྨད་རྒྱ་ཆེའི་མང་ཚོགས་དང༌། ཆོལ་ཁ་གཞན་དང༌། མི་རིགས་གཞན་པའི་རང་ཉིད་ཀྱི་གྲོགས་པོ་གང་མང་ཞིག་གིས་ཐུགས་ཕམ་གནང་ངེས་ཡིན་པའང་ངས་ཤེས་ཀྱི་ཡོད། དེར་བརྟེན་མཐའ་དོན་གཟུར་གནས་རྒྱ་ཆེའི་མང་ཚོགས་ལ་ཕྲན་གྱིས་དོན་ཚན་གཉིས་ཞུ་རྒྱུ་ཡིན།
ཀ༽ ཧ་ཅང་རེ་བ་ཆེན་པོས་ཕྲན་ལ་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཤོག་དང༌། སྐབས་༡༥བའི་སྔོན་འགྲོའི་འོས་བསྡུའི་ནང་སླར་ཡང་འོས་ཤོག་བླུག་མཁན་མདོ་སྨད་རྒྱ་ཆེའི་མི་མང་ལ་ཕྲན་སྐབས་༡༥བའི་འོས་ཁོངས་ནས་དགོངས་པ་ཞུས་པར། ཕྲན་གྱིས་སྙིང་ནས་དགོངས་སེལ་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གིས་ཐུགས་རེ་ཆེན་པོས་ཕྲན་ལ་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཤོག་བླུག་པ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་དགོངས་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་གི་དགོངས་དོན་གཞིར་བཟུང༌། སྐབས་༡༤བའི་སྤྱི་འཐུས་ཀྱི་ལས་ཡུན་དེའི་རིང་ཕྲན་གྱིས་ཧུར་ཐག་བྱས་ཏེ། ཁྱེད་ཅག་གི་རེ་བ་སྟོང་ཟད་དུ་བཏང་མེད་ཞུ་རྒྱུ་ཡིན།
དེ་བཞིན་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་མ་ཞུ་གསུང་མཁན་མདོ་སྨད་རང་ཁོངས་དང༌། མདོ་སྟོད་དང༌། དབུས་གཙང་བཅས་ཀྱི་རྒྱལ་ཞེན་པ་གང་མང་དང༌། དེ་བཞིན་ཕ་ཡུལ་གསེར་རྟའི་གཙོས་བོད་ནས་ཤེས་ལྡན་མི་སྣ་གང་མང་ཞིག་བྱུང་ཡོད་པ་དང༌།
ལྷག་པར་ཡུ་རོབས་ཀྱི་བོད་དོན་ཐོག་སེམས་ཤུགས་ཅན་གྱི་གྲོགས་པོ་ཕྱི་གླིང་བ་སྐོར་ཞིག་གིས་ཕྲན་ལ་སྐབས་༡༥བའི་འོས་ཁོངས་ནས་དགོངས་པ་མ་ཞུ། དེང་སྐབས་ཁྱེད་ཚོའི་གྲོས་ཚོགས་ནང་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་རླབས་ཆེན་མཛད་འཕྲིན་སྤྱི་དང༌། བྱམས་བརྩེ་དང༌། དྲང་བདེན་གྱི་ཐུགས་དགོངས་ཟབ་མོར་ཡང་ཁྱད་གསོད་གཏོར་བཤིག་བྱེད་མཁན་མང་དུ་འགྲོ་བཞིན་འདུག་པས། དེའི་རིགས་ལ་ཁྱོད་ཀྱིས་མཐའ་གཅིག་ཏུ་དྲང་བདེན་གཞིར་བཞག་ཁ་གཏད་གཅག་དགོས་འདུག དེ་ལྟར་གྱིས་དང་བོད་མི་རིགས་ཀྱིས་ཡ་རབས་དྲང་བདེན་སྲུང་སྐྱོབས་ཐུབ་ངེས་རེད། དེ་ལྟར་མ་བྱས་ན་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ། ༧ཏཱ་ལའི་བླ་མའི་ཐུགས་དགོངས་ལྟར་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་བོད་མི་མང་སྤྱི་འཐུས་རེ་ཟུང་གིས་གཙོས་དབུ་ལ་བཞུགས་མཁན་ཚོས་གཏོར་བཤིག་གཏོང་བཞིན་འདུག དེའི་སྐོར་གང་ཟག་འདི་དང་འདིས་བྱེད་སྟངས་འདི་འདྲ་རེད། ཁྱེད་ཀྱིས་འགན་ལོངས་ལ་དེའི་རིགས་སུ་ངོ་རྒོལ་མཐའ་སྐྱེལ་གྱིས་དང༌། གལ་ཏེ་ཁྱོད་ལ་ཚུར་མཁོན་ལན་སློག་མཁན་བྱུང་ན། སྐབས་དེར་ཁོང་ཚོས་རྒྱལ་སྤྱིའི་ཁྲིམས་ཐོག་སྐྱེལ་ངེས་ཡིན་སྐོར་གསུང་མཁན་བྱུང་བ་སོགས་ཚང་མར་ཁྱེད་ཚོའི་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ། ཞུ་བ་དང་ཆབས་ཅིག་ཕྲན་ད་ཐེངས་དགོངས་པ་ཞུས་པ་དེར་སྙིང་ཐག་པ་ནས་དགོངས་སེལ་ཞུ།
ཁ༽ སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་ནས་ད་ཐེངས་གཅིག་པུར་ཕྲན་གྱིས་དགོངས་པ་ཞུས་པ་ཙམ་ལས། རྩ་བའི་ཆ་ནས་ཕྲན་ལ་སྤྱི་འཐུས་ཀྱི་གོ་མིང་ཡོད་མེད་ལ་མ་ལྟོས་པར་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་ཐུགས་དགོངས་གཞིར་བཟུང་རང་འཁྲིའི་བོད་སྤྱི་བའི་རྩ་དོན་ལ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་དམ་བཅར་འགྱུར་བ་སྤུ་ཙམ་མེད་པར་བརྟན་པོ་གནས་རྒྱུ་ཡིན་པའང་འབྲེལ་ཡོད་ཚོས་དགོངས་འཇགས་མཁྱེན།
ལྔ་བ། དམིགས་བསལ་བཀའ་དྲིན་རྗེས་དྲན།
ཕྲན་སྐབས་༡༤བའི་སྤྱི་འཐུས་ཡིན་པའི་རིང་ལ་རང་ཉིད་འདུག་གནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེས་དབུས་དགེ་སྐོས་རྣམས་དང༌། ཕྱག་མཛོད་སོགས་གྲྭ་ཚང་སྤྱི་ཡོངས་ཀྱིས་ཕྲན་གྱི་སྤྱི་འཐུས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་བས་འབྲེལ་ཡོད་ཚང་མར་བཀའ་དྲིན་དཔག་མེད་ཆེ་ཞུ་རྒྱུ་ཡིན། །
དྲུག་པ། མཐའ་བསྡོམས།
བོད་མི་རིགས་རྒྱལ་བསྟན་ཆབ་སྲིད་བཅས་ཀྱི་སྲོག་རྩ་ཉག་གཅིག་སྤྱི་ནོར་ ༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང༌། རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལེགས་འགྲུབ་འབྱུང་བ་དང༌། བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ།།
ཞེས་སྐབས་༡༤བའི་བོད་མི་མང་སྤྱི་འཐུས་ཀྱི་མིང་ཙམ་འཛིན་པ་ཕྲན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལའི་ཆོལ་གསུམ་གཅིག་སྒྲིལ་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༥ ཉིན་སྤེལ་བ་དགེའོ།། །།
ཁ་བརྡ་ཚང་ལ་རེ་བ་ཞུ་རྒྱུ་ཞིག་ལ་འོག་གི་རྩོམ་ཡིག་འདིར་ཁ་བརྡའི་མདུན་ངོས་སུ་བཀོད་རོགས་ཞུ།
《བཀྲ་མཐོང་ལགས་ཀྱིས་དབུ་མའི་ལམ་དང་རང་ཐག་རང་གཅོད་གཉིས་ཀྱི་མཐུན་འགྲེལ།》
ཀུན་གླེང་ལན་ཚན་ནང་དུ་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རང་ཐག་རང་གཅོད་དང་འབྲེལ་བའི་༧གོང་ས་མཆོག་གི་དབུ་མ་ལམ་ལ་འགྲེལ་བཤད་བརྒྱབ་སྟངས་འདིས་ཡིད་དབང་འཕྲོག་ཐུབ་པ་དང་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཆེན་པོ་བསྟན་གྱི་འདུག་སྙམ།
༧གོང་ས་མཆོག་གི་དབུ་མའི་ལམ་གྱི་བསྒྲུབ་བྱ་ལ་འགྲེལ་བཤད་བརྒྱབ་སྟངས་མི་འདྲ་བ་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆབ་སྲིད་པ་ཚོས་བརྒྱབ་པ་རེད། དེ་དག་ནང་དུ་འགའ་རེའི་འགྲེལ་བཤད་བརྒྱབ་སྟངས་ཀྱིས་རྐྱེན་པས་བོད་པའི་སྤྱི་ཚོགས་ནང་དུ་ཆིག་སྒྲིལ་མ་ཡོང་བ་དང་ལས་དོན་སྒྲུབ་ཕྱོགས་མི་འདྲ་བ་ཡོང་གི་ཡོད་པ་མ་ཟད་འགལ་ཟླ་ཆེན་པོའི་རྒྱུ་འགྱུར་རྒྱུའི་ཉེན་ཁ་འདུག་སྙམ།
དཔེར་ན། དབུས་གཞོན་ནུ་ལྷན་ཚོགས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་རང་དབང་སློབ་གྲོགས་ཚོགས་པ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ཀྱི་དམིགས་ཡུལ་དང་ལམ་ཕྱོགས་བཟུང་མཁན་བོད་མི་ཞིག་ཡིན་ན་དབུ་མའི་ལམ་དང་འགལ་གྱི་ཡོད་པའི་ཟོལ་འདྲ་དང་། བོད་རང་བཙན་གྱི་ལྟ་བ་ཡོད་པའི་བོད་མི་ཞིག་ཡིན་ན་༧གོང་ས་མཆོག་གི་དགོངས་པ་དང་འགལ་གྱི་ཡོད་པའི་ཟོལ་འདྲ་བ་ཞིག་ལ་འགྲེལ་བཤད་བརྒྱབ་མཁན་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆིག་སྒྲིལ་གྱི་ནུས་པ་གང་མཐོ་བཏོང་པར་འགོག་རྐྱེན་ཆེན་པོ་བཟོས་ཡོད།
དེ་ཡང་དཔེ་མཚོན་ཙམ་ཞུས་ན་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་༧གོང་ས་མཆོག་ལ་འཇལ་ཁ་བཅར་བཅུག་མ་བཅུག་གི་སྐད་ཆ་ལྟ་བུ་དང་། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་མཉམ་དུ་འབྲེལ་བ་བྱེད་ཀྱི་མིན་ཞེས་གྲོས་ཆོད་བཞག་པ་ལ་སོགས་པ་ནི་བོད་པའི་སྤྱི་ཚོགས་གཏོར་བརླགས་བཏང་བ་ཞིག་ལ་ངོས་འཛིན་བྱས་དགོས་པ་མ་ཟད་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་དང་ལྷ་བསམ་ཚེ་རིང་སོགས་ལ་འཇིགས་སྐུལ་དང་དམའ་འབོད་བྱས་ནས་བོད་པའི་སྤྱི་ཚོགས་ནང་ནས་རྒྱང་ཕུད་བརྒྱབ་གང་ཐུབ་བྱས་པ་དང་། བོད་རང་བཙན་པ་ཚོ་དོར་རྒྱལ་བརྟེན་མཁན་དང་དགྲ་རྒྱ་དམར་ལས་ཀྱང་སྡུག་པ་འགྲེལ་བཤད་བརྒྱབ་པ་ནི་རྩ་བ་ཉིད་ནས་ཡག་པོ་མ་རེད། འདིས་ཆིག་སྒྲིལ་བྱས་པ་མ་རེད། ཆིག་སྒྲིལ་གཏོར་བ་རེད།
བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས།
༧གོང་ས་མཆོག་གི་དབུ་མའི་ལམ་གྱི་གསུངས་བཤད་ཀྱི་མཐའ་མའི་སྙིང་དོན་ངོ་མ་དེ་དབུ་མའི་ལམ་འདི་རྒྱལ་བ་རིན་པོ་ཆེན་གྱི་དགོངས་འཆར་ཡིན་གསུངས་པ་དང་། རྒྱ་མིས་འདིའི་ཐོག་ཏུ་བདག་པོ་རྒྱབ་དེའི་བར་དུ་གྲོས་ལེན་བྱུང་པའི་སྐབས་དེར་མཐའ་མའི་ཐག་གཅོད་དེ་བོད་རྒྱ་ཆེ་མི་དམངས་གནང་གི་རེད་ཞེས་༧གོང་ས་མཆོག་གི་གསུངས་ཡོད་ཞེས་པའི་བཀྲས་མཐོང་མཆོག་གི་འགྲེལ་བཤད་འདིས་ཆིག་སྒྲིལ་གྱི་ནུས་པ་གལ་ཆེ་ཞིག་བཏོན་སོང་སྙམ། རང་ཐག་རང་བཅོད་ཀྱི་ལམ་ཕྱོགས་དང་དབུ་མའི་ལམ་གཉིས་མཐུན་པ་དང་། བོད་རང་བཙན་གྱི་ལམ་ཕྱོགས་དང་རང་ཐག་རང་བཅོད་ཀྱི་ལམ་ཕྱོགས་གཉིས་མཐུན་གྱི་ཡོད་དུས་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ཀྱང་བསྒྲུབ་བྱ་མཐུན་དགོས་པ་རེད།
མཁྱེན་རྒྱ་ཆེ་བའི་༧གོང་ས་མཆོག་གི་དབུ་མའི་ལམ་འདིར་འགྲེལ་བཤད་རྒྱབ་སྟངས་བཀྲ་མཐོང་མཆོག་གིས་གསུངས་པར་ལྟར་ལག་སྟར་བྱེད་པ་ཡིན་ན་བོད་པའི་སྤྱི་ཚོགས་ནང་དུ་འགལ་ཟླ་དང་མ་མཐུན་པ་ཡོང་མི་སྲིད་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་བཀྲ་མཐོང་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་དུ་ཆིག་སྒྲིལ་གྱི་ནུས་པ་དངོས་གནས་ཁུར་ནས་ཡོང་གི་ཡོད་པར་བཀྲ་ཤིས་བདེ་ལེགས་དང་། མགོ་ནག་བོད་མི་ཡོངས་ཀྱིས་དགོངས་པ་བཞེས་དགོས་ངེས་རེད་འདུག
ཆིག་སྒྲིལ་ཁ་ནས་བཤད་ཤེས་པ་ཙམ་གྱིས་མི་འགྲིག ཆིག་སྒྲིལ་ཡོང་ཐུབ་པའི་ཆབ་སྲིད་ལམ་ཕྱོགས་དང་ལམ་དེར་ཁྲིད་ཐུབ་པའི་ཆབ་སྲིད་འགོ་ཁྲིད་དགོས་པ་ནི་བོད་མི་རིགས་ཀྱི་ཆེད་དུ་དེང་རབས་འདིར་གནད་འགག་ཆེན་པོ་རེད་སྙམ།
གཞོན་ནུ་དང་ཆུ་སྒང་བོད་རང་དབང་སློབ་གྲོགས་ཚོགས་པ་བཅས་ཀྱི་མགོ་ཐོག་ཏུ་ཉི་འོད་ཟུར་ཙམ་ཤར་ཡོང་གི་ཡོད་པའི་ཟོལ་འདྲ་གཅིག་མཐོང་གི་འདུག འདི་ནི་ཡག་རྟགས་རེད། འདི་ནི་འགྲིག་རྟགས་རེད། འདི་ནི་མཐུན་རྟགས་རེད། འདི་ནི་ཐོབ་རྟགས་རེད། བོད་རང་བཙན་ཡིན། བོད་ཀྱི་བདག་པོ་མི་ཡིན།
ཅོ་རི་ཉི་མའི་ཅལ་ཅོལ་མང་བ་ལ། །
མ་དག་ཡི་གེའི་མཆན་བུ་མང་བ་ལ། །
ཆུ་དང་རི་ཡི་རྩོད་པ་མང་བ་ལ། །
ྲྲྲྲྲྲྲྲྲྲྲྲྲྲྲྲྲྲྱ་་་་་་་་་་་་་་་་་
ཅོ་རི་ཉི་མ་འདིས་སྨྱོ་གཏམ་འདི་འདྲ་ཞིག་ཤམ་བྷ་ལའི་ཟིན་བྲིས་ནང་ཡང་བྲིས་ནས་རྩོད་པ་སླངས་བཞིན་འདུག ད་ཡང་འདི་ཁ་བརྡ་ཚང་དུ་ཁ་ངན་འདི་ཁུར་གཅིག་བཤད་འདོད་ཡོད་པར་འདྲ།
In Tibet, everything that is old
Is a work of Buddha
And everything that is new
Is a work of the Devil
This is the sad tradition of our country.
Alas! After I had gone elsewhere
Some lamas who can explain nothing
Said that Nechung, king of deeds
Did not permit me to stay due to my excessive pride.
I have written facts
Unheard of in the Land of Snows.
Because of my poor and ragged appearance
No one is there to heed my words.
GC
ཨམ་སྐད་བཤད་ན་ཨ་མདོ་དང་ཁམས་སྐད་བཤད་ན་ཁམས་པ། ལྷ་སའི་སྐད་བཤད་ན་ལྷ་ས་པ་རེད།
ཀོང་པོ་དབུས་གཙང་ཁོངས་སུ་གཏོགས་མིན་དང་།
མངའ་རིས་ཆོས་ཀྱི་ཆོལ་ཁར་འདུ་མིན་དང་།
སེར་རྟ་རྟ་ཡི་ཆོལ་ཁ་མིན་ཚུལ་སོགས།
ནང་ཁུལ་ཕུ་ནུ་འཛིངས་པའི་སྐྱོ་གར་ལ།
ལྷ་གཅིག་གྲུ་འཛིན་མགོན་པོས་ཐུགས་རྗེས་སྐྱོངས།
བཀྲ་ཤིས་བདེ་ལེགས། ཚུལ་ཁྲིམས་འོད་ཟེར་ལགས།
སྤྱིར་གསེར་རྟ་མདོ་སྨད་ཡིན་དང་མདོ་སྟོད་གང་ཡིན་ལ། ཕྱོགས་ཞེན་འཐེན་འཁྱེར་བྱེད་མཁན་གྱི་མི་སྐོར་ཞིག་ལ་མ་གཏོགས་ཁྱད་པར་ཆེན་པོ་ཡོད་རྒྱུ་མ་རེད་འདོད། སྤྱི་ཚོགས་ནང་རྙོག་དྲ་བཟོ་མ་ཐུབ་པར་སྡོད་མཁན་སྐོར་ཞིག་ལ་མཚོན་ན། འདིའི་རིགས་དེ་ལག་ཏུ་རྙེད་མ་ཐུབ་པར་བསྡད་ཡོད་པའི་དོན་དག་ཅིག་ཡིན་ན་ཐང་།
ད་ཁྱེད་རང་ལྟ་བུ་མི་ལྷག་བསམ་ཅན། གཡོ་སྒྱུ་མི་ཤེས་མཁན། ཆོལ་ཁའི་ཕྱོགས་ཞེན་མེད་མཁན། མི་ཉམ་ཐག་ཚོའི་ཆེད་དུ་ཤུགས་རྒྱག་མཁན་ཞིག་སྤྱི་འཐུས་ནས་དགོངས་པ་ཞུས་པ་ཡིན་ན་བློ་ཕངས་དགོས་པ་ཞིག་རེད་དེ། དེ་ནི་རང་ཉིད་ཀྱི་འདོད་པ་རེད། ད་བར་དྲང་མོ་དྲང་རྐྱང་དང་ལྷག་བསམ་རྣམ་དག་གིས་གཞུང་དམངས་ལ་ཞབས་ཞུ་ཞུས་པར་དགའ་བ་སྒོམ་བཞིན་ཡོད། དྲང་མོ་ཞུས་ན། སྤྱི་འཐུས་ནང་གྲྭ་པ་མང་དྲགས་འདུག ད་རུང་དགོངས་པ་ཞུ་མཁན་བྱུང་ན་དགའ་བསུ་ཡོད།
གཅིག་བྱས་ན་ཁྱེད་རང་གིས་ང་ཤེས་རྒྱུ་མ་རེད། ངས་ཁྱོད་ཤེས་ཀྱི་ཡོད། ཁྱེད་རང་སྔོན་སྦིར་སློབ་གྲྭར་ཡོང་ཡིན་པ། གྲྭ་པ་ཉམས་ཆུང་། སློབ་སྦྱོང་ཁོ་ན་བྱས་འགྲོ་མཁན་ཞིག་ཡིན་པ། སློབ་གྲྭའི་ནང་སུམ་རྟགས་ཀྱི་འགྲན་བསྡུར་ཞིག་སྐབས་ཁྱེད་རང་ཨང་དང་པོ་དང་ཆུང་ཚེ་རིང་ཨང་གཉིས་པ་ཡིན་པ་དེ་ངས་དྲན་གྱི་འདུག ཁམས་ཨ་མདོ་གཉིས་ཀྱིས་རྒྱབ་འདྲེ་རྒྱག་གི་ཡོད་པའི་སྐབས་ཀྱང་ཁྱེད་རང་སུ་གང་གི་ཕྱོགས་སུ་མ་སོང་བར་དྲང་ཚུགས་ལྡན་པར་བསྡད་ཡོད་པར་དོ་སྣང་བྱུང་། རྗེས་སུ་དྲིལ་བསྒྲགས་ལས་ཁུངས་ཡིན་ནམ་ཅིག་ནས་བཀོད་སྒྲིག་གིས་རྩོམ་ཡིག་འགྲན་བསྡུར་ཞིག་གི་སྐབས་ཀྱང་། ཁྱེད་རང་ཨང་གསུམ་པ་ཡིན་ནམ་ཅིག་ཡིན་ན།
རྗེས་སུ་ཁྱེད་རང་སྤྱི་འཐུས་ཡིན་པའི་སྐབས་ཤིག་ལ། ལྷོ་ཕྱོགས་དེ་པ་ཞིག་ནས་གཞུང་གི་སྒྲིག་འཛུགས་ཀྱི་ཁ་འཕྲོའི་མི་སྐོར་ཞིག་ནས་ས་རྟགས་བརྒྱབ་ནས་ཁྱེད་རང་གིས་ཅིག་འགྲིག་མ་སོང་མདོག་མདོག་བཤད་ནས་རྙོག་དྲ་རྒྱག་གི་ཡོད་པའི་གནས་ཚུལ་གསལ་ལ་མ་གསལ་བ་ཞིག་གོ་སོང་སྟེ། ངས་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེ་ཁྱེད་རང་ཡིན་པ་ཤེས་པ་དང་ངས་ཁྱོད་ཀྱི་ཀུན་སློང་དང་ལྷག་བསམ་ལ་སྐྱོན་ཞིག་ཡོད་པ་རེད་བསམ་ནས་དྭོགས་པ་ཙམ་ཡང་སྐྱེས་མ་སོང་། ཁ་རུ་ཁ་ཐུག་ལ་སྐད་ཆ་བཤད་སྟངས་མ་འགྲིགཔ་ཡིན་ནམ་གཞན་གྱིས་ཕྲག་དོག་བྱས་པ་འདྲ་ཞིག་མིན་འགྲོ་བསམས་སོང་། རྗེས་སུ་ཉམ་ཐག་རྒན་པ་ཚོའི་ཆེད་དུ་འབྲེལ་ཡོད་ལས་ཀ་བྱེད་མཁན་ཚོར་ཕོགས་ཐུག་ཕྱིན་པ་ཡིན་པ་ཧ་གོ་སོང་། སྤྱི་འཐུས་ཀྱིས་དེའི་སྐོར་ལ་ཞིབ་འཇུག་བྱས་ནས་ཁྱེད་རང་དཀར་དག་ཐོན་པའི་གནས་ཚུལ་ཤེས་ཡོད། ད་མང་པོ་འབྲི་གི་མིན། ཉིད་ཀྱི་ཕྱག་ལས་གནང་སྟངས་ལ་དགའ་ནས་བསྡད་ཡོད།
ཉེ་ཆར་ངས་སྐད་ཆ་ཞིག་གོ་སོང་། ཁམས་པ་འགས་ཤོབ་དག་ནས་བསྡད་ཡོད་ཀི བར་མཚམས་ཤིག་ནས་གཅིག་གིས་གཅིག་ལ་ཁྱེད་རང་འདུག་ས་དེར་ཁམས་པའི་མི་ཅི་ཙམ་འདུག་ཅེས་དྲིས་སྐབས་གསེར་རྟ་འདྲ་བོ་ཡིན་ལ་མིན་ལ་དེ་ཚོས་བརྩིས་ན་སུམ་ཅུ་ནང་འདུག་ཅེས་བཤད་སོང་། སྐད་ཆ་འདི་ལ་གོ་རྒྱུ་ཆེན་པོ་ཞིག་འདུག
གསེར་རྟ་ཆོལ་ཁ་གང་ཡིན་ཁྱད་པར་ཁྱོན་ནས་མེད། སྤྱི་འཐུས་དགོངས་པ་ཞུས་ན་ཞུས་པ་རེད། ཟ་དང་ཟུར་དུ་ཆོལ་ཀའི་བདག་དབང་བཤད་པ་དེ་དགའ་མ་བྱུང༌། གང་ཡིན་ཟེར་ན་སྤྱི་འཐུས་ཡར་བཞེངས་སྐབས་ཆོལ་ཁ་གང་ཡིན་དང་འབྲེལ་བ་ཡོད་ཀྱང༌མར་དགོངས་པ་ཞུས་སྐབས་འབྲེལ་བ་ཕལ་ཆེར་མེད་པ་རེད། སྔོན་མ་ཀོང་པོའི་རྩོད་རྙོག་ལངས་ནས་ཀོང་པོ་དོན་ཡོད་མདོ་སྟོད་ཀྱིས་བདག་པོ་བརྒྱབ་པ་དང༌ངག་དབང་ཐར་པ་དབུས་གཙང་གི་མི་དྲག་ཆགས་པའི་ཉམས་མྱོང་ལས་གསེར་རྟ་དེ་ཡང་ཕྱོགས་གཉིས་སུ་རྩོད་ན་ཚུལ་ཁྲིམས་གཉིས་ཀ་ལ་མདུན་ལམ་ཡོད་པ་མཐོང་ནས་ནང་གྲོས་བྱས་པ་རེད་ཟེར། འོན་ཀྱང་རྗེས་སུ་ཁོང་གཉིས་ཆབ་སྲིད་འཁྲབ་མཁས་ལོད་ཀྱིས་བར་དུ་ཕྲག་དོག་གིས་དབང་གིས་དངོས་གནས་འགལ་ཟླ་ཆགས་ཡོད་འདུག
གསེར་རྟ་ཚུལ་ཁྲིམས་དགོངས་པ་ཞུས། བེ་རི་འཇིགས་མེད་ཀྱང་དགོངས་པ་ཞུས་འདུས་ཟེར། ད་གྲོས་ཚོགས་ནང་གསར་འགྱུར་འགོད་མཁན་དང་སྙན་ངག་འབྲི་མཁན་སུ་ཡོད་རེད། བོད་ཀྱི་སྐད་ཡིག་རིག་གཞུང་དང་གསར་འགོད་ལ་གྱོང་གུད་ཅིག་མ་རེད་དམ།
མདོ་སྟོད་མདོ་སྨད་མིང་གི་ཁྱད་པར་ཞིག །རོང་འབྲོག་སྐད་གཉིས་སྨྲ་བ་གཉིས་གར་ཡོད། །ཆོལ་གསུམ་ཟེར་བ་ས་ཆའི་གནས་བབས་ཙམ། །དོན་ཏུ་སྤྲེལ་རྒན་ཞིག་གི་རུས་རྒྱུད་ཡིན། །
བློ་སེང་འཆལ་པོ་བཀའ་ཁྲིའི་འོས་མི་རུ།
འཚངས་པའི་གཏམ་ངན་བྱུར་གྱི་གོང་བུ་དེ།
ཐོས་ལས་སྤྱི་བའི་འཐུས་མིའི་ལས་དོན་ལས།
བྱོལ་བར་ཡིན་ངེས་ཡ་རབས་བླ་རྒན་ལགས།
xxxxxxxxxxxxxxxxxx
དེང་སང་བོད་ནང་དུ་ཡོད་པའི་མདོ་སྨད་པ་དེ་ཚོས་གསེར་རྟ་མདོ་སྟོད་སྨད་མི་རྩོད་ཐག་ཆོད་རེད། ཁོང་རྣམ་པས་བོད་སྤྱི་དང་བོད་ཀྱི་སྐད་ཡིག་རིག་གཞུང་མི་རིགས་ཀྱི་ཐོབ་ཐང་རྩོད་པ་ལས་ནང་ཁུལ་རྩོད་ཀྱི་མི་འདུག་ལ་རྩོད་སེམས་ཡང་མི་འདུག དེ་ནི་དེང་སང་བོད་ནང་ལ་མཚོན་ན་བོད་ཀྱི་རིག་གཞུང་གི་ལྟེ་གནས་དང་འབྱུང་ཁུངས་དེ་མདོ་སྨད་པ་ཆགས་པ་ཡིན་ཙང༌། ཁོང་རྣམ་པ་ལ་བོད་དེ་ང་ཚོའི་ཡིན། བོད་སྤྱི་ཡོངས་ནས་བདག་སྤྲོད་བྱེད་རྒྱུའི་འགན་དེ་ང་ཚོར་ཡོད་སྙམ་པའི་བློ་སྤོབས་དེ་འདུག་མོད། ཡུལ་གྱལ་བའི་མདོ་སྨད་པ་རྣམས་ལ་དེ་འདྲའི་བློ་སྟོབས་དེ་མེད་པ་འདྲ། དེ་ནི་ཕལ་ཆེར་གྲངས་ཉུང་ཆགས་ཏེ་ཐབས་སྐྱོ་པོ་ཞིག་གི་ངང་གནས་ཡོད་པ་མིན་ནམ།
གསེར་རྟ་མདོ་སྨད་ཁོངས་ཡིན་པའི་རྩོམ་ཞིག་དབྱངས་ཅན་སྤྲུལ་བའི་གླེགས་བམ་ནང་དུ་འདུག མདོ་སྟོད་ཁོངས་ཡིན་པའི་རྩོམ་བཙལ་བ་ཡིན་ཡང་ད་རུང་རྙེད་མ་སོང་། སུ་ཞིག་ནས་རྙེད་ན་འདིར་བཀོད་རོགས། ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ངོས་ནས་ལྟ་བ་ལས་ཕྱོགས་ཞེན་གྱིས་བལྟས་ན་མ་འགྲིགས་པ་རེད། ཕྱོགས་ཞེན་འཐེན་འཁྱེར་མ་གནང་རོགས། སྔོན་མའི་ལོ་རྒྱུས་ཁག་ནང་ཇི་ལྟར་བཀོད་འདུག་དེ་གལ་ཆེན་པོ་རེད། དེ་བས་ཀྱང་གལ་ཆེ་བ་ནི། མདོ་སྟོད་སྨད་གཉིས་ཀྱི་སུ་ལའང་ངའི་ཁོངས་ཡིན་ཟེར་བའི་ཐོབ་ཐང་ཡོད་མ་རེད། གསེར་རྟ་མི་མང་གིས་ཁམས་ཡིན་ཟེར་ན་ཁམས་རེད། མདོ་སྨད་ཡིན་ཟེར་ན་མདོ་སྨད་རེད། གཤམ་གྱི་འདི་ཟུར་ལྟའི་ཆེད་ཡིན།
ཆབ་བྲག་ཕོ་ཉ།
༄༅། །གསེར་རྟ་ཆོལ་ཁོངས་གང་ལ་གཏོགས་མིན་སྐོར་ལ་མཁས་པའི་བཞེད་ཚུལ་འགའ།
བཞེད་མཁན། ལུང་ཚིག གསལ་བཤད།
༡། རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར།
“་་་གཡུ་སྒྲའི་རྣམ་སྤྲུལ་མདོ་ཁམས་སྨད་ནས་འབྱུང༌། ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་བ། གསང་སྔགས་བསྟན་པའི་བདག་པོ་ཁྱད་འཕགས་འབྱུང༌།་་་”དབལ་ཤུལ་གསེར་རྟར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ལུང་བསྟན་ཚུལ།
༢། བྲག་སྒོམ་པ་བསྟན་པ་རབ་རྒྱས།
“་་་གེ་ལིའི་བུ་ཆུང་བན་ཞར་གྱི་མི་རྒྱུད་དབལ་ཤུལ་སྟག་སྐྱབས་ཀྱིས་མགོ་ལོག་ལ་ས་བསླངས་ནས་མཁར་གཞི་བཟུངས། འདི་ལ་བུ་གཉིས་ཡོད་པའི་ཆེ་བ་སྟག་ལྷ་འཕན་གྱི་བུ་ཤོས་ཁོག་ཏུ་རུ་བ་བྱས་ནས་བསྡད་པའི་རྒྱུད་པ་གསེར་ཐར་དཔོན་རིགས།་་་་་་ཆོས་ཤུལ་གྱི་རྒྱུད་པ་རྡོ་གྲུབ་ཆེན་འཁྲུངས།་་་དེ”་ལྟར་མདོ་སྨད་ཆོས་འབྱུང་དུ། མདོ་སྨད་ལྷོ་རྒྱུད་བཤད་སྐབས།མགོ་ལོག་གསེར་རྟའི་དཔོན་རབས་ལོ་རྒྱུས་བཀོད་པ་འདིས་གསེར་རྟ་སྔ་མོ་ཞིག་གིས་མདོ་སྨད་ཁོངས་སུ་གཏོགས་པ་གསལ་བས། དམུ་དགེ་བསམ་སོགས་ཀྱིས་ཀྱང་དེ་ལྟར་བཞེད་དོ།
༣། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ།
“་་་མདོ་སྨད་ཀྱི་སྤྲང་སྨྱོན་ཆོས་སྨྲ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་གསེར་ཤོད་བླ་མ་རུང་དུ་སྦྱར་བ་དགེ་་ ཞེ”ས་དང༌། ་་་”འགུ་ལོག་གི་སྤྲང་ཕུག་ཀི་བོས་སྨྱོ་གཏམ་་་ “༡༨༦༥ལོར་དབལ་ཤུལ་གསེར་རྟ་རང་ལ་འཁྲུངས་པའི་ཡོངས་གྲགས་མཁས་གྲུབ་ཆེན་པོ་ཁོང་གི་ལྗགས་རྩོམ་དག་གི་མཇུག་བྱང་དུ་མདོ་སྨད་སྤྲང་སྨྱོན་ཞེས་ཡང་ཡང་གསུངས་སོ།
༤། མངའ་རིས་པཎ་ཆེན་པད་མ་དབང་གི་རྒྱལ་པོ།
“་་་ཀློང་ཆེན་སྤྲུལ་བ་གསང་སྔགས་མིང་མཐའ་ཅན༔ མདོ་སྨད་ལྕགས་སྦྲུལ་ནག་པོའི་ལྟོ་བར་འཁྱིལ༔་་་”༡༨༨༡ལོར་འཁྲུངས་པའི་གསེར་རྟའི་པད་མ་འགྲོ་འདུལ་གསང་སྔགས་གླིང་པ་ལུང་བསྟན་པའི་གཏེར་ལུང་གབ་སྦས་ཡང་བྱང་ལས།
༥།གསེར་རྟའི་ྋམཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ།
“་་་མདོ་ཁམས་སྨད་ཀྱི་ས་ཆ་རུ།མ་གླིང་བཟའ་གཡུ་ཡི་མཚོ་མོ་དང༌། ཕ་འདན་མ་པད་མའི་སྡོང་པོའི་རྩེར།འདན་ལྷ་སྲས་སྤྲུལ་བའི་ཟློས་གར་བསྒྱུར།་་”རང་རྣམ་འདན་སྲས་ཀྱི་རྟོགས་བརྗོད་ཅེས་པའི་ནང༌།
༦། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། ཁམས་སྡེ་དགེ
“་་་སྨོན་པའི་འབྲས་བུ་མདོ་སྨད་དུ། གསེར་སྟོད་སྙི་མཚོའི་ཉེ་འདབས་སུ།་་་” ༡༩༢༧ལོར་འཁྲུངས་པའི་གསེར་རྟའི་ྋསྐྱབས་རྗེ་ཨོ་རྒྱན་རིག་འཛིན་པད་མ་འགྲོ་འདུལ་གསང་སྔགས་གླིང་ལུང་བསྟན་ཚུལ་ལས།
༨།ནམ་མཁའི་ནོར་བུ།
“་་་གསེར་ཐ་ནི་མགོ་ལོག་གི་ནང་ཚན་ཚོ་བ་བཙན་ཤོས་ཤིག་ཡིན་པ་རེད།་་་”ཁོང་གིས་བརྩམས་པའི་བྱང་འབྲོག་གི་ལམ་ཡིག་ནང༌།
༩། ཛེ་སྨད།
“མདོ་སྨད་ཨ་མདོ་མགོ་ལོག་གི་ལོ་རྒྱུས་ནི་མགོ་ལོག་ཁང་རྒན་ཤོག་ཆེན་སྡེ་མི་ཚང་ལྔ་སྟོང་ཙམ་ཡོད་པ་དེའི་དཔོན་དབང་གཅེས།གཉིས་པ་མགོ་ལོག་གོང་མ་ཚང།་་་་་་བདུན་པ་མགོ་ལོག་ཝ་ཤུལ་གསེར་ཐ་སྡེ་མི་ཚང་ཉིས་ཁྲི་ཙམ་ཡོད་སྐད་་”ཁོས་བརྩམས་པའི་བསིལ་ལྡན་ཁ་བ་རི་བའི་བརྟན་གཡོའི་ཡུལ་སྣང་རགས་པ་ཤར་བའི་བརྗེད་བྱང་ཀུན་གསལ་དངུལ་དཀར་མེ་ལོང་ལས།
༡༠།ཉག་རོང་ཨ་བརྟན།
“་་་དེ་ནས་འགུ་ལོག་བསེ་ཐར་ཕྱོགས་སོང་བ་ཡིན། དེར་སླེབས་དུས་སྔར་མགོ་ལོག་གསེར་ཐར་ནང་ཡོད་པའི་བྲག་མགོ་དགུ་མདའ་ཚང་ཚོ་ཁག་དང་ཐུག་བྱུང་་་་ ” བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་དུ་བསྐྲུན་པའི་ཉག་རོང་ཨ་བརྟན་གྱི་མི་ཚེའི་བྱ་བཞག་དངོས་མྱོང་མ་འོངས་དྲན་བསྐུལ་ཞེས་པའི་ནང༌།
༡༡། བདེ་སྲུང་བོད་གནས་ཉམས་ཞིབ་ཁང༌།
“་་་མདོ་སྨད་ཕྱོགས་སུ།རྨ་ཆེན་སྦོམ་ར། གངས་དཀར་ཕྱོགས་ལས་རྣམ་རྒྱལ། གསེར་རྟའི་འབྲོང་རི་སྨུག་པོ། གཉན་པོ་གཡུ་རྩེ་ལ་སོགས་་་” ༡༩༩༡ ལོར་བཏོན་པའི་ཡིད་དུ་འོང་པའི་བོད་ཅེས་པའི་ནང༌།
༡༢།ལོ་རྒྱུས་ཉམས་ཞིབ་པ་བཀྲ་ཤིས་ཚེ་རིང༌།
“་་་བོད་ཁམས་སྨྲ་རྫ་ཟལ་མོ་སྒང་གི་སའི་ཐིག་ལེའི་ཆར་འཁོད་པའི་ལྕགས་མོ་མགོ་ལོག་གི་དབལ་ཤུལ་གསེར་ཐ་འདི་ལ་ནང་གསེས་སུ་གཡུ་ཁོག གསེར་ཁོག རྡོ་ཁོག་གསུམ་དང་་་་”ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བཏོན་པའི་ལྗང་གཞོན་དུས་དེབ་འདོན་ཐེངས་བརྒྱད་པའི་ནང༌།
༡༣། གསེར་རྟའི་དཔོན་ཆེན་དབལ་ཤུལ་ལུ་གུའམ།དབལ་ཤུལ་ཚེ་སྒྲུབ་མགོན།
“་་་སྤྱིར་ང་ཚོ་གསེར་རྟ་འདི་མགོ་ལོག་རེད།དེ་གཅིག་ཡིན།གཉིས་ནས་ངེད་ཤུལ་དཔོན་ཚང་གི་ཕ་ཁུ་ཆེ་རྒན་ཚོའི་རིང་ནས་ང་ཚོ་མདོ་སྨད་ཨ་མདོ་ཡིན་གསུང་རྒྱུ་རེད་མ་གཏོགས་མདོ་སྟོད་ཡིན་ཁམས་ཡིན་གསུང་རྒྱུ་མ་རེད།་་་་་་༡༩༥༩རྗེས་ནས་ང་ཚོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ངོས་ལ་སྦྱར་ཡོད་པར་བརྟེན་དེའི་རྒྱུ་མཚན་གྱིས་ཁམས་རེད་ཟེར་བ་བ་རེད། དེ་ཙམ་མ་གཏོགས་གཞན་རྒྱུ་མཚན་ཅི་ཡང་ཡོད་པ་མ་རེད།”
༢༠༠༥ ལོའི་ཟླ་༡༠པའི་ཚེས་མགོར་བཅར་འདྲི་ཞུས་པའི་གསུང་ལན་ནང་དེ་སྐད་གསུང་འདུག་ལ། ཁོང་ནི་༡༩༥༩ལོར་རྒྱ་བོད་དམག་འཁྲུག་སྐབས་སྐུ་སྲོག་བློས་བཏང་བའི་དབལ་ཤུལ་དཔོན་ཆེན་རིག་འཛིན་དོན་གྲུབ་མཆོག་གི་སྲས་ཆེ་བ་ཡིན།
༡༤།གསེར་རྟའི་སངས་ཚང་དུང་དཀར་དགོན་པའི་བླ་ཆེན་དབོན་པོ་དགེ་འདུན་རྒྱ་མཚོ།
“་་དབལ་ཤུལ་གསེར་རྟའི་དབུ་ན་བཞུགས་པའི་དབལ་ཤུལ་དཔོན་ཚང་དང༌།ངེད་སངས་ཚངས་དདུང་དཀར་དགོན་པ་མཆོད་ཡོན་གཉིས་ཀྱིས་དབལ་ཤུལ་གསེར་རྟ་མདོ་སྨད་ཨ་མདོ་ཡིན་པར་མཐའ་གཅིག་ཏུ་ཐག་བཅད་ཐུབ་རྒྱུ་རེད།་་་ཛྲཅེས་དང༌།ཛྲ་་་གཞན་སུ་ཞིག་ལ་ཐག་ཅོད་རྒྱུའི་དབང་ཚད་ཡོད་པ་མ་རེད།་་་” ༢༠༠༥།༡༠།༡༨ཉིན་ཁོང་ལ་བཀའ་འདྲི་ཞུས་པའི་བཀའ་ལན་ནང་དེ་སྐད་གསུང་འདུག་ལ། ཁོང་ནི་དགོན་པ་དེའི་ནང་གི་བླ་ཁག་ཐམས་ཅད་ནང་ནས་དབལ་ཤུལ་དཔོན་རབས་ཚོའི་དབུ་བླ་གཙོ་བོ་ཡིན་ཞིང་དགུང་ལོ་བདུན་ཅུ་ལྷག་རེད།
༡༥།ྋགོང་སྋསྐྱབས་མགོན་བཅུ་བཞི་བ་ཆེན་པོ།
“་་་མདོ་སྨད་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་་་” ༡༩༩༣ལོར་མཛད་པའི་ྋ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་ཞབས་བརྟན་གསོལ་འདེབས་ལས།
གཞན་ཡང༌། ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བར་ཡོད་པའི་གསེར་རྟའི་གྲྭ་རྒྱུན་ཚོར་ད་བར་དུ་མགོ་ལོག་གསེར་རྟ་བ་ཞེས་འབོད། མདོར་ན་གནའ་ནས་ད་བར་མཁས་བླུན་ཚང་མས་ཨ་མདོ་མགོ་ལོག མགོ་ལོག་གསེར་རྟ་ཞེས་པ་འདི་ཡོངས་སུ་གྲགས་སོ།
ཡིན་ཡང༌། རྒྱ་ནག་གཞུང་གིས་ཆོལ་གསུམ་ཁ་བྲལ་གྱིས་གསེར་རྟ་ཁམས་དཀར་མཛེས་ཁུལ་དུ་སྦྱར་བས།ང་ཚོ་རྗེས་རབས་པ་ལོ་རྒྱུས་ཡག་པོ་མི་ཤེས་མཁན་ཁ་ཤས་དང༌།ཡང་ན་དགོས་དབང་ཞིག་གིས་གསེར་རྟ་ཁམས་སུ་གཏོགས་ཚུལ་བཤད་པ་རེ་འགའ་ཡོད།
འོན་ཀྱང་གཙོ་བོ་གསེར་རྟ་མི་མང་གིས་ད་དུང་སྔར་བཞིན་ཨ་མདོ་ཡིན་པ་བརྗེད་མེད་ལ། ཉེ་ཆར་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མཁན་སེར་སྐྱ་རྒན་གཞོན་བཅུ་ལྷག་ཅིག་གསེར་རྟ་མི་མང་གི་སྐུ་ཚབ་བྱས་ནས་འོས་བསྡུ་ལས་ཁང་དུ་བཅར་ནས་ཀྱང་གསེར་རྟ་ཨ་མདོ་ཡིན་ཚུལ་ཞུས་འདུག་ལ། མདོ་སྨད་མི་མང་གིས་ཀྱང་གསེར་རྟ་ཨ་མདོ་ཡིན་ཤག་གིས་ད་ལོར་འོས་འདེམས་བྱས་ཡོད།
དེས་ན་ལོ་རྒྱུས་ཀྱི་རྒྱབ་རྟེན་དང་གསེར་རྟ་མི་མང་གི་མངོན་འདོད་ལ་དང་ལེན་བྱེད་དགོས་པ་ནི་ང་ཚོ་དམངས་གཙོའི་གཞུང་གི་འོས་འགན་ཡིན་པས། བཀའ་སྤྱི་དང་འོས་བསྡུ་ཁང་བཅས་ཀྱིས་བར་སྡོད་དམ་ཡང་ན་གཅིག་འགན་གཅིག་དཀྲི་ལྟ་བུ་མི་བྱ་བར་ཐག་གཅོད་ཡང་དག་གནང་དགོས་པ་ནི་ཆོལ་གསུམ་ཆིག་སྒྲིལ་དམ་དུ་གནས་པའི་གཞི་རྩ་ཡིན་ལ། རྒྱ་གཞུང་གིས་ཆོལ་གསུམ་དཀྲུགས་པའི་ཐོག་ལ་ང་ཚོས་ཀྱང་རོགས་འདེགས་ལྟ་བུར་ནང་ཁུལ་ཇ་དཀྲུག་མི་རྒྱག་པའི་རེ་བ་མཁས་བླུན་ཀུན་ལ་ཞུ་བ་ལགས་སོ། །༢༠༠༦།༩།༢། དགེའོ།།
ཚུལ་ཁྲིམས་འོད་ཟེར་གྱིས་དགོངས་པ་ཞུས་པར་མ་འགྲིག་པ་གང་ཡང་མི་འདུག
དུས་ད་ལྟ་བར་དུ་གཞུང་གི་ཕྱག་ལས་གནངས་པར་རྟེན་འབྲེལ་ཞུ
དཀོན་མཆོག་གི་གསེར་རྟ་མདོ་སྨད་ཡིན་པའི་སྒྲུབ་བྱེད་དེ་ཚོར་ངེས་གཏན་མི་འདུག། གཅིག་ཅིག་གིས་གསེར་རྟ་མདོ་སྨད་ཡིན་པར་བཤད་འདུག་ཟེར་བ་དེ་རེད། ཡུལ་ཕྱོགས་དེ་མདོ་སྨད་ཀྱི་ཁོངས་གཏོགས་ཡིན་པ་བཤད་ན་དེང་སྐབས་བཤད་བཞིན་པ་ཨ་མདོ་འམ་མདོ་སྨད་ཀྱི་ཁོངས་སུ་གཏོགས་པའི་ངེས་པ་མེད་པ་མ་ཟད་སྔོན་གྱི་ལོ་རྒྱུས་ནང་ལ་མདོ་ཁམས་གཉིས་ཆར་མདོ་སྨད་ཞེས་ཡོངས་གྲགས་ཡིན། དཔེ་ན་སྔོན་ཆབ་མདོ་ས་དབང་ལ་མདོ་སྨད་ས་དབང་ཟེ་བ་མ་གཏོགས་མདོ་སྟོད་ས་དབང་ངམ་ཆབ་མདོ་ས་དབང་ཞིག་ལོ་རྒྱུས་ནང་བཤད་སྲོལ་མེད། དེ་བཞིན་ལྷོ་རོང་ཆོས་འབྱུང་ལས་ རྗེ་དུས་གསུམ་མཁྱེན་པ་ནི། ཡུལ་མདོ་ཁམས་སྨད་ཏྲེ་ཤོད་གངས་ཀྱི་ར་བ། རུས་སྤོ་ཆུ་ལྷ་ལྡོང་དཀར་པོ་ཞེས་བྱ་བ། ཡབ་སྒོམ་པ་རྡོ་རྗེ་མགོན་དང་། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མེ་འདྲེན་གཉིས་ཞེས་བྱ་བའི་སྲས་སུ་ལྕག་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས་ ཞེས་གསལ་ཡོད་པས་ཀརྨ་པ་དུས་གསུམ་མཁྱེན་པའི་འཁྲུངས་ཡུལ་ནི་དེང་སྐབས་དཀར་མཛེས་རྫོང་ཁོངས་ཏྲེ་ཤོད་ཁ་བ་ལང་རིའི་མདུན་དུ་ཡིནའང་མདོ་སྨད་ཅེས་བྲིས་འདུག། དེ་བཞིན་གཡུལ་དྲུང་བོན་གཙོ་བོར་གྱུར་པའི་རེས་མེད་ཀྱི་གཞུང་ལ་མཁས་པ་ཤར་རྫ་བཀྲིས་རྒྱལ་མཚན་གྱིས་བརྩམས་པའི་ ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་མཇུག་གི་རྩོམ་པ་པོ་ངོ་སྤྲོད་ནང་དུ་ རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་ལུག་ལོར་མདོ་ཁམས་སྨད་ཀྱི་ཡུལ་ལྗོངས་དངུལ་རྫ་ཟལ་མོ་སྒང་གི་རིའི་རྒྱུད་རྫ་ཁོག་འབོད་པར་ཆེན་པོ་ཧོར་གྱི་རིགས་ལས་བྱུང་བ་སོགས་ཁོང་གི་འཁྲུངས་ཡུལ་རྫ་ཁོག་ཡིན་ཡང་མདོ་སྨད་ཅེས་བྲིས་འདུག། བོད་ཆོལ་ཁ་གསུམ་ལ་མིང་དུ་གྲགས་པའི་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བརྩམས་པའི་སྒྲ་གཞུང་ཕྱོགས་བསྒྲིགས་ཀྱི་མཇུག་དུ་རྩམ་པ་པོ་ངོ་སྤྲོད་ཀྱི་ནང་ཁྲོ་རུ་ཚེ་རྣམ་མཆོག་ནི་མདོ་སྨད་སྡེ་དགེ་འཇོ་མདའ་རྫོང་ཁོངས་སུ་ཁྲོ་རུ་དགོན་གྱི་འདབས་ཞོལ་དུ་ཡབ་རིན་ཆེན་བསམ་འགྲུབ་དང་ཞེས་སོགས་མཐའ་ཡས་སོ།
གཞན་ཡང་མདོ་སྨད་པ་ཨ་མདོ་ཕྱོགས་ཀྱི་མཁས་པ་དང་མདོ་སྟོད་ཁམས་ཕྱོགས་ཀྱི་མཁས་པ་དེ་བཞིན་དབུས་གཙང་ཕྱོགས་ཀྱི་མཁས་པས་གསེར་རྟ་དེ་མདོ་སྟོད་ཁོངས་སུ་གསུང་པ་ཆེས་མང་བས་དེ་དག་རེ་རེ་བཞིན་བལྟ་འདོད་ན་མདོ་སྟོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམ་ལགས་ཀྱིས་བརྩམས་པའི་དཔལ་ཤུལ་གསེར་རྟའི་ལོ་རྒྱུས་དང་འབྲེལ་བའི་གཏམ་ཞེས་པའི་དེབ་ནང་རྩོམ་པ་པོ་མིང་དང་ལོ་དུས་ཤོག་གྲངས་སོགས་སྒྲ་དག་གསལ་གསུམ་གྱི་བྲིས་འདུག་པས་དེར་གཟིགས་དང་
ཁྱེད་ལ་ཤེས་བྱའི་གནད་ལ་རྣམ་དཔྱོད་ཡོད་ན་གསལ་པོ་རྟོགས་ཐུབ་བོ།
གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་སྤྱི་མི་ཞིག་གི་འགན་འཁུར་ནས་ཕྱག་ལས་ཡག་པོ་གནང་གིན་ཡོད་སྐོར་ལན་གཅིག་མ་ཡིན་པར་གོ་རྒྱུ་བྱུང་། ད་བསམ་ན། ཁྱེད་རང་ཡིན་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འོས་ཁོངས་ནས་དགོངས་ཞུ་གནང་སྟངས་དེ་ཡང་སྤྱི་དོན་ལ་བསམས་པ་ཞིག་རེད། བསམ་ཤེས་གོ་ཤེས་གནང་བ་ཞིག་རེད། རྗེས་སུ་ཡི་རང་ཡོད།
xxxxxxxxxxxxxxxxxxxxxx
ཨ་མིའི་བུ་ཡིན་ན་རྒྱ་བོད་གཉིས་ཀྱི་ས་མཚམས་བརྩད་ནས་ཁྲིམས་ལ་སྦྱར་དགོས་པ་རེད་ དེ་མེད་ན་ནང་ཁུལ་ནས་དགོས་མེད་ཀྱི་རྩོད་པ་མ་བྱེད ཅི་ཙམ་རྩོད་ནའང་ཕན་ཐོགས་མེད་པའི་རྩོད་པ་མ་བྱེད ་གསེར་རྟ་ཁམས་དང་ཨམ་མདོ་ཕྱོགས་གཉིས་ཀྱི་གང་གི་ཁོངས་སུ་གཏོགས་ནའང་ཁྱད་པར་མེད གང་ལྟར་གསེར་རྟ་བོད་ཡིན་མིན་དེ་སུ་ལའང་ཐེ་ཚོམས་མེད་པའི་ན་དེའི་ཆོག་འདུག མི་བུ་ལྷག་བསམ་ཅན་དང་ཕུག་བསམ་ཅན་ཡིན་མིན་དེ་རྩོད་གཞི་འདི་བསླང་བ་ལ་དཔག་ན་ཤེས་ཐུབ་ཀྱི་འདུག་
སྐུ་མཁྱེན་བོད་རིགས་ནང་ཁུལ་ནས་རྩོད་གཞི་དགོས་མེད་འདི་དག་མ་བརྩད་རོགས་ སྐུ་མཁྱེན་སྐུ་མཁྱེན་
ཁྱེད་ལ་མཐེ་བོང་སྒྲེང་ནས་རེ་བསྐུལ་ཞུ།
སྐུ་མཁྱེན་བོད་རིགས་ནང་ཁུལ་ནས་རྩོད་གཞི་དགོས་མེད་འདི་དག་མ་བརྩད་རོགས་ སྐུ་མཁྱེན་སྐུ་མཁྱེན་
ཁྱེད་ལ་མཐེ་བོང་སྒྲེང་ནས་རེ་བསྐུལ་ཞུ།
གསེར་རྟ་རྒྱ་མའི་འཁྲོག་སོང་
ཕ་ཡུལ་དགྲ་ལག་ཏུ་ཡོད་ནོ་བོ་འདི་ལ་སེམས་འཁྲེལ་ཡོད་མཁན་དཀོན་གི གསེར་རྟ་མདོ་སྨད་ཡིན་དང་མདོ་སྟོད་ཡིམ་ལོ་རྒྱུ་ལ་ཁ་གཡར་ཁུལ་བྱས་འདུག་ཀྱང་། ལོ་རྒྱུས་ཁུང་ལྡན་ཞིག་དགའ་ལྡན་དགོན་པའི་དགེ་བཤིས་རིན་པོ་ཆེ་ཁོས་རག་ཡོང་བསམ་པ་ཡིད་ལ་འཆར་དཀའ་གི དྲང་པོ་ཞུས་ན། གསེར་རྟ་བོད་པ་ཚང་གི་རེད་ཅེས་བརྩོད་པ་རྒྱག་གི་ཡོད་ནོ་མ་གཏོགས་རྒྱའི་ཡིན་པ་རྩད་མི་འདུག་མོད། ད་ཡང་རོ་ལོང་རྒྱག་དགོས་དོན་གང་ཡིན་མི་ཤེས།
དེ་རིང་ནས་བརྩོད་མཚམས་འཇོག་ཐུབ་པའི་རེ་བ་ཡོད། རྒྱའི་སྔོན་དུ་ངོ་ཚ་གི
གསེར་རྟ་སྟོད་སྨད་གང་དུ་གཏོགས་ཀྱང་གསེར་རྟ་མི་མང་ལ་ཁེ་ཕན་ཐེ་བ་གེ་ཡོད་མ་རེད། འོན་ཀྱང་གསེར་རྟ་ཁམས་པ་རེད་ལབ་ན། འཚུལ་པོའམ་ཚུལ་ཁྲིམས་ཟེར་བའི་གྲྭ་ལོག་དེ་སྤྱི་འཐུས་ནང་སླེབས་ཐུབ་ཀྱི་ཡོད་རེད། བྱས་ཙང་ཁེ་བཟང་མི་གཅིག་ལ་རག་གི་ཡོད་རེད། དེ་མིན་ཤེས་ཡོན་གྱི་ཐོག་ནས་འཚུལ་པོ་མདོ་སྟོད་སྨད་གང་གི་སྤྱི་འཐུས་སུའང་ཐོབ་རེ་མེད་པ་དེ་རེད།
གསེར་བ་མདོ་སྟོད་སྨད་གང་དུ་གཏོགས་ཀྱང་དོན་ཏུ་བོད་རིགས་རེད། དེ་ལ་ཁྱད་པར་མེད། འདི་ལ་རྩོད་པ་བྱས་ན་ལོ་རྒྱུས་མང་པོ་ཞིག་གོ་ཡོང་གི་འདུག་པས་ཐོས་ཆུང་བདག་ལྟ་བུར་ཕན་པ་ཤིན་ཏུ་ཆེ། དཀྲུགས་ཤིང་གི་བསམ་བློ་ཡིན་ན་རང་གི་ཕ་མེས་ཚོའི་རྣམ་ཤེས་ཀྱང་མིག་ཆུ་འཐོར་བ་དང་ཚ་བོ་ཡང་ཚ་ཚོས་འཁང་ར་དང་མཆིལ་ཞགས་འདེབས་ངེས། ཞིབ་འཇུག་གི་བསམ་བློ་ཡིན་ན་རང་གི་གང་ཤེས་བྲིས་དང་་མཁས་བླུན་གྱི་ཁྱད་པར་འཛམ་གླིང་གི་ཐག་གཅོད་ངེས། ཨ་མདོ་ཨོང་དོང་མེད་པའི་གནས་སྐབས་ཀྱི་བྱ་བ་དང་། ཁམས་པ་ཁ་ཚོད་མཐོ་བས་མི་ཤེས་དགུ་ཤེས་ལ་ཉན་རྒྱུ་ཆེར་མེད། རང་གི་སེམས་ན་ཚད་ཤིང་ཅིག་ཡོད་དགོས། རང་ཐག་ཆོད་ན་ལུང་གི་རྗེས་སུ་འབྲང་བའམ། རིགས་པའི་རྗེས་སུ་འབྲང་བ་གང་ཡིན་ཀྱང་རུང་ཁྱད་པར་མེད།
སྐུ་གཞོགས་ཁོ་རང་དགོངས་པ་ཞུས་པ་དེ་ཡག་པོ་རེད། ད་རེས་ཚོད་ཟིན་འདུག གལ་སྲིད་ད་དུང་མུ་མཐུད་བསྡད་ན་ཐོབ་རེ་མེད་པ་གསལ་པོ་རེད། སྔོན་མ་ཡིན་ན་གསེར་རྟ་ཚུལ་ཁྲིམས་གཉིས་ཀ་འོས་ཐོབ་པ་དེ་ལ་ཆོལ་ཁའི་རྒྱབ་ལྗོངས་རེ་ངེས་པར་དུ་ཡོད་པ་རེད། ད་དེའི་སྒྲུང་དེ་རྫོགས་ཚར་བ་རེད། ད་རེས་དེ་དངོས་གནས་ཀྱི་རིན་ཐང་རེད། སྐུ་གཞོགས་ཚུལ་ཁྲིམས་ཁོང་མདོ་སྨད་ཀྱི་ཨང་ ༡༠ པ་དེ་རེད། མདོ་སྨད་ཀྱི་ཨང་ ༡༡ པ་སྨན་པ་མཁྱེན་རབ་རེད། ཁོང་ཤེས་ཡོན་དང་འཇོན་ཐང་གང་ཐད་ནས་མདོ་སྨད་སྤྱི་འཐུས་སུ་འཐོབ་འོས་པ་ཞིག་རེད་ལ། ངེས་པར་དུ་འཐོབ་དགོས་པ་ཞིག་ཀྱང་རེད། དེར་བརྟེན་སྐུ་གཞོགས་དགོངས་པ་ཞུས་པ་དེ་རང་ཚོད་ཟིན་པ་རེད། དེར་བརྟེན་ཁོང་གི་བཞེངས་ཕྱོགས་དེ་ལ་བསྔགས་བརྗོད་ཡོད།
གསེར་རྟ་མདོ་སྟོད་སྨད་གང་ཡིན་ཙམ་རྩོད་པ་ལས་འཇོན་ཐང་དང་ནུས་གང་ཡང་མེད་པ་ཞིག་གིས་སྤྱི་འཐུས་མ་བྱས་ན་ཡག་གི་རེད། ཕྱི་ལོ་ ༢༠༠༩ ལོར་མོན་གྷོ་ཌི་ནས་དགའ་ལྡན་ཤར་བྱང་གཉིས་དང་། འབྲས་སྤུངས་བློ་སྒོ་གཉིས། ར་སྟོད་གྲྭ་ཚང་དང། བདེ་ཡངས་གྲྭ་ཚང་། ས་སྐྱ་དགོན་པ་དང། རྙིང་མ་དགོན་པ། བཙུན་དགོན་བཅས་གྲྭ་ཚང་དགུའི་ཕྱག་མཛོད་དང་། དེའི་ཐོག་མོན་གྷོ་གཞིས་གྲོང་ཁག་དགུའི་བརྒྱ་དཔོན་ཡོངས་རྫོགས། ད་དུང་ས་གནས་མཉམ་འབྲེལ་བཅས་ཀྱིས་ཐེལ་ཚེ་༡༩ དང་ས་ཡིག་བཅུ་དགུ་བརྒྱབ་ནས་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་མོན་གྷོ་ཌི་ནས་ཕྱིར་འཕུད་དགོས་པའི་སྙན་ཞུ་ཞིག་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་བ་དང་། དེའི་ངོ་བཤུས་བཀའ་ཤག་སོགས་ལ་ཕུལ་ཡོད་འདུག
དེའི་རྗེས་སུ་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱིས་ཀྱང་དེ་མཚུངས་ཡི་གེ་ཞིག་བཏང་ཡོད་པ་མ་ཟད། ས་གནས་རང་བདེན་ཚོགས་ཆུང་ནས་ཤོག་གྲངས་ ༧ ཡོད་པ་ཞིག་དང་། ས་གནས་འཐུས་ཚོགས་ནས་ཤོག་ལྷེ་ལྔ་ཅན་གྱི་སྙན་ཞུ་ཕུལ་ནས་སྐུ་གཞོགས་མོན་གྷོ་ཌི་ནས་ས་གནས་གཞན་གཏོང་དགོས་པའི་སྙན་ཞུ་ཕུལ་བ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཁོང་དགོངས་པ་ཞུས་པ་དེ་ཅུང་བློ་ཕམ་གྱི་གནས་ཚུལ་ཡང་རེད། སྤྱི་འཐུས་སྐབས་གཅིག་ཙམ་གྱི་རིང་ལ་ཐམ་ག་སུམ་ཅུ་ལྷག་ཅིག་རག་ཚར་དུས་ད་དུང་སྐབས་གཅིག་གནང་ན་ཐམ་ག་བརྒྱ་ཁ་ཞིག་རག་ས་རེད། དངོས་གནས་བཤད་ན་ཐོབ་དང་ཐམ་གའི་བདག་པོ་ཟེར་བ་དེ་ཁོང་ཆགས་ས་རེད། དེར་བརྟེན་ཅུང་ཙམ་ཕངས་པོ་བྱུང་།
དེ་དང་ཆབས་གཅིག་ཏུ་ཞུ་རྒྱུ་ཞིག་ལ་མདོ་སྟོད་གསེར་རྟ་ཚུལ་ཁྲིམས་ཀྱིས་གནད་དོན་འདིའི་སྐོར་ལ་དོ་སྣང་དང་ལན་འདེབས་སོགས་གང་ཡང་མ་གནང་ན་ཡག་གི་རེད། གནད་དོན་འདི་ཚོ་ལ་དོ་སྣང་གནང་ན་ཆོ་གང་ཡང་ཡོད་པ་མ་རེད། དེ་བས་ལྷོད་ལྷོད་བྱས་ནས་ལས་ཀ་བྱས་བསྡད་ན་ཡག་གི་རེད། གལ་སྲིད་དྲ་རྒྱ་འདི་གཟིགས་ཀྱི་ཡོད་ན་ངས་འབོད་སྐུལ་ཡིན། འདི་ཚོ་ལ་ཐུགས་སྣང་གནང་རིན་ཡོད་པ་མ་རེད།
དེ་ནས་དྲ་གྲོགས་རྣམས་པ་ཞུ་རྒྱུར་སྐུ་ཞབས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱི་གཟི་བརྗིད་མཚོན་པའི་ཐམ་ག་མང་བའི་ཡི་གེ་དེ་ཚོ་གཟིགས་འདོད་ཡོད་ན་དྲ་ཚིགས་འགོད་འབུལ་ཞུ་ཆོག
དྲ་གྲོགས་ཚོར་ངེད་ཚོར་སྐྱག་པ་གཏོང་སའི་ས་ཆ་སྦར་མཐིལ་ཙམ་ཡང་མེད་པར་ད་དུང་གསེར་རྟ་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་མིན་རྩོད་མི་རྒྱག་རོགས།
སྐྱག་གཟན། ཚོ། གསེར་རྟ་མདོ་སྨད་ཡིན་ན། ཁྱེད་ཚོ་ལ་ཅི་རག་ས་རེད། དེ་སྔོན་གྲྭ་བ་ཚུལ་ཁྲིམས་ཡང་འུ་ཐུག་ནས་བྲོས་སོང་བ་རེད།
མདོ་སྟོད་ཡིན་ན། གུང་ཁྲན་ཏང་གིས་ཁྱེད་ཚོ་ལ་ཁྱེར་རྒྱུག་ལབ་ཀྱི་རེད་དམ། ངོ་ཚ་མེད་མཁན་འདི་ཚོ།
གང་ལྟར་འདིའི་ཐོག་ནས་མི་གཉིས་ལ་ཁེ་སང་རག་ཡོད་པ་ནི། ཁོ་རང་གཉིས་ཀྱིས་ཐོག་མའི་གྲོས་བསྡུར་བཞིན་བྱུང་བ་ལས། མདོ་སྟོད་སྨད་ཀྱི་མི་རྣམ་ལྷག་བསམ་ཆེ་བས་མིན་པ། མི་གཤིས་ངན་ཆེ་བས་རང་རེད་དོ།
སྔོན་མ་ཞིག་ལ་རྔོན་པ་ཞིག་ཁྲོམ་རར་སོང་ནས་གླ་རྩི་གོང་ཚད་དྲིས། ཚོང་པ་ཞིག་གིས་སྒོར་ལྔ་བཅུ་སྤྲོད་རྒྱུ་ཡིན་ཟེར། ཁོང་གིས་བཤད་ན་དྲུག་ཅུ་དགོས་ཟེར། ཕར་རྩད་ཚུར་རྩད་པའི་མཐར་ཚོང་པས་ཡ་ད་དྲུག་ཅུ་སྤྲད་ཆོག གླ་རྩི་ག་བ་ཡོད་ཟེར་དུས། ཁོས་གླ་བ་ད་དུང་གསོད་ཐུབ་མེད་པས་གླ་རྩི་ད་དུང་བྲག་ཁ་ན་ཡོད་པ་རེད་ཟེར། ཚོང་པས་ངའི་ཆུ་ཚོད་འཕྲོ་བརླག་ལ་བཏང་སོང་ཟེར་ནས་བུད་སོང་ངོ་། དེ་ནས་བོད་ཀྱི་བཤད་རྒྱུན་ལ། ༼གླ་བ་བྲག་ལ་བཞག གླ་རྩི་ཁྲོམ་ལ་གཏམ་༽ཟེར་བའི་གཏམ་དཔེ་དེ་དར་བ་རེད།
ཡང་སྔོན་མ་ཞིག་ལ་སྤྲང་བོ་ཞིག་གིས་རྩམ་པ་ཁུག་མ་གང་རེག་པ་རེད། རྩམ་པ་ཁུག་མ་གང་བོ་དེ་ཟ་མ་ཕོད་པར་མགོའི་དྲང་ཐད་ཀྱི་གནམ་ལ་བཀལ་ནས་བསམ་བློ་བཏང་། བསམ་བློ་བཏང་གི་བཏང་གི་རྩམ་པ་ཁུག་མ་གང་ཡོད་པའི་སྤོབས་པ་ཡིད་ལ་རྒྱས་ནས་ཆུང་མ་བསུ་རྒྱུ་ཡིད་ལ་དྲན། ད་དུང་མུ་མཐུད་ནས་བསམ་བློ་བཏང་། ཆུང་མ་ལ་བྱིས་པ་ཞིག་སྐྱེ་རྒྱུ་ཡིད་ལ་འཁོར། བྱིས་པའི་མིང་ལ་བསམ་བློ་བཏང་། བྱིས་པའི་མིང་མ་རྙེད་པར་ཡུད་ཙམ་འགོར། བྲག་ཁུང་གི་མདུན་ནས་ཟླ་བ་དཀར་གསལ་ལེར་ཤར་བ་མཐོང་ནས་བྱིས་པའི་མིང་ཡིད་ལ་འཁོར། བྱིས་པའི་མིང་ལ་ཟླ་བ་གྲགས་པ་ཟེར་ནས་ཡར་ལངས་ནས་ཟླ་བ་གྲགས་པ་ཞེས་སྐད་རྒྱབ་ནས་གནམ་ལ་མཆོངས། མགོ་བོ་བྲག་ལ་བརྡབ་ནས་ཤི
ཧཧཧ།
ཟླ་མེད་ལགས། དེ་ག་རང་རེད།
ཡང་། སྔོན་མ་ཞིག་ལ། གྲོགས་པོ་གླེན་པ་གསུམ་གསེར་བགོ་བཤའ་རྒྱག་སྟངས་ཐད་མ་འཆམ་པར་རྒྱག་རེ་ཤོར། ལམ་འགྲོ་བ་ཞིག་གིས་དེ་མཐོང་ནས་རྒྱུ་མཚན་དྲིས། གླེན་པ་གསུམ་པོས་གཅིག་གིས་གཅིག་ལ་མཛུབ་མོ་བཙུགས་ནས་གསེར་མང་ཉུང་ཤོར་སོང་ཟེར་ནས་བཤད། ལམ་འགྲོ་བས། ཁོང་ཚོར་། ཁྱེད་ཚོའི་གསེར་ག་བ་ཡོད་ཞེས་དྲིས། གླེན་པ་ཚོས་བཤད་རྒྱུར་་་་ང་ཚོ་ལ་ད་དུང་གསེར་ལག་ཏུ་རག་མེད་་་་གལ་ཏེ་ང་ཚོ་གསུམ་ལ་་གསེར་རྡོག་རྡོག་ཞིག་རྙེད་སོང་ན་་་་་ཞེས་བཤད། སྐབས་དེར་ལམ་འགྲོ་བ་ཁོང་སེམས་གཏིང་ནས་ཡིད་ཐང་ཆད་བཞིན་་ཡ་བྱས་པར་རང་ལམ་དུ་བཞུད།
དྭ་་་སྒྲུང་འདིའི་བརྗོད་དོན་བཤད་མ་དགོས་པར་དྲ་གྲོགས་ཚོས་སེམས་ན་ཁྲིག་ཁྲིག་ལོས་ཡིན།
ད་རེར་ཚུལ་ཁྲིམས་འོད་ཟེར་གྱིས་དགོངས་པ་ཞུས་པ་འདི་དོན་ལ་གནས་འདུག གཙོ་བོ་གསེར་རྟ་མདོ་སྨད་ཡིན་མིན་གཙོ་བོ་མ་རེད། འདིའི་སྟེང་ནས་སུ་ལ་ཁེ་ཕན་རག་ན་ལེན་དུ་ཆུགས། རྒན་ཁོང་གིས་གྲོས་ཚོགས་ར་བ་དམར་ལྷབ་བེར་བྱས་པའི་མིག་ལ་མི་མཛེས་པའི་གད་སྙིགས་དེར་བྱི་དོར་ཞིག་བྱས་སོང་། དྲང་ཐད་ནས་བཤད་ན་གྲྭ་བ་གད་སྙིགས་རེད་ལབ་པ་མིན་ཏེ་སྲིད་ཀྱི་སྟེགས་བུར་གྲྭ་བ་གད་སྙིགས་སུ་ཆགས་པ་རེད།
ཡང་རྒན་ཁོང་གིས་ད་རེར་མདོ་སྨད་སྤྱི་འཐུས་ནས་དགོངས་པ་ཞུ་བ་འདིར་ཡུས་འདྲ་བོ་མང་དུ་ལབ་འདུག གསེར་རྟ་ཚུལ་ཁྲིམས་ལ་ན་ཚ་རྙིང་བའི་གནད་དོན་གླེང་འདུག ངས་བལྟས་ན་དེ་གཡུགས་བཞག་ན་འགྲིག་གི་རེད། ལྟོ་དོན་གཉེར་མཁན་རེ་ཟུང་མ་གཏོགས་བཙན་བྱོལ་དུ་ཕེབས་མཁན་མང་ཤོས་ཀྱིས་ང་མདོ་སྨད་ཡིན་ཟེར་བ་ལས་མདོ་སྟོད་ཡིན་ལབ་ཀྱི་མི་འདུག དེར་ཁྱེད་ཀྱིས་འབྲེལ་བཤད་རྒྱག་དགོས་མ་མཐོང་ཁར། དངོས་ཡོད་དང་ལོ་རྒྱུས་ཀྱིས་ཁ་གྲག་ནས་ཡོང་གི་རེད།
དྲང་མོར་བཤད་ན། ཆོལ་ཁུངས་རྩོད་པ་དང་ཡུལ་ལུང་གི་ཁྱད་པར་ཤུགས་ཆེན་པོ་གླེང་བ་འདི་བོད་སྤྱི་བའི་རྩ་དོན་གྱི་ཐད་ནས་གནོད་ལས་ཕན་པ་ཞིག་མ་རེད། ང་ཚོས་ཡང་དག་པའི་མང་གཙོར་ལོངས་སུ་སྤྱད་ནས་བོད་པའི་གྲོས་ཚོགས་འཐུས་མི་བོད་བྱིངས་ལས་ཆོལ་ཁུངས་ནས་མ་ཡོང་ན། གསེར་རྟ་བ་སྐྱ་སེར་ཁོང་གཉིས་ལྟ་བུའི་རྩོད་རྙོག་འདི་འདྲ་ཞིག་གང་ན་ཡོད། སྤྱིར་བཏང་གིས་དགོངས་པ་ཞུས་ཏེ་ཕར་ཕྱོགས་ལ་ཡུས་འདྲ་བོ་གང་ཡང་བཤད་མེད་རྒྱུ་ན། ད་རེར་རྒན་ཁྱེད་ཀྱིས་རྒྱལ་ཁ་ཆེན་པོ་བླངས་ཐལ། འདི་ནི་བཟང་སླ་ང་གང་བོ། ངན་ཐུར་མའི་རྩེ་ནས་རྫད་སོང་།
གསེར་རྟ་ཚུལ་ཁྲིམས་ལགསཀྱིས་དགོངས་ཞུ་གནང་བ་དེ་དུས་ལ་རན་པོ་ཞིག་འདུག རྒྱབ་སྐྱོར་གཙང་མ་ཡོད། སྔ་ལོ་སྤྱི་འཐུས་ནང་གླེང་ལྷག་སྐབས་སེར་མོ་དེ་ཚོ་མི་སྐྱ་ལས་ཐབས་སྐྱོ་བ་འདུག དངོས་གནས་སྐྱུག་མེར་གཏིང་ནས་ལངས་སོང། འོན་ཀྱང་འདི་སེར་མོ་ཡོངས་ཀྱི་སྐྱོན་རེད། མི་འདེམས་སྟངས་ནོར་བ་རེད། ད་དུང་ཡང་སེར་མོ་བའི་འཐུས་མི་སྔ་མ་དེ་ཚོ་འདྲ་པོ་སླེབས་ན་ཞེད་སྣང་བྱེད་དགོས་པ་ཞིག་མིན་ནམ། སྔ་མ་སེར་མོ་བའི་འཐུས་མི་དེ་ཚོ་སེར་མོ་བའི་གྲས་ཀྱི་མཐའ་གྲས་དེ་ཚོ་རེད་འདུག ད་གཟབ་གཟབ་བྱེད་དགོས། ལེགས་བཤད་ལས། ཆུ་ཟླས་བསླུས་བྱས་ངང་པ་ཡིས། །ཉིན་མོའང་པད་རྩ་ཟ་མི་བྱེད། །ཅེས་པ་ལྟར་འཇིགས་སྣང་ཡོང་གི་འདུག