མི་ཉག་སྐལ་བཟང་།
སྐབས་འཚོལ་པ་དག་གི་ཚོར་བ་རྣོན་པོ་རེད།
མི་ཡིས་ཁ་ནས་མི་སྐད་བཤད་རུང་མིའི་ཁྱད་ཆོས་མ་ཚང་པར་དུད་འགྲོའི་ལད་མོ་མི་ཡིས་བྱས་པ་ནི་གཞན་དོན་ཅུང་ཟད་ཙམ་ཡང་མ་ཡིན་པར་རང་དོན་འབའ་ཞིག་ཡིན་པ་དང་། གཞན་གྱིས་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ཏེ་ཆུ་སྣ་གར་ཁྲིད་བྱས་དང་བྱེད་བཞིན་པ་ཡང་ཞེན་ཁོག་སྐམ་པོ་ཡིན་པ་ཚང་མས་མི་མཐོང་ལག་ཟིན་དང་ཕྱི་གསལ་ནང་གསལ་རེད། སྐབས་འདིར་ངས་བརྗོད་འདོད་པ་ནི་མི་དུད་འགྲོ་དང་འདྲ་བ་སྐབས་འཚོལ་པ་དག་གི་སྐྱོན་མཚང་བརྟོལ་འདོད་པ་ཙམ་ལས་མི་དང་དུད་འགྲོ་ལ་རྔ་མ་ཡོད་མེད་ཀྱི་རྩོད་པ་རྒྱག་འདོད་པ་ནི་ཁ་རྩང་དང་དེ་རིང་གི་ང་ཡི་འོས་འགན་མིན། གལ་ཏེ་དུད་འགྲོ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་དུད་འགྲོ་དེས་རང་གི་སྦྱིན་བདག་ལ་མི་འདོད་པའི་རྣམ་འགྱུར་སྟོན་རྒྱུ་ཕར་ཞོག ཐ་ན་སྡང་སེམས་ཀྱི་སྐད་འབྱིན་པ་ཙམ་ཡང་ངའི་མི་ཚེ་ནང་མཐོང་ཐོས་མ་བྱུང་། སྐབས་འཚོལ་པ་དག་ནི་སྐབས་རེ་སོ་མཱ་ལི་ཡའི་ཇག་ཚོགས་ཤིག་དང་སི་རི་ཡའི་གྱེན་ལོག་ཚོགས་སྡེ་ཞིག་དང་འདྲ་བས། གཞུང་ལ་ངོ་ལོག་པའམ་ཡང་ན་གཞུང་འཛིན་ལས་བྱེད་ཆེ་འབྲིང་ཆུང་གསུམ་ལ་གཞི་མེད་སྐྱོན་འཛུགས་དང་། འཕྱ་སྨོད་བྱེད་པ་དང་སྡིག་ར་བསྐུལ་བ་སོགས་ཀྱིས་ཁོང་ཚོར་ངོ་ཚ་དང་འཛེམ་བག་གང་ཡང་མེད་པས་ཚོར་བ་རྣོན་པོ་ཡོད་པ་དག་ལ་དུས་རྟག་ཏུ་དོགས་ཟོན་བྱ་དགོས་པ་ཡིན།
སྐབས་འཚོལ་པ་དག་ནི་མི་ཉུང་ཤས་ཤིག་རེད།
བདག་དུ་མ་བཟུང་བའི་སེམས་ཅན་ཚོ་ལས་ཀྱང་སྡུག་བའི་སྐབས་འཚོལ་པ་མི་ཉུང་ཤས་ཤིག་གིས་དེ་རིང་ཁ་རྩང་ས་དང་གནམ་གྱི་དབར་ན་སྡུག་སྐད་རྒྱག་བཞིན་པ་དག་ནི་དུས་ཚོད་སྔ་ཕྱིའི་ཁྱད་པར་ཕྲན་བུ་ཡོད་པ་ཙམ་ལས། ཞི་འཇམ་གྱི་རྡ་རམ་ས་ལའི་ཁོ་ར་ཁོར་ཡུག་ཆུང་ཆུང་ཞིག་གི་ནང་ནས་མགོན་བླ་མ་བཟང་པོའི་ཐུགས་རྗེ་བཀྲིན་དང་། དེའི་འོག་གི་ལས་བྱེད་ཚོའི་བཀྲིན་ཉག་ཅིག་ལ་བརྟེན་ནས་འབྲས་དང་ལྡ་ལི་སོགས་ཀྱིས་ལྟོ་འགྲངས་གོས་དྲོས་ལ་བརྟེན་ནས་ཤེས་ཡོན་གྱི་ཐོབ་ཐང་རེག་མ་མྱོང་བ་ཅིག་ཀྱང་མེད་ལ། དེ་ལས་ལྡོག་པ་ནི་དམ་པའི་ལྷ་ཆོས་ནས་གསལ་བ་ལྟར་ཆོས་པ་ཞིག་གིས་གསུངས་ན་ཡང་ནམ་ཞིག་དམྱལ་བ་ཐིག་ནག་གི་སྡུག་བསྔལ་མྱང་རྒྱུ་ཉག་ཅིག་དང་། འཇིག་རྟེན་པ་ཞིག་གིས་བལྟས་ཤིང་བལྟས་ནས་བཤད་ན་ཡང་ཕན་བཏགས་པར་དྲིན་ལན་ལོག་པར་འཇལ་བ་ནི་ལྷ་ཆོས་མི་ཆོས་གཉིས་ཀ་དང་རྒྱལ་འགལ་ཡིན་པ་མ་ཚད། གནས་ལུགས་དང་རྒྱུ་མཚན་གྱིས་དབུལ་ཞིང་ཕོངས་པའི་ཡོ་རོབ་བྱང་མ་གླིང་རོའོ་མ་ནི་ཡའི་སློང་མོ་བ་ཁྱུ་ཚོགས་ཤིག་མཐོང་བའི་ཚོར་སྣང་བྱུང་།
སྐབས་འཚོལ་པ་དག་ནི་མི་གང་བྱུང་མང་བྱུང་རེད།
འཚོ་བའི་གོམ་ཁ་ཡངས་པོ་རླུང་གིས་བསྐྱོད་བཞིན་དུ་རང་ཉིད་འགྲོ་སྡོད་ཙམ་ཡང་མ་ཤེས་པར་ཡོད་ཚད་མང་གཙོ་ཞེས་པའི་ཐ་སྙད་ཅིག་ཁ་ལ་ཁ་རས་ལྟ་བུ་ཞིག་དཀྲིས་ནས་འཕྲུལ་སྣང་འབའ་ཞིག་གིས་རང་ཉིད་རྫུ་འཕྲུལ་ཅན་གྱི་ལྷ་ལྟ་བུ་ཞིག་གི་ཚབ་ཡིན་མདོག་མདོག་བྱས་ཏེ།འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཙམ་ཡང་བལྟ་མ་ཤེས་པ་དང་། ད་ལྟའི་བོད་ཆགས་འཇིག་གི་རྐྱེན་རྩ་ཡང་བློ་ཡུལ་དུ་མ་འཆར་བ་དང་། འབྱུང་འགྱུར་བོད་ཀྱི་ལས་དབང་ལ་ཡང་བསམ་བློ་མ་བཏང་པ་དང་། ཕུགས་བསམ་ཡོད་ཚད་མོག་མོག་པོ་ཙམ་མ་གཏོགས་མེད་པས་ད་དུང་གཞན་སྐྱོན་འཚོལ་བཞིན་ཁ་བཤད་སྟོང་བའི་འུར་སྒྲོག་པར་སུ་ཞིག་གིས་ཡིད་ཆེས་སམ། ཁྱེད་ཅག་ལ་དམིགས་འདུན་དང་རེ་བ། ཕུགས་བསམ་དང་འཇོན་ཐང་དེ་ཙམ་ལས་མེད་ན་རང་ཉིད་མགོ་ནག་བོད་པ་རྣལ་མ་ཞིག་སྐྱེས་བ་ཡང་གོ་མ་ཆོད་པ་རེད།
སྐབས་འཚོལ་པ་དག་ནི་ཕྱོགས་ལྷུང་ཅན་དག་རེད།
སྐབས་འཚོལ་པ་དག་གི་དམིགས་ཡུལ་དང་འཆར་གཞི་ནི་དཔུང་བསྒྲིགས་ཏེ་གྲང་དམག་འཁོན་འཛིང་ལྟ་བུའི་ནང་འཁྲུག་རྒྱག་ཏུ་བཅུག་རྒྱུ་དེ་རེད། མི་སྒེར་པ་ཞིག་གི་རྒྱབ་མདུན་གཉིས་ཀར་ཁོང་གི་ཕའི་ཕྱོགས་གཏོགས་པ་དང་། མའི་ཕྱོགས་གཏོགས་པ་ཚོས་གཅིག་རྒྱབ་གཉིས་ལངས་བྱས་པ་ནི་རྐུན་རྒྱབ་ཇག་ལངས་ཀྱི་དཔེ་ལྟ་བུ་རེད། མི་ཞིག་སྲིད་སྐྱོང་དུ་ལངས་པའི་འགྲན་བསྡུར་གྱི་རྒྱུད་རིམ་དང་། ཕམ་ཁའི་མཇུག་བསྡུས་སྟངས་སོགས་ལ་ཞིབ་ཅིང་ཕྲ་བའི་ཞིབ་འཇུག་རང་བཞིན་གྱི་གྲུབ་དོན་ཅིག་བྱུང་བ་ཡིན་ན། ཁོང་གིས་བསགས་པའི་ནག་ཉེས་དག་བཀྲུས་ཀྱང་དྭངས་ཐབས་མེད་ལ། སྐལ་འཚོལ་པ་དག་གིས་ཞེན་ཁོག་སྐམ་པོས་བདེན་པ་ཡོད་མདོག་མདོག་གིས་ཁོང་གིས་རྒྱབ་ནས་འཐེན་པ་དང་། བྱ་ཐབས་ཟད་པ་ལྟ་བུའི་མདུན་ནས་ངོ་བསྟོད་ཀྱིས་ཁ་སང་གི་སྐུ་ངོ་ཞིག་ལ་དེ་རིང་སློང་མོ་བ་ཞིག་གི་མིང་བྱང་རེག་པ་ནི་ཁ་སང་དེ་རིང་གི་དགོད་བྲོ་གཏམ་གླེང་འཁྲབ་པ་ལྟ་བུ་ཆགས་པ་རེད།
xསངས་གི་x་ཕྲུག་ཞིག་གི་ཡང་འདི་ན་x་སྐད་རྒྱབས་འདུག
སློབ་བཟང་སངས་རྒྱས་་་་་་་་་་་་་་བློ་བཟང་སངས་གེ་ལ་བརྫུས་པ་ནས་བཟུང་བཀྲ་མི་ཤིས་པ་ཚང་མ་འགོ་བཙུགས་སོང་།
དང་པོ་འོ་ཟིག་མི་འགྲོ་དྲན་སོང་། ཡིན་ནའང་་་་་་་་་་་
སེང་
སྐྱབས་མགོན་རིན་པོ་ཆེས་མདོ་སྟོད་སོགས་བོད་ཀྱི་ས་ཆ་་མཐའ་ཁོབ་ཁག་ནས་སྲོག་ལ་ཐུག་ཏེ་བྲོས་ཡོང་བའི་སྤྲང་ཕྲུག་མང་པོ་ཞིག་གི་སྲོག་སྐྱབས། འཚོ་གནས་གནང་། ཤེས་ཡོན་སྤྲད་པའི་བཀའ་དྲིན་ལས་མཐའ་ཁོབ་ཀྱི་སྤྲང་ཕྲུག་མི་ཉུང་བ་ཞིག་དེང་སྐབས་ཀྱི་ཤེས་ཡོན་ཐོབ་ནས་འབུམ་རམ་པ་དང་མཁས་དབང་སོགས་མི་ཆེན་དཔོན་ཆེན་གི་མིང་ཐོབ་པ་དང་། ཁ་ཕྱིར་འཁོར་ནས་བཀའ་དྲིན་ཟད་མཐའ་མེད་པའི་སྐྱབས་གནས་༧རྒྱལ་བའི་དབང་པོ་མཆོག་གི་སྒང་ལ་ཆོལ་ཁའི་དཔུང་ངོམ་ནས་དམངས་གཙོ་མ་རེད། སྲིད་དབང་སྒེར་གཅོད་པ་རེད་ཅེས་མཚན་སྨད་དང་སྐུ་ངལ་ཚད་མེད་བཟོ་གི་ཡོད། སྤེན་པ་ཚེ་རིང་དོན་གཅོད་ནས་འཕོ་འགྱུར་བཏང་བའི་དམིགས་འབེན་གཙོ་བོ་སྤེན་ཚེ་མ་ཡིན་པར། སྤེན་ཚེ་དོན་གཅོད་དུ་བསྐོ་འཇོག་གི་གྲོས་མགོ་༧སྐུ་མདུན་གྱིས་བཏོན་གནང་བ་དེ་ལ་མ་དགའ་བའི་འཁོན་ལན་སློག་པའི་ཁུལ་རེད། ༧སྐུ་མདུན་གྱིས་བོད་སྤྱི་བའི་གནས་བབ་ཆེད། སྤེན་ཚེ་དང་བློ་སེང་གཉིས་ཀྱིས་ཕན་ཚུན་ཆིག་སྒྲིལ་དམ་གཙང་དང་མཉམ་ལས་གནང་རྒྱུར་ཐུགས་རེ་གནང་བ་ལས། ༧གོང་ས་མཆོག་སྐུ་སྒེར་ལ་སྤྲང་ཕྲུག་བློ་སེང་དང་སྤེན་ཚེ་གཉིས་ཀ་དགོས་མཁོ་སྤུ་ཙམ་ཡོད་་པ་མ་རེད། བློ་སེང་ཡང་ད་བར་བོད་སྤྱི་ཕར་ཤོག། ཐ་ན་མདོ་སྟོད་ཀྱི་ནང་ན་ཆེ་མཐོང་ཡོད་པའི་ཁྱིམ་ཚང་ཞིག་གི་མིའང་མ་རེད། སྤེན་ཚེའང་དེ་དེ་བཞིན་རེད། མི་རྒྱུད་ངན་པའི་སྤྲང་ཕྲུག་ཅིག་ལ་རྒྱལ་ས་གཏད་ན་རྙོག་དྲ་འདི་འདྲ་རྒྱུན་མ་ཆད་པར་ཡོང་གི་རེད།
གང་ལྟར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རི་བོང་གནམ་རྡིབ་ཀྱི་བཅོས་མའི་སྡུག་བསྔལ་དེ་ཡང་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་སོང་། ཡང་དག་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཆ་ཚང་བཀའ་ཤག་ལ་ཡོད་པ་ཡང་གསལ་ལྷང་ངེར་ཤེས་རྟོགས་བྱུང་རྗེས། བཀའ་ཤག་ནི་སྔར་བཞིན་རི་བོ་ལྟ་བུ་ཞིག་གནས་ཡོད་པས་བཀའ་ཤག་གིས་ང་ལ་གནང་བ་ནི་ཡིད་ཆེས་དང་སྤོབས་པ་རི་བོ་ཁྲི་ཕྲག་བརྩིགས་པ་ལྟ་བུ་དེ་ཡིན། མ་འཇོན་འཇོན་མདོག་བྱེད་མཁན་དང་། མ་ཉེས་ཁག་གཡོགས་ལ་དགའ་བའི་སྐབས་འཚོལ་པ་དག་གིས་རང་རང་གི་གདོང་ལྤགས་མཐུག་པོ་དེ་སྟོན་ནས་རང་གིས་རང་ཉིད་དམར་རྗེན་དུ་བཏོན་པ་དང་། མི་དཀར་པོ་ཚོར་ཞྭ་ནག་པོ་རེ་གཡོགས་ཐུབ་ཐབས་བྱས་ཀྱང་། དོན་འབྲས་ཅི་ཡང་མ་སོན་པར་རྡ་སའི་རྩེད་ཐང་གད་སྙིགས་ཀྱིས་སྤུངས་ཏེ་དགྲ་དགའ་གཉེན་སྡུག་གི་ལས་འགུལ་རེ་ཞིག་མཇུག་བསྒྲིལ་སོང་།
ཁྱི་སེང་གིས་༧གོང་ས་མཆོག་གིས་ཨ་རིའི་དོན་གཅོད་ལ་སྤེན་ཚེ་བསྐོས་པ་ལ་ཡི་མ་རངས་པར་༧གོང་ས་མཆོག་ལ་ངོ་ལོག་བྱས་ཏེ་སྤེ་ཚེ་གནས་དབྱུང་བཏང་བ་ནས་བཟུང་བཀྲ་མ་ཤིས་པ་བྱུང་བ་དེ་ཐམས་ཅད་ཁྱི་སེང་དང་ཁྱི་སེང་གི་ཁྱི་ཕྲུག་དག་གི་བྱས་རྗེས་རེད།
གང་ལྟར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རི་བོང་གནམ་རྡིབ་ཀྱི་བཅོས་མའི་སྡུག་བསྔལ་དེ་ཡང་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་སོང་། ཡང་དག་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཆ་ཚང་བཀའ་ཤག་ལ་ཡོད་པ་ཡང་གསལ་ལྷང་ངེར་ཤེས་རྟོགས་བྱུང་རྗེས། བཀའ་ཤག་ནི་སྔར་བཞིན་རི་བོ་ལྟ་བུ་ཞིག་གནས་ཡོད་པས་བཀའ་ཤག་གིས་ང་ལ་གནང་བ་ནི་ཡིད་ཆེས་དང་སྤོབས་པ་རི་བོ་ཁྲི་ཕྲག་བརྩིགས་པ་ལྟ་བུ་དེ་ཡིན། མ་འཇོན་འཇོན་མདོག་བྱེད་མཁན་དང་། མ་ཉེས་ཁག་གཡོགས་ལ་དགའ་བའི་སྐབས་འཚོལ་པ་དག་གིས་རང་རང་གི་གདོང་ལྤགས་མཐུག་པོ་དེ་སྟོན་ནས་རང་གིས་རང་ཉིད་དམར་རྗེན་དུ་བཏོན་པ་དང་། མི་དཀར་པོ་ཚོར་ཞྭ་ནག་པོ་རེ་གཡོགས་ཐུབ་ཐབས་བྱས་ཀྱང་། དོན་འབྲས་ཅི་ཡང་མ་སོན་པར་རྡ་སའི་རྩེད་ཐང་གད་སྙིགས་ཀྱིས་སྤུངས་ཏེ་དགྲ་དགའ་གཉེན་སྡུག་གི་ལས་འགུལ་རེ་ཞིག་མཇུག་བསྒྲིལ་སོང་།
དོན་ངོ་མ་སྲིད་སྐྱོང་གིས་སྐབས་འཚོལ་བ་མ་ཟད་སྐབས་ཡག་ཤོས་ཏེ་རག་ཡོད་་་དེ་དེ་ནས་བཟུང་རྙོག་སློང་ལ་བར་མ་ཆད་་འོས་བསྡུས་ནད་རྙིང་གི་འཕར་ནས་སྲིད་སྐྱོང་གིས་སྐབས་འཚོལ་བ་རེད་་་་་་སྐབས་འཚོལ་བ་ཞེས་བའི་སྐད་ཆ་འདི་་སྲིད་སྐྱོང་ལ་ཧ་ཅང་འཚམ་པོ་འདུག་ཡིན་ན་ཡང་ད་ནི་ཚར་སོང་བ་རེད་གང་ཡང་བྱུང་མ་སོང་བའི་ཚུལ་དུ་བཞག་ན་རང་གཞན་གཉིས་ལ་ཡག་ཤོས་རེད
བློ་སེང་དང་པོ་ནས་རྙོག་དྲ་ཞིག་ཁྱེར་ནས་འོས་མིའི་ནང་སླེབས་སོང་། དང་པོ་དངོས་མིང་ག་རེ་ཡིན་མིན་གྱི་རྙོག་དྲ་ཞིག་ཁྱེར་ནས་སླེབས་སོང་། དེ་ནས་ཁང་རིན་གྱི་རྙོག་དྲ། རྒྱ་ནག་སོང་བའི་རྙོག་དྲ། ༢༠༡༡ ལོར་བཀའ་ཁྲིའི་འོས་མི་བཀྲས་མཐོང་ལ་རྐུན་མ་རེད་ཟེར་ནས་ཉེས་འཛུགས་ཚད་མེད་བྱས་ཏེ་འོས་ཐོབ་ཐབས་བྱས་སོང་། ༢༠༡༦ བཀའ་རྒྱུད་སྤྱི་འཐུས་རྫབ་ཆེན་བསྟན་ཡར་འཕེལ་སོགས་མཉམ་ལྐོག་ཇུས་བཤམ་ནས་འོས་མི་སྤེན་ཚེ་མི་གསོད་ལག་དམར་རེད་ཟེར་ནས་ཡ་ང་བག་ཚ་མེད་པར་ཧམ་ཤེད་ཀྱིས་འོས་ཐོབ་པ་བྱས་སོང་། གང་ལྟར་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་འཇོན་དང་ལྷག་བསམ་འགྲན་ཟླ་བྲལ་བ་རྣམས་ལ་ཁམས་པ་རྫབ་ཆེན་ཚོས་རྐུན་མ་དང་ལག་དམར་རེད་ཟེར་བ་སོགས་ཆེས་སྐྱུག་བྲོའི་ཐབས་ཤེས་ངན་དགུ་སྤྱད་ནས་ནག་པོ་བཟོ་གི་རེད། ཁོ་ཚོས་མི་ཚེ་ཧྲིལ་བོར་འདི་འདྲ་བྱས་ནས་བོད་མིའི་སྤྱི་ཚོགས་ལ་གོད་ཆགས་ཚད་མེད་བཏང་ཡོད། སྔོན་མའང་རྒྱལ་ལོ་དོན་འགྲུབ་ལའང་རྒྱལ་ཚོང་བ་རེད་ཟེར་ནས་ཧུར་ཐག་འབད་ཐག་གིས་མ་ཉེས་གཡོག་བྱས་པ་རེད། ཉག་ཕྲ་བའི་སྐབས་ལ་སྐྱབས་བཅོལ་ནས་ཁེ་ཕན་ཐོབ་རྗེས་དྲིན་ལན་ལོག་མཇལ་དང་ངོ་ཚ་ཁྲེལ་མེད་བྱེད་པ་ཁམས་པའི་ཆབ་སྲིད་པ་ཡིན་ཁུལ་བྱེད་མཁན་གྱི་གྲོང་གསེབ་རྒད་པོ་ཚོའི་མི་གཤིས་སྐྱུག་བྲོ་བོ་དེ་རེད།
བློ་སེང་གི་རྒྱབ་སྐྱོར་བ་ཚོའི་ལག་པས་འཇོན་ཤོས་མི་གསོད་ཡ་དང་མ་ཅང་བརྒྱག་ཡ། ཆང་འཐུང་ཡ། རྐུན་མ་བརྒྱག་ཡ། ཐ་མ་འཐེན་ཡ་མ་གཏོགས་བེད་སྤྱོད་ཡོད་པ་མ་རེད། བློ་སེང་མི་རྫབ་ཆེན་འདི་ཚོའི་མགོ་ཁྲིད་མཁན་གྱི་ཆོ་སྦང་རྫབ་ཆེན་ཞིག་ཡིན་པ་ལས། བོད་མིའི་སྲིད་སྐྱོང་ལ་འོས་བབ་མེད། ངས་༢༠༡༡ ནས་རང་བཙན་ལག་དེབ་ཀྱི་དངུལ་སྤྲོད་མཚམས་བཞག་པ་ཡིན། མ་འོངས་པར་གུས་བརྩི་ཞུ་འོས་པའི་སྲིད་སྐྱོང་ཞིག་མ་སླེབས་པར་དུ་དངུལ་སྐར་ཡང་འབུལ་གི་མིན། བློ་སེང་ལ་ངོ་རྒོལ་ཡོད་མཁན་ཚང་མས་རང་བཙན་ལག་དེབ་ཡོངས་རྫོགས་བཀའ་ཤག་རྩིས་སྤྲད་ན་དག་དག་རེད། མ་འོངས་པར་བཀའ་ཤག་ཚད་ལྡན་ཞིག་མ་སླེབས་བར་དུ་ལག་དེབ་དགོས་མཁོ་དང་བེད་སྤྱོད་ཡོད་པ་མ་རེད།
རྩིས་ཁྲ་རྫུན་མ་བཟོས་དགོས་པའི་འཆར་གཞི་གང་རེད་དམ། ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་ཐོབ་རྒྱུའི་ལམ་ཁ་ཡོད་བཞིན་དུ། ནང་ཚགས་ཟེར་ནས་རྩིས་ཁྲ་རྫུན་མ་ག་རེ་བྱས་ནས་བཟོས་པ་རེད་དམ། ལྐོག་ཟ་བྱེད་ཐུབ་མེད་ཀྱང་ཡིག་ཆ་རྫུན་མ་དང་རྩིས་ཁྲ་ཉར་སྟངས་ཁྲིམས་འགལ་ཚབས་ཆེན་ཆགས་ཡོད་པ་ག་རེ་བྱས་ནས་རེད་དམ། ཅི་ཕྱིར་གླེང་གི་མེད་དམ།
སྟག་སྨྱོན། རང་བཙན་ལག་དེབ་དཔྱ་དངུལ་སྤྲོད་མཚམས་བཞག་པ་ཡིན་ན་ཁྱེད་ལ་བཀའ་ཤག་དང་ཆོལ་ཁའི་བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་མེད།
མི་ཉག་སྐལ་བཟང་ནས་སྲིད་དབང་སྒེར་གཅོད་པར་རྒྱབ་སྐྱོར་དང་ཤོག་གཞན་ལ་འབུར་འཇོམ་བྱས་པ་ཙམ་ལས་དོན་དངོས་ཀྱི་གླེང་གཞི་གང་ཡང་མི་འདུག དེ་བཞིན་ཉོབ་སོང་།
ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ།
ཟེར་བཞིན་སྲིད་སྐྱོང་འདམ་སེང་གིས་ཁམས་པའི་ལ་རྒྱ་བཟུང་ནས་གཞན་ཕྱོགས་ལ་ཚད་ལས་འདས་པའི་མཐོང་ཆུང་། དམའ་འབེབས། ཟུར་ཟ་ཉེ་རིང་ཆགས་སྡང་གི་བྱ་ངན་མང་ཅིག་བྱས་པ་ནས་བཟུང་མདོ་དབུས་ཀྱི་མི་མང་པོ་ཞིག་མ་དགའ་བ་མ་ཟད། ཁམས་པ་རང་གི་ནང་ནའང་སྲིད་སྐྱོང་གི་བྱ་སྤྱོད་ལ་མ་རངས་མང་པོ་ཡོད། དེ་ནས་བཟུང་ཆོལ་གསུམ་གོང་བུ་ཆག་སྐྱོན་ཤོར་བའི་འགོ་བཟུང་བ་རེད།
ཚིག་བརྒྱད་བཤད་པའི་མདོ།
ཉེ་བའི་སྤྱི་འཐུས་གྲོས་ཚོགས་སྐབས་ཞི་རྒོལ་བའི་མདུན་ལ་སྲིད་སྐྱོང་ཡོང་མ་ཐུབ་པ་དེ་ནི་སྲིད་སྐྱོང་གི་གསེར་ལས་ལྷག་པའི་གོ་སྐབས་བཟང་བོ་ཤོར་བ་རེད། དེ་ནི་མཁས་མཛངས་མ་ལྡན་དང་ཨུ་ཚུགས་ཆེ་བ། འདམ་སེང་རང་ཉིད་ལ་བདེན་དབང་མེད་པ་ཁུངས་བསྐྱེལ་མེད་པ། དེ་བས་མི་ལ་གདོང་མདོགས་སྟོན་པའི་བློ་སྟོབས་མེད་པ་སོགས་མཚོན་ཡོད།
ད་ནས་ངོ་ཚ་མེད་པའི་སྲིད་སྐྱོང་ཉིད་ནས་དང་བླངས་སྒོས་སྤྱོད་བཟང་སྒོས་སྲིད་ཁྲི་ལས་མར་བབས་ན་ཡག་པོ་མ་ཡིན་ནམ།
དེང་གི་བོད་ཀྱི་བསམ་བློ་བ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་ཀྱིས་གསུངས་པ་བཞིན། གལ་ཏེ་སྒེར་གཅོད་པའི་ལག་རོགས་ཤིག་མིན་ཚེ་དམངས་གཙོའི་སྤྱི་ཚོགས་ཤིག་ཏུ་སྲིད་དབང་སྒེར་གཅོག་པར་ངོ་རྒོལ་བྱེད་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་དམངས་གཙོའི་ཁྲིམས་སྒྲིག་གང་ལའང་འགལ་མེད་པ་སྨྲོས་མེད་ཡིན་ཙང་། འདི་ལ་རྒོལ་བ་དང་། དམོད་པ་ནི་རང་ཉིད་སྒེར་གཅོད་པར་མོས་པ་གསལ་སྟོན་བྱས་པ་ཙམ་ལས་གཞན་ཅི་ཡང་མིན།
ངས་མི་ཉག་སྐལ་བཟང་གཉིས་ངོ་ཤེས། གཅིག་སུ་ཇ་བོད་ཁྱིམ་དང་གཞན་དེ་དྷ་སྟེང་བོད་ཁྱིམ་ནས་རེད། གལ་ཏེ་གོང་གི་རྩོམ་ཡིག་འདིའི་རྩོམ་པ་པོ་ཁོང་གཉིས་ལས་གཅིག་ཡིན་ན་རྩོམ་པ་པོ་ཁོང་ནི་བོད་སྤྱི་པ་ཕར་བཞག་ནས་རང་གི་ཆོལ་ཁར་རྒྱུ་མཚན་མེད་པའི་ཞེན་ཁོག་བྱེད་མཁན་ཞིག་མིན་པར་ང་རང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་། གོང་གི་རྩོམ་ཡིག་འདིར་བལྟས་ན་རྩོམ་པ་པོས་བོད་སྤྱི་པར་བསམ་བློ་མ་བཏང་བར་རང་གི་ཆོལ་ཁར་སྡིག་པ་མིག་བཙུམ་གྱིས་ཞེན་ཁོག་བྱས་ཡོད་པ་གསལ་པོ་རེད་འདུག ཡང་མིན་ན་རྩོམ་པ་པོ་ཁོང་མང་གཙོའི་ལམ་ལུགས་ལ་རྒྱུས་མངའ་གཏན་ནས་མེད་ཀྱང་། སྤྱི་དོན་ལ་སེམས་ཚོར་ཆེ་བར་བརྟེན་སེམས་ནང་གང་དྲན་ཡིག་ཐོག་ཏུ་བཀོད་ཡོད་པ་གསལ་པོ་རེད་འདུག ང་རང་ལ་ཆ་བཞག་ན། སློབ་བཟང་སངས་རྒྱས་ཁམས་པ་ཡིན་ཙང་ཁོང་ལ་མི་དགའ་མཁན་ཞིག་མིན། མི་དྲང་པོ་དྲང་བཞག་དང་། ཁ་ཁོག་མཐུན་པ། བློ་རྒྱ་ཆུང་ཆུང་མིན་པ། ཁ་ཤོབ་ཚ་པོ་མེད་པའི་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པའི་བོད་པ་སུས་ང་ཚོའི་འགོ་ཁྲིད་བྱས་ཀྱང་ང་ལ་ཁྱད་པར་མེད། འོན་ཀྱང་། སློབ་བཟང་སངས་རྒྱས་ལ་ཁ་ཤོབ་ཤོད་རྒྱུ(གལ་ཏེ་དེ་ཡོན་ཏན་ཞིག་ཡིན་ན)ལས་གཞན་པའི་ཡོན་ཏན་གང་ཡང་མེད་པ་རྩོམ་པ་པོས་མ་མཐོང་བ་ཡ་མཚན་རེད། སློབ་བཟང་སངས་རྒྱས་དང་སྤེན་ཚེའི་དོན་རྐྱེན་དེ་གླེང་ན་སློབ་བཟང་སངས་རྒྱས་མི་ཅི་འདྲའི་བློ་རྒྱ་ཆུང་ཆུང་དང་། ངོ་ཚ་མེད་པ། རྫུན་དང་གཡོ་སྒྱུར་ལོབ་པ་ཞིག་ཡིན་པའི་སྐོར་སྐད་ཆ་བཤད་ན་བཤད་མི་ཚར་བ་ཡོད་པས། དེ་བས་སློབ་བཟང་སངས་རྒྱས་ཀྱིས་ཆབ་སྲིད་ཀྱི་དབང་ཆའི་རྐུབ་སྟེགས་ཆེད་འོས་འགྲན་དུས་བཞག་པའི་དམ་བཅའ་དེ་ཚོ་ཅུང་ཙམ་གླེང་ན་མི་ཉག་སྐལ་བཟང་ཁྱོད་རང་ཇི་ཙམ་རྨོངས་པའི་གཞན་དབང་དུ་ཤོར་ཡོད་པ་གསལ་པོ་ཆགས་ཀྱི་རེད། དེའང་ཐོག་མར་སློབ་བཟང་སངས་རྒྱས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཆིག་སྒྲིལ་དང་རང་ཁ་རང་གསོ་ཡོང་བ་བྱེད་ཀྱི་ཡིན། ཤེས་ཡོན་ཐོག་ཤུགས་རྒྱག་གི་ཡིན་ཞེས་བཤད་ཡོད་པ་ཁྱོད་ཀྱི་དྲན་པར་ཡོད་ངེས་རེད། ང་ཚོ་བོད་པའི་བཙན་བྱོལ་ལོ་རྒྱུས་ནང་ད་ལྟ་ལས་སྡུག་པའི་ཆིག་སྒྲིལ་གྱི་དཀའ་ངལ་ཞིག་ག་དུས་བྱུང་འདུག་གམ། མི་སུ་འགོ་ཁྲིད་དུ་བསླེབས་རྗེས་ཆིག་སྒྲིལ་རྩབ་ཧྲལ་དུ་འགྲོ་འགོ་ཚུགས་སོང་ངམ། དེང་གི་ཆར་ང་ཚོའི་བཙན་བྱོལ་གཞུང་མང་ཁྲོད་རང་ཁ་རང་གསོ་ཕར་ཞོག དེ་ལས་ལྡོག་སྟེ་རོགས་དངུལ་ལེན་ཚད་སྔར་ལས་ཇེ་མཐོར་སོང་ནས་སློབ་བཟང་སངས་རྒྱས་ཀྱིས་དེ་རང་གི་འཇོན་ཐང་ལྟ་བུར་བརྩིས་ཏེ་གང་སར་ངས་འཇོན་ངས་བཏང་ཤོད་ཀྱི་ཡོད་པ་ཁྱོད་ཀྱིས་མ་ཐོས་སམ། ད་ལྟ་རང་ཁ་རང་གསོའི་སྐད་ཆ་གང་དུ་སོང་བ་རེད་དམ། ད་དུང་སློབ་བཟང་སངས་རྒྱས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་ཤེས་ཡོན་གལ་ཆེར་འཛིན་གྱི་ཡིན་ཞེས་བཤད་ཡོད་ཀྱང་། སྲིད་སྐྱོང་མཆོག་གི་ཤེས་ཡོན་ཞེས་པའི་ཚིག་འདིའི་ནང་བོད་པའི་སྐད་དང་ཡི་གེ་ཚུད་མེད་པ་ལྟ་བུ་རེད། དེ་ཕལ་ཆེར་ཁོ་རང་གིས་བོད་ཡིག་ཤེས་ཀྱི་མེད་ཙང་ཡིན་ངེས་རེད། རྩོམ་པ་པོས་ད་དུང་གཞུང་གི་འགོ་ཁྲིད་དང་ལས་བྱེད་བྱེ་བྲག་ཁག་གཅིག་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཇག་ཚོགས་དང་སྐབས་འཚོལ་བ་དང་འདྲ་བ་རེད་ཅེས་གསུངས་འདུག་ཀྱང་། མི་ཉག་སྐལ་བཟང་ལགས་ཀྱིས་ཐོག་མར་མང་གཙོའི་ལམ་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་པ་གནང་། དེ་ནས་ཁྱོད་རང་གིས་སྐབས་འཚོལ་བ་ཞེས་མིང་བཏགས་པའི་མི་དེ་ཚོས་རང་རེའི་བཙན་བྱོལ་མང་གཙོའི་གཞུང་དང་དེའི་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་ཀྱི་འདུག་གམ། ཡང་ན་གནོད་པ་བྱེད་ཀྱི་འདུག་པར་བསམ་བློ་ཞིག་ཐོངས། ཁྱོད་རང་གིས་སེམས་ཤུགས་དང་ལྷག་བསམ་རྣམ་དག་གིས་བྲིས་པའི་རྩོམ་ཡིག་དེའང་ཁྱོད་རང་གི་བསམ་པར་རང་གཞུང་ལ་རྒྱབ་སྐྱོར་ཆེད་བྲིས་ཡོད་བསམ་གྱི་ཡོད་ངེས་ཀྱང་། འདི་གཅིག་བྱས་ན་དཔོན་ངན་ལ་རྒྱབ་སྐྱོར་བྱས་པ་དང་། ཆོལ་ཁའི་འཐེན་འཁྱེར་བྱས་པ། ད་དུང་ང་ཚོའི་མང་གཙོའི་ལམ་ལུགས་རྩ་མེད་དུ་གཏོང་ཐབས་བྱས་པ་ཞིག་མིན་པའི་ངེས་པའང་མེད་པ་ཁྱོད་ཀྱི་བསམ་བློར་ཁོར་ཨེ་བྱུང་།
ངལ་བ་འཛེམས་མེད་ཀྱིས་དགག་ཕྱོགས་ནས་བསམ་ཚུལ་བྲིས་མཁན་ཡོད་དོ་ཅོག་ལ་བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དེ་མིན་མི་རེར་ལན་རེ་རྒྱག་དགོས་པའི་དགོས་པ་མ་མཐོང་ངོ་། ང་མི་ཉག་སྐལ་བཟང་ཡིན།
མི་ཉག་སྐལ་བཟང་ལགས། དེ་རང་རེད། ཡ་རབས་ལྡན་པའི་སྒོ་ནས་ཕན་ཚུན་བསམ་ཚུལ་ཤོད་རེས་བྱེད་རྒྱུ་གལ་ཆེ་ཤོས་རེད། ང་ཚོ་སུའི་རྒྱུད་ལ་བདེན་པ་ཡིན་ཤག་བྱས་ཀྱང་དོན་དངོས་བདེན་པ་མིན་པའི་བསམ་ཚུལ་ནོར་བ་ཡོད་ན་ང་ཚོས་བཟང་སྤྱོད་ལྡན་པའི་སྒོ་ནས་ཕན་ཚུན་བསམ་ཚུལ་ལྷུག་པོར་ཤོད་རེས་བྱས་ན་དེ་ཚོ་སེལ་ཐུབ་རྒྱུ་ཡིན་པས་བོད་སྤྱི་པར་ཕན་ཐོགས་པ་ཞིག་དང་། ཆོལ་གསུམ་ཆིག་སྒྲིལ། དྲང་བདེན་རྣམ་པར་རྒྱལ་བར་ཕན་གྱི་རེད། འདི་འདྲ་བྱུང་ན་ང་ཚོ་ཚང་མའི་རེ་བ་གྲུབ་པ་རེད། ཆོལ་ཁའི་སྐད་ཆ་འདི་དངོས་གནས་དགོས་མེད། ང་ཚོ་སྔོན་མ་འབྲས་དང་དཱ་ལི། ཀྲིང་མོག་བཅས་ཀྱི་འཚོ་བར་རོལ་དུས་བོད་པ་གཅིག་པའི་འདུ་ཤེས་དང་གྲོགས་པོ་གྲོགས་མོའི་འདུ་ཤེས་ལས་ཆོལ་ཁའི་དབྱེ་བ་ཞིག་གང་ན་་་་
མཚན་བགྲོད་ལགས། ང་ཡང་དེ་དེ་བཞིན་ཡིན། བོད་ཆགས་འཇིག་གི་དུས་ལ་སླེབས་ཡོད་ན་ཡང་ད་དུང་ང་ཚོས་དགྲ་དགའ་གཉེན་སྡུག་གིས་དུས་འདའ་བར་བྱེད་པ་ནི་ཧ་ཅང་གི་ཡིད་སྐྱོ་བའི་རང་བཞིན་རེད། ངས་སྔོན་ཆད་ནས་བཤད་མྱོང་ལ། ད་ལྟ་ཡང་ཤོད་བཞིན་པ་ཡིན། བོད་མིའི་སྒྲིག་འཛུགས་དང་བོད་སྤྱི་ལ་ཕན་ཐོགས་མཁན་གྱི་གང་ཟག་གང་ཡང་རུང་། གལ་ཏེ་འཇོན་ཐང་ཡོད་པ་ཡིན་ན་མདོ་སྨད་པ་ཤ་སྟག་གིས་བོད་མིའི་སྒྲིག་འཛུགས་སྐྱོང་བ་ཡིན་ན་ཡང་དགའ་བསུ་ལོས་ཞུ། དེ་བཞིན་ལྷ་ས་བ་ཡང་འཚུད་ཡོད། ང་རང་ཁམས་པ་ཞིག་ཡིན་པའི་ཆ་ནས་ཁམས་པའི་ཞེན་ཁོག་སྐམ་པོའི་ཁ་སྟོང་ནང་གི་ཚིག་སྟོང་མེད། གང་ལྟར་ཡག་སྡུག་གཉིས་ཀའི་མཚམས་ན་ད་ལྟའི་སྲིད་སྐྱོང་ལས་ལྷག་པའི་མི་འཇོན་ཐང་ཡོད་པ་ཞིག་ཡོད་ན་སང་ཉིན་ནས་བཟུང་བཀའ་ཤག་འཕོ་འགྱུར་གཏོང་ན་ཡང་མ་རན་པ་མེད། ཡིན་ན་ཡང་སྐབས་འཚོལ་པ་ཚོས་ཚད་ལས་བརྒལ་བའི་དཀྲོག་གཏམ་མ་དང་རྫུན་གཏམ་བཤད་བཞིན་པར་རྒྱབ་སྐྱོར་མེད། དེ་ཚོར་བཟང་སྤྱོད་ཀྱི་རྣམ་པ་གང་ཡང་མི་འདུག ཡིན་ན་ཡང་དེར་ཁྱད་པར་མི་འདུག ང་ཚོ་ང་ཚོའི་གནས་སྟངས་ལ་བལྟ་བའི་རྔ་ལ་དཔག་པའི་འཆམ་རྒྱག་ཤེས་ཀྱིན་མི་འདུག་དེ་ཐབས་སྐྱོ་པོ་རེད།