———འཇམ་དབྱངས་དཀར་པོ།
ཁྱེད་རང་རླུང་རྟའི་ཕྱི་རོལ་ཏུ་གྱུར་བའི་མི་ཞིག་རེད། བོད་ཀྱི་ཏཱ་ལའི་བླ་མ་ ༡༤ བ་མཆོག་སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༧ ནས་ ༡༩ ཨ་རིའི་མངའ་སྡེ་ཡུ་ཊ་ལ་ཐེངས་གཉིས་པ་ཕེབས་ཏེ། འཛམ་གླིང་གི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་བཀའ་སློབ་གནང་རྒྱུ་མ་ཟད། ཟླ་ ༡༠ ཚེས་ ༡༨ ཉིན་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་དུ་《བྱམས་བརྩེ་དང་འཇིག་རྟེན་འགན་ལེན་》ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་རྒྱུ་རེད།
ཚེས་ ༡༨ ཉིན་གྱི་འཛིན་བྱང་ལ་ཡུ་ཊའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་ཨ་སྒོར་ ༡༠ རེ་དང་། སློབ་གྲྭ་ཁག་གི་ལས་བྱེད་རྣམས་ལ་ཨ་སྒོར་ ༢༠ རེ། དེ་མིན་པའི་ཚོགས་པ་དང་སྒེར་བ་རྣམས་ལ་ཨ་སྒོར་ ༣༥ རེ་ཡིན། གོ་སྒྲིག་ཞུ་ཡུལ་གྱི་ཚོགས་ཁང་དུ་ཞབས་སྟེགས་ ༡༥,༠༠༠ ཡོད། ཟླ་འདིའི་སྤྱི་ཚེས་ ༡༣ རེས་བཟའ་ཟླ་བའི་ཞོགས་པར་ཡུ་ཊ་གོ་སྒྲིག་ཚོགས་ཆུང་གིས་དྲྭ་ཐོག་ནས་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་འཛིན་བྱང་བཙོང་འགོ་བཙུགས་པ་དང་། སྐར་མ་ ༡༥ ནང་ལ་ཞབས་སྟེགས་ ༡༥,༠༠༠ གི་འཛིན་བྱང་ཡོངས་སུ་བཙོང་ཚར་བར་གྱུར།
དུས་ཚོད་དེའི་རིང་ལ་དྲྭ་རྒྱའི་ནང་ནས་འཛིན་བྱང་ཉོ་མཁན་མང་དྲགས་རྐྱེན། མངའ་སྡེའི་དྲྭ་རྒྱའི་རྒྱུད་ལམ་འགག་སྟེ་དཀའ་ངལ་བྱུང་ཡོད་འདུག་པར་མ་ཟད། མི་ཧ་ཅང་མང་པོར་འཛིན་བྱང་མ་ཐོབ་པར་སེམས་ངལ་ནང་ཡོད་པ་རེད།
བདེན་པ་བཤད་རྒྱུ་གལ་ཆེ། བདེན་པ་ཉིད་རྒྱལ་གྱུར་ཅིག།
སྐར་མ་བཅོ་ལྔའི་ནང་བཙོང་ཚར་འདུག
http://www.washingtontimes.com/news/2015/jul/14/tickets-to-dalai-lamas-speech-sell-out-in-15-minut/
བོད་རྒྱལ་ལོ། ༧ཏཱ་ལའི་བླ་མ་རྒྱལ་ལོ།
དབུ་མར་བསྒུག་ནས་ཤི་ཡ་རེད་་་་་
རང་བཙན་ལེན་པའི་སྟོབས་ཤུགས་ང་ཚོར་མེད་་་་་་་
ད་བོད་པས་ཅིག་དཀའ་རྒྱུ་རེད་་་་་་
གཏམ་བཟང་མ་རེད་གཏམ་ངན་རེད། གཡོ་སྒྱུ་ཅན་གྱི་དྲ་ཚོང་གིས་འཛིན་བྱང་ཚང་མ་ཉོས་ནས་ཕྱིར་གོང་ཚད་ལྡེབ་འགྱུར་གྱི་མཐོ་བའི་ངང་བཙོང་ཐབས་ཀྱི་གཡོ་ལས་ཞིག་གོ ད་རག་བར་དུ་ཨ་རི་ནས་བསྡད་ནས་དེ་དོན་མ་རྟོགས་ན་ངོ་རེ་ཚ། གཤམ་གྱི་དྲ་གནས་ལ་ཡག་མོ་ཞིག་ལྟོས།
http://www.sltrib.com/opinion/2739194-155/letter-of-the-week-dalai-lama
༧གོང་ས་མཆོག་ནི་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་སྐྲུན་དགོས་བ་ཞིག་ཡིན་པ་ལས་སེམས་ངལ་བཟོ་དགོས་པ་ཞིག་མ་རེད། མྱི་ངན་ཁ་ཤས་ཀྱིས་ཁོང་གི་མཛད་རིམ་བེད་སྤྱད་ནས་མི་མང་ཁྲི་ཕྲག་འབུམ་ཁྲག་ལ་སེམས་ངལ་བཟོ་གིན་འདུག