ཀླུ་སྨྱོན།
—སྐད་འཕྲིན་གྲོགས་པོ་ཞིག་གི་རེ་སྐུལ་བཞིན།
སྐར་མདའ་ལྗང་སེར་འབྲོག་མོའི་མགོ་དཀྲིས་འདྲ།།
མུན་པ་ཚལ་བར་གཤགས་པའི་བརྩེ་གླུ་འབུམ།།
དུས་ཀྱི་ཁུག་སོ་རེ་རེར་བརྡལ་བ་འདིས།།
མགོ་ནག་བོད་པའི་འོ་ཇ་དཀར་པོ་དྲན།།
སྐར་མདའ་ལྗང་སེར་ལྷ་སའི་པང་གདན་འདྲ།།
རླུང་རྟའི་གཟི་འོད་འཁྱུག་པའི་དུད་སྤྲིན་ཀློང་།།
དཀར་དམར་ལང་ཚོའི་སྙན་ངག་གྱེར་བ་འདིར།།
རྨི་ལམ་དུ་ཡང་བསྔགས་པའི་མེ་ཏོག་བརྩེགས།།
དམར་སེར་ཉི་འོད་འཕྱུར་བའི་ས་རྡུལ་ཁྲོད། །
རྔོག་མ་མེ་རུ་འབར་བའི་རྟ་ཁྱུ་ཞིག །
ལྷང་ལྷང་འཚེར་སྐད་བྲག་ཅར་འཁོར་བ་འདིས། །
སྐར་མདའ་ལྗང་སེར་དེ་ཡང་ལན་གཅིག་དྲན། །
ཐོ་རེངས་རྒྱུ་སྐར་བཏུས་པའི་རྒྱན་ཆ་ཅན། །
འབྲོག་རྒན་པགས་རྩག་མཐུག་པོའི་སྔུར་བའི་ཀློང་། །
བསྐལ་པ་འཇིག་པའི་འོད་ཀྱི་གློ་གྲི་བརྡར། །
འདི་ཡང་མ་རྗེད་སྐར་མདའ་ལྗང་སེར་ཞིག །
ངུར་སྨྲིག་གོས་ཀྱི་ཕ་མཁར་སྨུག་པོའི་ནང་། །
ཚུལ་གསུམ་ལྕགས་ཀྱི་མེ་སྒྱོགས་སྲུང་བའི་ཆེད། །
ཚེ་སྲོག་ཉི་མའི་འོད་ལ་ལྡེ་ནུས་པ། །
འདི་དག་སྐར་མདའ་ལྗང་སེར་དེ་ལ་སྒུག །
རེ་སྦྲ་སྨུག་པོ་མུན་པའི་དར་ལྕོག་ཅན། །
སྒོ་ཁྱིའི་ངུ་ཟུག་སྟོང་གི་ཕ་མཐའ་ན། །
ད་དུང་འགྱེལ་བ་མེད་པར་འགྲེངས་པ་འདིས། །
སྐར་མདའ་ལྗང་སེར་ཞིག་གི་རྣམ་ཤེས་མཚོན། །
ཀླུ་སྨྱོན་ཚང་གི་སྙན་ངག་ད་ངོ་མ་སྙན་ངག་ཟེར་བ་རེད།
ནོར་ནག་རྡང་ལ་བསྟར་བའི་གྲུ་ཟུར་ན།
གཡང་དཀར་ལྷས་ལ་ཕབ་པའི་ཉེ་འགྲམས་ན།
འདོད་པའི་མཁུན་སྒྲ་འབྱིན་པའི་གཞོན་ནུ་མ།
སྐར་མདའ་ལྗང་སེར་ཞིག་གི་མིག་ཞགས་འཁྲབ།
ངོ་མ་ཡག་གི་ཡ་