རྩོམ་པ་པོ། རྒྱ་ནག་གི་ཁྲིམས་རྩོད་པ་ཐང་ཅིང་ལིང་།
སྤྲིན་ནག་གངས་ལྗོངས་ས་མཐོར་འཕྱུར་ཞིང་།
ས་གཞི་སྒྲ་མེད་ལ་གྱུར་སོང་།
དངོས་པོ་ཐམས་ཅད་ཁུ་སིམ་ངང་གནས་སོང་།
གཟིགས་དང་།
ཚེ་སྲོག་སྒྲོན་མེ་བཞིན་སྦར་སྐབས་།
སྐར་མདའ་ཡིས།གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་བཅུ་ཡིས་།
རང་ཉིད་མཆོད་པ་བྱས་ཏེ་།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང་།
དམྱལ་བའི་མེ་རྩ་ཡིས་སྐམ་སྲེག་བཏང་བའི་ས་གཞིར་།
ཚོར་མེད་ངང་གྱར་བའི་རྣམ་ཤེས་།
ཁྱེད་ཀྱི་སྲོག་བླུ་བྱ་མཁན་གང་དུ་ཡོད་དམ་།
གཟིགས་དང་།
ཚེ་སྲོག་སྒྲོན་མེ་བཞིན་སྦར་སྐབས་།
སྐར་མདའ་ཡིས་།
གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་བཅུ་ཡིས་།
རང་ཉིད་མཆོད་པ་བྱས་ཏེ་།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང་།
སྐམ་པོར་གྱུར་བའི་མིག་ཏུ་ད་དུང་མིག་ཆུ་ཡོད་དམ་།
དམ་པོར་བཙུམ་པའི་མགྲིན་པས་ཐ་མའི་དབུག་རིང་སྒྲོགས་སོང་།
གཟིགས་དང་།
ཚེ་སྲོག་སྒྲོན་མེ་བཞིན་སྦར་སྐབས་།
སྐར་མདའ་ཡིས།
གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་བཅུ་ཡིས་།
རང་ཉིད་མཆོད་པ་བྱས་ཏེ་།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང་།
སྐར་མདའ་ཡིས།
གནམ་གྱི་མུ་མཐའ་དབྱེ་སོང་།
མུན་རུབ་ཀྱི་མཚན་མོའི་དབྱིངས་གནས་རྟོལ་ཞིང་།
རང་དབང་གི་འོད་སྣང་རེ་བའི་ས་གཞིར་འཕྲོས་སོང་།
བསྒྱུར་བ་པོ་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་སྒྲོལ་དཀར།
རླུང་འཕྲིན་ནས་ཡིག་ཐོག་ཕབ་མཁན། ལུང་རྟོགས་རྒྱལ་མཚན།
“ཁྱེད་ཀྱི་སྲོག་བླུ་བྱ་མཁན་གང་དུ་ཡོད་དམ་།”
དེང་སྐབས་ཉིན་མཚན་མེད་པར་སེམས་ནང་འཁོར་ཡོང་བའི་ངའི་དྲི་བ་ཡང་འདི་ཡིན།
ཚེ་སྲོག་དམར་མཆོད་མཁན་འདི་ཚོ་རེ་རེ་བཞིན་སྐམ་སར་ལུས་པའི་ཉ་མོ་རེ་རེ་ཡིན་ན།
འདི་དག་གི་ལུས་སྟེང་དུ་ཞི་ཞིང་བསིལ་བའི་ཆུ་ཐིགས་འགའ་གཏོར་མཁན་དེ་སུ་ཡིན།