ཤར་ཕྱོགས་ཁུག་རྟ།
གསར་འབྱོར་བོད་མི་ཚོའི་བློས་གཏོང་ལ་བདག་པོ་བསྐྱོན་ཕྱོགས་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡང་དག་པའི་སྲིད་བྱུས་ཤིག་འཛིན་དགོས་པར་སུ་ལའང་རྩོད་པ་མེད། གསར་འབྱོར་ཕལ་མོ་ཆེ་ལྟོ་གོས་ཁུངས་མ་འཁྱོལ་བར་བཙན་བྱོལ་དུ་ཕེབས་པ་མིན་པའང་གསལ་བོ་ཆགས་ཟིན། ལྷག་པར་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་བོད་དུ་ཕྱིར་ལོག་འགྲོ་བ་དང་བོད་ནས་ཚུར་བཙན་བྱོལ་དུ་ཡོང་མཁན་གཉིས་ཀའི་གྲངས་ཀར་ཧེ་བག་བླ་ལྷག་ཏུ་ཤོར་ཟིན་པས། མ་འོངས་ལོ་བཅུ་དང་ཉི་ཤུའི་རིང་བོད་ཕྱི་ནང་གི་བོད་མིའི་འབྲེལ་བའི་གནས་སྟངས་ལ་འགྱུར་བ་ཡོང་གཞི་ཞིག་ཆགས་ཡོད་ལ། དེའི་དཔེ་མཚོན་གསལ་བོ་ཞིག་ནི་༢༠༠༨ ནས ༢༠༡༦ བར་གྱི་གནས་སྟངས་ཀྱིས་མཚོན་ཐུབ། མི་རིགས་ཤིག་གི་འཐབ་རྩོད་ཀྱི་རྒྱུན་སྲིང་བར་བྱེད་པ་ལ། མི་རིགས་ཀྱི་ལར་ཞེན་རྨ་མེད་པ་དང་དེའི་དྲངས་པའི་བློས་གཏོང་གི་ཆོད་སེམས་གཉིས་ལ་བདག་པོ་ཚད་ལྡན་ཞིག་རྒྱག་རྒྱུར་རྨང་གཞི་བྱས་པའི་སྲིད་བྱུས་ཤིག་མེད་དུ་མི་རུང་བ་ཞིག་ཡིན།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་བར་བལྟས་ན་དེའི་ཐད་ཤུགས་བསྐྱོན་དགོས་པ་ ༢༠༠༨ ནས་འགྱུར་ལྡོག་གཞན་ཞིག་གིས་ལྡོག་ཏུ་མེད་པའི་སྐུལ་འདེད་བཏང་ཡོད། དེའི་ཆ་ནས་གསར་འབྱོར་བོད་མི་ཚོར་རང་མི་རིགས་ཀྱི་སྲི་ཞུར་ཞུགས་རྒྱུ་དང་། རང་འཚོ་འཁྱོལ་ཐུབ་གཉིས་ཀར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕུགས་རིང་གི་འགན་འཁུར་ཐུབ་པའི་སྲིད་བྱུས་ཚད་ལྡན་ཞིག་གཏན་འབེབས་གནང་དགོས་པ་རྗེས་ལུས་ཐེབས་ཡོད། ༧གོང་ས་ཐམས་ཅད་མཁྱེན་པས་འདིའི་སྐོར་སྔ་དུས་ནས་བཀའ་གསལ་ཡང་ཡང་གནང་གྲུབ་ཀྱང་། མཛད་གཙོ་རྣམ་པས་དེ་དོན་ཕྱག་བསྟར་གནང་རྒྱུར་འགོར་འགྱངས་ཕྱིན་ཡོད་པ་ཧ་ཅང་གསལ་བོ་རེད། གནས་སྟངས་དེའི་རྐྱེན་ཕྲན་ནས་སྐབས ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་སྟེང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཨང ༥ པ་ཕུལ་ཞིང་། དེས་གོང་གི་དཀའ་ངལ་འདི་སེལ་རྒྱུའི་སྟ་གོན་ཙམ་བྱས་ཡོད་ལ། སྐབས་དེའི་དྲི་བ་དྲིས་ལན་དང་འབྲེལ་བའི་གཤམ་འཁོད་གནད་དོན་ཁག་དང་། གཞན་ཡང་འདི་འབྲེལ་གྱི་གཟིགས་པ་པོ་ཚོར་བྱུང་བའི་གནད་དོན་ཁག་གི་ཐད་བགྲོ་གླེང་ཞིབ་ལྷུག་བྱུང་དགོས་པ་ཁོ་བོས་དུས་ལ་བབ་པར་མཐོང་ཡོད།
གཅིག གསར་འབྱོར་བོད་མི་ཞེས་པ་ཚད་འཛིན་གྱི་ལོ་དུས་གང་ནས་གཏན་འབེབས་གནང་དགོས་སམ།
གཉིས། བཀའ་ཤག་གིས་གསར་འབྱོར་བོད་མིར་མཐུན་རྐྱེན་སྦྱོར་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གང་འདྲ་ཞིག་གཏན་འབེབས་གནང་དགོས་སམ། དེའི་ནང་གནད་འགག་གང་དག་ཚུད་དགོས་སམ།
གསུམ། རྒྱ་བལ་འབྲུག་གསུམ་ནང་འཁོད་གསར་འབྱོར་བོད་མིའི་གནས་སྟངས་དང་མི་འབོར་ཅི་ཡིན་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཞིབ་འཇུག་ཅིག་གནང་དགོས་སམ།
གོང་འཁོད་གནད་དོན་རྣམས་ལས་འཕྲོས་ཏེ་བརྗོད་གཞི་འདི་འབྲེལ་གྱི་སྐོར་སྤྱི་སེམས་ཀྱི་ཀུན་སློང་གཡོ་བ་མེད་པའི་བགྲོ་གླེང་གནང་རྒྱུར་བོད་རིགས་ཤེས་ལྡན་ཆེ་ཕྲ་ཚང་མར་གུས་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ལ། དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་མཚོན། ལས་དོན་མང་པོའི་ནང་གསར་འབྱོར་བོད་མིའི་ནུས་ཤུགས་མཁོ་གལ་ཅན་དང་དགོས་ངེས་ཅན་དང་། ཉུང་དྲག་པའི་གནས་སྟངས་སུ་ཡོད་པ། ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱིས་དེ་བས་ཀྱང་གསལ་བཤད་བྱས་ཡོད། དཔེར་ན། གངས་ཅན་སྐྱིད་གཤོངས་ལྟ་བུར་མཚོན་ན། རྒྱ་རིགས་འབྲེལ་མཐུད་ལས་གཞི་ཕྱག་བསྟར་དོན་འཁྱོལ་གྱི་ནུས་པ་ཇེ་ཆེར་འགྲོ་ཐབས་དང་། བོད་ཀྱི་ས་ཁུལ་སོ་སོའི་གནས་སྟངས་ཞིབ་ཚགས་དང་རྒྱ་ནག་གིས་ལག་བསྟར་བྱས་པའི་སྲིད་བྱུས་ཞིབ་ནན་རྒྱུས་ལོན་ཐུབ་ཆེད་དོ་དབྱིངས་དང་ཉམས་མྱོང་ཡོད་མཁན་བཅས་ཕྱོགས་ཀུན་ནས་ཚགས་ཚུད་ཡོང་དགོས་ཚེ་གསར་འབྱོར་བོད་མི་ཚོ་མེད་དུ་མི་རུང་བ་ཞིག་ཡིན།
དེའི་ཆ་ནས་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་ཇེ་རྒྱས་དང་། ཚགས་ཚུད། གྲ་སྒྲིག དམིགས་ཚད་ལྡན་པ་བཅས་སུ་འགྱུར་ཆེད། གོམ་པ་ཐོག་མ་གསར་འབྱོར་བོད་མིའི་སེམས་ཤུགས་གཅེས་སྤྲས། བློས་གཏོང་རྒྱུན་མཐུད། ནུས་པ་མིག་སྨན་བཅས་ཡོང་བར་འགན་ཡོད་ཚོས་ངེས་པར་དགོངས་བཞེས་གནང་རྒྱུའི་དུས་ལ་བབ་འདུག་སྙམ།
༢༠༡༦། ༡༢། ༡༤། དགོང་མོར་གོ་བདེར་ཤར་མར་བྲིས།
བསམ་ཚུལ་འདོན་མཁན་ཚོས་ཐོག་མར་གོང་གི་གླེང་གཞི་བཀླགས་རྗེས། གཤམ་འཁོད་བརྙན་འཕྲིན་ནང་གསལ་ཆུ་ཚོད ༩། ༣༠ ནས་ ༡༠། ༡༢ བར་གསན་གཟིགས་གནང་རོགས།
འབྲོང་ཆུང་དང་གཅིག གསར་འབྱོར་གཉིས། ཤར་ཁུག་གསུམ་ནི། ཆོལ་གསུམ་བོད་རིགས་ལས་་་་་་་་
བོད་དོན་འཐབ་རྩོད་ལ་གནད་དུ་སྨིན་པའི་གསུང་རེད་འདུག
ཁུག་རྟ་ཁྱོད་ལྟོ་གོས་ཆེད་བསླེབས་ཡོད་པ་མ་རྟོགས་གཞན་ཡང་མིན
བྱ་ཁུག་རྟ་ནི་དྷ་སའི་དཀྲུགས་རྡོ་ཅིག་ལ་ངོས་འཛིན་བྱས་ན་མི་འགྲིགས་པ་མེད་དོ།།
རྡོ་རིལ་རྩིག་པའི་དཀྲུག་རྡོ་རེད།
ཁུག་རྟ་དྷ་སའི་དཀྲུགས་རྡོ་རེད།
གསར་འབྱོར་དང་རྙིང་འབྲོར་མ་དཀྲུགས། ཆོས་དད་དང་ཆོས་མེད་མ་དཀྲུགས། ནང་པ་དང་ཕྱི་པ་མང་དཀྲུགས། གཞིས་སྡོད་དང་བྱེས་འབྱོར་མ་དཀྲུགས། ཤར་ཕྱོགས་ཁུག་རྟ་ལགས།། །།
སུ་གང་དཀྲུག་གི་མི་འདུག འཕྲལ་ཕུག་གཉིས་ལ་མི་ཕན་པར་འདོད་མཁན་ཚོས། རྒྱུ་མཚན་ཤོད་དང་། ལྟད་མོ་ལྟོས་ཆོག
ཁ་བརྡ་དྲ་རྒྱ་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་
གཉིས་མ་ནོར་བ་གནང་རོགས་ཐུགས་རྗེའི་གཟིགས་།
གཞི་ཆགས་གསར་རྒྱག་དང་ཁྱིམ་ཚང་སྲ་བརྟན་དུ་བཏང་རྒྱུ་ནི་བཙན་བྱོལ་གཞུང་མུ་མཐུད་དུ་སྲ་བརྟན་དུ་གནས་མི་གནས་དང་། བོད་མི་རྣམས་མུ་མཐུད་དུ་རྒྱ་གར་གྱི་ནང་དུ་བོད་ཀྱི་ངོ་བོ་མཚོན་པའི་སྒོ་ནས་གནས་ཐུབ་མིན་དང་འབྲེལ་བ་ཡོད་པོ་ཡོད་པ་མ་ཟད། ལྷག་པར་དུ་བཙན་བྱོལ་བའི་མི་འབོར་འཕེལ་དང་མི་འཕེལ་ལ་འབྲེལ་བ་དམ་ཟབ་ཡོད་པས། དེ་འདྲའི་གལ་ཆེན་ཞིག་ལ་སྒོར་མོ་བཏང་རྒྱུ་མེད་ན། ཨ་རིས་བོད་ཀྱི་གཞི་ཆགས་སྲ་བརྟན་དང་། སྤྱི་ཚོགས་ཀྱི་བདེ་དོན་དུ་གནང་བའི་རོགས་དངུལ་ཨ་སྒོར་ས་ཡ་ཉི་ཤུ་ལྷག་གང་དུ་བཏང་འཆར་ཡོད་དམ། དགོན་པ་གསར་རྒྱག་དང་། སྒེར་གྱི་ཁུག་མའི་ནང་དུ་མི་འགྲོ་བའི་རེ་བ་ཡོད། ཟམ་བླ་ལ་ཁྱིམ་ཚང་སྐྱོང་བའི་ཉམས་མྱོང་མེད་པས། དེའི་སྲིད་ཇུས་མུ་མཐུད་དུ་འཛིན་འདོད་སྐྱེས་བ་ནི། བློ་ཟེང་གི་བསམ་གང་ཞིག་ལ་འཁོར་བ་ཡིན་ནམ། རྒྱབ་ལྗོངས་ཅི་ཡིན་ནམ། རེ་བ་ཆེན་པོ་ཞིག་རེད།
གཞུང་པ་ཟེར་པའི་གླེན་པ་འདི། མི་མང་དང་ཡི་གེ་བ་ཚོའི་བསམ་ཚུལ་ཤིན་ཏུ་མཆོག དེ་མིན་དྲྭ་འབུ་ཁྱོད་ལྟ་བུར་ཉན་དགོས་པ་རེད་ཝེ།
ནོར་བཅོས།
December 15th, 2016 at 7:50 am
གཞི་ཆགས་གསར་རྒྱག་དང་ཁྱིམ་ཚང་སྲ་བརྟན་དུ་བཏང་རྒྱུ་ནི་བཙན་བྱོལ་གཞུང་མུ་མཐུད་དུ་སྲ་བརྟན་དུ་གནས་མི་གནས་དང་། བོད་མི་རྣམས་མུ་མཐུད་དུ་རྒྱ་གར་གྱི་ནང་དུ་བོད་ཀྱི་ངོ་བོ་མཚོན་པའི་སྒོ་ནས་གནས་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་འདྲའི་གལ་ཆེན་གྱི་གནད་དོན་ཞིག་ལ་སྒོར་མོ་བཏང་རྒྱུ་མེད་ན། ཨ་རིས་བོད་ཀྱི་གཞི་ཆགས་སྲ་བརྟན་དང་། སྤྱི་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་གནང་བའི་རོགས་དངུལ་ཨ་སྒོར་ས་ཡ་ཉི་ཤུ་ལྷག་གང་དུ་བཏང་འཆར་ཡོད་དམ། དགོན་པ་གསར་རྒྱག་དང་། སྒེར་གྱི་ཁུག་མའི་ནང་དུ་མི་འགྲོ་བའི་རེ་བ་ཡོད། ཟམ་བླ་ལ་ཁྱིམ་ཚང་སྐྱོང་བའི་ཉམས་མྱོང་མེད་པས། དེའི་སྲིད་ཇུས་མུ་མཐུད་དུ་འཛིན་འདོད་སྐྱེས་བ་ནི། བློ་ཟེང་གིས་བསམ་གང་ཞིག་ལ་འཁོར་བ་ཡིན་ནམ། རྒྱབ་ལྗོངས་ཅི་ཡིན་ནམ། དྲི་བ་ཆེན་པོ་ཞིག་རེད། དྲི་ལན་འདེབས་སྟངས་ལ་ལྟོས་ན་གཞི་ཆགས་གསར་རྒྱག་གནང་བ་དེའང་སྦྱིན་བདག་འཚོལ་ཆེད་དུ་གཙོ་བོ་དམིགས་པ་ཙམ་ལས། བོད་ཀྱི་བདེ་དོན་ལ་འགན་འཁུར་ནས་གནང་བ་གཙོ་བོ་མིན་པ་ལྟ་བུའི་འཚོར་ཞིག་ངང་གིས་སྤྲད་བྱུང་། སྦྱིན་བདག་མ་རེག་ན། གཞི་ཆགས་གསར་བ་རྒྱག་མི་ཐུབ་ཅེས་ནས་གསུངས་བས་ཡིན། སེམས་འཁུར་ཡོད་ན། ཕྱི་རྒྱལ་བ་མ་རེག་ཀྱང་བོད་མིའི་ཁྲོད་ནས་དེ་དོན་ལ་ཞལ་འདེབས་སློང་ན་འགྲིག་པས་ཡིན།
གླེན་པའི་གཏམ་གྱི་སྤྱི་ཚོགས་དཀྲུགས་དཱོགས་མེད་།
གླེན་པས་རང་མིང་བཀོད་ནས་དྲ་ནང་འཛུལ་།
སྤྱང་པོའི་གཏམ་གྱི་སྤྱི་ཚོགས་དཀྲུགས་ཉེན་ཆེ་།
སྤྱང་པོའི་མིང་རྫུན་འོག་ཏུ་དྲ་ནང་ཚང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་ཁྱེར་རྫིག་པོ་མེད་པའི་གསར་འབྱོར་ཤེས་ཡོན་ཅན་མི་ཉུང་བར་ལས་ཀ་སྤྲད་མེད་པ་རེད། ཏིང་གིས་”ཞི་མི་དཀར་ནག་གང་ཡིན་ནའང་ཙི་ཙི་འཛིན་ཐུབ་ན་དེས་ཆོག” ཅེས་པ་ལ་སློབ་སྦྱོང་བྱེད་རྒྱུ་ལྷག་འདུག
བོད་མིའི་སྒྲིག་འཛུགས་ནས་གསར་འབྱོར་བ་ལ་ལྟ་སྟངས་ཡག་པོ་མེད་པ་གསལ་བོ་ཡིན། དེས་གོང་གི་དྲི་བ་དེ་ཚོ་གནད་ལ་ཁེལ་བ་འདུག
བོད་ནས་༨༧ ནས་བཟུང་གསར་འབྱོར་རེ་གཉིས་འབྱོར་ན་ནས་ལོ་རབ་དགུ་ཅུ་བའི་གསར་འབྱོར་བ་ཧ་ཅང་མང་པོ་འབྱོར་བ་ནས་གཉིད་ཁུག་བཞིན་པའི་གངས་སྐྱིད་ལ་རྣམ་ཤེས་གསར་པ་ཞིག་འབས་བ་ནས་བོད་པའི་སྤྱི་ཚོགས་ལ་ཡར་རྒྱས་དང་རྣམ་པ་གསར་པ་ཞིག་རྒྱས་པ་ནི་བོད་ནས་ཕེབས་པའི་གསར་འབྱོར་བ་ཚོས་དྲིན་ཡིན་བསམ། ལྷག་པར་ཤེས་ཡོན་སྲིད་བྱས་ཀྱི་སྐོར་ཡིན།
ཕྱི་ལོ ༡༩༧༠ རྗེས་ནས་སླབེས་པར་གསར་འབྱོར་ཟེར། དེའི་སྔོན་ལ་སླེབས་པར་རྙིང་འབྱོར་ཟེར། ང་རང་གསར་འབྱོར་མིན་ཡང་གསར་འབྱོར་བ་ཚོའི་ཆེད་དུ་བཀའ་སློབ་གསུངས་པ་བཀའ་དྲིན་ཆེ།
རང་བཙན་དང་དབུ་མ་དཀྲུགས། ཆོལ་ཁ་དང་ཆོས་ལུགས་དཀྲུགས། རྒྱལ་བ་དང་མི་དམངས་བར་དཀྲུགས། ད་གསར་འབྱོར་དང་རྙིང་འབྱོར་ཞེས་དཀྲུགས། དོན་ངོ་མ་2008 ཚུན་རྒྱ་ནང་དུ་ལོག་མཁན་ཞིག་ཁྱེད་རང་ཡིན་པ། ད་ཁྱེད་ཀྱིས་དམིགས་ཡུལ་ག་རེ་འགྲུབ་མ་སོང་།
༡༩༨༠ ཡས་མས་ནས་བོད་ནས་གསར་འབྱོར་བ་བོད་རིགས་རྣམས་ཕེབས་ནས་བཙན་བྱོལ་སྤྱི་ཚོགས་ལ་གང་ཅིའི་ཐུགས་ཕན་གསོས་ཡོད།ཆབ་སྲིད་ཀྱི་འཐོམས་ཞྭ་ཝ་ལེ་ཝ་ལེ་ལས་གཉིད་སད། བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པའི་ཚེ་སྲོག་སྦྱིན། ལས་ཁུངས་ཁག་དང་སློབ་གྲྭ་ཆེ་ཆུང་མཐོ་སློབ་སོགས་ཀྱི་འཁོར་ཡུག་ནང་བོད་ཀྱི་རིག་གཞུང་ལ་དོ་སྣང་གི་སྒྲོན་མེ་མཆེད། འཚོ་བ་རང་འཚོ་དང་རང་ཁ་རང་གསོའི་དཀའ་སྤྱད་ཀྱི་མིག་དཔེ་བཟང་པོ་བསྟན། ཆོས་སྡེ་ཁག་ལ་གྲྭ་བཙུན་གྱི་རྒྱུན་གནས་ཐུབ་སླད་དུར་ས་ནས་རྒྱུན་བསླངས། རིག་གནས་ཀྱི་འབྲི་རྩོམ་དང་གཏམ་གླེང་སོགས་ཀྱི་བྱ་འགུལ་སྤེལ། རང་རེའི་གསར་འགྱུར་བརྒྱུད་ལམ་གྱི་སྤུས་ཚད་ཡར་རྒྱས་བཏང་། ཕྱི་རྒྱལ་ཡུལ་གྲུ་གང་སར་བོད་མི་མང་པོ་གནས་སྤོས་བྱས། གཞས་དང་རོལ་མོའི་སྤུས་ཚད་ཀྱི་ངོ་བོ་དང་ཁ་ཕྱོགས་བསྒྱུར། བུད་མེད་དགེ་བཤེས་མ་ཟེར་བའི་སྲོལ་བཟང་ལ་ཞུགས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཚད་མཐོའི་དོ་སྣང་གསར་པ་དང་གཏམ་གླེང་འཆད་ཁྲིད་དང་བརྩམས་ཆོས་སྤེལ་བའི་གདིང་ཆ་བསྐྲུན། བསམ་བློ་དང་སྨྲ་བརྗོད་ཀྱི་རང་དབང་སྤྱོད་པའི་དཔའ་དང་བློ་ཁོག་བསླབས། མདོར་ན། ད་ཆ་བཙན་བྱོལ་ནང་གི་བོད་མིའི་ངོ་བོ་དང་བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་སོགས་ཀྱི་བདག་གཅེས་ལ་ཕུགས་རྒྱངས་རིང་པོའི་རེ་བ་བརྒྱབ་ས་ཁོང་ཚོ་རང་རེད་འདུག་གོ ད་ལྟ་ནས་སྲིད་སྐྱོང་རྗེས་མ་དེ་བོད་ཀྱི་སྐད་ཡིག་དང་དེང་དུས་ཀྱི་ཤེས་འབྱོན་གཉིས་ཀ་ཚད་དང་ལྡན་པའི་གསར་འབྱོར་བ་ཞིག་ལ་རེ་བ་རྒྱོབས། ད་ལྟ་ནས་གྲ་སྒྲིག་བྱོས། ཁོང་ཚོ་ངོ་མ་ཀཅ་ཅ་མ་རེད་བཞག ངོ་མ་པཀ་ཀ་ཟེར་བ་དེ་ཁོང་ཚོ་རེད་འདུག་གོ ༢༠༡༧ གྱི་བྱ་འགུལ་ལེགས་སླེལ་མཐུན་ཚོགས།། །།
༢༠༡༧ གྱི་བྱ་འགུལ་ལེགས་སྤེལ་མཐུན་ཚོགས། ཞེས་བཅོས་རོགས།