བར་སྐབས་ཤིག་ནས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གྲུ་ཟུར་འགའ་རེར་སྐར་ལྔའི་དར་དམར་མེ་བསྲེག་གཏོང་བ་དང་ལས་འགུལ་སྤེལ་སྐབས་སྐར་ལྔའི་དར་དམར་མཉམ་འཁྱེར་བྱས་པ་ལས་འཕྲོས་ཏེ་བགྲོ་གླེང་རྣོ་ངར་ཅན་ཞིག་གནང་སོང་། དེའི་སྐོར་ལ་ང་ལའང་དྲི་བ་འགའ་ཤས་སེམས་ནང་འཁོར་ཡོང་གི་འདུག་པས་དྲི་བ་འདི་དག་སྤྱི་ཡོངས་སུ་འདྲི་འདོད་བྱུང་།
སྐར་ལྔའི་དར་དམར་དེའི་འོག་ཏུ་རྒྱ་མི་རིགས་ག་ཚོད་ཅིག་ཤི་ཡོད་པ་རེད་དམ། བོད་མི་རིགས་ག་ཚོད་ཅིག་ཤི་ཡོད་པ་རེད་དམ།
སྐར་ལྔའི་དར་དམར་གྱིས་རྒྱ་མི་རིགས་མཚོན་ཐུབ་ཀྱི་རེད་དམ། སྐར་ལྔའི་དར་དམར་གུང་ཁྲན་ཏང་གི་དར་རེད་དམ་རྒྱ་མི་རིགས་ཀྱི་དར་རེད། ཡང་ན་གཉིས་ཀའི་དར་རེད། སྐར་ལྔའི་དར་དམར་མེར་བསྲེག་ན་རྒྱ་རིགས་མི་མང་ལ་ཕོག་ཐུག་འགྲོ་གི་རེད་ཟེར་བ་དེ་ཡོངས་སུ་བདེན་པའི་སྐད་ཆ་ཞིག་རེད་དམ། དེ་ཡིན་ན་རྒྱ་མི་རིགས་ཀྱི་ནང་དུའང་དར་དམར་གྱི་ཚབ་ཏུ་དར་དཀར་ཕྱར་ནས་གུང་ཁྲན་ཏང་གི་སྲིད་བྱུས་དང་དར་ཆ་གཉིས་ཀར་ངོ་རྒོལ་བྱས་པའི་ལོ་རྒྱུས་གོ་རྒྱུ་ཡོད་པ་འདི་བདེན་པ་རེད་དམ།
སྤྱིར་རྒྱལ་དར་ཟེར་བ་འདི་ཚོ་འཕྱར་མཁན་དང་མི་མང་ནང་འཕྱར་བར་ཤུགས་རྐྱེན་བཟོ་མཁན་དེ་གཞུང་ཞེས་པ་དེ་ཚོ་ཡིན་པ་དང་། ཕྱར་སའང་གཞུང་གི་ལས་ཁུངས་ཆེ་ཁག་གི་སྒོ་འགྲམ་ཡིན་པ་རེད། གཞུང་ཞིག་ལ་མཚོན་ན། དར་ཆ་ནི་རྒྱལ་ཁབ་ཅིག་གི་མཚོན་བྱེད་གལ་ཆེན་པོར་བརྩི་གི་འདུག་སྟེ་གལ་ཆེན་པོ་ཡིན་ནའང་ཐང་། ཡིན་ནའང་། མི་མང་རྣམས་ལ་མཚོན་ན། ངས་རྒྱལ་དར་ཟེར་བ་དེ་ཚོ་དེ་འདྲའི་མེད་དུ་མི་རུང་བ་ཞིག་དང་གལ་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག ཨ་རིའི་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་ཨ་རིའི་རྒྱལ་དར་མེར་བསྲེག་བཏང་ནས་ངོ་རྒོལ་བྱས་ན་ཨ་རིའི་མི་མང་ཚོར་ཕོག་ཐུག་གཏོང་རྒྱུ་ཕར་ཞོག་ཐ་ན་སྣང་དོགས་ཙམ་ཡང་མི་བྱེད་པ་དེས་དེ་ལ་གསལ་བཤད་བྱེད་ཀྱི་མི་འདུག་གམ།
དེ་འདྲ་ཡིན་ཙང་། བོད་དོན་ལས་འགུལ་སྤེལ་མཁན་མི་སྒེར་བ་ཚོས་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་ཁྱོགས་ཚོད་རེ་ཡིན་གཅིག་མིན་གཅིག་མཉམ་འཁྱེར་བྱས་ནས་འགྲོ་དགོས་ཀྱི་འདུག་གམ།
བོད་དོན་ལས་འགུལ་བ་འགའ་རེས་རང་གང་ལ་ངོ་རྒོལ་ཡོད་པའི་གཞུང་ཞིག་གི་རྒྱལ་དར་མེ་བསྲེག་བཏང་བ་ཡིན་ན། ཡང་ལས་འགུལ་བ་འགའ་རེས་རྒྱལ་ཁབ་གང་དེའི་མི་མང་ལ་ཕོག་ཐུག་བཏང་ཚུལ་གླེང་ནས་ས་ལྡིང་གནམ་ལྡིང་བྱེད་དགོས་ཀྱི་འདུག་གམ། འགའ་རེའི་སེམས་ནང་གི་ངོ་རྒོལ་བྱེད་ས་དེ་ཁྱེད་ཀྱི་སེམས་ནང་དུ་དེར་དེ་འདྲའི་བརྩི་མཐོང་སླེབས་དགོས་དོན་ག་རེ་རེད། ཁྱེད་ཀྱིས་དེ་ནི་གཞུང་གང་དེ་ལ་བརྩི་འཇོག་གི་ཆེད་དུ་ཡིན་ཞེས་བརྗོད་རྒྱུ་ཡིན་ནམ། མི་མང་ལ་དྲག་གནོན་དམར་གསོད་གཏོང་མཁན་གྱི་གཞུང་ཞིག་ལ་ཁོང་ཁྲོ་མེད་ནའང་བརྩི་འཇོག་ཅེས་པ་ཞིག་ཇི་ལྟར་ཁྱེད་ཀྱི་ཡིད་ལ་འཆར་ཐུབ་བམ། ཁྱེད་ཀྱིས་བརྩི་འཇོག་བྱེད་ཀྱི་ཡོད་བསམ་ནའང་ཁྱེད་ཀྱིས་བརྩི་འཇོག་བྱེད་ས་དེས་ང་ལ་བརྩི་འཇོག་བྱེད་ཀྱི་འདུག་བསམ་གྱི་རེད་དམ།
ཁྱེད་རང་གི་བསམ་ཚུལ་རེད། རྒྱལ་དར་གྱི་རྒྱལ་ཁབ་མི་མཚོན་ན་འོ་ན་རྒྱལ་ཁབ་མཚོན་བྱེད་ཅིག་ཞོགས་ཟེར་ན་གང་འཇོག ཡང་ན་མེད་ཟེར་རེད་དགོས་དམ།
འོ་ན་ངས་ཀྱང་ཅིག་འདྲི། རྒྱལ་ཁབ་ཁག་གི་རྩེད་མོ་ཚུན་ཆད་ནས་འགྲན་སྡུར་བྱེད་དུས་སོ་སོའི་རྒྱལ་དར་འཕྱར་ཅིང་རྒྱལ་གླུ་གཏོང་གིན་ཡོད་པ་ཅིའི་ཕྱིར།
ལུས་རྩལ་པ་རེ་རེ་དང་ལྟད་མོ་རེ་རེའི་ལག་ལ་ཡང་རྒྱལ་དར་འཛིན་པའམ་རྒྱལ་དར་གྱི་ཚབ་མཚོན་འདྲ་བཏགས་ཡོད་པ་སོགས་ཀྱིས་ཅི་ཞིག་མཚོན་གྱིན་ཡོད།
ཁྱེད་རང་ཚོས་ཀྱང་ངོ་རྒོལ་སྐད་འབོད་འདྲ་བྱེད་དུས་བོད་ཀྱི་རྒྱལ་དར་ཞིག་མེད་ན་ཆེན་པོ་ཞིག་མ་ཚང་བ་འདྲ་བོ་ཚོར་གྱིན་མི་འདུག་ག
གལ་ཏེ་མི་སུ་ཞིག་གིས་བོད་ཀྱི་རྒྱལ་དར་ལ་རྡོག་རྩིས་དང་མེར་བསྲེགས་བཏང་ན་བོད་མི་སྤྱིར་བཏང་བ་ཞིག་ཡིན་ན་ཡང་མི་དགའ་བ་ཐག་ཆོད་རེད་སྙམ། དཔེ་རང་ལ་བླངས་ནས་གཞན་ལ་བསམ་རྒྱུ་འདི་གལ་ཆེན་རེད།
དེ་བས་ངས། དམངས་ལ་གནོད་ན་རང་ལ་གནོད། ཅེས་པའི་ཚིགས་བཅད་དེ་བྲིས་པ་ཡིན། མངོན་སུམ་དུ་མཐོང་བའི་གནས་སྟངས་དག་ལ་ཚོད་དཔག་གཞན་དག་བྱེད་དགོས་པ་མི་འདུག་སྙམ་པ་འདི་གྲོགས་པོའི་དྲི་བ་ལ་མཐོང་ཆེན་གྱི་ཚུལ་དུ་སྨྲས་པའོ།
ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་འཕྱར་ནས་གོམ་བགྲོད་གནང་ཕྱོགས་ཐད་རང་བཙན་འཐབ་རྩོད་པ་དང་རང་སྐྱོང་འཐབ་རྩོད་པའི་ལྟ་སྟངས་ནི།
༼ དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད།༽འདི་གཞོན་ནུ་ཚོགས་པའི་ལྟ་སྟངས་རེད།
༼ རྒྱ་ནག་རྒྱལ་དར་གཅིག་པུ་འཕྱར་བ་མིན་པར། བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་མཉམ་འཕྱར་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི་དངོས་ཡོད་དང་མཐུན་པ། རྣམ་དཔྱོད་ལྡན་པ། དབུ་མའི་ལམ་གྱི་ནང་དོན་སྒྲུབ་པའི་འཐབ་རྩོད་བྱ་ཕྱོགས་ཤིག་ཡིན། ༽འདི་དབུ་ལམ་ལས་འགུལ་ཁང་གི་ལྟ་སྟངས་རེད།
ད་ང་ལའང་དྲི་བ་འགའ་ཡོད། བསམ་ཚུལ་འགའ་ཡང་ཡོད།
དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་ཆགས་མི་ཆགས་དེ་རྒྱ་མིའི་རྒྱལ་དར་འཕྱར་མི་འཕྱར་གྱིས་ཐག་གཅོད་དགོས་པ་ཨེ་རེད།
རྒྱ་ནག་རྒྱལ་དར་འཕྱར་སྟེ་ཞི་བའི་འཐབ་རྩོད་གནང་བཞིན་པ་འདིས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུའི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ་མཚོན་གྱི་ཡོད་ན། ཉིས་སྟོང་བརྒྱད་ལོའི་བསམ་འཆར་ཡིག་ཆ་དེས་ཁ་ཞེ་གཉིས་མེད་ཡིན་པ་མཚོན་མ་ཐུབ་པ་ཨེ་རེད།
རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བ་ཡིན་ན་དེ་ནི་འཚེ་བའི་ལས་ཀ་རེད་ཅེས་དབུ་མའི་ལངས་ཕྱོགས་འཛིན་མཁན་ཚོས་བཤད་འདུག དེ་འཚེ་བ་ཅན་དུ་ཅི་ལྟར་སྒྲུབ་ཀྱི་ཡོད་དམ། ཆབ་སྲིད་ཐད་ཀྱི་འཚེ་བའི་ལས་འགུལ་གྱི་ལྟ་སྟངས་བྱས་ན། དེ་ནི་འཚེ་བའི་ལས་འགུལ་གང་ཡང་མ་རེད།
རང་བཙན་གྱི་ལྟ་སྟངས་ཀྱིས་བལྟས་ན། ད་རེས་ཁོང་ཚོས་རྒྱ་མིའི་རྒྱལ་དར་འཕྱར་བ་འདི་འགྲིག་མེད་པར་བཤད་པ་དེ་འགྲིག་ཡོད།
དབུ་མའི་ལྟ་སྟངས་ཀྱིས་བལྟས་ན། ད་རེས་ཁོང་ཚོས་རྒྱ་མིའི་རྒྱལ་དར་འཕྱར་བ་འདི་འགྲིག་ཡོད་མདོག་ཅིག་བཤད་འདུག འོན་ཀྱང་། སྒྲུབ་བྱེད་དེ་ཚོས་མི་འགྲིག་པ་ཞིག་སྒྲུབ་འདུག
ང་རང་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན། ཡིན་ནའང་། དབུ་མའི་ལམ་ལས་འགུལ་ཁང་གིས་ལོ་འགའི་རིང་དབུ་མའི་ལམ་གྱི་འགྲེལ་བཤད་རྒྱག་སྟངས་དེར་ངས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག ཁོང་ཚོས་འགྲེལ་ལོག་བརྒྱབ་པ་མང་དྲག་སྟབས། སྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྐོར་གསུང་སྐབས། ཡེ་ཤེས་དབྱིངས་དཔྱད་ཟེར་བ་དེ་མ་རེད་ད། ཞེས་ཡང་ཡང་གསུང་དགོས་བྱུང་ཡོད། དེ་དབུ་མའི་ལམ་འགྲེལ་བཤད་རྒྱག་མཁན་ཚོས་ནོར་འཁྲུལ་ཞིག་བཟོ་གི་ཡོད་པ་གཟིགས་ཙང་རེད།
དབུ་མའི་ལམ་ལབ་ན་བཙན་བྱོལ་མི་མང་ལའང་གོ་རྟོགས་གསལ་པོ་ཞིག་ཐོབ་མི་འདུག རང་བཙན་ལབ་ན་ཚང་མས་ཧ་གོ་བ་ཞིག་ཆགས་ཡོད། རྒྱལ་རབས་ལོ་རྒྱུས་ཀྱི་བདེན་པ་དང་གནས་སྟངས་ཀྱི་དགོས་མཁོ་གང་ཡིན་ནའང་། འགྲེལ་བཤད་པ་ཚོས་ཐག་ཉེའི་མང་ཚོགས་ཁྲོད་ར་འཕྲོད་པ་ཞིག་བཟོས་ན་ཡག་པོ་འདུག
ངས་ཆབ་བྲག་ལྷ་མོ་སྐྱབས་ལ་དྲི་བ་ཞིག་འདྲི་ཆོག་པར་ཞུ། སྐར་ལྔའི་དར་དམར་དེ་གུང་ཁྲན་ཏང་དབུ་བརྙེས་ནས་གསར་བཟོ་བྱས་པ་ཞིག་རེད་དམ། ཡང་ན་རྒྱ་ནག་ཆགས་དུས་ནས་བཟོས་པའི་རྒྱུན་ལྡན་གྱིས་རྒྱལ་དར་ཞིག་རེད། སྐར་ལྔའི་དར་དམར་དེ་གུང་ཁྲན་ཏང་གི་བཟོས་པ་ཞིག་རེད་དམ། ཡང་ན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་འདོད་མོས་ལས་གྲུབ་པའི་རྒྱལ་དར་ཞིག་རེད། གུང་ཁྲན་ཏང་དང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ལ་ཁྱད་པར་ག་རེ་ཡོད་རེད།
རེད། སྤྱིར་རྒྱལ་དར་ཟེར་ན་རྒྱལ་ཁབ་ཀྱི་དར་ཆ་རེད། དེ་ཡང་ཕལ་ཆེ་བ། དང་པོར་དམག་རུ་བྱེ་བྲག་པ་རེའི་དམག་དར་དང་ཡང་ན་ཚོ་བ་བྱེ་བྲག་པ་རེའི་རུ་དར། ཡང་ན་ཚོགས་པ་བྱེ་བྲག་པ་ཞིག་གི་ཚོགས་དར་ནས་ཡོང་བ་རེད། ཡིན་ནའང་། དར་ཆ་བྱེ་བྲག་པ་ཞིག་རྒྱབ་ཅིག་གི་དར་ཆ་ཆགས་པའི་བར་དེ་ན་འགལ་འབྲེལ་གྱི་ལོ་རྒྱུས་མང་པོ་ཞིག་ཡོད་པ་རེད། དར་ཆ་དེ་གཅིག་པོའི་ཐོག་ན་ངོ་རྒོལ་དང་རྒྱབ་སྐྱོར་རུ་འཛིངས་ནས་ཡོད་པ་རེད། མི་མང་ནང་ཇི་ལྟར་ངོ་རྒོལ་ཡོད་མེད་ལ་མ་ལྟོས་པར་དར་ཆ་བྱེ་བྲག་པ་དེའི་བདག་པོ་རྒྱལ་ཁབ་ཀྱི་དབང་སྒྱུར་བར་ཆགས་པ་ནས་དར་ཆ་དེའང་རྒྱལ་ཁབ་ཀྱི་དར་ཆར་གཏན་འཁེལ་བྱུང་བ་རེད། སུས་གཏན་ཁེལ་བ་རེད། ཕལ་ཆེ་བ་ཞིག་དབང་འཛིན་པས་གཏན་འཁེལ་བ་རེད། བླ་མས་ཅི་གསུང་ཆོས་དང་མཛུབ་མོས་གར་སྟོན་ཤར་བྱེད་པ་ལས་མི་མང་ལ་ཐབས་ཤེས་ཅི་ལ་ཡོད། མདོར་དེད་ན། རྒྱལ་དར་ཕལ་ཆེ་བ་དེ་རྒྱལ་ཁབ་ཀྱི་མཚོན་རྟགས་སུ་དབང་འཛིན་པས་བཟོས་པ་རེད། དེར་བརྟེན། རྒྱལ་དར་དག་གི་ནང་རྒྱལ་ཁབ་ཀྱི་མཚོན་རྟགས་སུ་འགྲོ་མི་འགྲོ་གཉིས་ཀ་ཡོད་པ་རེད། རྒྱལ་ཁབ་ཀྱི་མཚོན་རྟགས་སུ་འགྲོ་མིན་དེ། གཙོ་བོ་དང་པོར་རྒྱལ་དར་དེ་ཇི་ལྟར་གཏན་ལ་འཁེལ་མིན་ལ་ཐུག་ཡོད་པ་རེད།
ཨོ་ལིམ་ཕིག་ནི་རྒྱལ་ཁབ་བར་གྱི་འགྲན་རྩོད་ཅིག་ཡིན་པས་གཞུང་གང་ཡིན་པ་དེའི་དར་ཆ་ཁྱེར་ཡོང་དགོས་པ་དེ་གོམས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། གལ་སྲིད། གཞུང་གང་ཞིག་ལ་འབྲེལ་བ་མེད་པ་དང་། གཞུང་གང་གིས་ཤུགས་རྐྱེན་ཐེབས་མེད་པ། རྒྱལ་ཁབ་གང་ཞིག་གི་ཚབ་མཚོན་མིན་པར་རྒྱལ་ཁབ་ཀྱི་དབྱེ་མཚམས་མེད་པར་ལུས་རྩལ་པ་སྒེར་ངོས་ནས་ཞུགས་ཆོག་པའི་འགྲན་ཚོགས་ཤིག་ཡིན་པའི་དབང་དུ་བཏང་ན་སུ་ཞིག་གིས་རྒྱལ་དར་ཁྱེར་ཡོང་གི་རེད།
དཔེ་རང་ལ་བཞག་ནས་གཞན་ལ་བསམ་རྒྱུ་ཟེར་བ་དེ་མ་བསམ་ན་ཇི་འདྲའི་བསླབ་བྱ་སྙིང་རྗེ་བ་ཞིག་རེད་མི་འདུག་གམ། ཡང་གཅིག་བསམ་པ་ཡིན་ན། རང་དང་གཞན་ཟེར་བ་དེ་ནི་དངོས་པོ་མ་འདྲ་བ་གཉིས་ཡིན་པ་རེད། དེ་ཡིན་པ་ཡིན་ན། ཞྭ་དཔེ་ལྷམ་འགེབས་ཟེར་བ་དེ་རེད། རྒྱལ་ཁབ་རེ་རེའི་ལོ་རྒྱུས་མི་འདྲ་བ། གཞུང་གི་གྲུབ་ཚུལ་མི་འདྲ་བ། དེ་བཞིན་རྒྱལ་དར་གྱི་འབྱུང་རྐྱེན་མི་འདྲ་བ་སོགས་ལ་བརྟེན་ནས་རྒྱལ་ཁབ་གང་དེའི་མི་མང་གིས་གཞུང་གི་རྒྱལ་དར་ལ་ལྟ་སྟངས་དང་བརྩེ་བའང་མི་འདྲ་བ་རེད། གཞུང་གང་ཞིག་གི་བཙན་དབང་འོག་ཡོད་པའི་མི་མང་གིས་གཞུང་གི་རྒྱལ་དར་ལ་ལྟ་སྟངས་ཤིག་དང་། རང་དབང་དམངས་གཙོར་རོལ་བའི་མི་མང་གིས་རང་རྒྱལ་ཁབ་ཀྱི་རྒྱལ་དར་ལ་ལྟ་སྟངས་ཤིག གཞན་གྱི་དབང་སྒྱུར་བཙན་བཟུང་འོག་ཚུད་དེ་རང་དབང་རྩོད་ལེན་གནང་མཁན་གྱི་མི་རིགས་ཤིག་གིས་རང་གི་རྒྱལ་དར་ལ་ལྟ་སྟངས་དེ་ཚོ་རྦད་དེ་མི་འདྲ་ཞིང་རྒྱ་ཆེ་ས་ནས་ཞིབ་ཚགས་དང་ཉམས་ཞིབ་བྱས་ནས་བཤད་དགོས་པའི་བརྗོད་གཞི་རྐྱང་རེད།
ངའི་གོང་གསལ་གྱི་དྲི་བ་རེ་རེ་བཞིན་ཡག་པོ་ཞིག་ཀློག་ཡོད་པ་ཡིན་ན། མེ་ཏོག་དཀར་པོ་དང་ཆབ་བྲག་ལྷ་མོ་སྐྱབས་གཉིས་ཀྱི་དྲི་བ་དེར་ལན་བཏབ་ཚར་ཡོད་ཀྱང་སྐྱར་དུ་གསལ་བཤད་ཅིག་བྱས་པ་ཡིན།
དབུ་མའི་ལམ་ཅེས་པ་དེ་གཡས་གཡོན་གང་དུ་ཡང་མ་ལྷུང་བའི་དཀྱིལ་མ་དེར་གོ་དགོས། གལ་སྲིད་གཡས་གཡོན་གང་དུ་ལྷུང་ཀྱང་དབུ་མའི་ལམ་དེ་དབུ་ལམ་ལྟར་སྣང་བ་ཞིག་དུ་འགྱུར་རྒྱུ་ལས། དབུ་ལམ་མཚན་ཉིད་པ་དེ་མ་རེད། དབུ་མའི་ལམ་གི་ལྟ་གྲུབ་དེ་རང་སྐྱོངས་མཚན་ཉིད་པ་ཞིག་རེ་བར་ལས། དབུ་ལམ་པས་ད་ལྟར་དབུ་ལམ་མཚན་ཉིད་པ་དེ་ཐོབ་ཐུབ་མེད། བྱས་ཙང་ནམ་ཞིག་གི་ཚེ་དབུ་ལམ་པས་དབུ་ལམ་མཚན་ཉིད་པ་དེ་ཐོབ་ནས་ལོངས་སུ་སྤྱོད་པའི་དུས་དེར། དབུ་ལམ་པས་སྐར་ལྔའི་དར་དམར་ཕྱར་ནས་ལས་འགུལ་ག་རེ་སྤེལ་ཡང་དུས་ཐོག་བབས་པའི་ཆར་དེ་དུས་རེད། མ་ཚད་ད་ལྟར་དབུ་ལམ་པ་འཚོ་གནས་བྱེད་པའི་ས་ཆ་དེ་ཡང་སྐྱབས་བཅོལ་བའི་འཁོར་ཡུག་ཞིག་ལས་དབུ་ལམ་པ་དགའ་བའི་ས་ཆ་དེས་ཐོག་ཏུ་མ་རེད། ད་ལྟར་དབུ་ལམ་པ་འཚོ་གནས་བྱེད་པའི་ས་ཁུལ་དེ་ཡང་སྐར་ལྔའི་དར་དམར་དེ་ལ་སྐྲག་ནས་བྲོས་ཡོང་བའི་སྐྱབས་བཅོལ་བའི་འཁོར་ཡུག་ཞིག་ལས། སྐར་ལྔའི་དར་དམར་ལ་དགའ་ཞེན་དང་གུས་བརྩི་ཆེ་རྐྱེན་ས་ཕྱོགས་འདིར་སྤྲོ་སྐྱིད་གཏོང་ཆེད་ཡོང་བ་ཡིན་པར་ཞིག་ངས་ངོས་འཛིན་བྱེད་གི་མེད། དབུ་ལམ་པས་འཇིག་རྟེན་ཁ་དཔེར། བླ་མས་ཅི་གསུངས་མ་ཤེས་གོང། གྲྭ་པས་འདོན་སྔ་ཤ་ར་ར་ཅེས་པ་ལྟར་ཏང་གི་འགྱུར་བ་མ་བྱས་གོང། དབུ་ལམ་པས་དར་དམར་ཕྱར་ལ་ལ། ཅེས་པ་དེ་གནད་དུ་འབེབས་པའི་གཏམ་ཞིག་རེད་མི་འདུག་བས། དབུ་ལམ་པ་གནས་བསྡོད་བྱེད་སའི་ལས་ཁུང་དེའི་ནང་དུ་བོད་ཀྱི་རྒྱལ་དར་དེས་ཚབ་དུ་སྐར་ལྔའི་དར་དམར་ཞིག་དང་གོང་ས་མཆོག་གི་སྐུ་པར་དེའི་ཚབ་དུ་ཧུའི་ཅན་ཐའོ་ཡི་འདྲ་པར་ཞིག་དགོས་པ་ནི་ད་ལྟའི་དབུ་ལམ་པའི་ལྟ་གྲུབ་ངོ་མ་དེ་ཡིན་པར་འདོད། དབུ་ལམ་པ་གནས་བསྡོད་བྱེད་སའི་འཁོར་ཡུག་དེ་དོན་དངོས་ཐོག་མེས་རྒྱལ་ཆེན་པོའི་པང་དུ་ལས་སྐྱབས་བཅོལ་བའི་འཁོར་ཡུག་དེ་མ་རེད། དབུ་ལམ་པས་དམིགས་པའི་དམིག་ཡུལ་ངོ་མ་དེ། བོད་ལ་ག་རེ་བྱས་ཀྱང་བྱས། ང་ཚོ་ནམ་ཡང་རྒྱ་ལ་དགའ། ཅེས་པ་དེ་ཡིན་པར་གསལ་པོ་ར་འཕྲོད་བྱུང་སོང།
སྤྱིར་འདིའི་རིགས་གླེང་རིན་མི་འདུག་མོད།ཁ་སང་སྔོན་མ་ནས་གཞོན་ནུས་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བཏང་དུས་།དྲ་འབུ་མགོ་འཐོམས་སྐོར་ཞིག་གིས་རྒྱལ་དར་མེ་བསྲེགས་ན་རྒྱ་མི་རིགས་ལ་ཕོག་ཐུག་འགྲོ་གི་རེད་ཟེར།
རྒྱ་ནག་གི་རྒྱལ་དར་གྱི་ཁ་མདོག་མཚོན་བྱེད་དང་སྐར་ལྔའི་མཚོན་བྱེད་སོགས་ལ་འདྲིས་ཆ་མེད་པའི་རྟགས་རེད།
རྒྱ་མི་རིགས་དང་དམར་གཞུང་གཉིས་ཀྱིས་བོད་མི་རིགས་ཐོག་ལ་བལྟ་སྟངས་ག་འདྲ་ཡོད་མེད་ཤེས་དགོས།རྗེས་ནས་དར་དམར་མེ་བསྲེགས་བཏང་ན་ཕོག་ཐུག་འགྲོ་མིན་དང་།གལ་སྲིད་སོང་ཀྱང་གནད་འགག་ཡོད་མེད་ཤེས་ཐུབ།སྐར་ལྔའི་དར་དམར་འཕྱར་ཏེ་བོད་མི་རིགས་ཐོག་དམར་གསོད་བྱས་ཚེ།དྲ་འབུ་སྐོར་ཞིག་ལ་ཚོར་བ་འབྱུང་གི་མི་འདུག་མོད།ཡིན་ཡང་དར་དམར་མེ་བསྲེགས་བཏང་ན་ཚོར་བ་འབྱུང་བ་འདི་དགད་མོ་ཤོར་བ་ཞིག་རེད།དར་དམར་གུང་ཁྲན་ཏང་གི་དར་དམར་རེད་མ་གཏོགས་རྒྱ་མི་རིགས་ཀྱི་རྒྱལ་དར་མིན་པ་ཤེས་དགོས།དེང་སང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་སྐར་ལྔའི་དར་དམར་འཕྱར་གྱི་འདུག་གམ།ཁྱེད་ཚོ་སྐོར་ཞིག་གིས་ཆབ་སྲིད་ཚོགས་པ་ཞིག་གི་རྟགས་དང་མི་དམངས་ཀྱི་རྟགས་ཀྱི་ཁྱད་པར་ཤེས་དགོས།དར་དམར་འདི་རྒྱ་ནག་མི་དམངས་ཀྱི་དར་ཆ་མ་རེད།འདི་དམར་ཕྱོགས་ཚོགས་པའི་དར་ཆ་རེད།
དབུ་མའི་ལམ་ཅེས་པ་དེ་གཡས་གཡོན་གང་དུ་ཡང་མ་ལྷུང་བའི་དཀྱིལ་མ་དེར་གོ་དགོས། གལ་སྲིད་གཡས་གཡོན་གང་དུ་ལྷུང་ཀྱང་དབུ་མའི་ལམ་དེ་དབུ་ལམ་ལྟར་སྣང་བ་ཞིག་དུ་འགྱུར་རྒྱུ་ལས། དབུ་ལམ་མཚན་ཉིད་པ་དེ་མ་རེད། དབུ་མའི་ལམ་གི་ལྟ་གྲུབ་དེ་རང་སྐྱོངས་མཚན་ཉིད་པ་ཞིག་རེ་བར་ལས། དབུ་ལམ་པས་ད་ལྟར་དབུ་ལམ་མཚན་ཉིད་པ་དེ་ཐོབ་ཐུབ་མེད། བྱས་ཙང་ནམ་ཞིག་གི་ཚེ་དབུ་ལམ་པས་དབུ་ལམ་མཚན་ཉིད་པ་དེ་ཐོབ་ནས་ལོངས་སུ་སྤྱོད་པའི་དུས་དེར། དབུ་ལམ་པས་སྐར་ལྔའི་དར་དམར་ཕྱར་ནས་ལས་འགུལ་ག་རེ་སྤེལ་ཡང་དུས་ཐོག་བབས་པའི་ཆར་དེ་དུས་རེད། མ་ཚད་ད་ལྟར་དབུ་ལམ་པ་འཚོ་གནས་བྱེད་པའི་ས་ཆ་དེ་ཡང་སྐྱབས་བཅོལ་བའི་འཁོར་ཡུག་ཞིག་ལས། དབུ་ལམ་པ་དགའ་བའི་ས་ཆ་དེས་ཐོག་ཏུ་དབུ་ལམ་པས་གཏམ་བཤད་སྤེལ་བར་མ་རེད། ད་ལྟར་དབུ་ལམ་པ་འཚོ་གནས་བྱེད་པའི་ས་ཁུལ་དེ་ཡང་སྐར་ལྔའི་དར་དམར་དེ་ལ་སྐྲག་ནས་བྲོས་ཡོང་བའི་སྐྱབས་བཅོལ་བའི་འཁོར་ཡུག་ཞིག་ལས། སྐར་ལྔའི་དར་དམར་ལ་དགའ་ཞེན་དང་གུས་བརྩི་ཆེ་རྐྱེན་ས་ཕྱོགས་འདིར་སྤྲོ་སྐྱིད་གཏོང་ཆེད་ཡོང་བ་ཡིན་པར་ཞིག་ངས་ངོས་འཛིན་བྱེད་གི་མེད། དབུ་ལམ་པས་འཇིག་རྟེན་ཁ་དཔེར། བླ་མས་ཅི་གསུངས་མ་ཤེས་གོང། གྲྭ་པས་འདོན་སྔ་ཤ་ར་ར་ཅེས་པ་ལྟར་ཏང་གི་འགྱུར་བ་མ་བྱས་གོང། དབུ་ལམ་པས་དར་དམར་ཕྱར་ལ་ལ། ཅེས་པ་དེ་གནད་དུ་འབེབས་པའི་གཏམ་ཞིག་རེད་མི་འདུག་བས། དབུ་ལམ་པ་གནས་བསྡོད་བྱེད་སའི་ལས་ཁུང་དེའི་ནང་དུ་བོད་ཀྱི་རྒྱལ་དར་དེས་ཚབ་དུ་སྐར་ལྔའི་དར་དམར་ཞིག་དང་གོང་ས་མཆོག་གི་སྐུ་པར་དེའི་ཚབ་དུ་ཧུའི་ཅིན་ཐའོ་ཡི་འདྲ་པར་ཞིག་དགོས་པར་ནི་ད་ལྟའི་དབུ་ལམ་པའི་ལྟ་གྲུབ་ངོ་མ་དེ་ཡིན་པར་འདོད། དབུ་ལམ་པ་གནས་བསྡོད་བྱེད་སའི་འཁོར་ཡུག་དེ་དོན་དངོས་ཐོག་མེས་རྒྱལ་ཆེན་པོའི་པང་དུ་ལས་སྐྱབས་བཅོལ་བའི་འཁོར་ཡུག་དེ་མ་རེད། དབུ་ལམ་པས་དམིགས་པའི་དམིག་ཡུལ་ངོ་མ་དེ། བོད་ལ་ག་རེ་བྱས་ཀྱང་བྱས། ང་ཚོ་ནམ་ཡང་རྒྱ་ལ་དགའ། ཅེས་པ་དེ་ཡིན་པར་གསལ་པོ་ར་འཕྲོད་བྱུང་སོང། ད་ལྟའི་གནས་བབས་ལ་བལྟས་ན་དར་དམར་མཐོང་ན་ཁོང་ཁྲོ་དང་སྐྲག་སྣང་སྐྱེ་རྒྱུ་ལས། བོད་མི་རྩམ་བཟན་ཞིག་ཡིན་ནས་བཟུང་དར་དམར་ཕྱར་བ་ལ་རྒྱབ་སྐྱོར་བྱེད་མཁན་ནི་དབུ་ལམ་པ་ལས་གཞན་སུ་ཡོད། ཅེས་པ་ནི་མཐོང་རྒྱ་དང་ཐོས་རྒྱ་མེད་པའི་མི་ངན་ཞིག་གི་བསམ་ཚུལ་ཡིན་ནོ།
རྒན་ཆབ་བྲག་གི་གསུང་འདི་ལ་རྒྱབ་སྐྱོར་ཡོད།
(འོ་ན་ངས་ཀྱང་ཅིག་འདྲི། རྒྱལ་ཁབ་ཁག་གི་རྩེད་མོ་ཚུན་ཆད་ནས་འགྲན་སྡུར་བྱེད་དུས་སོ་སོའི་རྒྱལ་དར་འཕྱར་ཅིང་རྒྱལ་གླུ་གཏོང་གིན་ཡོད་པ་ཅིའི་ཕྱིར།
ལུས་རྩལ་པ་རེ་རེ་དང་ལྟད་མོ་རེ་རེའི་ལག་ལ་ཡང་རྒྱལ་དར་འཛིན་པའམ་རྒྱལ་དར་གྱི་ཚབ་མཚོན་འདྲ་བཏགས་ཡོད་པ་སོགས་ཀྱིས་ཅི་ཞིག་མཚོན་གྱིན་ཡོད།
ཁྱེད་རང་ཚོས་ཀྱང་ངོ་རྒོལ་སྐད་འབོད་འདྲ་བྱེད་དུས་བོད་ཀྱི་རྒྱལ་དར་ཞིག་མེད་ན་ཆེན་པོ་ཞིག་མ་ཚང་བ་འདྲ་བོ་ཚོར་གྱིན་མི་འདུག་ག
གལ་ཏེ་མི་སུ་ཞིག་གིས་བོད་ཀྱི་རྒྱལ་དར་ལ་རྡོག་རྩིས་དང་མེར་བསྲེགས་བཏང་ན་བོད་མི་སྤྱིར་བཏང་བ་ཞིག་ཡིན་ན་ཡང་མི་དགའ་བ་ཐག་ཆོད་རེད་སྙམ། དཔེ་རང་ལ་བླངས་ནས་གཞན་ལ་བསམ་རྒྱུ་འདི་གལ་ཆེན་རེད།
དེ་བས་ངས། དམངས་ལ་གནོད་ན་རང་ལ་གནོད། ཅེས་པའི་ཚིགས་བཅད་དེ་བྲིས་པ་ཡིན། མངོན་སུམ་དུ་མཐོང་བའི་གནས་སྟངས་དག་ལ་ཚོད་དཔག་གཞན་དག་བྱེད་དགོས་པ་མི་འདུག་སྙམ་པ་འདི་གྲོགས་པོའི་དྲི་བ་ལ་མཐོང་ཆེན་གྱི་ཚུལ་དུ་སྨྲས་པའོ།)
ཆབ་བྲག་ཕོ་ཉ་ལགས།
སྤོ་ལོ་འགྲན་བསྡུར་དང་ལུས་རྩལ་འགྲན་བསྡུར་སྐབས་རྒྱལ་ཁབ་སོ་སོའི་རྒྱལ་དར་འཕྱར་ནས་རྒྱལ་གླུ་གཏོང་བའི་ལམ་ལུགས་ཞིག་ཡོད་པ་རེད། དེ་ནི་རྒྱལ་ཁབ་སུ་ཡིན་གྱི་མཚོན་རྟགས་ཞིག་རེད་ལ་འགྲན་རྩོད་པ་མང་ཆེ་བས་སྤོབས་པ་ཆེན་པོའི་སྒོ་ནས་རང་ལ་རྒྱལ་ཁབ་ཞིག་ཡོད་བསམ་གྱི་ཡོད་པ་རེད་ལ། རྒྱལ་ཁབ་དེ་ལ་དམངས་གཙོ་དང་རང་དབང་ཆ་ཚང་ཡོད་ཟེར་གྱི་ཡོད་་པ་རེད་ལ་འགྲན་རྩོད་ཀྱི་འཐོབ་ཐང་དང་རང་དབང་ཡོད་ཟེར་གྱི་ཡོད་པ་རེད། འོ་ན་ཏང་དར་འཕྱར་ནས་རང་དབང་དང་དམངས་གཙོ་ཡོད་བསམ་གྱི་ཡོད་ན་རྒྱ་ནག་མི་དམངས་ཅི་འདྲ་ཞིག་རེད་བསམ་གྱི་འདུག་ཆབ་བྲག་ལགས།
སྤོ་ལོ་བ་དང་ལུས་རྩལ་བ་རེ་རེའི་ལག་ན་སོ་སོའི་རྒྱལ་དར་རེ་འཕྱར་བ་ནི་གོང་ཞུས་ལྟར་ཡིན་ཡང་ལྟད་མོ་བ་ལ་མཚོན་ན་ཆ་འཇོག་བྱེད་རྒྱུ་ཅང་མེད་པ་རེད། སོ་སོའི་དགའ་ཕྱོགས་སྤོ་ལོ་བ་སྐད་གྲགས་ཅན་དང་ལུས་རྩལ་བ་ལ་དབྱིངས་ཞིག་ཞུགས་ཚར་དུས་རྒྱལ་ཁབ་འདྲ་མིན་གྱི་དར་ཆ་ལག་ན་འཕྱར་བཞིན་པ་མང་པོ་ཡོད་པ་རེད། འོ་ན་དེས་ཅི་ཞིག་མཚོན་པ་རེད།
ང་ཚོས་སྐད་འབོད་དང་ལས་འགུལ་འདྲ་སྤེལ་སྐབས་གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་དེ་མེད་ན་སྟོང་པ་སྟོང་རྐྱང་དང་ལས་འགུལ་ནུས་མེད་དུ་འཚོར་གྱིན་འདུག། འོན་ཀྱང་བོད་ཀྱི་རྒྱལ་དར་འདི་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་ནང་བཞིན་ཡིན་ན་ནམ་ཡང་འཕྱར་ས་མ་རེད་ལ་ནམ་ཡང་མེར་སྲེག་གཏོང་ས་རེད། མ་ཟད་མི་སུ་ཞིག་གིས་བོད་དར་འདི་རྡོག་རྫིས་བཏང་ན་འདྲ་མེར་སྲེག་བཏང་ན་འདྲ་ཅི་ཡང་བསམ་ས་མ་རེད་ལ་ད་དུང་དགའ་བསུ་ཞུ་ས་རེད། འོན་ཀྱང་ཡ་མཚན་སྐྱེས་དགོས་པ་ཞིག་ལ་བོད་ནང་གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་འདི་རྡོག་རྫིས་བཏང་བ་དང་མེར་སྲེག་གཏོང་བ་ནི་ཕྲུ་གུའི་རྩེད་མོ་རེད་ལ་མཐའ་ན་མིག་གིས་མཐོང་བ་ཙམ་གྱིས་སྲོག་ཉེན་ལ་འཐུག་གི་ཡོད་པ་མངོན་སུམ་ཡིན་ཡང་ཅི་ཡང་མི་བསམ་པར་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་སྲེག་པ་ཙམ་གྱིས་རྒྱ་རོ་མང་པོར་འཕོག་འཐུག་འགྲོ་ཚུལ་དང་། འཚེ་བའི་སྦྱོར་བ་ཡིན་ཚུལ་བཤད་སྟངས་ནི་བདག་ལས་གཞན་གཅེས་ཀྱི་བྱང་སེམས་རྣལ་མ་ཞིག་རང་རྒྱུད་ལ་སྐྱེས་ཡོད་མདོག་དང་ས་འཐོབ་ཀྱི་སེམས་དཔའ་དང་སེམས་མ་ཡིན་མདོག་བྱེད་པ་འདི་ཅི་འདྲའི་ཡ་མཚན་མ་རེད་པས། རང་རིགས་གསོན་པོར་བསྲེག་པར་བསམ་བློ་ཞིག་བཏང་མྱོང་ཨེ་ཡོད། གཞན་ལ་རྐྱང་རྐྱང་བསམ་བློ་བཏང་བ་མ་གཏོག་རང་ལ་བསམ་བློ་ཅི་ཡང་མོ་གཏོང་བ་དང་མི་འཁོར་བའི་འབྲས་བུ་ཅི་ཞིག་བྱུང་འདུག། རང་རིགས་ལ་བསམ་བློ་ཞིག་བཏང་མྱོང་ཨེ་ཡོད། དཔེར་ན་རྒྱ་རོ་དེ་ཚོ་ལ་ཅིག་གཟིགས་དང་ནང་ཁུལ་རྙོག་དྲ་ལུང་པ་གང་ཡོད་ཀྱང་ཁ་ཕྱི་ལ་བསྐོར་ཡོང་དུས་ཁ་གཅིག་བསྒྲགས་རེད་འདུག་ལ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་དེ་ཤུགས་ཆེན་བསྟན་ཡོང་གི་འདུག། ཆབ་བྲག་ལགས་ཀྱིས་གཟིགས་ཚུལ་ག་འདྲ་འདུག།
འབྲས་མེད་ཀྱི་རྒྱལ་དར་རྩོད་རྙོག་འདི་ལ་ཁ་བཙུམ་ནས་འདུག་དགོས་བསམ་ཡང་འདུག་གིན་མི་འཇུག་ག
མི་ལ་ལས་རྒྱལ་དར་ཟེར་པ་རྒྱལ་ཁབ་ཀྱི་དར་ཆ་རེད་ཟེར། མི་ལ་ལས་རྒྱལ་དར་ཟེར་པ་མི་མང་གི་དར་ཆ་རེད་ཟེར། རྒྱལ་དར་ཟེར་པ་རྒྱལ་ཁབ་ཀྱི་དར་ཆ་མ་རེད་ལ་མི་མང་གི་དར་ཆ་ཡང་མ་རེད། འོ་ན་ག་རེ་རེད་ཟེར་ན་རྒྱལ་དར་ཟེར་པ་མི་མང་ལ་དབང་བསྒྱུར་བའི་སྐབས་ཐོག་གི་ཚོགས་པ་ཞིག་གི་དར་ཆ་རེད། དེ་ནི་སྔོན་ཆད་ནས་དེ་འདྲ་རེད་ལ། ད་ལྟ་ཡང་དེ་འདྲ་རེད།
རྒྱལ་ཟེར་པ་གཡུལ་ལས་རྒྱལ་པའི་དོན་ལ་ཟེར་པ་དང་། དར་ཟེར་པ་རས་གོས་ཤིག་གི་མཚོན་དོན་རེད། ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་ན་རྒྱལ་ཁ་ཐོབ་པའི་མཚོན་རྟགས་སུ་སྒྲེང་བའི་དར་གོས་ཤིག་རེད། དེ་ནི་དར་རས་ཞིག་གི་མིང་ཡིན་པ་ལས་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ཁོ་ན་ནམ་ཡང་མཚོ ན་ཐུབ་གི་མ་རེད།
རྒྱལ་ཁའི་རྟགས་མཚན་དུ་བསྒྲེང་བའི་མཚན་མ་ནི་སྲིད་དབང་འཐབ་རྩོད་ཀྱི་སྐབས་སུ་ཡོད་པ་རེད་ལ། གྲུབ་མཐའ་འཐབ་རྩོད་ཀྱི་སྐ བས་ལའང་ཡོད་པ་རེད། གྲུབ་མཐའ་འཐབ་རྩོད་ཀྱི་སྐབས་སུ་དེ་ལ་རྒྱལ་མཚན་ཟེར་པ་དང་། སྲིད་དབང་འཐབ་རྩོད་ཀྱི་སྐབས་སུ་དེ་རྒྱལ་དར་ཟེར། ཡིན་ན་ཡང་འཐབ་རྩོད་ལས་རྒྱལ་བའི་རྟགས་མཚན་མཚོན་བྱེད་ཡིན་པ་འདྲ་མཚུངས་ཡིན།
གྲུབ་མཐའ་གཅིག་གི་རྒྱལ་མཚན་འོག་ཏུ་མི་རིགས་གཅིག་གམ་ཡང་ན་མི་རིགས་དུ་མ་འདུས་ཆོག་ལ། སྲིད་དབང་གཅིག་གི་རྒྱལ་དར་འོག་ཏུ་ཡང་མི་རིགས་གཅིག་གམ་མི་རིགས་དུ་མ་འདུས་བསྡོད་བྱེད་ཆོག་གི་རེད། མི་མང་ལ་དགོས་མཁོ་མེད་པའི་སྐབས་སུ་དར་ཆ་དེ་ཡིན་གཅིག་བཙན་གྱིས་གནམ་ལ་སྒྲེང་དགོས་པའི་ངེས་པ་མེད། དུས་དང་བསྟུན་ནས་མི་མང་རྣམས་ཀྱིས་རང་གི་འདོད་མོས་ལྟར་རྒྱལ་བའི་ཕོ་བྲང་མདུན་དར་ཆ་དེ་སྒྲེང་ཆོག་གི་རེད་ལ་སྒྲང་འདོད་མ་བྱེད་ན་ཡང་ཆོག་གི་རེད། འོན་ཀྱང་དར་ཆ་བསྒྲེང་འདོད་མི་བྱེད་པའི་སྐབས་སུ་དར་ཤིང་ངེས་པར་དུ་གཅོད་ཐུབ་པ་བྱེད་དགོས་གི་རེད། དེ་མིན་ས་སྟོང་ལུང་སྟོང་ནས་དར་ཆ་གང་ཞིག་འཕྱར་པར་ཕན་གནོད་ཅི་ཡང་འདྲེན་ཐུབ་གི་མ་རེད།
མི་རྣམས་ཀྱིས་རི་བོང་གནམ་བརྡིབས་ཀྱི་སྡུག་བསྔལ་དང་རི་བོང་ཅལ་འདྲོགས་ཀྱི་གནའ་སྒྲུང་དེ་ཐོས་ཡོད་ན་སྐུ་མཁྱེན་རང་ཁ་གསེར་གྱི་སྒོ་མོ་ནང་ནས་རང་སྲོག་གཅོད་པའི་སྟ་རེ་ཕྱིར་མ་བཏོན་ན་ཡག་གི་རེད།
བོད་ནང་གི་བོད་མི་ཚོས་དར་དམར་འདི་མར་ཕབ་རྒྱུའི་ཆེད་དུ་རང་སྲོག་ཀྱང་བློས་གཏོང་བཞིན་འདུག འོན་ཀྱང་བཙན་བྱོལ་ནང་གི་དབུ་མའི་ལམ་ལས་འགུལ་ཚོགས་པས་ཁྲག་དར་འདི་ལ་དགའ་ཞེན་དང་བརྩི་བཀུར་འདི་ཙམ་ཞུ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གདུག་རྩུབ་ཁོ་ནས་དབང་བསྒྱུར་བྱེད་མཁན་ཞིག་ལ་སྤྲེལ་ལེད་འདི་ཙམ་འཁྲབ་དགོས་དོན་ཨེ་ཡོད། མི་འདི་ཚོ་ལ་མིའི་རུས་པ་ཞིག་འདུག་གམ།
ངོ་མ་རྒན་ཆབ་བྲག་ལྷ་མོ་སྐྱབས་ནས་དོན་ལ་གནས་པའི་བཀའ་མོལ་ཅིག་གནང་འདུག
༡མདའ་ཚན་པས་རྒྱ་དར་སྐར་ལྔ་ཅན་དེ་གོང་བྲན་སྒེར་གཅོད་པའི་མཚོན་རྟགས་ལས་རྒྱ་ནག་གི་མཚོན་རྟགས་མིན་མདོག་བསྟན་འདུག་མོད།རྒྱ་མི་མང་ཤོས་སོ་སོའི་རྒྱལ་ཁབ་ལ་ཞེན་ཁོག་ཆེན་པོ་དང་དེ་སྔ་རྒྱལ་ཁབ་མང་པོས་བཙན་གནོན་དང་ནང་འཁྲུག།དཔལ་འབྱོར་རྗེས་ལུས་ཀྱི་རྒྱ་ནག་དེང་གོང་བྲན་གྱིས་འཛམ་གླིང་ཀུན་རྒྱ་ནག་ལ་སྐྲག་དགོས་པ་ཅིག་བཟོས་པར་རྒྱ་མི་ཚོས་དགའ་སྤོབས་ཆེན་པོ་བྱེད་ཀི་འདུག་ད།དེ་ཚོ་དངོས་ཡོད་འཚོ་བའི་ནང་མཐོང་རྒྱུ་ཡོད་པ་མ་ཟད།ཕྱི་རྒྱལ་གྱི་རྒྱ་ནག་ཉམས་ཞིབ་པ་མང་པོའི་དེབ་ནང་བྲིས་འདུག་པས།རྒྱ་མི་རེ་ཟུང་ཙམ་ལས་རྒྱ་རིགས་མང་ཤོས་རྒྱ་དར་ལ་དགའ་མོས་དང་དེ་སོ་སོའི་མཚོན་རྟགས་ལ་བརྩིས་ཀྱི་འདུག དེ་འདྲ་སོང་ཙང་ང་ཚོའི་འཐབ་རྩོད་འདི་འཚེ་མེད་ཞི་བ་ཕྱི་གཙང་ནང་གཙང་ཅིག་ཡོང་བར་རྒྱ་དར་མེར་བསྲེག་སོགས་རྒྱ་རིགས་ལ་སྡང་སེམས་ཀྱི་རྣམ་པ་མ་བསྟན་ན།རྒྱ་རིགས་རྣམས་ཀྱང་མི་ཡིན་པའི་ཆ་ནས་བསམ་བློ་བཏང་ན་ཕུགས་སུ་ང་ཚོ་ལ་ཕན་ངེས་ཅན་རེད།
༢དར་མདར་དེའི་འོག་མི་མང་པོ་ཅིག་ཤི་རབས་བྲིས་འདུག་མོད།དེ་འདྲ་བཤད་ན་ཨུ་རུ་སུ་དང་ཨིན་ལན།ཨ་རིའི་སོགས་ཀྱི་དར་ཆའི་འོག་མི་ག་ཚོད་ཤི་ཡོད་པ་རེད།རྒྱལ་ཁབ་ག་ཚོད་བྲན་གཡོག་ཏུ་བཅུག་ཡོད་པ་རེད།མི་རིགས་ག་ཚོད་རྩ་མེད་བཟོས་ཡོད་པ་རེད།
༣ཨ་རི་དང་དཔེ་མཚོན་སྦྱར་ཏེ་དར་ཆ་མེར་བསྲེགས་ཀིས་མི་མང་ལ་ཕོག་ཐུག་འགྲོ་མིན་བཤད་འདུག་མོད།དེ་གཉིས་གནས་ཚུལ་རྦད་དེ་ཐ་དད་རེད།ཨ་རིའི་དམག་བརྒྱབ་ས་དེ་ཕྱི་རྒྱལ་ལུང་པ་ཞེ་གཅིག་རེད།ད་ལྟའི་གནས་སྐབས་སུའང་རང་བཙན་ཡིན་པའི་རྒྱལ་ཁབ་དེ་འདྲ་རེད།གཉིས་ནས་ཨ་རིའི་མི་མང་རྒྱ་ནག་དང་བསྡུར་ན་བསམ་བློ་གུ་ཡངས་པོ་དང་མཐོང་རྒྱ་ཆེན་པོ་རེད།ང་ཚོ་མི་གྲངས་ཀ་ཉུང་ཉུང་ཅིག་འཛམ་གླིང་གི་མི་གྲངས་མང་ཤོས་དེའི་འོག་ཏུ་ཡོངས་སུ་ཚུད་ཡོད་པ་རེད།ལྷག་པར་རྒྱ་རིགས་ཚོ་མི་རིགས་དང་རྒྱལ་ཁབ་ཀྱི་ཞེན་ཁོག་གཞན་འགྲན་མེད་པ་དེ་འདྲ་ཡོད་རེད།ད་ང་ཚོར་དགོས་རྒྱུ་དེ་རྒྱ་ནག་མི་མང་ཚུར་གྲོགས་སུ་བཀུགས་ཏེ་སྒེར་གཅོད་གོང་ཏང་གཏོར་ཕམ་གཏོང་རྒྱུ་དེ་རེད།གོང་ཏང་ལ་དགོས་རྒྱུ་དེ་བོད་མི་རིགས་རྒྱ་ནག་མི་མང་གི་དགྲ་བོ་བཟོ་རྒྱུ་དེ་རེད།དེ་འདྲ་སོང་རྒྱ་མི་མང་གི་སེམས་ཚོར་ལ་གནོད་གཞིའི་དར་ཆ་མེར་བསྲེག་སོགས་ནི་དོན་དངོས་སུ་ང་ཚོས་གོང་ཏང་གི་མངོན་འདོད་སྒྲུབ་ཀྱི་ཡོད་རེད།འོན་ཀྱང་།རྒྱ་མི་ཞིག་གིས་རྒྱ་དར་མེར་བསྲེགས་ན་དེས་ཁོ་ཚོར་ཕོག་ཐུག་གི་ཚབ་ཏུ་བསམ་བློ་གཏོང་དགོས་ཐུག་གི་ཡོད།
༤ཕར་ཕྱོགས་ལ་ཇི་ཙམ་བརྩི་འཇོག་བྱས་ཀྱང་དེས་ཧ་གོ་མི་ཐུབ་པ་འདྲ་བོ་བཤད་འདུག་མོད།སེམས་ཅན་ཀུན་ལ་སངས་རྒྱས་རུང་གི་ནུས་པ་ཡོད་པར་ཡིད་ཆེས་གནང་མཁན་ནང་ཆོས་ལ་དད་པ་ཡོད་མཁན་བོད་མི་ཅིག་ཡིན་ན།དེས་རྒྱ་མི་ཚོའང་མི་ཡིན་པ་དང་མི་ལ་བསམ་ཤེས་ཀྱི་རྣམ་དཔྱོད་ཡོད་པར་ཡིད་ཆེས་བརྟན་པོ་ཡོད་པས།ཁོ་ཚོའི་སེམས་ཚོར་ལ་བརྩི་འཇོག་དང་གནས་ཚུལ་གསལ་རྟོགས་མ་ཐུབ་པར་གཡམ་རྒྱུགས་སོགས་བྱས་པར་བཟོད་སྒོམ་བྱས་ན།སྔ་ཕྱི་མ་གཏོགས་ཁོང་ཚོའང་དྲང་བདེན་གྱི་ཕྱོགས་སུ་ལངས་པར་ཡིད་ཆེས་གནང་གི་རེད།
༥མཐའ་དོན་བོད་ནང་གི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་སུས་ཀྱང་རྒྱ་དར་བསྲེགས་པ་ལྟ་བུ་དང་།རྒྱ་མི་རིགས་ལ་གནོད་གཞིའི་ཚིག་གཅིག་ཀྱང་མི་བརྗོད་པར་སོ་སོའི་དགོས་འདུན་ཁོ་ནའི་ཆེད་དུ།དགྲ་ཕྱོགས་སུ་གནོད་པ་སྐྱེལ་མི་ཉན་པའི་ཁ་ཆེམས་དང་བཅས་ཏེ་སྐུ་ལུས་ཞུགས་འབུལ་གནང་བཞིན་དུ།དུས་རབས་ཉེར་གཅིག་པའི་ནང་དུ་འཛམ་གླིང་ཡོངས་སུ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འཚེ་མེད་ཞི་བའི་ལམ་སྟོན་ཁྱད་འཕགས་དང་།མིའི་ལོ་རྒྱུས་ནང་རང་ལས་གཞན་གཅེས་ཀྱི་ལེའུ་གསར་པ་ཅིག་འབྲི་བཞིན་པ་འདི།ང་ཚོ་ཕྱི་རྒྱལ་ན་ཡོད་མཁན་ཅོལ་ཆུང་ཕར་དགྲ་ཕྱོགས་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་ཐུབ་རུང་།སོ་སོར་ཉེན་ཁ་མེད་ས་ནས་དཔའ་སྐད་འཐེན་ཞོར་རྒྱ་རིགས་མི་མང་གི་སེམས་ལ་ཕོག་གཞིའི་དར་ཆ་མེར་བསྲེག་གི་ལས་འགུལ་ལྟ་བུ་སྤེལ་བ་དེས།བོད་དོན་ལ་གནོད་གཞི་དང་དཔའ་བོ་ཚོའི་རླབས་ཆེན་གྱི་བྱས་རྗེས་ནག་བསུབ་གཏོང་གི་ཡོད་པ་རེད།
དེ་འདྲ་སོང་དེང་སང་ང་ཚོའི་སྤྱི་ཚོགས་ནང་རྒྱ་དཀར་ནག་སེར་གསུམ་གྱི་སོ་པས་ཁེངས་བསྡད་སྐབས་འདིར་བོད་མི་ཚོས་གཟབ་གཟབ་གནང་དགོས་ངེས་ཤིག་རེད།
ཚེ་བརྟན་རྡོ་རྗེས་རྒྱ་ནག་གི་དར་ཆ་འཕྱར་བ་དེས་བོད་འདི་རྒྱ་ཁོངས་ཡིན་པར་ངོས་ལེན་བྱས་པ་མིན་ལ། ད་ལྟའི་བོད་ནང་གི་གནས་སྟངས་དང་འདས་པའི་ལོ་རྒྱུས་ནག་བསུབ་བཏང་བ་དེ་བས་ཀྱང་མིན། ཁོས་གོམས་བགྲོད་ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་དོན་ཚན་དུ་བགོས་ནས་གསལ་བོར་བརྗོད་ཟིན་པ་དེ་ལ་གཟིགས་དང་། ལས་འགུལ་འདིའི་དམིགས་ཡུལ་ནི་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དེ་རྒྱ་གཞུང་གིས་ལག་ལེན་བྱ་དགོས་ཟེར་བ་མ་གཏོགས། ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ལ་མགོ་སྒུར་བ་མ་ཡིན་པ་ཚང་མས་ཤེས་ན་ལེགས།
དྲ་གྲོགས་ཁ་ཤས་འུར་འདྲོགས་ལངས་ནས་རྒྱ་ནག་གི་དར་ཆ་འཕྱར་དོན་གང་ཡིན་མི་དཔྱོད་པར་ཅ་ཅོ་སྒྲོག་པ་འདི་ལ་ཕན་ཐོགས་ཅང་མེད་དོ།།
ད་དུང་གནད་འགག་ཅིག་ནི། ཚེ་བརྟན་རྡོ་རྗེའི་གོམ་བགྲོད་ལས་འགུལ་དང་དེའི་དགོས་འདོད་གང་ཡིན་དེ་གཙོ་བོ་ཡིན་པ་དང་། རྒྱ་ནག་གི་དར་ཆ་འཕྱར་བ་དེ་ལས་འགུལ་གྱི་དགོས་འདོད་དང་འབྲེལ་བ་མེད་པའི་ཞར་བྱུང་རྣམ་འགྱུར་ཞིག་སྟེ་རྒྱ་ནག་མི་མང་ལ་བརྩི་བཀུར་བྱས་པ་ཙམ་ཡིན།
འོན་ཀྱང་སྲིད་དོན་ཚོགས་པ་ལ་ལས་འབྲེལ་མེད་ཞར་བྱུང་གི་རྣམ་འགྱུར་དེ་ལས་འགུལ་གྱི་དམིགས་འབེན་ལྟ་བུར་སྙད་བཏགས་ནས་ངར་ངར་རྫིག་རྫིག་གིས་ངོ་རྒོལ་ལམ་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག འདི་ངོ་མ་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་མ་འདས་སོ།།
http://www.youtube.com/watch?v=1Ir6EZCRtGM&feature=relmfu
བོད་མི་ཆོས་མེད་སྨྲ་བ་ཚོས་འདི་ལ་ངེས་པར་གཟིགས་འོས།
ཐུབ་པ་ཟེར་བ་དེ་ལ། ཁྱེད་རྒྱ་ནག་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་པར་ཧ་གོ་གི་ཡོད། བྱས་ཙང་ཁྱེད་ལ་རྒྱ་ནག་གིས་རྒྱུས་མངའ་ཆེན་པོ་ཡོད་པ་ནི་སྨྲོས་མེད་རེད། ཡིན་ན་ཡང་དགའ་ཞེན་བྱེད་སྟངས་མ་ཤེས་ན་མཐའ་མ་རང་མཚང་རྡོལ་རྒྱུ་ལས་ལམ་གཞན་མི་འདུག་བ། དར་དམར་དེ་གུང་ཁྲན་ཏང་དབུ་བརྙེས་པའི་དུས་དེར། 1962ལོརམའོ་གཙོས་པའི་དམར་ཤོག་གི་དབང་འཛིན་མི་སྣ་ལྔས་ཟོ་བ་དང་ཐོ་བ་ལས་རིམ་པས་སྐར་ལྔའི་དར་དམར་གསར་དུ་བཟོས་པ་ལས། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་བཟོས་པ་ཞིག་མ་རེད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཚོད་དེ་ཡང1906 ལོར་ཡིན་པ་ལས་དམར་ཤོག་དང་དུས་མཉམ་མིན། མ་ཚད་དེས་སྐབས་གྱི་རྒྱལ་དར་དེ་ཡང་སྐར་ལྔའི་དར་དམར་མིན་པ། ཚོགས་པ་དེར་མཚོན་པའི་དར་ཆ་དེ་ཡང་ཁ་དོག་དཀར་པོའི་སྟེང་དུ་མཚོན་ཁྲ་ལྗང་གུའི་སྐར་མ་གཅིག་ལས་གཞན་མེད། ཐུབ་པ་ལགས། ཁྱེད་ལ་ཡང་ཤེས་ཡོན་གྱི་གནས་ཚད་དེ་ཙམ་ལས་མེད་ན། ངས་དྲིས་པའི་དྲི་བར་ལན་འདེབས་བྱེད་ཐུབ་གི་མ་རེད། དགོངས་འགལ་མེད་པར་ཞིག།
རྒྱུ་མཚན་དེས་ན་དར་དམར་མེ་བསྲེགས་གཏོང་ཀྱང་དམར་ཤོག་ལ་གནོད་པས་ལས་སྤྱི་མཐུན་རྒྱལ་ཁབ་མིན། རྒྱུ་མཚན་ནི་དར་དམར་དེ་དམར་ཤོག་གིས་མཚོན་རྟགས་ལས་སྤྱི་མཐུན་རྒྱལ་ཁབ་མིན། ང་ཚོའི་ཀྱང་ངོ་རྒོལ་བྱེད་ས་དེ་དམར་ཤོག་ཡིན་པ་ལས། སྤྱི་མཐུན་རྒྱལ་ཁབ་མིན། དེ་ཡིན་དུས་དམར་ཤོག་ལ་ངོ་རྒོལ་བྱས་པ་དེས། ག་དུས་ཡང་སྤྱི་མཐུན་རྒྱལ་ཁབ་ལ་ཕོག་ཐུག་འགྲོ་དོན་མེད། ཡིན་ན་ཡང་ཕོག་ཐུག་དངོས་གནས་འགྲོ་ས་དེ་ཁུག་རྟ་དང་ཐུབ་པ་གཙོས་པའི་ད་ལྟའི་དབུ་ལམ་པ་ལས་གཞན་པ་སུ། རྒྱ་དངུལ་ཟ་ནས་རྒྱལ་ཁབ་གཙོང། རྒྱ་དོན་སྒྲུབ་ནས་བོད་དོན་གཙོང། རྒྱ་དོན་སྒྲུབ་ནས་དབུ་ལམ་དཀྲུག། བོད་པ་ཡིན་ཟེར་རྒྱ་ལ་དགའ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧུཧུཧུཧུཧུཧུཧཧཧཧཧཧརྒྱ་མིའི་རྒྱ་ནག་གིས་དར་ཆ་བསྲེགས་མཁན་ཡོད་དུས་བོད་པས་ཅི་ལ་མིན། ཁྱེད་རང་ཚོ་མ་དགའ་ཡང་སྡུག་གྱོང་རེད། ང་ཚོ་ནམ་དུ་ཡང་ཁྱེད་ཚོའི་མཁོ་བསྐོར་འོག་ཏུ་འཛུལ་གི་མ་རེད། ད་ལྟའི་བོད་པ་དེར་ཤེས་ཡོན་དང་རྣམ་དཔྱོད་གྱི་ཕྱུགས་ཚར་དུས། འཆལ་གཏམ་དང་ལོག་གཏམ་ལ་མགོ་འཁོར་གི་མ་རེད། རྒྱ་ནག་གི་དར་ཆ་མེ་བསྲེགས་གཏོང་དུས་མ་དགའ་བ་ཚོར། སྡུག་གྱོང་གྱི། ཁྱེད་ཚོ་མ་དགའ་ཡང་མུ་མཐུད་མེ་བསྲེགས་གཏོང་གི་རེད། དམར་ཤོག་ལ་མ་སྐྲག་དུས་ཁྱེད་ཚོ་ནི་ས་འོག་གི་འབུ་སྲིན་དང་གཅིག་བརྩི་གི་ཡོད།