མཁོ་འདོན་པ། འཇམ་དབྱངས་དཀར་པོ།
༄༅།། དེ་རིང་ཕྱི་ཚེས་ ༨ ཉིན་རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་སྐལ་བཟང་བུ་སྦྱིན་པ་(རང་ལོ་༡༨) པས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག དེ་ཡང་ཕྱེད་ཡོལ་ཆུ་ཚོད་ ༥ མ་ཟིན་ཙམ་ལ་རོང་པོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་རྒྱལ་སྒོའི་ནང་དུ་རང་ལུས་ལ་ས་སྣུམ་བླུགས་ཏེ་མེ་སྦར་བ་དང་སྒོ་ཆེན་ཕྱེ་ནས་ཐད་ཀར་གཞུང་ལམ་སྟེང་རྒྱུག་སྟེ་སྒྲོལ་མའི་ཐང་ཆེན་དུ་སླེབས་པ་དང་སར་འགྱེལ་ཞིང་། འགྱེལ་ས་དེ་ག་རང་དུ་སྐུ་གཤེགས་འདུག ཁོང་གིས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེར། མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་འདུག ཞིང་གཤེགས་དམ་པ་སྐལ་བཟང་སྦྱིན་པ་ལགས་ནི་གྲྭ་བ་ལོག་རྗེས་འཚོ་ཐབས་འབྲོག་པ་དང། དེ་རིང་སྐུ་ཕུང་ཞུགས་འབུལ་སྐབས་རོང་པོ་དགོན་པའི་གདོང་རྒྱལ་ཀླད་དུ་སེར་སྐྱ་མི་མང་ཁྲི་ལྷག་འཛོམས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག
ཁ་སང་ཕྱི་ཚེས་ ༧ ཉིན་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས། དེ་རིང་ཞོགས་པ་མདོ་བ་གྲོང་བརྡལ་གྱི་སློབ་མ་རྣམས་ཀྱིས་ (སློབ་ཕྲུག་༧༠༠ མ་ཟིན་ཙམ་ཡོད།) རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སློབ་རྭའི་ནང་ཡོད་པའི་རྒྱ་དམར་གྱི་དར་ཆ་མར་ཕབ་སྟེ་རལ་བ་མ་ཟད། སློབ་ཕྲུག་རྣམས་ཐད་ཀར་གྲོང་བརྡལ་ལས་ཁུངས་སུ་བསྐྱོད་དེ། ལས་ཁུངས་མདུན་གྱི་རྒྱ་དམར་གྱི་དར་ཆ་མར་ཕབ་ནས་རལ་བ་སོགས་ངོ་རྒོལ་སྐད་འབོད་བྱས་འདུག ཡིན་ན་ཡང་དགེ་རྒན་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཡོང་ཆེད་གང་མགྱོགས་སློབ་མ་རྣམས་ཀྱི་ཕ་མ་ཚོར་བུ་ཕྲུག་རྣམས་ལེན་ཏུ་ཡོང་དགོས་པའི་བརྡ་ལན་བཏང་འདུག་པ་སོགས་ཀྱིས་དེ་རིང་སློབ་གྲྭ་འཚོགས་ཐུབ་མི་འདུག ཕྱེད་ཡོལ་རེབ་གོང་གི་ལྟེ་བ་རྨ་ལྷོ་ཁུལ་ཐོག་ནས་མདོ་བ་བར་དམག་མིའི་རླངས་འཁོར་བདུན་ཕྱིན་འདུག་ཀྱང་། མདོ་བ་སྡེ་བའི་འདབས་སུ་སློབ་ཕྲུག་རྣམས་དང་བུད་མེད་ཚོས་ངུ་འབོད་དང་བཅས་ལམ་ཁ་བཀག་རྐྱེན་དམག་མི་རྣམས་ཕྱིར་ལོག་འདུག་པ་ལས་གནས་ཚུལ་གཞན་ཅི་ཡང་ལྷག་མི་འདུག
དགོས་ངེས་ཀྱི་གནད་དོན་ཁྱོད་ཀྱིས་མཁོ་སྒྲུབ་བྱས་འདུག་པ་ཧ་ཅང་ལེགས།
སྙིང་ལ་གྲུ་ཙིག་པ་དང་གཅིག་རེད། ངའི་ཕ་ཡུལ། ངའི་སྤུན་ཟླ། ངའི་ཕུ་ནུ། ངའི་མིང་སྲིང།
་་་་་་ མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། ་་་་ཟེར།
ངོ་མ་འདས་བསོན་ཡངས་ལ་ཡིད་རངས་དང་། བྱ་བ་ལམ་འགྲོ །དེ་བཞིན་གདུངས་སེམས་མཉས་བསྐྱེད་དང་ཐུགས་བཞེད་བཞིན་འགྲུབ་པར་སྨོན་ལམ་ཙམ་ལས་དེ་མིན་གང་ཡང་ཐུབ་ཀྱི་འདུག་དགོངས་སེལ་སེམས་གཏིང་ནས་ཞུ་ངེས་ཡིན་གཞིས་ལུས་སྤུན་ཟླ་ཚོར། །
གང་ཡང་ཐུབ་གྱི་མི་འདུག་་ཞེས་བཅོས་གནང་རོགས་་་་་་་་་་་་་་
ད་ཡིན་ན་བོད་ཅེས་པའི་མི་རིགས་འདི་རྩ་མེད་དུ་ཕྱིན་རུང་ལོ་རྒྱུས་གླེང་ན་སྤོབས་པ་སྐྱེས་པ་ཞིག་ཏུ་གྱུར་སོང་། དཔའ་རྒོད་དེ་ཚོར་སྙིང་གི་གཏིང་ནས་གུས་འདུད་ཞུ། གནས་ཚུལ་ལོ་རྒྱུས་ཕྱོགས་བསྡུ་དང་མཁོ་སྤྲོད་བྱེད་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན། དཔའ་བོ་དཔའ་མོ་ཚོར་གདེངས་འཇོག་དང་སྲི་ཞུ་བསྒྲུབ་སྟངས་དེ་རེད་ལ་བོད་མི་མང་ལ་ཞབས་འདེགས་དང་སྲི་ཞུ་སྒྲུབ་སྟངས་ཡང་དེ་འདྲ་རེད།
སྤོབས་པ་ལགས་ག་དུས་ཡིན་ན་བླ་ཆེན་དང་སྤྲུལ་སྐུའི་མ་འགྲིག་བཤད་སྡོད་ན་ཆོ་མེད་པ་རེད། དེ་ལས་་་་་་་་་་་་ད་ཁྱོད་ལ་བཤད་ན་སྟོང་པ་རེད