སྤོབས་པ་མཐའ་ཡས།
མི་ལོ་བཅུ་གསུམ་འདས་པའི་དེ་རིང་གི་ཉིན་མོ་འདིར་མདོ་ཁམས་ལི་ཐང་ཨོ་ཐོག་སྡེ་བའི་ཕོ་གསར་བློ་བཟང་དོན་གྲུབ་རྒྱ་དམར་གྱི་མེ་མདའི་འབེན་དུ་བཞག་པ་རེད། བློ་བཟང་དོན་གྲུབ་སྐབས་དེར་ཕོ་ལོ་ཉེར་དྲུག་མ་གཏོགས་ཟིན་མེད། གལ་སྲིད་ཁོང་དེ་རིང་འཚོ་ཞིང་གཞེས་པའི་དབང་དུ་བཏང་ན་ཕོ་ལོ་བཞི་བཅུ་ལོན་པའི་སྐྱེས་པ་དར་མ་ཞིག་རེད། ཁོང་ཡང་ཁོང་དང་འདྲ་བའི་སྡེ་འདིའི་ནང་གི་ཕོ་གསར་གཞན་དག་དང་འདྲ་བར་བུད་མེད་མཛངས་མ་ཞིག་དང་ལྷན་དུ་བུ་དང་བུ་མོ་ཡ་རབ་ཁ་ཤས་ཤིག་སྐྱོང་མཁན་གྱི་སྐྱེས་ཕོ་རབ་ཅིག་ཏུ་གྱུར་ཡོད་ངེས། དེ་ཡང་ཕྱི་ལོ་༢༠༠༣ ལོའི་ཟླ་༤ པའི་ཚེས་༣་ ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ལྟེ་བ་ཁྲེང་ཏུའུ་གྲོང་ཁྱེར་གྱི་དཀྱིལ་ཐེན་ཧྥུ་ཐང་དུ་འབར་རྫས་གཏོར་ཞིང་མོའི་ཙེ་ཏུང་གི་འདྲ་གཟུགས་ལ་གཏོར་སྐྱོན་བཏང་ཞིང་། མི་གཅིག་ལ་རྨས་སྐྱོན་ཚབ་ཆེན་དང་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཐེབས་སོང་ཟེར་ནས་བསྒྲགས།
སྐབས་དེར་དགུང་ལོ་༥༢ ལ་སོན་པའི་མདོ་ཁམས་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་དང་སྡེ་བ་གཅིག་པའི་བློ་བཟང་དོན་གྲུབ་ལོ་ན་ཉེར་ལྔ་ལོན་པ་གཉིས་ལ་ནག་ཉེས་བཙུགས་ཏེ་འཇུ་བཟུང་བྱས། ཡིན་ན་ཡང་ཕྱི་གསལ་ནང་གསལ་གྱི་ཁྲིམས་ལུགས་བདེན་དཔང་ནམ་ཡང་བསྟན་མེད། གནད་དོན་འདིའི་རྐྱེན་གྱིས་སྔ་ཕྱིར་ཉག་ཆུ་རྫོང་གི་ཁོངས་ནས་བཀྲ་ཤིས་ཕུན་ཚོགས་དང་རྟ་མགྲིན་ཚེ་རིང་སོགས་མི་བཅུ་གཉིས་ཙམ་འཛིན་བཟུང་བྱས། ཁ་ཤས་ཤིག་འཇུ་བཟུང་བྱ་རྒྱུའི་བཀའ་རྒྱ་བཀྲམ་རྗེས་བྲོས་བྱོལ་དུ་སོང་བ་ཡང་ཡོད།
མདོར་ན་སྔ་ཕྱི་བར་གསུམ་དུ་གཞུང་གི་ངོས་ནས་བློ་བཟང་དོན་གྲུབ་ཀྱི་གནད་དོན་དེ་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་དོན་འབྲེལ་བ་འདུག་ཅེས་ཁ་གསལ་གཏིང་གསལ་གྱི་དཔང་རྟགས་གང་ཡང་བསྟན་མེད། ལོ་དེའི་ཟླ་༡༢ པའི་ནང་དུ་རིན་པོ་ཆེའི་ཁྲིན་ཏུའུ་འབར་གད་དོན་རྐྱེན་གྱི་ཇུས་འགོད་བྱས་པའི་ཉེས་འཛུགས་ཀྱིས་ལོ་གཉིས་ཕྱིར་འགྱང་གི་སྲོག་ཁྲིམས་དང་། བློ་བཟང་དོན་གྲུབ་སྲོག་ཐོག་ཏུ་གཏང་རྒྱུའི་ཁྲིམས་ཐག་བཅད། ཕྱི་ལོ་༢༠༠༣ ལོའི་ཟླ་༡ པོའི་ཚེས་༢༦ གཟའ་ཟླ་བའི་ཉིན་སི་ཁྲོན་ཞིང་ཆེན་མི་མང་ཆེའི་མཐོའི་ཁྲིམས་ཁང་གིས་ཉིན་བློ་བཟང་དོན་གྲུབ་སྲོག་ཐོག་ཏུ་བཏང་རྒྱུའི་བཀའ་ཁྲོལ་ཐོབ་ཅིང་། ཉིན་དེ་རང་ལ་སྲོག་ཐོག་ཏུ་བཏང་།
རྒྱ་དམར་གྱིས་ནག་ཉེས་གསོག་མཁན་ཡིན་པ་ཁོ་རང་གིས་ཁས་བླངས་སོང་ཟེར་བ་ཙམ་ལས་དཔང་རྟགས་གང་ཡང་བསྟན་མེད་སྟབས་ཕྱི་ནང་གི་རྟོག་ཞིབ་པ་ཚོས་སེམས་ཁུར་དང་གླེང་སློང་མང་པོ་བྱུང་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྒྱབ་སྐྱོར་གྱི་ཆེད་དུ་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་ཤེས་ཡོན་ཅན་སྐོར་ཞིག་གིས་ཁྲིམས་ལུགས་ཀྱི་དཔང་རྟགས་ཞིབ་འཇུག་བྱ་དགོས་པའི་སྐུལ་མ་བཏོན་ཡང་འབྲེལ་ཡོད་ཁྲིམས་ཁང་གི་ངོས་ལེན་བྱས་མེད།
༡༩༩༠ ནང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་ཉེ་འབྲེལ་དུ་གཏོགས་པའི་བློ་བཟང་དོན་གྲུབ་གྲྭ་བ་བྱས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་རང་གི་ཕ་ཡུལ་ཉག་ཆུ་རྫོང་ཁོངས་སུ་གསར་དུ་བཞེངས་པའི་འཇམ་དབྱངས་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ལོ་ཤས་རྗེས་སུ་དགོན་པའི་སྒྲིག་ཁྲིམས་ཁྲིམས་དང་མ་བསྟུན་པའི་རྐྱེན་གྱིས་བློ་བཟང་དོན་གྲུབ་དགོན་པ་ནས་ཕྱིར་ཕུད་ཅིང་གྲྭ་བ་ལོག ཕྱི་ལོ་༢༠༠༡ གི་ཟླ་༡ པོའི་ནང་དུ་དར་རྩེ་མདོ་དང་ལི་ཐང་སོགས་སུ་འབར་རྫས་གད་འཐོར་གྱི་དོན་རྐྱེན་ཐེངས་བཞི་ལྔ་ཞིག་བྱུང་། གནད་དོན་འབྱུང་ས་ཚང་མར་བོད་རང་དབང་གི་འབོད་སྒྲ་འཁོད་པའི་ཡིག་ཆ་གཏོར་ཡོད་ཚུལ་སོགས་གྲགས།
༢༠༠༡ ཟླ་༡༡ པའི་ནང་དུ་དར་རྩེ་མདོའི་འགྲིམ་འགྲུལ་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་འབར་རྫས་གད་འཐོར་བྱུང་ནས་སྒོ་སྲུང་རྒད་པོ་ཞིག་བསད། ༢༠༠༢ ལོའི་ཟླ་༤ པའི་ཚེས་༣ ཉིན་གུང་ལ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ལྟེ་བ་ཐེན་ཧྥུ་ཐང་གི་མའོ་ཙེ་ཏུང་གི་འདྲ་གཟུགས་ཆེན་པོ་དེ་ལ་འབར་རྫས་འགད་འཐོར་གྱིས་འདྲ་གཟུགས་ལ་གཏོར་སྐྱོན་དང་། མི་བཅུ་གཉིས་ལ་རྨས་སྐྱོན་ཐེབས་པར་བཤད། བློ་བཟང་དོན་གྲུབ་བྲོས་བྱོལ་དུ་འགྲོ་བཞིན་པའི་ལམ་དུ་བཟུང་ཞེས་བཤད་འདུག
འདི་ནི་ཕོ་གསར་སྟག་འདྲ་བ་ཞིག་གིས་ཚེ་སྲོག་ཤོར་སྟངས་རེད།
སྟག་རྒན་མང་པོ་ཞིག་གླེང་བ་ལ་དགའ་པོ་ཞེ་དྲག་ཡོད་པ་འདྲ། གང་ལྟར། སྟག་མོ་ཞིག་གི་སྐོར་གླེང་རྒྱུ་མི་འདུག། དེ་ཅི་རེད། གང་མ་འགྲིག་པ་རེད། སྟག་མོ་འདྲ་ཡང་ཡོད་ནི་ཡོད་ཐག་ཆོད་ཡོད་ཐལ།
་་་་་་་་ དེ་ཡང་ཕྱི་ལོ་༢༠༠༣ ལོའི་ཟླ་༤ པའི་ཚེས་༣་ ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ལྟེ་བ་ཁྲེང་ཏུའུ་གྲོང་ཁྱེར་གྱི་དཀྱིལ་ཐེན་ཧྥུ་ཐང་དུ་འབར་རྫས་གཏོར་ཞིང་མོའི་ཙེ་ཏུང་གི་འདྲ་གཟུགས་ལ་གཏོར་སྐྱོན་བཏང་ཞིང་། མི་གཅིག་ལ་རྨས་སྐྱོན་ཚབ་ཆེན་དང་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཐེབས་སོང་ཟེར་ནས་བསྒྲགས། ་་་་་་་་་་་
་་་་་་་་་་ སྐབས་དེར་དགུང་ལོ་༥༢ ལ་སོན་པའི་མདོ་ཁམས་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་དང་སྡེ་བ་གཅིག་པའི་བློ་བཟང་དོན་གྲུབ་ལོ་ན་ཉེར་ལྔ་ལོན་པ་གཉིས་ལ་ནག་ཉེས་བཙུགས་ཏེ་འཇུ་བཟུང་བྱས། ཡིན་ན་ཡང་ཕྱི་གསལ་ནང་གསལ་གྱི་ཁྲིམས་ལུགས་བདེན་དཔང་ནམ་ཡང་བསྟན་མེད། ་་་་་་་་་
་་་་་་་་་་་་༢༠༠༢ ལོའི་ཟླ་༤ པའི་ཚེས་༣ ཉིན་གུང་ལ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ལྟེ་བ་ཐེན་ཧྥུ་ཐང་གི་མའོ་ཙེ་ཏུང་གི་འདྲ་གཟུགས་ཆེན་པོ་དེ་ལ་འབར་རྫས་འགད་འཐོར་གྱིས་འདྲ་གཟུགས་ལ་གཏོར་སྐྱོན་་་་་་་་་་
་་་་་་་་་མདོ་ཁམས་ལི་ཐང་ཨོ་ཐོག་སྡེ་བའི་ཕོ་གསར་བློ་བཟང་དོན་གྲུབ་་་་་་་་་་་་་་་་
་་་་་་་་་་་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ལྟེ་བ་ཐེན་ཧྥུ་ཐང་གི་མའོ་ཙེ་ཏུང་གི་འདྲ་གཟུགས་ཆེན་པོ་དེ་ལ་འབར་རྫས་འགད་འཐོར་་་་་་་་་་
བློ་བཟང་དོན་གྲུབ་ལགས་ལ་མྱ་ངན་གུས་དུད་ཞུ།། །།
སྐྱེས་པ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ལྡན། ཞེས་མའོ་ཡིས་བཤད་པ་ལྟར་དར་དམར་འོག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་གངས་ལྗོངས་ཀྱི་དཔའ་བོ་ངོ་མ་ཞིག་མདོ་ཁམས་ལི་ཐང་ནས་བྱུང་བ་བཟང་། མ་གཞི་ཨ་འབྲུག་མགོན་པོ་བཀྲིས་དང་རྒྱ་མདོ་ཚང་དབང་འདུས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་། ད་ལྟའི་མང་བཀུར་གྱི་སྲིད་སྐྱོང་བློ་བཟང་སེངྒེ་སོགས་ཞི་དྲག་ཟུང་འབྲེལ་གྱི་རླབས་ཆེན་གྱི་མི་སྣ་མང་པོ་ཞིག་ལི་ཐང་ཁུལ་ནས་རེད་འདུག་གོ རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཞི་དྲག་གཉིས་ཀྱི་ཐོག་ནས་ལས་འགུལ་འདྲ་མང་ཙམ་སྤེལ་ཐུབ་ན་སྐྱོན་ལས་དགེ་ཆེ་བར་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོད།།
འབའ་ལི་ཐང་རྐུ་མའི་ས་ཆ་རེད
་ཤོད་མི་ཉན་སྲིད་སྐྱོང་འཁྲུང་ཡུལ་རེད་
ཨོ་ཧོ་སྤོབས་པ་མཐའ་ཡས་དེ་རིང་གཅིག་རྙེད་བསད་འདུག་ག ལི་ཐང་སྤྲུལ་སྐུའི་དགུང་ལོ་དེ་ཡང་ཡར་སྤར་གནང་འདུག་ག སྤྲུལ་སྐུ་མཆོགག་ི་དགུང་ལོ་དེ་འདྲའི་མཐོ་པོ་རེད་འདུག་གམ། གང་ལྟར་སྟག་འདྲ་བའི་ཕོ་རྒོད་བློ་བཟང་དོན་གྲུབ་ལ་བསྟོད་ར་བཏང་འདུག དགའ་པོ་བྱུང་་་་་
རིན་ཆེན་དོན་སྒྲུབ་ལགས་ནས་ལི་ཐང་གིམི་སྐད་གྲགས་ཆེ་ཤོས་་ དེ་་ལས་འདུག་
ལི་ཐང་ཨ་དར་ལྷག་འདུག་ལི་ཐང་ལ་མི་འདུག་་ཧ་ཧ་ཧ་
འབའ་ལི་ཐང་རྐུ་མའི་ས་ཆ་རེད་།
ཟེར་མི་ཉན་སྐྱབས་མགོན་འཁྲུངས་ས་རེད།
ཁ་བརྡའི་ཐོག་གི་མཆན་པ་ཚོ་ནི་ “གནམ་ས་བླ་འོག་བརྗེས” ཟེར་བ་ལྟ་བུའི་འགྱུར་བ་དེ་འདྲ་ཞིག་བྱུང་འདུག་ཨང་བསམ་བྱུང་།