ཨུ་རྒྱན་སྟོབས་རྒྱས་ནས།
དེ་རུང་སྤྱི་ཚོགས་དྲ་ལམ་ཁག་ཏུ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་དང་། སྤྱི་འཐུས་ཚོགས་གཙོ་གཞོན་ཟུར་པ་ཐུབ་བསྟན་ལུང་རིགས་མཆོག་གིས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ ༢༠༢༡ ལོའི་སྲིད་སྐྱོང་དུ་རྒྱབ་སྐྱོར་གནང་དགོས་པའི་གནས་ལུགས་རྒྱུ་མཚན་གང་ཡིན་པ་དང་། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ ༢༠༡༦ ལོར་བདེ་སྲུང་བཀའ་བློན་ནས་དགོངས་ཞུ་གནང་བ་དང་འབྲེལ་བའི་སྐོར་གསུང་པའི་སྒྲ་སྒམ་ཟེར་བ་ཞིག་བཀྲམ་གདའ།
དེའི་ནང་། ཐུབ་བསྟན་ལུང་རིགས་ཀྱིས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་བོད་ཕྱི་ནང་གཉིས་ཀའི་ཟམ་པ་ཡིན་ཚུལ་བསྟོད་ར་གྲ་མ་འཐེན་བཞིན་འཐེན་བཞིན། འོག་གི་སྐད་ཆ་འདི་གོ་བ་ཅི་རེད། བསྟོད་པའི་ཟོལ་གྱིས་སྨད་ཀྱི་ཡོད་ལེ་ཨེ་རེད། ཡང་ན་གོ་བརྡ་ཅི་ཞིག་སྟོན་རྩིས་ཡིན་མིན་ཤེས་དཀའ་མོ་རེད།
སྒྲ་སྒམ་དེའི་ནང་། བོད་ནང་ནས་སྐུ་ངོ་(འབྲོང་ཆུང་དངོས་གྲུབ་མཆོག་)ལ་འབྲེལ་བ་ཞེ་པོ་བྱེད་ཀྱི་འདུག་ཨ། ད་ལྟ་ཆ་བཞག་པ་ཡིན་ནའང་། སྐུ་ངོ་བཀའ་བློན་བཞག་ནས་ལྡི་དོན་གཅོད་གནང་བཞུགས་ཡོད་པ་རེད་དེ། ད་ལྟ་ཆ་བཞག་ནའང་། བོད་ནང་གི་གསང་བའི་གནས་ཚུལ་དེ་གྲས་དེ་བདེ་སྲུང་ལ་འབྲེལ་བ་བྱེད་པ་ལས་ལྷག་ཅིག་སྐུ་ངོ་ལ་འབྲེལ་བ་བྱེད་ཡོང་གི་འདུག་ཨ། སྐུ་ངོ་ལ་ཡིད་ཆེས་ཆེ་བ་བྱེད་ཀྱི་འདུག་ཨ། དེ་ཚོ་དངོས་ཡོད་གནས་ཚུལ་རེད་ཟེར་གདའ། དེ་འདྲ་ཡིན་ན། ཐུབ་བསྟན་ལུང་རིགས་ལ་དྲི་བ་ཁ་ཤས་ཅིག་མི་གཏོང་ཀ་མེད་ཆགས་ཐེ།
༡། བོད་ནང་གི་གསང་བའི་གནས་ཚུལ་སྤུངས་ས་དེ་བདེ་སྲུང་ལས་ཁུངས་ཡིན་དགོས་ལེ་རེད། ཡང་ན། བདེ་སྲུང་བཀའ་ཟུར་ཡིན་དགོས་ལེ་རེད།
༢། བདེ་སྲུང་ལས་ཁུངས་ལས་ལྷག་ཅིག་སྐུ་ངོ་བཀའ་ཟུར་ལ་ཡིད་ཆེས་ཆེ་པ་བྱེད་ཀྱི་ཡོད་ན། བདེ་སྲུང་ལས་ཁུངས་ལ་ག་རེ་བྱས་ནས་ཡིད་ཆེས་བྱེད་ཐུབ་ཀྱི་མེད་ལེ་རེད།
༣། བདེ་སྲུང་བཀའ་ཟུར་ཚང་མས་བོད་ནང་གི་འབྲེལ་བ་བྱ་ཡུལ་ཚང་མ་སྒེར་གྱིས་ཁུར་སོང་ན། བདེ་སྲུང་ལས་ཁུངས་ཅི་བྱེད་དགོས་ལེ་རེད།
༤། བོད་ནང་གི་གསང་བའི་གནས་ཚུལ་དེ་གྲས་དེ་སྐུ་ངོ་བཀའ་ཟུར་ལ་འབུལ་གི་ཡོད་པ་ཁྱོད་རང་གིས་ག་འདྲེ་སེ་ཧ་གོ་ལེ་རེ།
༥། བདེ་སྲུང་བཀའ་ཟུར་གྱིས་བོད་ནང་གི་གསང་བའི་གནས་ཚུལ་དེ་གྲས་དེ་ག་པར་བེད་སྤྱོད་གཏོང་གི་ཡོད་མེད་ཁྱོད་རང་གིས་ཨེ་ཤེས།
༦། བོད་མིའི་སྒྲིག་འཛུགས་འདིར་རྩི་ལེན་རྩི་སྤྲོད་གི་འགྲོ་སྟངས་མེད་ལེ་ཨེ་རེད། འོ་ན། བཀའ་བློན་ཚར་ནས་ལས་ཐོག་སྐབས་ཀྱི་འབྲེལ་བ་བྱ་ཡུལ་ཚང་མ་ཁུར་སོང་ཆོག་ན། ང་ཚོ་མང་གཙོ་ལམ་ལུགས་ཡིན་ཟེར་ས་འགྲོ་གི་ཨེ་འདུག
ང་ལ་དོགས་པ་མང་པོ་ཞིག་ཡོང་བཞིན་གདའ། སྐུ་ངོ་ཐུབ་བསྟན་ལུང་རིགས་ཁྱོ་རང་གིས་བོད་མིའི་སྒྲིག་འཛུགས་སྤྱིའི་གཟུགས་བརྙན་ནག་པོ་བཟོས་ཐལ། དཔལ་ལྡན་སྲིད་སྐྱོང་དང་བཀའ་བློན་ཚང་མ་སྨ་འབེབ་བཟོ་དགོས་དོན་ཅི་རེད། གུས་ཆེ། གསལ་བཤད་ཡག་མོ་ཅིག་གནང་དང་ལོ། །
ཐུབ་བསྟན་ལུང་རིགས་ནི་སྐབས་འཚོལ་བ་ཞིག་རེད། མདོ་སྨད་ནང་ནས་ཁེ་ཕན་འདྲ་རག་སོང་ན་མདོ་སྨད་ཡིན་མདོག་མདོག ཕྱི་ལ་རིས་མེད་ཡིན་མདོག་མདོག དབུས་གཙང་མི་ལ་ཐུག་དུས་འཕན་པོ་ནས་ཡིན་མདོག་མདོག ད་ཐེངས་གི་བྱེད་སྟངས་དེ་འབྲོང་ཐོབ་ན་ཁེ་ཕན་འདྲ་རག་ཨེ་ཡོང་རེ་བ་རྒྱག་གི་ཡོད་རེད།
འབྲོང་ཆུང་དངོས་གྲུབ་ཀྱི་ས་ནས་དངོས་གྲུབ་རྡོག་རྡོག་ཅིག་རག་པར་རེ་བ་ཙམ་རེད།
ཐུབ་བསྟན་ལུང་རིགས་ཀྱི་སྐད་ཆ་ལ་ཆ་བཞག་ས་ཞེ་དྲག་ཡོད་པ་མ་རེད།
སྐུ་ངོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བདེ་སྲུང་བཀའ་ཟུར་སྐུ་ངོ་འབྲོང་ཆུང་ལགསུ་ཆེ་བསྟོད་ཞུས་པར་ཨུ་རྒྱན་སྟོབས་རྒྱས་ཀྱི་དྲི་བ་དང་བཅས་ཏེ་ལན་ཟབ་མོ་གནང་འདུག ཟབ་མོ་ཞུ་དགོས་དོན་སྐུ་སྒེར་ཞིག་གཞུང་དང་ལས་ཁུངས་ལས་ཀྱང་ལྷག་པའི་མོས་གུས་ཞུས་པར་གོ་ཆོག དུས་ཚོད་ཀྱི་མིན་ནམ་གང་ལྟར་སོ་སོའི་མ་དགའ་བའི་ཡུལ་ལ་གང་ཟག་དེའི་བོད་སྤྱི་ལ་ཕན་པའི་ལས་དོན་ཞུས་ཡོད་ནའང་མིང་སྣ་ཚོགས་། སྐབས་རེ་འབྲེལ་བ་མེད་གནས་ལས་བསུས་ཏེ་སྨ་སྨད་ཞུ་སྲོལ་འདུག བཀའ་ཟུར་འབྲོང་ཆུང་ལགས་རྒྱུན་རིང་བདེ་སྲུང་ལ་བཞུགས་པས་གནས་ཚུལ་ཞུ་བདེ་དང་ཡིད་ཆེ་བ་གང་ཟག་ཞུ་པ་པོ་ནས་མྱོང་སྲིད་ཀྱང་བཀའ་ཟུར་མཆོག་གི་སྔོན་དང་ཁོང་འཕོས་རྗེས་ཀྱི་དུས་ཚོད་གཉིས་ནང་མུ་མཐུད་བདེ་སྲུང་ལས་ཁུངས་བཞུགས་ཡོད། ཐུབ་ལུང་ལགས་ཙམ་མིན་པས་ཀྱང་གསང་གནས་སྐོར་འབྲེལ་བརྗོད་མང་པོ་གནང་མཁན་འདུག བསམ་ཞིབ་ནན་ཙམ་ཞུས་ན་རྒྱ་དམར་པོས་བོད་ནང་བཙན་འཛུལ་བྱས། བོད་མི་རྣམས་ལ་བསམ་ཡུལ་འདས་པའི་མནར་སྤྱོད་གཏང། མནར་སྤྱོད་གཏོང་སྟངས་དེ་འདྲ་གང་ནས་ཤེས་པ་ཡིན་ནམ་ཀྱང་འཚོར་བགྱི། བོད་མིའི་ཆོས་དང་རིག་གཞུང་རྩ་མེད་དུ་བཏང་དང་གཏོང་མུས་སོགས་ཚང་མ་མྱོང་ཤེས་སུ་ཡོད་དུས་ད་དུང་དེ་ལས་འདས་པའི་གསང་པ་ཞིག་ཅི་ཡོད་བསམ། ལམ་ཁག་ག་བ་བཟོ་ཡི། བཙོན་པ་སུ་དང་སུ་ཡིན་མིན། གཏེར་དང་ཤིང་གཅོད། ཆུ་མཛོད་ག་བ་རྒྱབ་ཀྱི་སོགས་གནས་ཚུལ་ཆེར་གསང་བ་བརྩི་དགོས་སམ། རྒྱ་ཆེ་སའམ་གལ་འགངས་ཆེ་གནད་རྒྱས་དབང་དུ་འདུས་ནས་ཡན་ལག་ལ་ཞིབ་པས་ཕན་ཆེའམ། དེ་མིན་བཙན་བྱོལ་བས་བོད་ནང་གསང་བའི་ལས་གཞིའམ་གཞིས་སྡོད་རྒྱ་ཆེ་བོད་མིས་རྒྱ་དམར་པོར་དྲག་རྒོལ་གྱི་གསང་གནས་ནི་མེད། སྐྱབས་བཅོལ་གཞུང་ནི་རྒྱ་གཞུང་དང་མི་མང་ལ་ཕྱི་གཙང་ནང་གཙང་ལས་གསང་བ་གང་མེད་པས་བློ་ཡིད་མ་ཆེ་ན་རྡ་སར་བལྟ་བར་ཕེབས་ཤོག་ཅེས་བཀའ་མང་པོ་གནང་ཡོད། དེ་འདྲའི་ངང་མེད་པར་ཡོད་གནས་དེ་ཡང་བཀའ་ཟུར་ཡིན་ཟེར་མཁན་ཞིག་ན་གསུངས་ན་ཡག་པོ་དང་དྲང་པོ་འདུག་གམ།
ང་ཞུ་དགོས་དོན་མིན་འདུག་ཀྱང་གང་ཟག་ཅིག་ལས་སྤྱི་ཚོགས་དང་དེའི་ཁོར་ཡུག་ལ་ཡིད་ཆེས་དག་སྣང་ཞུ་རྒྱུ་དེ་ཚང་མས་ཤེས་སྤེལ་དགོས་གནད་མ་ཟད་ང་ཚོའི་འདི་ཕྱི་གཉིས་ཀྱི་༸དབུ་ཁྲིད་ཉིད་ནས་ལམ་སྟོན་དང་ཐུགས་བཞེས་གནང་བ་མཇལ་རྒྱུ་འདུག་ག
དེ་མིན་དེང་སང་རྒྱབ་གཉེར་གནང་མཁན་མང་པོ་འདུག་པ་ལེགས་པའི་རང་བཞིན་ལོས་ཡིན་ཀྱང་རྒྱབ་གཉེར་གྱི་རྒྱབ་ཏུ་དམིགས་ཡུལ་ཡོད་པའང་མི་སྲིད་ན་ལེགས་ཆའི་རྒྱན་ན་གཟིགས་འོས་ཀྱང་མང་བས་བློ་བསམ་དུ་ངེས་ཡོད་མེད་ཀྱང་མ་ཆད་པ་ཚང་མས་ཞུ་རོགས་ཅེས་འདིར་གསོལ་འདོད་བྱུང་།
བོད་ནང་རང་སྲོག་ལའང་ཉེན་ག་ཡོད་བཞིན་ད་དུང་གནས་ཚུལ་གནང་བར་རྗེས་སུ་ཡིད་རང་ཞུ་རྒྱུ་ཡང་སྐྱབས་བཅོལ་ནང་ནས་གནས་དོན་ལ་བསམ་ཞིབ་དམན་པས་དགོས་མེད་ཀྱི་ཅ་ཅོ་གྲགས་ན་ཕན་ལས་གནོད་ཆེ་བ་ཡོང་རྒྱུར་སོང་དེ་ལྟར་མེད་པ་དང་མི་ཡོང་བའི་བསམ་ཞིབ་ནན་གལ་གྱི་གསན་འདེབས་སུ་ཞུས་ལགས་སོ།།
བསོད་སྟོབས་་ཀྱིས་་་འབྲུག་པའི་ཡི་གེ་བྲིས་པ་ཡིན་ན་མ་གཏོགས་་་ང་ཚོ་བོད་པ་ཚོས་་ཀློག་ཁག་པོ་་་རེད་་
བློ་བཟང་ལགས། ངས་ཞུས་པའི་གནད་དོན་དུ་ཁྱེད་ལ་ལན་རྒྱབ་རྒྱུ་མེད་མཐར་ཡི་གེ་ལ་ཁག་བསྐུལ་བས། ངས་གང་ཟག་ཁྱེད་འདྲ་འདྲའི་གནས་དོན་ངོ་མ་རྟོགས་ཆེད་བྲིས་པ་དོན་ལ་གནས་འདུག གཉིས་སུ་འབྲུག་པའི་ཡི་གེ་བྲིས་པ་ལབ་དུས་ཁྱེད་མཐོང་རྒྱ་དང་མཐོས་རྒྱ་ཨོ་ཙམ་འདུག་བསམ་སོང་ཀྱང་བསམ་ལོ་ཞིབ་ཏུ་གཏོང་དུས་བོད་མི་ཚང་མའི་ཁང་པ་ནས་ཉི་ཤུ་དགུ་དགོང་མོ་གཡུག་པའི་གླུད་ཀྱི་གཏམ་དཔེ་དེ་དང་ཁྱེད་གཉིས་མཚུངས་མདའ། མཐོང་མཐོང་གི་ཡུ་ར་ལ་གཅིག་རྒྱབ་ཟེད་བ་དེ་ཁྱེད་ཀྱི་འབྲུག་པའི་ཡེ་གེ་ག་རེ་བེད་སྤྱོད་ཀྱི་ཡོད་པ་ཤེས་གནས་དང་། མ་མཐོང་མཐོང་གི་བཞུ་མར་ལ་གཅིག་སྤར་ལབ་དུས་འབྲུག་པའི་བེད་སྤྱོད་པའི་ཡི་གེ་དེ་ག་ནས་ཡིན་མིན་དེ་མཐོང་མིན་འདུག ཁག་མེད། ངས་ཞུས་པའི་གནད་དོན་གྱིས་ཁྲག་རླུང་རྒྱས་པ་ཡིན་སྲིད། འབྲུག་སོགས་ཧི་མ་ལ་ཡིའི་རི་བརྒྱུད་ཀྱི་ཡི་གེ་ཁྱེད་ཀྱི་བོད་ཡིག་འདྲ་པོ་མཐོང་བ་དེ་དངོས་གནས་བོད་ཡིག་རེད། ཐོན་མི་སམ་བྷོ་ཊའི་བརྩམས་གནང་པའི་ཡི་གེ་དེ་ག་རང་ཡིན། སྐད་ཡིག་འདི་ཡི་དོན་ལ་བོད་ཀྱི་ཚོས་རྒྱལ་ཚོས་ནོར་ལོངས་སྤྱོད་ཕངས་མེད་གཏང་གནང་། བོད་མི་ཚོས་སྲོག་ལ་ཐུག་ཀྱང་གཏོས་མེད་ཀྱིས་དཀའ་བ་སྤྱད་པ་མ་ཟད་རྒྱ་དམར་པོས་བོད་མིར་བོད་ཡིག་སྦྱང་མ་འཇུག་པས་རང་སྲོག་དུ་མ་གཏང་དང་གཏོང་མུས་སུ་ཡོད་པ་མཁྱེན་ཡོད་གཤའ་ལ་། ཡི་གི་དེ་འབྲུག་པའི་ཡི་གེ་མ་ཡིན་པ་བརྒྱ་ཆ་བརྒྱ་ཐག་གཅོད་ཐུབ། བོད་མིར་ཡིག་གཟུགས་དུ་མ་ཡོད་པའི་ནང་ནས་འདི་ལ་དབུ་ཆེན་ཞུ་ཡོང་། ངའི་ཡི་གི་བྲི་བཟང་པོ་མེད་པ་དང་དག་ཆ་ནོར་ཡོད་གནས་ཀྱང་ཚིག་ལ་མི་བལྟ་དོན་ལ་བལྟོས་སོགས་གསུངས་ཡོད་དོ།།
མཐའ་དོན་ཁྱེད་ཀྱི་མ་ཤེས་ན་ངས་བྲིས་པའི་ཡི་གེ་དེ་བོད་ཡིག་ཡིན། ཤེས་བཞིན་དུ་བོད་ཡིག་ལ་ཁྱད་གསོད་ཞུ་ཡི་ཡོད་ན་ཁྱེད་རྙིང་རྗེ་།