དཔལ་ལྡན།
སྤྱི་རྟའི་སྒལ་བ་རལ་སོང་།།
སྒེར་གྱི་དོན་ལ་རལ་སོང་།།
བོད་གཞུང་སྐྱོབ་པའི་འབོད་སྒྲ།།
མི་དམངས་ཁྲོད་ནས་བསྒྲཊ་སོང་།།
སྲིད་སྐྱོང་བློ་བཟང་སེང་གེས།།
བསྟན་པ་མགོ་ནས་བཤིག་སོང་།།
མཐུན་སྒྲིལ་གོང་བུའི་ལག་རྡང་།།
སྲན་ཕུང་གཏོར་གཏོར་བྱས་སོང་།།
རྗེས་ཞུགས་བླུན་པོ་བླུན་མོས།།
ཞེན་ཁོག་ཞ་ཉེ་བཞུས་སོང་།།
ཕྱོགས་རིས་འབིག་རེ་རྡུང་བ།།
ཀླད་པའི་གཏིང་ལ་བརྡབ་འདུག།
སྤྱི་འཐུས་གད་སྙིགས་ནང་ནས།།
ཕོ་གསར་ཆ་གཅིག་སྒྲུག་ཡོད།།
ཨ་ཡོད་ད་ཡོད་ནང་ནས།།
ཟླ་བ་ལྷ་མོ་སྒྲུག་ཡོད།།
མགོ་སེ་དངོས་གྲུབ་ཚེ་རིང་།།
བློ་སེང་རྐུབ་ཤ་ལྡག་དོན།།
ལོ་དྲུག་རྗེས་ཀྱི་རྨི་ལམ།།
ཝ་ཤིན་ཌོན་ལ་བབས་སོང་།།
སྲིད་སྐྱོང་ཡིན་ས་མི་འདུག།
རང་དོན་སྒྲུབ་པ་་ཡིན་འདྲ།།
དམངས་ཀྱི་ཡིད་ཆེས་བརླག་སོང་།།
གྱེན་ལོག་གོམ་པ་སྤོས་སོང་།།
སྐུ་ངོ་བློ་བཟང་སེང་གེ།
བཀའ་ཤག་ལྷིང་འཇགས་ཨེ་རེད།།
སང་ཉིན་གནངས་ཉིན་ཞིག་ལ།།
བཀའ་ཤག་ནང་འཛིང་ཡོང་ངེས།།
ལྷིང་འཇགས་ལྷིང་འཇགས་ལབ་མཁན།།
བློ་སེང་ལྷང་ལ་བུད་སོང་།།
བོད་གཞུང་བཀའ་ཤག་ནང་ལ།།
རླུང་ནག་འཆུབ་མ་འཚུབ་སོང་།།
ཆོས་མེད་གཡུ་ཐོག་རྒད་པོ།།
གསར་འགྱུར་ནང་ནས་ཤར་སོང་།།
ཞེ་སྡང་ཁོང་ཁྲོའི་མེ་ལྕེས།།
ལུས་ངག་ཡིད་གསུམ་འབར་སོང་།།
སྲིད་སྐྱོང་སློབ་བཟང་སངས་རྒྱས།།
སློབ་ཐོན་ལག་འཁྱེར་མཐོ་ཡང་།།
ཆོལ་གསུམ་བོད་མིའི་སྒྲིག་འཛུགས།།
ཕྱི་དཀྲུག་ནང་དཀྲུག་བཏང་བྱ།།
གཡོ་ཐོག་ཀརྨ་དགེ་ལེགས།།
རྒྱབ་ཀྱི་ཆོས་གོས་མཛེས་ཀྱང་།།
ནང་སེམས་དུག་གི་མདའ་མོས།།
དམངས་སེམས་རྨང་ནས་རྨས་སོང་།།
ཨ་ཁུ་དངོས་གྲུབ་ཚེ་རིང་།།
སློབ་བཟང་སེང་གེའི་རྔ་མ།།
རྔ་མ་དྲུད་པའི་ཤུལ་དུ།།
བྱུས་ནག་རྩིས་ཁྲ་གསལ་འདུག།