ཁྲི་རལ་པ་ཅན།
ཉེ་ལམ་ཞིག་ནས་སྐུ་གཅེན་རྒྱལ་དོན་གྱི་སྐུ་ཚེའི་ལོ་རྒྱུས་དེབ་ཀལྨེ་པོང་གི་ཐུག་པ་བཟོ་མཁན་ཟེར་བ་འཐོན་ལ་ཉེ་བའི་གཏམ་ཐོས་ཏེ་དགའ་སྤྲོ་འཕེལ་མོད། ད་ལྟ་ལག་སོན་མ་བྱུང་ཡང་དྲ་ལམ་ནས་མངགས་ཉོ་ཐུབ་པ་བཟོས་ཚར་འདུག་པས། མི་གནད་ཡོད་རྣམ་པས་ད་ལྟ་ནས་ལྟ་ཀློག་གནང་བཞིན་པ་གསལ་བོ་ཡིན་ས་རེད།
དེ་རིང་དྲ་མྱུལ་སྐབས་སྐུའི་སྤུན་མཆེད་བློ་བཟང་བསམ་གཏན་འདས་པོའི་ལྕམ་རྣམ་རྒྱལ་སྟག་ལྷ་ལགས་ཀྱི་ངོ་དེབ་སྟེང་། https://www.facebook.com/namgyal.taklha/posts/1567336346880578 སྐུ་ངོ་རྒྱལ་ལོས་མོ་རང་གི་ཕ་མེས་ཚ་རོང་ཟླ་བཟང་དགྲ་འདུལ་དང་མོ་རང་གི་ཡབ་དམ་པ་ཚ་རོང་འཇོར་ལྗི་དགྲ་འདུལ་རྣམ་རྒྱལ་གཉིས། སྤྱི་རྒྱུ་སྒེར་བདག་པའི་རྐུན་མ་རེད་ཅེས་གཞི་མེད་སྐྱོན་འདོགས་བྱས་འདུག་པར་མི་འདས་པོ་ཚོས་ཁུངས་སྐྱེལ་བྱེད་མི་ཐུབ་པས། མོ་རང་གིས་ཁོ་ཚོའི་ཚབ་བྱས་ཏེ་ཁུངས་སྐྱེལ་བྱས་ན། སྐུ་ངོ་རྒྱལ་དོན་གྱིས་གཞི་མེད་སྒྲོ་སྐུར་གྱི་ཚིག་དེ་རིགས་བོད་མིའི་ཆིག་སྒྲིལ་ལ་གནོད་གཞིར་གྱུར་པ་སྐྱོ་སྣང་ཡོང་གཞི་ཞིག་ཡིན་ལ། དགའ་ལྡན་ཕོ་བྲང་གི་གསེར་ས་ཕག་ཀ་ལི་ཀ་ཏར་དྲངས་ཏེ་དེའི་སྟེང་མོ་རང་གི་ཡབ་འཇོར་ལྗི་དགྲ་འདུལ་རྣམ་རྒྱལ་གྱིས་ཕྱག་ལས་སྐབས། ཕྱག་རོགས་དགེ་འདུན་པ་གཉིས་དང་འགན་འཛིན་མཐོ་ཤོས་སྐུ་ངོ་རྒྱལ་ལོ་རང་ཉིད་ཡིན་པ་མ་ཟད། ཡབ་དམ་པ་དེ་མི་དྲང་པོ་དང་གཉོམ་ཆུང་། སྐད་ཆ་མང་པོ་མི་སྨྲ་མཁན་ཅིག་ཡིན་པ་རེད།
ཡང་སྐུ་ངོ་རྒྱལ་ལོས་“ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་བོད་གཞུང་གི་དངུལ་སྒོར་དཔར་འདེབས་ཀྱི་འགན་བཞེས་དུས། སྒོར་མོའི་པར་ཤིང་གཉིས་པ་ཞིག་ཁོ་རང་གི་ཁྱིམ་དུ་ཉར་ཏེ་དངུལ་པར་འདེབས་གནང་ཡོད་པ་རེད་”ཅེས་པར། གཅིག་ནས་ཚ་རོང་ཟླ་བཟང་དགྲ་འདུལ་ནི་དངུལ་པར་འདེབས་ཀྱི་འགན་ཁུར་བ་གཙོ་བོ་མིན་པར། ༧གོང་ས་བཅུ་གསུམ་པའི་སྤྱན་བསལ་ཀུན་འཕེལ་ལགས་འགན་ཁུར་བ་གཙོ་བོ་དང་ཚ་རོང་ཟླ་བཟང་དེའི་ཕྱག་རོགས་རེད། དེ་མཚུངས་སུ་སེར་སྐྱ་གཞུང་ཞབས་གཞན་ཁག་ཅིག་ཀྱང་ཡོད་པས། ཚ་རོང་གིས་གཞུང་ཞབས་དེ་ཙམ་གྱི་དཀྱིལ་ནས་དངུལ་པར་ཤིང་རྐུས་ཁྱེར་ལྐོག་ཉར་བྱེད་ཐུབ་བམ།
སྐུ་ངོ་རྒྱལ་ལོས་“ངོས་ལ་གནས་ཚུལ་དེའི་ཐད་དཔང་རྟགས་མེད་”ཅེས་ལབ་འདུག་སྟབས། གལ་ཏེ་བདེན་དཔང་མེད་ན་སྤྱི་ཚོགས་ནང་གུས་བརྩི་ཆེན་པོ་ཡོད་པའི་མི་ཞིག་ལ་གཞི་མེད་སྒྲོ་སྐུར་གང་འདྲ་བྱས་ནས་གནང་ཐུབ། ༧གོང་ས་བཅུ་གསུམ་པའི་གམ་བཅར་ཉེ་གནས་དཔའ་བོ་ཞིག་དང་སྤྱི་ཚོགས་ནང་ཆེ་མཐོང་ཡོད་པ། ཕྱི་ལོ་༡༩༥༩ ལོར་བོད་མིས་རྒྱ་དམར་ལ་ངོ་རྒོལ་ཡར་ལངས་སྐབས་བོད་མིའི་ངོ་ཚབ་གནང་མི་དེ་འདྲར། བོད་མི་མང་གིས་ཡིད་ཆེས་མེད་ན་རྒྱ་བོད་བར་གྲོས་མོལ་དུ་བོད་མི་མང་གིས་ཁོང་འོས་འདེམས་གནང་གི་རེད་དམ།
རྒྱལ་དོན་གྱིས་“ཚ་རོང་བཀའ་ཤག་དང་དམག་སྤྱིའི་གོ་ས་ནས་གནས་དབྱུངས་བཏང་བ་”ལབ་འདུག་མོད། དེ་ནི་ཚ་རོང་གི་ཁ་གཏད་ཚོས་ཁོང་ལ་ཉེས་འཛུགས་བྱས་རྐྱེན་བྱུང་རེད། ཚ་རོང་གིས་བོད་རྒྱལ་ཁབ་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་འདོད་ཀྱིས་རྒྱལ་སྤྱིའི་སྟེང་འབྲེལ་ལམ་བྱུང་བར། དབང་ཆ་ཆེན་པོ་དང་ལྟ་བ་མཁྲེགས་འཛིན་པ་དགོན་སྡེའི་མཁན་བླ་ཚོས་ངོས་ལེན་མ་བྱས་པ་མ་ཟད། གཞུང་ཞབས་ལྟ་བ་མཁྲེགས་འཛིན་པ་ཁག་ཅིག་ནས་ཀྱང་ངོས་ལེན་མ་བྱས་པ་རེད།
མཁན་ཆུང་ཐུབ་བསྟན་པའི་དེབ་ནང་གྲ་བཞིའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་ཅིང་། ཁོང་གིས་ཚ་རོང་སྐོར་བསྡོམས་བསྐྱོན་པའི་ནང་། “ཚ་རོང་ནི་མི་དྲང་པོ་དང་བདེན་ཐུབ། མི་ཚེ་གང་བོར་སོ་སོའི་རྒྱལ་ཁབ་དང་ཆོས་ཀྱི་དོན་ཕྱག་ལས་གནང་ཡོད་པས། ཁོང་ནི་ང་ཚོས་ཆེ་མཐོང་རྗེས་དྲན་འོས་པ་ཅིག་རེད་”ཅེས་བཀོད་ཡོད་ལ། རྩོམ་པ་བོ་དེ་ནི་ཚ་རོང་ཁྱིམ་ཚང་གི་ཉེ་འབྲེལ་དང་གྲོགས་པོ་གང་ཡང་མིན་པ་རེད།
ཕྱི་ལོ་༡༩༥༩ ཡར་སྔོན་གྱི་དེབ་མང་པོར་བོད་མི་རྒྱལ་གཅེས་པ་ཚ་རོང་ཟླ་བཟང་དགྲ་འདུལ་སྐོར་མང་པོ་བྲིས་ཡོད་ཅིང་། ངོས་ཀྱི་དེབ་(ལྷ་སར་འཁྲུངས་པ)ཟེར་བའི་ནང་དུའང་ཁོང་གི་སྐོར་བྲིས་ཡོད།
༧གོང་ས་༡༤ པ་ནས་ཀྱང་ངོས་ཀྱི་ཡབ་འདས་པོས་མེས་ཟླ་བཟང་དགྲ་འདུལ་སྐོར་བྲིས་པའི་དེབ། རང་རྒྱལ་ལ་ཞབས་ཞུ་གནང་བ། ཟེར་བའི་དེབ་ཀྱི་འགོ་བརྗོད་ནང་དུ། “ཁོང་གི་འགྱུར་མེད་བློ་སྟོབས་དང་དམ་ཚིག་གཙང་མ། མག་པར་སོང་བའི་ཁྱིམ་ཚང་ཆེད་དྲང་བཞག་ཧུར་ཐག་གནང་བ་སོགས། ཟླ་བཟང་དགྲ་འདུལ་ནི་བོད་རྙིང་བའི་གཤིས་སྤྱོད་ཡག་ཤོས་ཀྱི་དཔེ་མཚོན་ཡིན་པ་”བཀོད་པར་ལྟོས་ཏེ། སྐུ་ངོ་རྒྱལ་ལོས་གཞི་མེད་སྐྱོན་འཛུགས་ཡིན་པ་སོགས། རྣམ་རྒྱལ་སྟག་ལྷ་ནས་དེ་ལྟར་དུ་ལན་འདེབས་བྱས་འདུག་པས། སྐུ་ངོའི་དེབ་དེ་ཕྱིར་མ་འཐོན་གོང་ནས་མི་འགའ་རྨས་སྐྱོན་བཟོས་ཚར་འདུག་པ་མ་ཟད། སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ཕྱིར་རིམ་པར་མངོན་ཡོང་གིན་པ་ཡིན་གཤིས། ད་དུང་ཡང་དེབ་དེའི་ནང་གས་འཐོར་ཡོང་ཉེའི་འགད་རྫས་དེ་འདྲ་ཏན་ཏན་ཡོད་སྲིད་པ་རེད།
གང་ལྟར་སྐུ་ངོ་འཇུ་ཆེན་དང་རྒྱལ་དོན་སོགས་ཀྱིས་སྦས་གསང་མེད་པར་འདས་དོན་གྱི་ལོ་རྒྱུས་སྣ་ཚོགས་བཤད་ཐུབ་པ་དེ་རིགས། ལོ་རྒྱུས་སྨྲ་བ་ཚོར་རྒྱུ་ཆ་གལ་གནད་ཅན་དང་ཕྱི་རབས་པ་འགར་ཕན་ཁྱད་ཀྱང་ཡོང་སྲིད་པ་རེད་མོད། ད་ལྟའི་སྤྱི་ཚོགས་ནང་དཀའ་རྙོག་གང་འཚམས་རེ་དང་ཕྱི་རབས་པ་ཕྱོགས་ཕན་ཚུན་འཛིན་མི་རྣམས་ཀྱི་ཁྲོད། མི་མངོན་པའི་ཚུལ་དུ་ཞེ་འཁོན་གྱི་ས་བོན་གང་འཚམས་རེའང་འདེབ་ངེས་ཅན་རེད་སྙམ།།
ཨ་ལས། དེ་འདྲ་ཡིན་པ་རེད། བོད་ཀྱི་མཐོ་རིམ་སྐུ་དྲག་ནང་ཁུལ་འགལ་འདུ་སྣ་མང་གི་ནང་ཆ་ཕྱི་ལ་བཏོན་པ་ཡིན་རྒྱུ་རེད། ད་དུང་སྐུ་ངོ་རྒྱལ་ལོས་ཡུན་རིང་ཉར་ཚག་བྱས་པའི་གསང་བ་མང་དག་ཅིག་རྒས་པོ་འཆི་ཁར་དྲང་གཏམ་གྱིས་ཕྱི་གསལ་ནང་གསལ་གནང་ཡོད་རྒྱུ་རེད། དཔེར་ན་འཇུ་ཆེན་བཞིན། གང་ལྟར་ཞིབ་འཇུག་གི་རྒྱུ་ཆ་མང་དག་ཅིག་ཡོད་པ་ཐག་གིས་ཆོད།
སྐུ་ངོ་ཁོང་གིས་གསང་བ་མང་དག་ཅིག་དེབ་ནང་གསལ་སྟོན་གནང་ཡོད་སྲིད་པ་རེད་དོ།།
དེབ་དེ་དུས་ཐོག་བོད་ཡིག་སྟེང་བསྒྱུར་ཐུབ་ན་བོད་པ་ཚོར་ཕན་ངེས་སྙམ
མི་ཚེའི་ལོ་རྒྱུས་ནི་རྒན་པས་གཞོན་པར་བཅོལ་བའི་ནོར་ལྟར་ཡིན་ཕྱིར། ལ་ཁའི་ཉི་མ་ལྟ་བུའི་རྒས་ཁོག་ཅིག་གིས་རྫུན་བཤད་པ་མི་སྲིད་ལ། གཞོན་རབས་པ་རྣམས་ཁ་འཐབ་པའི་ཆེད་དུའང་མིན་ཞིང་། རང་གི་ཁོག་ནད་ཕྱིར་མངོན་པ་དེ་བས་མིན་པ་ནི། ༸སྐུའི་གཅེན་པོའི་ཐུགས་གཤིས་དང་ཕྱག་ལས་སོགས་ལས་ཤེས་ཐུབ། ཡོངས་གྲགས་སུ་བོད་སྡེ་བ་གཞུང་གི་སྐུ་དྲག་ས་ཡི་ཚངས་པ་དེ་ཚོས་མ་འཇོན་པ་དང་མ་འཐུས་པར་བརྟེན། བོད་མ་ཤོར་སྔ་རོལ་ནས་བོད་ས་ལྡུམ་བུར་ཕྱིན་ཏེ། རིམ་གྱིས་ས་ཡོངས་རྫོགས་རྒྱ་གུན་ཁྲན་ལ་ཤོར་བ་དེ་བོད་སྤྱིའི་གོད་ཆགས་ཡིན་ཞིང་། སྐུ་དྲག་ནང་ཁུལ་དུ་དབང་དང་རྒྱུ་དཔལ་འབྱོར་གྱི་འཐབ་རྩོད་ནི། བྱང་སེམས་མིན་པས་རྒྱུན་ལྡན་གྱི་གནས་ལུགས་ཤིག་ཡིན་ལ། སྐུ་ངོ་ག་གེ་མོས་བརྐུས་ཟེར་བ་སོགས་གནས་ཚུལ་ཆུང་ངུའི་རིགས་ཡིན་པས་བདེན་སྙམ།
༼གསལ་བཤད།༽ སྔར་གྱི་སྐུ་དྲག་ཚོར་ཆེད་བརྗོད་སྐབས་མི་དབང་ས་ཡི་ཚངས་པ་ཟེར་སྲོལ་འདུག
སྐུའི་གཅེན་པོ་ལ་ཁ་ཁའི་ཉི་མ་འདྲ་བོས་རྫུན་བཤད་མི་སྲིད། རྫུན་བཤད་ནས་ཁེ་ཕན་འཚོལ་དགོས་ས་ཞིག་མིན། འདི་ལྟར་སུ་ལ་ཕོག་ཀྱང་དྲང་བདེན་བཤད་ཐུབ་པ་ནི་ལོ་རྒྱུས་ལ་རིན་ཐང་བདེན་པ་ཞིག་ཆགས་པ་རེད། དངོས་ནས་ལྟ་འདོད་བྱུང་། བདེན་པའི་ལོ་རྒྱུས་རྒྱལ་གྱུར་ཅིག
རྒྱལ་ལོ་དོན་འགྲུབ་ཀྱིས་སྐུ་ཚེ་གང་བོར་རང་གི་ཁེ་ཕན་ལ་མ་བསམས་པར་བོད་མི་རིགས་བསམས་ནས་ཕྱག་ལས་གནང་ཡོད། རང་ཉིད་ཀྱི་འཚོ་བ་ད་ལྟ་གནས་སྟངས་སྐྱོ་བོའི་ངང་དུ་ཡོད་པ་ཀུན་གྱིས་ཤེས། ཁོས་ནམ་ཡང་རྫུན་ཞིག་བཤད་པ་གཏན་ནས་མི་སྲིད། རྫུན་བཤད་མཁན་ནི་སྔོན་ཕྱེ་མར་ཁྱི་ལ་སྤྲོད་མཁན་གྱི་སྐུ་དྲག་ཁྱིམ་རྒྱུད་དེ་ཚོ་ཡིན།
རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་ཕྱི་ལ་ཐོན་པ་དེས་སྐུ་དྲག་གི་ནང་མི་ཚོར་ཕོག་ཐུག་ཆེན་པོ་བཟོས་འདུག་པ་མ་ཟད་དེ་ལ་སྐྱོན་བརྗོད་ཀྱང་བྱེད་འགོ་ཚུགས་འདུག རང་གི་ནང་མི་ལ་ཐུག་ན་བདེན་པ་ཤར་ལ་གཡུགས་མཁན་དེ་སྐུ་དྲག་གི་ནང་མི་དེ་ཚོ་རེད་།
ལྷ་སྲས་རྒྱལ་ལོས་རྫུན་བཤད་མི་སྲིད། གལ་སྲིད་རྫུན་བཤད་ན་༸གོང་ས་མཆོག་ལ་རྫུན་བཤད་འགྲོ་བས་རྫུན་བཤད་མེད་པ་དེ་བདེན་དབང་གསལ་བོ་རེད། རྫུན་བཤད་སོང་ཟེར་མཁན་དེ་ཚོ་རྫུན་མཁན་རེད་འདུག སྐད་ཆའི་དངོས་ཤུགས་གང་ལ་བལྟས་ཀྱང་རང་ནོངས་འགེབས་ཀྱི་འདུག་པ་ཤེས་འདུག
འཇུ་ཆེན་ལ་ཏོག་ཙམ་དོག་པ་ཡོད་དཱ་་ཧྷཧཧཧཧཧཧཧཧ་་་་་་དེ་ཙམ་རང་དྲང་པོ་གནང་མཁན་ཞིག་ཡིན་ནམ་་ཧཧཧཧཧཧ
འཇུ་ཆེན་གྱིས་སྤྱི་པའི་ལས་ཀ་བྱས་ཡོད་རེད། འོནད་ཀྱང་། ཁོ་རང་ལས་བྱེད་སྐབས་མ་རབས་ཏོག་ཙམ་བྱས་ཡོད་རེད། ལྷག་པར་ལས་ཡོལ་ཕྱིན་ནས་མི་དྭོགས་གཞི་ཅན་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད།
རྒྱ་ལོ་འཇུ་ཆེན་སུ་ཡིན་ཡང་རྫུན་མི་བཤད་པའི་ཡིད་ཆེས་མེད།
ཆབ་སྲིད་པའི་སྐད་ཆར་ཆ་འཇོག་གང་ཡང་མེད། སྐད་ཆ་མང་པོ་ཞིག་ཁོ་རང་ཚོས་རྣམ་རྟོག་གཞི་ལ་བཞག་ནས་བཟོ་གི་རེད། དཔེར་ན་ཁོས་འདི་འདྲ་ཞིག་དྲན་ཡོད་རེད་དང་འཆར་གཞི་འདི་འདྲ་ཞིག་བཏིང་ཡོད་པ་རེད་ཟེར་བ་ལྟ་བུ་རེད། དེར་བརྟེན་ནམ་ཡང་སྐད་ཆ་བརྟན་པོ་ཞིག་མི་བཤད་པར་བསྐྱང་ས་དང་སྐུམ་ས་གཉིས་ཀ་ཡོད་པ་ཞིག་བཤད་གི་རེད། ཁོང་ཚོར་ཐུན་མོང་གི་ངན་གཤིས་ཤིག་ཡོད་པ་ནི་འཆི་ཁའང་མིང་སྐམ་ཞིག་ལ་རྔམ་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁ་གཏད་གང་ཡིན་པ་དག་ནག་པོ་བཟོ་ཐབས་བྱེད་པ་ཡིན། འཆི་ཁའི་མི་ཞིག་གིས་ནག་ཉེས་བཙུག་པ་དེ་ཉེས་འཛུག་བྱེད་སྟངས་སྡུག་ཤོས་དང་བློ་སྤོབས་མེད་པའི་ཉེས་འཛུག་བྱེད་སྟངས་ཤིག་རེད། མི་དྲང་མོ་དང་བློ་རྒྱ་ཅན་ཞིག་ཡིན་ན་བྱེད་སྟངས་འདི་འདྲ་ཞིག་གཏན་ནས་མ་རེད། མདོར་བསྡུས་ན་རང་ཉིད་ན་གདོང་ལེན་བྱེད་མི་ཐུབ་པའི་གནོངས་ཆེན་པོ་ཞིག་ཡོད་པ་གསལ་སྟོན་བྱས་པ་རེད་དོ། འདི་རིགས་ཤི་སོང་ནའང་ས་བོན་ངན་པ་ཞིག་མི་ཚོའི་སེམས་སུ་འདེབས་པ་རེད།
བོད་ལ་དྲིན་ཆེན་བྱས་དྲིན་མི་གོ་ཞེས་གུ་རུ་སངས་རྒྱས་གཉིས་པ་དེས་ཀྱང་སྐད་ཅིག་ཤོར་བ་རེད། རྒྱལ་ལོ་འདིས་རང་གི་ཁེ་ཕན་བློས་བཏང་ནས་མི་ཚེ་གང་ལ་བོད་མིའི་ཆེད་དུ་ཕྱག་ལས་གནང་ཡོད། བྱས་ངན་ཅན་ཚོས་བོད་རིགས་རྒྱ་ལག་ཏུ་བཞག་ནས་༸གོང་ས་མཆོག་ན་མ་སྨིན་པ་དེའི་ཕྱག་ཏུ་སྲིད་དབང་བཞག ད་དུང་རང་སྐྱོན་བྱི་ལའི་བྲིན་སྦས་པ་བཞིན་ས་སྦས་ལུང་སྦས་བྱས་ཀྱང་ཉི་ཤར་སྦར་མས་མི་ཟིན་པའི་དཔེ་ལྟར། བདེན་པ་ལྷང་ལ་འབུད་ངེས་རེད། གསེར་དེ་ཚོ་ཡང་༸གོང་ས་མཆོག་གི་མཛོད་སྦུག་གི་ཡིན་པ་ཞིག་གོ་རྒྱུ་འདུག
ལོ་རྒྱུས་ཤིག་མི་ཞིག་གི་མི་ཚེ་མཇུག་ལ་འབྲི་དགོས་པ་ལས་སྔོན་དུ་འབྲི་སྲོལ་མེད། ལོ་རྒྱུས་ལ་ལོ་རྒྱུས་ལྟ་ཚུལ་གྱིས་འབྲི་བ་ལས་ཆབ་སྲིད་ཀྱི་དྲི་མ་ཡོད་དོགས་མེད། སྤྱིར་བོད་མི་རིགས་དང་། དགོས་བོད་ཀྱི་ལོ་རྒྱུས་འབྲི་མི་བོད་མི། དེ་ནང་ནས་༸རྒྱལ་བ་དོན་གྱིས་བདག་པོའི་སྤུན་མཆེད་ཅིག་གིས་འཁྱོག་བཤད་གནང་མི་སྲིད། མི་འདི་ཚོ་མཐར་གཏུགས་༸རྒྱལ་དོན་གྱི་བདག་པོར་ཡང་བློས་མི་ཁེལ་བ་དེ་རིགས་རེད། སྔོན་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་དུ་འགྱུར་དགོས་པ་ཡང་། གཏུ་ཐུག་པའི་རིགས་འདི་ཚོ་ཡིན་ལས་ཆེ།
རྣམ་པ་ཚོས་བློ་གཟུ་བོར་གནས་ཏེ་དགོངས་ཚུལ་གསུང་ཆེ་སྙམ།སྐུ་ངོ་རྒྱལ་ལོ་དང་འཇུ་ཆེན།ཚ་རོང་སོགས་སུ་ཡིན་ན་བོད་ལ་བྱས་རྗེས་ཆེན་པོ་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད།འོན་ཀྱང་།དེ་ཙམ་གྱིས་ཁོང་ཚོ་སུ་ལའང་སྐྱོན་སེན་མགོ་ཙམ་མེད་པར་བལྟས་ན་ནོར་འཁྲུལ་ཡིན་རྒྱུ་རེད།རྣམ་པ་གཅིག་ཏུ་ན་དཀར་རྐྱང་དང་ནག་རྐྱང་ཅིག་ཡོང་ཨེ་ཐུབ་སྙམ།།
དྲ་གྲོགས་རྣམས་པ་ཚོ་སྔོན་མ་བོད་ནང་བོད་མི་མང་པོས་པན་ཆེན་རིན་པོ་ཆེར་གཞི་མེད་སྐྱོན་འཛུགས་དང་ཚིག་ངན་མང་པོ་སྨྲས་ཡོད་འོན་ཀྱང་ད་ལྟ་ལེགས་པར་བལྟ་སྐབས་ཁོང་གི་ང་ཚོ་བོད་མི་རིགས་དང་སྐད་ཡིག་ཆེད་སྐུ་སྲོག་དོར་གནང་བ་རེད་་་་་་བྱས་ཙང་ཆབ་སྲིད་པ་དང་རྒྱལ་བའི་སྤུན་མཆེད་སོགས་གང་ཡིན་ནའང་འདྲ་མིན་ནའང་འདྲ་བོད་མི་རིགས་དང་རྒྱལ་ཁབ་་རིག་གཞུང་སོགས་ཆེད་ཞབས་འདེགས་གང་ཙམ་ཞུས་འདུག་གཟིགས་རྒྱུ་གལ་ཆེ་་
དེ་མིན་འཇུ་ཆེན་འདྲ་བའི་མི་ལབ་རྒྱུ་ལེན་རྒྱུ་མང་པོ་ཡོད་མཁན་ཞིག་དང་ཁོང་ལྟ་བུ་བསྡུར་ཐབས་ཅང་ཨ་ཡོད་ནཱ་མ་ཟད་དེང་སྐབས་སྤྱི་ཚོགས་དང་གྲོལ་ཚོགས་སོགས་ནང་སྙོག་གླེང་ཡོང་སྐབས་དེའི་རྒྱབ་ལ་འཇུ་ཆེན་གྱི་མིང་ཡང་ཡོང་གི་འདུག་ཏཱཏཱ
འཇུ་ཆེན་གྱིས་ལོ་བཅུ་བཞི་ཙམ་རིང་བོད་གཞུང་གི་བཀའ་ཁྲི་དང་མི་ཚེ་གང་བོར་བོད་གཞུང་གི་གཞུང་ཞབས་གནད་ཡོད།བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་སོགས་བྱས་རྗེས་བགྲང་མི་ཚར་ཙམ་ཡོད་རེད་ད།
ཚ་རོང་ཟླ་བཟང་དགྲ་འདུལ་ནི་བོད་རྒྱལ་ཁབ་ཀྱི་དམག་སྤྱི་དང་༧གོང་ས་བཅུ་གསུམ་པའི་ཐུགས་རྩིས་ཤིན་ཏུ་ཆེན་པོ་ཡོད་ས།དངོས་གནས་མི་སྣ་ས་གྲགས་གནམ་གྲགས་ཤིག་རེད།
སྐུ་ངོ་རྒྱལ་ལོ་མཆོག་༧གོང་གི་སྐུ་གཅེན་དང་བཙན་རྒོལ་རྒྱལ་སྐྱོབས་ཀྱིས་དྲག་པོའི་སྒྲིག་འཛུགས་བཙུགས་གནང་མཁན།བོད་རྒྱ་འབྲེལ་མོལ་གྱི་སྣེ་མཐུད་ཐེངས་མང་གནང་མཁན།བཙན་བྱོལ་ནང་མང་གཙོ་སྤེལ་མཁན།མི་གལ་གནད་ཤིན་ཏུ་གལ་ཆེན་ཡིན་པ་སྨྲོས་མི་དགོས་པ་རེད།།
ཁྲི་རལ་ཁྱོད་བདེན། འོན་ཀྱང་ད་ལྟའི་གནས་དུས་འདི་བྱས་རྗེས་བགྲང་བའི་དུས་ཤིག་མ་རེད། འཇོན་ཐང་ངོམས་པའི་དུས་དང་ནུས་ཤུགས་འདོན་པའི་དུས་རེད་དོ། ཧེ་ཧེ།
དེའི་སྐོར་ལ་སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱིས་བྲིས་པ་དེ་བདེན་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། དེ་སྔ་ལོ་ཁ་ཤས་ཀྱི་སྔོན་དུ་ཨི་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་དུ་ཡང་དྲི་བ་དྲིས་ལན་དེ་འདྲ་བྱས་སོང༌། དེ་དུས་ཚ་རོང་སྐུ་ངོ་བསྡད་ཡོད་རེད། དེ་མ་ཚད་ཁོ་རང་ཚོ་ཕན་ཚུན་གཉེན་ཉེའི་འབྲེལ་བ་ཡང་ཡོད་རེད། རྒྱ་ལོ་ཁོ་རང་གི་གཅུང་པོའི་མནའ་མ་ནི། རྣམ་རྒྱལ་ལྷ་མོ་མོ་རང་རེད། རྣམ་ལྷའི་གཅུང་པོའི་བག་མ་ནི། རྒྱ་ལོའི་བུ་མོ་རེད། དེ་འདྲ་བའི་གཉེན་ཚན་གྱི་ནང་དུ་བརྫུན་ཤོད་དགོས་དོན་མི་འདུག འོན་ཀྱང་འདིར་གསལ་བཤད་བྱེད་དགོས་ཡས་ཤིག་ལ། ཚ་རོང་མདའ་བཟང་དགྲ་འདུལ་དང༌། ཁོང་གི་སྲས་བདུད་འདུལ་རྣམ་རྒྱལ་གཉིས་ཁ་ཁ་ཡིན་པ་ཤེས་དགོས་ཀྱི་རེད། མདའ་བཟང་དགྲ་འདུལ་ནི། བོད་དུ་འདས་པ་རེད། ད་ལྟའི་གནས་ཚུལ་གླེང་ས་དེ་ནི། བདུད་འདུལ་རྣམ་རྒྱལ་ཡིན་པ་ཤེས་དགོས་ཀྱི་རེད།
གངས་རྒྱལ་ལགས།བདུད་འདུལ་དང་ཟླ་བཟང་གཉིས་ཀ་གླེང་འདུག་ག ཟླ་བཟང་གིས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དངུལ་སྒོར་པར་ཤིང་ཉར་བ་ལབ་འདུག།བདུད་འདུལ་གྱིས་གསེར་ས་ཕག་གི་རྙོག་བྲ་རེད་ད།
“ངེད་ཀྱི་མཛོད་སྦུག་ནས་གསེར་དངུལ་ཕྲན་བུ་གཏོང་དགོས་ཞེས་བཀའ་བློན་ཚོས་བསམ་ཚུལ་ལྟར་གསེར་ཕྱེ་ལེབ་དང༌། དངུལ་ས་ཕག་གང་འཚམས་ལྷ་ས་ནས་འབྲས་ལྗོངས་སུ་བཏང་སྟེ་ལོ་དགུའི་རིང་བཞག་པ་དེས་མཐར་ང་ཚོར་དགོས་མཁོ་ཆེན་པོ་བྱུང༌།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས།.” iBooks.
སྐུ་ངོ་ཁོང་གི་ལོ་རྒྱུས་ཞིག་འབྲི་བཞིན་ཡོད་ཅེས་ཁོང་གི་གསར་འགྱུར་ཐོག་སྔོན་མ་གསུང་སོང མི་ཚེ་ནང་མི་རིགས་ལ་དྲིན་ཆེན་ཡིན་ གནས་ཚུལ་ཞིག་དྲང་པོ་དང་གསལ་བོ་ཆགས་དགོས་ན ཁ་སྣ་གང་རུང་ལ་ཕོག་པ་ཡོང་གི་རེད
ངའི་མིང་ལ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་རེད།
https://www.youtube.com/watch?v=5Is4632VsjM
རྒྱལ་ལོ་དོན་གྲུབ་མཆོག་གིས།
https://www.youtube.com/watch?v=IVhh-djLseE
ངས་ལྟས་ན་འགད་རྫས་གཏོར་མཁན་དེ་སྐུ་ངོ་རྒྱལ་ལོ་མིན་པར་སྐུ་ངོ་འཇུ་ཆེན་ཡིན་པ་ཡོད། ད་ལོའི་གྲོས་ཚོགས་ནང་ལ་འགད་རྫས་བཞག་མཁན་ཡང་སྐུ་ངོ་ཁོང་གི་ཨབ་ཕྲུག་ཡིན་རབས་འདུག
ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་ནང་འཁྲུགས་དང་འབྲེལ་བ་ཡོད་པ་བདེན། རྡོ་བུས་ཤེས་རབ་སོགས་ཀྱིས་མའོ་ལ་ལྷག་བསམ་རྣམ་དག་གིས་རོགས་བྱས་ནས་གུང་དམག་ལ་བཅིངས་གྲོལ་དམག་མི་ཞེས་སུ་བསྒྱུར་བས་མཚོན་རྒྱ་གཞུང་ལ་བློ་དཀར་གཞུང་དྲང་གནང་མཁན་ཚང་མས་རྒྱལ་ཁབ་ནང་འགད་རྫས་གཏོར་ཡོད། དགེ་ཆོས་ཀྱིས་ང་ཏང་ཡོན་རེད་ཅེས་བོད་གཞུང་གིས་སྡིག་པོ་བཏང་བྱུང་ཞེས་གུང་དམག་གི་མདུན་ནས་ངུས་འདུག
དུས་དེང་སང་ཡང་ཏང་ཕྲུག་ཚོས་བོད་ཀྱི་མི་དྲག་ཚོར་འཐབ་རྩོད་གནང་གི་འདུག གཅེན་པོ་རྒྱ་ལོ་དོན་འགྲུབ་མཆོག་ནི་བོད་གཞུང་ལ་ཞབས་ཞུ་ཧུར་ཐག་བྱས་པའི་དཔའ་རྒོད་གཅིག་ཡིན།
ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་ནང་འཁྲུགས་དང་འབྲེལ་བ་ཡོད་པ་བདེན། རྡོ་བུས་ཤེས་རབ་སོགས་ཀྱིས་མའོ་ལ་ལྷག་བསམ་རྣམ་དག་གིས་རོགས་བྱས་ནས་གུང་དམག་ལ་བཅིངས་གྲོལ་དམག་མི་ཞེས་སུ་བསྒྱུར་བས་མཚོན་རྒྱ་གཞུང་ལ་བློ་དཀར་གཞུང་དྲང་གནང་མཁན་ཚང་མས་རྒྱལ་ཁབ་ནང་འགད་རྫས་གཏོར་ཡོད། དགེ་ཆོས་ཀྱིས་ང་ཏང་ཡོན་རེད་ཅེས་བོད་གཞུང་གིས་སྡིག་པོ་བཏང་བྱུང་ཞེས་གུང་དམག་གི་མདུན་ནས་ངུས་འདུག
དུས་དེང་སང་ཡང་ཏང་ཕྲུག་ཚོས་བོད་ཀྱི་མི་དྲག་ཚོར་འཐབ་རྩོད་གནང་གི་འདུག
གཅེན་པོ་རྒྱ་ལོ་དོན་འགྲུབ་མཆོག་ནི་བོད་གཞུང་ལ་ཞབས་ཞུ་ཧུར་ཐག་བྱས་པའི་དཔའ་རྒོད་གཅིག་ཡིན་པས་ཁོང་གིས་མེས་པོ་ཟླ་བཟང་ལ་སྐྱོན་བརྗོད་གནང་བར་བདེན་པ་ཡོད་སྲིད་ལ། མེས་པོ་ཟླ་བཟང་གི་བུ་རབས་ཚ་རྒྱུད་ཚོས་གསལ་བཤད་བྱ་ནུས་པ་རྣམས་བྱ་དགོས། ཏང་ཕྲུག་ཚོར་ཞེ་དྲག་གིས་ཇུས་གཏོགས་མེད་གདའ།
རྒྱ་ལོ་དང་འཇུ་ཆེན་གཉིས་ལ་ཡིད་ཆེད་མེད་རྫུན་རྐྱལ་གཉིས་རེད་
ད་ཁྱེད་ཚོ་དེའི་བར་ལ་འཛུལ་ནས་ཆགས་སྡང་མ་བསགས་རོགས། སྐུ་དྲགས་གསར་རྙིང་བར་གྱི་འགལ་བ་རེད། རྒྱལ་ལོ་ཚང་སྐུ་དྲགས་གསར་པའི་རིགས་རེད། རྒྱ་གར་དུ་སྐྱབས་བཅོལ་དུ་སླེབས་མ་ཐག་ཏུ་ཡབ་གཞིས་ཚང་གིས་སྐུ་དྲགས་རྙིང་པའི་རིགས་ལ་སྡུག་པོ་ཞེ་དྲགས་བྱས་ཡོད་ཚུལ་འདུག སྐུ་ངོ་ཟུར་ཁང་དང་གཡུ་ཐོག་གཉིས་ཀྱང་ཐའེ་ཝན་ལ་སྐྱབས་བཅོལ་དགོས་པ་བྱུང་བ་རེད། ཞྭ་སྒབ་པ་དྷི་ལིར་གནས་དབྱུངས་བྱས་པ་དང་། ཕ་ལྷ་བ་སི་ཝི་སིར་བུ་རྫིར་བཏང་བ་སོགས་གསར་བརྗེ་ཆུང་ཞུང་ཞིག་བྱས་ཡོད་སྐད་འདུག་མོ། འདི་ཚོས་བོད་བསྟན་སྲིད་ལ་ཞབས་འདེགས་ཞུས་ཚུལ་གོ་མ་མྱོང་། ཞབས་འདྲེན་ཞུས་ཚུལ་མང་པོ་འདུག ང་ཚོ་མི་རབས་གསར་པ་རེད། ལོ་རྒྱུས་སྐྱག་པ་འདྲ་བོ་འདི་ཚོ་བསྔོགས་ན་སྐྱག་དྲི་བྲོ་བ་མ་གཏོགས་གཞན་གང་ཡོད།
རྡོ་སྦིས་དགེ་བཤེས་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞན་འགྲན་མེད་པའི་མཁས་པ་ཅིག་ཡིན་པས།རྒྱལ་བའི་བཀའ་འགྱུར་ཞུས་དག་སྐབས་ཁོང་གི་ལས་རོགས་ཅོ་ནེ་བླ་མ་སྐུ་དྲག་ཚོས་དུག་གིས་དཀྲོངས་ཏེ།རྡོ་སྦིས་ཀྱི་མགོར་བཞག་པ་མ་ཟད།རྗེས་སུ་བོད་ལ་ཡོང་མ་བཅུག་པ་ཞ་སྒབ་པའི་སྲིད་དོན་རྒྱལ་རབས་སུ་ཡོད་པ་རེད།དེ་ནས་བཟུང་མཚོ་སྔོན་དུ་བོད་མིའི་ཆེད་ཕྱག་ལས་མང་པོ་གནང་བ་རེད།
དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་སྲིད་དོན་རྒྱལ་རབས་དང་ས་ཁྲ།ཡུལ་ལུང་སྤྱིའི་གནས་ཚུལ་སོགས་བྲིས་འཆར་ཡོད་པ་དབྱིན་ཇི་གཞུང་གིས་ཤེས་ཏེ་དབྱིན་གཞུང་དང་བོད་གཞུང་མཉམ་འབྲེལ་གྱིས་མེད་པར་བཟོས་པ།སྐབས་དེའི་ལྷ་སའི་ནང་བཅའ་སྡོད་དབྱིན་ཇི་གཞུང་གི་དོན་གཅོད་པ་རིཅར་གྲི་སོན་ནས་དངོས་སུ་གློག་བརྙན་ནང་བཤད་འདུག
སྐུ་དྲག་ཚོར་བོད་ཞེན་ལ་རྒྱ་མེད་པའི་དཔེ་མཚོན་བཤད་ན།ཕྲེང་རིང་ཨ་མའི་དེབ་ནང་དུ།སྡེ་བ་གཞུང་གིས་སྐུ་དྲག་ཚོར་བཤད་སྲོལ་ཅིག་ཡོད་པ་ནི།གལ་ཏེ་བོད་བསྟན་སྲིད་ཆེད་མི་སུས་ལྷག་བསམ་རྣམ་དག་བྱས་ན།མི་དེ་ལ་གཏན་ནས་ཡག་པོ་ཡོང་གི་མ་རེད།ལམ་འགྲོ་མི་ཡོང་བ་རེད་ཅེས་འཇིགས་སྣང་བྱེད་འདུག།
རྒྱ་ནག་གཞུང་གིས་ཆབ་མདོ་ནས་ཡར་བཙན་འཛུལ་བྱས་ཡོང་དུ་ཁམས་པ་ཚོས་དམག་འཁྲུག་གང་འཚམས་བྱས་པ་མ་གཏོགས།སྐུ་དྲག་མི་ཚང་ཀུན་ནས་རྒྱལ་ཁབ་སྲུང་རྒྱུ་དང་དགྲ་ལ་ཁ་གཏད་བྱེད་རྒྱུ་ཕར་བཞག་སྟེ།རང་གི་ནང་མི་རྒྱུ་ནོར་དང་བཅས་པ་རྒྱ་གར་དུ་དབོར་འདྲེན་ལ་རྔམ་སྐྲག་གིས་ལྷ་ས་གཙང་པོའི་རབ་ཁ་དང་གྲུ་ཁ་ཡོངས་རྟ་དྲེལ་དང་མིས་ཁེངས་ཏེ།ཉིན་མཚན་མེད་པར་བྲེལ་འཚུབ་རེད་ཅེས་ཕྲེང་རིང་ཨ་མ་ལགས་ཀྱིས་སོ་སོའི་མིག་་མཐོང་དངོས་སུ་བྲིས་ཡོད་རེད་ད།
རྡོ་སྦིས་དགེ་བཤེས་འདྲ་བོ་དེ་དང་པོ་མའོ་ཙེ་ཏུང་ལ་མགོ་འབུལ་ལུས་འབུལ་ཞུས་ནས་རྒྱ་དམར་བོད་དུ་ཡོང་བར་ཆར་སྣེ་རླུང་ཁྲིད་ཅི་ཐུབ་གང་ཐུབ་བྱས་། མཐའ་མ་ཁོ་རང་གིས་མྱང་འདུག་ག
ང་་རང་གིས་མཐོང་ཚུལ་དུ།འཇུ་ཆེན་དང་བྱ་དུར་སོགས་གང་ལྟར་མི་རྒྱུས་མྱོང་ཅན་ཚོའི་ལོ་རྒྱུས་བཀླགས་ཏེ་ཉམ་མྱོང་གིས་དཔག་ན།བོད་དོན་བདེན་མཐའ་གསལ་བར་འགག་རྡོ་ཆེན་པོ་གསུམ་འདུག།གཅིག་ནས།ད་དུང་ཡང་བཙན་བྱོལ་ནང་སྐུ་དྲག་གིས་ཕུགས་རྒྱང་རིང་པོར་དབང་ཆ་འཛིན་རྒྱུར་དམིགས་ཡུལ་རྩ་བ་ཟབ་པ་དང་རྩེ་མོ་རྒྱས་པ་འདི་གནད་ཆེན་པོ་ཅིག་རེད།
གཉིས་ནས།ཆོས་ལུགས་ཆོལ་ཁའི་འཐེན་ཁྱེར་དང་དེའི་བར་སྐབས་འཚོལ་ཁེ་ཕན་རིང་ལུགས་པ་མང་དྲག་པ་རེད།
གསུམ་ནས།བླ་སྤྲུལ་ཚོས་ཆབ་སྲིད་ནང་ཇུས་གཏོགས་དང་མི་སྡེ་མང་པོར་དབང་བསྒྱུར།ཁོ་རང་ཚོ་ཕན་ཚུན་ཐ་ན་ཆོས་བརྒྱུད་གཅིག་ནང་ཁུལ་དུའང་དབང་ཆ་འཐབ་རྩོད་ཀྱི་ཡོ་ལང་ཆེན་པོ་ཡོད།
ད་གནད་དོན་དེ་གསུམ་མེད་པར་མ་བཟོས་བར་དུ།བོད་ལ་རང་དབང་ནམ་ཡང་ཐོབ་མི་སྲིད་པ་རེད།དེ་གསུམ་མེད་པར་བཟོ་བར་གསར་བརྗེ་བྱེད་དགོས་པ་རེད།སོ་མེད་ན་སྲིན་མེད་པ་བྱེད་དགོས་པ་རེད།
ཨ་ལེ།རྡོ་སྦིས་དགེ་བཤེས་མ་ཡིན་པ་བོད་ནང་མོའོ་ལ་མགོ་མ་བཏགས་པ་སུ་ཡོད་རེད།བོད་གཞུང་གི་སྐུ་དྲག་མི་དྲག།སྡེ་དཔོན་བླ་སྤྲུལ།ཐ་ན་༧རྒྱལ་༧པཎ་གཉིས་ནས་ཀྱང་མོའོལ་་མགོ་བཏགས་རེད་ད།
བོད་འདི་ཕུངས་ལ་སྦྱོར་མཁན་ཕྱི་དགྲ་མ་རེད་ནང་དགྲ་རེད། དུས་རབས་བདུན་པ་ནས་བཟུང་སྟེ་འདི་ལྟར་ཁོ་ནར་བྱུང་ཡོད། ཧོར་དམག་སོག་དམག་འཇང་དམག་གོར་དམག་རྒྱ་དཀར་ནག་གི་དམག་བཅས་ནང་དུ་གདན་འདྲེན་ཞུས་ནས་རང་གི་ཆོས་རྒྱུད་ཆོས་ལུགས་ཁོ་ནར་དར་དགོས་བསམ་ནས་ཆོས་ལུགས་གཞན་ལ་དམག་འཁྲུག་ཁོ་ནར་བྱས་ཏེ་མཐར་རང་ཡུལ་འདི་ཕུངས་ལ་སྦྱར་བ་རེད།
་འཇུ་ཆེན་གྱིས་ལོ་བཅུ་བཞི་ཙམ་རིང་བོད་གཞུང་གི་བཀའ་ཁྲི་དང་མི་ཚེ་གང་བོར་བོད་གཞུང་གི་གཞུང་ཞབས་གནད་ཡོད།བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་སོགས་བྱས་རྗེས་བགྲང་མི་ཚར་ཙམ་ཡོད་རེད་ད། ཧཧཧ་ ཁྲི་རལ་ལགས་ཁྱེད་རང་ཡང་ཁོང་གི་ཨབ་ཕྲུག་ཆུང་ཆུང་ཞིག་མ་རེད་དམ་་་་་་་་་ལོ་དང་དུས་ཡུན་རྩིས་ན་ཁོང་ལ་རྙིང་ང་མང་པོ་ཡོད་རེད་དཱ་་་་་་་་དེ་ལས་བཞུགས་པའི་རིང་ལ་གཞུང་མང་གཉིས་ལ་ཕན་པའི་ཕྱག་ལས་གང་དང་གང་གནང་འདུག་གཟིགས་རྒྱུ་གལ་ཆེ་བ་མ་རེད་དམ་་་་་་
དྲ་གྲོགས་ཚོས་བསམ་ཚུལཐའ་གཉིས་སུ་མི་ལྷུང་བར་ཤོད་རོགས་གྱིས།
འཇུ་ཆེན་གི་དྲང་བདེན་མིན་པའི་དེབ་མང་དག་ཞིག་གཏོན་ཡོད་དེབ་དེ་ཚོའི་ནང་དོན་ཚང་མ་དཀྲུག་ཤིང་གི་སྐད་ཆ་མ་ཏོག་གང་ཡང་མེད་
ཅོ་རི་ལགས་ང་ཚོ་སུས་ཀྱང་སུ་ཞིག་གི་རྒྱབས་ལངས་བྱེད་ཀྱི་མེད་ལ་བྱེད་དགོས་དོན་ཡང་ཡོད་མ་རེད་་་་་་་ཡིན་ནའང་ང་ཚོ་ཚང་མ་སྨྲ་ཤེས་དོན་གོ་མཁན་ཞིག་ཡིན་པས་ཕྱོགས་ལྷུང་མེད་པར་ད་བར་སུས་གཞུང་མང་གཉིས་ལ་ཕན་པ་འགྲུབ་འདུག་་་་་་་་་་་་སུས་གང་ཡང་མ་གནང་བར་བཞུགས་འདུག་་་་་་་་་་ཡང་སུས་ཕན་ལས་གནོད་ཆེ་བ་སྐྱེལ་འདུག་འདས་པའི་ལོ་རྒྱུས་ལ་སྤྱད་པ་ཞིག་གནང་དང་གསལ་པོ་ཤེས་ཐུབ་པ་ཞིག་རེད་་་་་་་་
ཨ་ལ་ལ། བོད་འདིར་དུས་རབས་བརྗེ་ནའང་། མི་རབས་མི་བརྗེ་གི ནང་ཆོས་དར་དྲགས་པས་རྐྱེན་ཡིན་པ་འདྲ། ཚང་མས་བཀའ་ཆོས་འདྲ་ཏག་ཏག་བཤད་ནས་བསྡད་འདུག སེམས་གནད་ལ་ཕབ་ནས་ཉམས་ཞིབ་དང་དཔྱད་ཞིབ་བྱས་ཏེ་བརྗོད་པའི་གཏམ་ན་གཅིག་ཀྱང་མི་འདུག རྟིག་དྲི་ལྟར་དབུགས་ཕྱིར་ཕུད་རྗེས། རྐུབ་གཡུགས་བཞིན་བུད་འགྲོ་བ་དེ་ཙམ་ཞིག་རེད།
ཐ་ན། དེབ་དེའི་ལེའུ་གཅིག་བཀླགས་ཡོད་མཁན་གཅིག་ཀྱང་མི་འདུག ལོང་བཤད་རྐྱང་རྐྱང་བྱས་ནས།
སྐུ་ངོའི་དེབ་དེ་ད་ལྟ་ཀློག་བསམ་ཡང་ལག་ཏུ་རག་ཁག་པོ་རེད་མོད།རིམ་བཞིན་སྤྲོ་བ་ཡོད་པ་ཚོར་ཏན་ཏན་གོ་སྐབས་ཡོང་གི་རེད།
རྒྱ་ལོས་གང་བཤད་ཡོད་མེད་མི་ཤེས་ཀྱང་། གཏན་གཏན་ཁོ་རང་གི་ངེས་པར་བཤད་དགོས་པ་ནི། ཆུ་སྒང་ལས་བྱེད་ལི་ཐང་ཚེ་བཀྲ་བློ་བཟང་དང་། མ་ནང་ཨ་ཕོ་སོགས་མི་གསུམ་རྒྱ་གར་མངའ་སྡེ་ Rajasthan བཙོན་ཁང་ནང་དོན་མེད་མི་ལོ་ཉི་ཤུ་ལ་ཉེ་བར་བླུག་པ་དེ་ཚོའི་སྐོར་གསལ་བཤད་ཡོད་པའི་རེ་བ་ཡོད། མ་ཤི་ཚེ་རིང་ན་སྐད་ཆ་རྗེས་སུ་རིམ་པའི་བཤད་ཆོག་ཨ། xxx
“ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་སྐུ་ཚབ་༸གོང་ས་མཆོག་གི་བཀའ་ལག་ཁྱེར་དང་བཅས་པེ་ཅིང་དུ་ཕེབས་སྐབས། སྐུ་ཚབ་རྣམ་པས་༸གོང་ས་མཆོག་གི་བཀའ་མངགས་བཞིན་ཀུན་གཟིགས་༸པཎ་ཆེན་བཅུ་པའི་སྐུ་མདུན་དུ་བཅར་སྐབས། ༸པཎ་ཆེན་རིན་པོ་ཆེས། ཁྱེད་རྣམ་པས་ཧུའུ་ཡའོ་ཧྥང་གི་བོད་ཀྱི་གནད་དོན་སེལ་ཆེད་དུ་བཏོན་པའི་དོན་ཚན་ལྔའི་སྐོར་མཁྱེན་གྱི་ཡོད་དམ་ཞེས་བཀའ་དྲི་ཕེབས། ༼ཕྱི་ལོ་ ༡༩༨༡ ལོར་རྒྱ་ལོ་དོན་གྲུབ་ལ་ཧུའུ་ཡའོ་ཧྥང་གི་དོན་ཚན་སྤྲད་ཡོད་པ་དེ། ཕྱི་ལོ་ ༡༩༨༢ སྐུ་ཚབ་གསུམ་འགྲོ་དུས་རྩ་བ་ནས་ཤེས་རྟོགས་མི་འདུག༽ རྒྱུ་རྐྱེན་ཅི་ཡིན་མ་ཤེས་ཀྱང་སྐུ་ཚབ་གསུམ་ལ་དོན་ཚན་ལྔ་ཡི་སྐོར་གང་ཡང་ཤེས་རྟོགས་མི་འདུག་པས། སྐུ་ཚབ་རྣམ་པས་ང་ཚོས་དོན་ཚན་ལྔའི་སྐོར་གང་ཡང་ཤེས་རྟོགས་མེད་ལ། བཀའ་མངགས་ཀྱང་གནང་མ་བྱུང་ཞུས། གནས་ཚུལ་དེར་༸པཎ་ཆེན་བཅུ་པ་མཆོག་ཐུགས་དྲག་ཏུ་ཁྲོས་ཏེ། དེ་འདྲ་དཔེ་སྲིད་ཀྱི་མ་རེད། རྒྱ་ནག་གཞུང་གི་ལས་ཤོག་སྟེང་བྲིས་ཡོད་པ་རེད། ལས་དམ་བརྒྱབ་ཡོད་པ་རེད་”ཅེས་ཐུགས་ཕམ་ཆེན་པོས་བཀའ་འདི་འདྲ་གནང་ཡོད། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་གཤོག་གྲངས་ ༡༡༩ ནས་དྲངས། བཀའ་སློབ་འདིས་རྒྱ་ལོ་དོན་གྲུབ་ཟེར་བ་དེས་བོད་ཀྱི་གོ་སྐབས་བཟང་བོ་དེ་དག་འཕྲོག་བརླགས་བཏང་ཡོད།
xxxxxxx
མུན་སེལ་ལགས།
ང་རང་བཀའ་བརྒྱུད་པའི་རྗེས་བྲངས་པ་ཞིག་ཡིན། རྒྱལ་དབང་ཀརྨ་པ་སྐུ་གོང་མ་དེ་སྙུན་གཞི་བཞེས་ནས་གྲོངས་པ་ལས་དུག་དང་འབྲེལ་བ་མེད། སྐུ་མཁྱེན་ཁྱེད་རྣམ་པ་སྐུ་དྲག་གི་འཐབ་བརྩོད་ནང་ལ་ཁོང་མ་འདྲུད་རོགས།
ཁ་བརྡའི་རྩོམ་སྒྲིག་པ་ལགས།
མུན་སེལ་ཞུ་བའི་མཆན་པོ་ཁོང་གིས་ཕྱོགས་ཞེན་ཁོ་ནའི་དབང་གིས་བཀའ་བརྒྱུད་པ་དང་། ལྷག་དོན་རྒྱལ་དབང་ཀརྨ་པ་དང་རྒྱལ་བ་རིན་པོ་ཆེའི་དབར་དཀྲུགས་ཤིང་བརྒྱབ་འདུག་པས། ཁ་བརྡས་འདིར་བཀག་འགོག་མི་བྱེད་པའི་དམིགས་ཡུལ་གསལ་བཤད་ཡོད་པ་ཞུ།
རྡོ་བུས་དགེ་བཤེས་ཀྱིས་མའོ་ཚེ་ཐང་ལ་སྲོག་གཏད་ཞུས་པ་དང་། དེང་སང་གི་དོལ་རྒྱལ་རྗེས་འབྲང་བས་དོལ་རྒྱལ་ལ་བློ་སྙིང་བྲང་གསུམ་གཏད་པ་གཅིག་པ་ཡིན།
རྡོ་བུས་དགེ་བཤེས་ཀྱི་རྗེས་འབྲང་བ་ཚོས་དེང་སང་ཡང་གཞུང་ལ་དམར་འཛངས་བྱེད་ཀྱི་འདུག དཔེར་ན་འདྲེ་རིག་ཡོད་དང་དན་སྐྱབས་ལྟ་བུ། གསར་བརྗེ་ཞེས་པའི་མིང་ནག་པོའི་འདིའི་མེས་པོར་བརྡེང་རྡེག་བཏང་བ་མ་ཟད། ད་དུང་མདོ་སྨད་པ་ཚོ་གཟི་འདང་ལེ་མི་གདའ།
རྒྱལ་ལོའི་ཞི་དྲག་གི་ཐབས་མང་པོསབོད་དམངས་གཙོའི་ལམ་དུ་འཇུག་པར་བྱ་བ་རླབས་ཆེན་ཅི་སྙེད་བྱས་ཡོད་པ་བདེན་པ་རེད། ཁོ་ལྟ་བ་རང་བཙན། ཐབས་ལམ་རང་སྐྱོང་། རྒྱ་ནག་གི་ཆབ་སྲིད་པའི་རྒྱབ་ལྗོངས་ལོ་རྒྱུས་ལ་བྱང་ཆུབ་པ་ཞིག་རེད། དེར་མ་ཟད་མི་སེར་དོན་གསུམ་གྱི་འབྱུང་ཚུལ་དགེ་སྐྱོན་བཤད་ནས་རྒྱ་ནག་གི་དགེ་རྒན་མང་པོ་ཧ་ལས་བཅུག་ཡོད་པ་རེད། ཆབ་སྲིད་པ་རང་དོན་མི་སྒྲུབ་མཁན་ཞིག་རེད། ཁོས་རང་དོན་སྒྲུབ་ཡོད་ན་བོད་གཞུང་འཛིན་པའི་ནུས་པ་ཏན་ཏན་ཡོད་པ་ཞིག་རེད། ཀརྨ་པ་གཤེགས་རྐྱེན་གཙོ་བོ་ཕོ་ཁའི་གཉན་ནད་རེད། ཀ་ལི་ཀ་ཏར་གཤེགས་བཅོས་ཐོག་མར་བྱས་པ་རེད། དེ་ནས་ཧོང་ཀོང་། ཨ་རི་སོགས་ལ་སྨན་བཅོས་གནང་པ་རེད། འོན་ཀྱང་ཀརྨ་པ་བཅུ་དྲུག་པར་དུག་ནད་ཕོག་པ་བདེན་པ་རེད། འབུལ་མཁན་ཕྱི་ནང་ཀུན་ན་དོགས་པ་བྱེད་ས་མང་པོ་ཡོད་པ་རེད། སུ་ཡིན་ངེས་གཏན་མེད། རྒྱུས་ཆེ་ཤོས་འདས་ཟིན་པའི་ཀརྨ་པའི་གཟིམ་དཔོན་དང་། ད་ལྟ་བཞུགས་པའི་གསོལ་དཔོན་གཉིས་པོ་རེད། གཟིམ་དཔོན་གྱིས་མང་པོ་བཤད་ནས་བྲིས་ཡོད་པ་རེད། གསོལ་དཔོན་གྱིས་འདས་ཟིན་པའི་ལོ་རྒྱུས་གླེང་འདོད་མེད། བཤད་མི་ཤེས་ཅེས་དྲི་བ་གཅིག་ལའང་ལན་བཏབ་མི་འདུག །རང་ཉིད་མི་དགའ་པའི་ཕྱོགས་རེད་ཅེས་བཤད་རྒྱུན་འདི་བོད་པའི་སྤྱི་སྲོལ་ཞིག་རེད། ལོ་རྒྱུས་དེ་དག་བྱུང་ཟིན་པས་རྗེས་གཅོད་བྱས་ན་བོད་པའི་སྤྱི་ཚོགས་ལ་གནོད་པ་ལས་ཕན་པ་མེད་པ་ཤེས་པར་གྱིས། མ་འོངས་པར་མིག་རྒྱང་རིང་པོར་གཟིགས་ཏེ་མཐུན་སྒྲིལ་གྱི་ལམ་དུ་འགྲོ་ཨེ་ཤེས་ལྟ་རྒྱུ་ང་ཚོའི་རེ་བ་རེད། འདོད་པ་རེད། སྨོན་ལམ་འདེབས་རྒྱུ་རེད།
ངས་ཁྱོད་ཚོར་དྲི་བ་གཅིག་འདོན་རྒྱུ་ཡོད། ལན་འདེབས་རོགས། ཁྱོད་ཚོས་བསམ་ན་བོད་འདི་བསྐྱར་གསོའི་ལམ་ནས་སྐྱོབ་དགོས་ས་རེད་བསམ་གི་འདུག་གམ་གསར་བརྗེའི་ལམ་ནས་སྐྱོབ་ཐུབ་ས་རེད་བསམ་གི།
རྒྱལ་ཁབ་ངོས་འཛིན་པ།
རྒྱལ་ཁབ་ཀྱི་ཕྱོགས་མཐུན་ངེས་ཟིན་པ།
འུ་གཏུགས་དུས་དགྲ་བོར་མགོ་མདོགས་པ། དགྲ་བོར་བློ་དཀར་བ། མེས་པོ་ངེས་འཛིན་པ། མེས་པོ་ནང་ཁུངས་ཀྱི་རྩོད་པ་ངེས་ཟིན་པ། ནང་ཁུལ་གྱི་རྩོད་པས་ཕམ་ཉེས་གཏུད་མར་བྱུང་ཡང་དགྲ་བོར་མགོ་བཏགས་མ་ཞུས་པའི་མི།
དོན་དམ་པའི་རྒྱལ་གཅེས་པ།
རིག་གཞུང་དོན་གཉེར་བ།
སྤྱི་སེམས་ཅན།
རྒྱལ་ཁབ་ཀྱི་མི་དྲག་དཔོན་དྲག
ས་གནས་ཀྱི་མི་དྲག་དཔོན་དྲག
ཐ་སྙད་འདི་ལྟ་བུ་མང་པོ་ཞིག་མི་སྒེར་ནས་འགྲེལ་བཤད་མི་ནུས་ན་དྲ་ཐོགས་ནས་དགོངས་པ་ཞུས།
ཁྱིམ་ཚང་སྐྱོང་ན་འདོད་པའི་མི་བུ་རྣལ་མ་ཞིག་ཡིན་ན་གཅེན་གཅུང་ནང་ཁུལ་དུ་རྩོད་པ་མི་ཡོང་བའི་རེ་བ་མི་རྒྱག་པར་གཅེན་གཅུང་ཚོའི་ཁྱོད་ཤི་ང་གསོན་གྱི་རྩོད་པར་བར་གཞུག་བྱེད་པ་དང་གལ་ཏེ་བར་གཞུག་མི་ནུས་ན། སེམས་སྐྱོ་བཞིན་བལྟད་མོ་བལྟ་དགོས་པ་འོས་འགན་ཡིན།
རང་ལ་རྒྱལ་ཁབ་ཞིག་དགོས་ན་མི་དྲག་དང་དཔོན་དྲག་བར་ཁྱོད་ཤི་ང་གསོན་གྱི་རྩོད་པ་མི་ཡོང་བའི་རེ་ལྟོས་མི་བྱེད་པར་རྩོད་པ་བྱུང་ན་ནུས་ཚོད་ཀྱི་བར་གཞུག་དང་མི་ནུས་ན་བལྟད་མོ་བལྟ་དགོས། ནང་ཁུལ་གྱིས་ཕམ་ཉེས་ཚབ་ཆེན་བྱུང་ཡང་རྒྱལ་ཁབ་ཀྱི་དགྲ་བོར་མགོ་བཏགས་མ་ཞུས་པའི་མེས་པོ་རུས་རྐང་ཅན་ཚོར་གུས་ཕྱག་ཞུ་དགོས།
ནང་ཁུལ་ཕམ་ཉེས་ཅུང་ཙམ་བྱུང་རྗེས་ཤར་ཤར་མར་མཛོ་མོ་རྩྭ་བཀག་ཏུ་བཤར་བ་བཞིན་རྒྱ་ནག་ཏུ་རྒྱུགས་མགྲོ་མཁན་རྣམས་དཔའ་པོ་མིན། ཨོང་ཤ་མེད་པའི་རྟགས་ཡིན།
སྐུ་དྲག་ཚོར་བོད་ཞེན་ལ་རྒྱ་མེད་པའི་དཔེ་མཚོན་བཤད་ན།ཕྲེང་རིང་ཨ་མའི་དེབ་ནང་དུ།སྡེ་བ་གཞུང་གིས་སྐུ་དྲག་ཚོར་བཤད་སྲོལ་ཅིག་ཡོད་པ་ནི།གལ་ཏེ་བོད་བསྟན་སྲིད་ཆེད་མི་སུས་ལྷག་བསམ་རྣམ་དག་བྱས་ན།མི་དེ་ལ་གཏན་ནས་ཡག་པོ་ཡོང་གི་མ་རེད།ལམ་འགྲོ་མི་ཡོང་བ་རེད་ཅེས་འཇིགས་སྣང་བྱེད་འདུག།ཅེས་འདན་སྐྱབས་ཀྱིས་བཤད་འདུག
རྒྱ་ནག་གིས་ཏང་ཡོན་ཚོས་ཏང་ལ་ལྷག་བསམ་རྣམ་དག་བགྱིས་ན་མི་ཚེར་ཡག་པོ་ཡོང་བ་དང་། ཏང་དཔོན་རྣམས་དེ་འདྲ་ཡིན་པ་ཤ་རྟགས་སྟོན་གྱི་ཡོད། དེ་བདེན་པ་མིན།
བོད་ལ་ལྷག་བསམ་དཀར་བ་༧བཅུ་གསུམ་པས་མཚོན་ཀླུ་ཾཁང་བ་ཞ་སྒམ་པ་སོགས་ཀྱི་སྡུག་པོ་ཞེ་དྲག་མྱོང་ཡོད་རེད། དེ་དག་གི་མྱོང་བའི་སྡུག་བསྔལ་ཀྱི་ཕྱོགས་གཅིག རིག་གནས་མཁས་རློམ་པ་སྐེ་གཅུས་ནས་བཞུགས་བསྡད་པའི་རྡོ་དགེ་བཤེས་ཀྱི་ཕྲག་སྟེང་བཞག་ན་ལེའུ་ཁེའུ་རྫོང་དཔོན་དུ་བསྐོས་པ་ལྟ་བུ་རེད་ད་ལགས། ཕྱིན་ཆད་བོད་ཀྱི་མི་དྲག་ཚོར་རང་ང་རང་གཤེ་གཤེ་མ་གཏོང་ཨ།
དཔྱོད་ལྡན་སྤོབས་པ་མཐའ་ཡས། ཁམས་བཟང་།
༡༽ བསྐྱར་གསོའི་ལམ་ནས་བོད་སྐྱོབས་མི་ཐུབ། དུས་རབས་ལ་རྒྱབ་ཕྱོགས་པས་རི་གཟར་ཆུ་བོ་གྱེན་བཟློག་རེད། འོན་ཀྱང་ཆོས་དང་རིག་གཞུངཉམས་པ་སྐྱར་གསོ་ནི་བོད་མིའི་སྲོག་རྩ་རེད་སྙམ།
༢༽ གསར་བརྗེའི་ལམ་ནས་བོད་སྐྱོབ་ཐུབ་ངེས་ཆར་སྣ་རླུང་ཁྲིད་ཅུང་ཟད་བྱས་པས་འཐུས། དེ་ལའང་གོ་རིམ་ཡོད་པས་ལས་ཐོག་མ་ཉིད་ནས་བླ་ཆེན་དང་མི་ཆེན་ཚོའི་མགོར་ལྡང་ན་བོད་ཆག་པ་སྐྱར་གཏོར་གྱི་ཉེན་ཀ་ཡོད་པས། ཐོག་མར་སྐྱོན་བརྗོད་མིན་པར་བསྐུལ་སློང་གི་སྒོ་ནས་སློབ་གསོའི་གོམ་བསྒྲོད་དགོས་སྙམ།
༣༽ མི་རིགས་ཞིག་འཐོར་བ་བསྡུ་བ་ལ་ཆོས་དད། རིག་གཞུང་། ལོ་རྒྱུས། ཁྲག་རྒྱུན་གྱི་འདུ་ཤེས་བརྟན་པོ་རྩ་བ་ཡིན། དེའི་ཁར་ཀུན་གྱིས་བཀུར་བའི་མི་ཞིག་དང་། ཤེས་ལྡན་སྣེ་ཁྲིད་པ་མང་པོ་གསོ་སྐྱོང་དགོས། ༼ད་ལྟ་ལོ་ཆུང་ཁྲོད་ཀུན་གྱིས་བཀུར་བའི་མི་ནི། ཚུལ་ཁྲིམས་བློ་གྲོས། པཎ་ཆེན་སྲས་མོ། ཀརྨ་པ་ཨོ་རྒྱན་པྲིན་ལས་རྡོ་རྗེ། ལྷ་རྒྱ་རི་སྲས་ལྟ་བུ་ཞིག་དགོས། དེ་ཕྱར་དར་དང་། མགྲིན་ཚབ་པ་བྱེད་པ་ལས་གཙོ་བོ་མི་གཅིག་བཏེགས་པ་དང་། མི་གཅིག་གིས་དབང་བསྒྱུར་ཙམ་མིན་པར་བཅོས་བསྒྱུར་ཚོགས་པ་དང་མི་དམངས་དབང་ཆའིའོག་ཏུ་ཡོད་པ་ཞིག་བྱེད་དགོས། །༽
༤༽ སྒེར་གྱི་གཟི་བྱིན་སྒྲུབ་པ་ངོ་ཚ་དང་། རྒྱལ་བཙོང་མཁན་གད་སྙིག ཆིག་སྒྲིལ་ལ་གཏོར་བཤིག་བྱེད་པ་ཕོང་འདྲེ་ཡིན་པའི་སློབ་གསོ་བརྟན་པོ་ཞིག་མི་ཀུན་གྱི་སྙིང་ལ་འཇོག་ཐུབ་པ་ཞིག་དགོས་སྙམ། །
་་་་་་་་་་་་་ # 52 དྲན་དཀར་དཔལ་ཡོན་་ལགས་ཀྱིས་མཆན་བཏབ་པ།:
April 18th, 2015 at 1:00 AM
སྐུ་དྲག་ཚོར་བོད་ཞེན་ལ་རྒྱ་མེད་པའི་དཔེ་མཚོན་བཤད་ན།ཕྲེང་རིང་ཨ་མའི་དེབ་ནང་དུ།སྡེ་བ་གཞུང་གིས་སྐུ་དྲག་ཚོར་བཤད་སྲོལ་ཅིག་ཡོད་པ་ནི།གལ་ཏེ་བོད་བསྟན་སྲིད་ཆེད་མི་སུས་ལྷག་བསམ་རྣམ་དག་བྱས་ན།མི་དེ་ལ་གཏན་ནས་ཡག་པོ་ཡོང་གི་མ་རེད།ལམ་འགྲོ་མི་ཡོང་བ་རེད་ཅེས་འཇིགས་སྣང་བྱེད་འདུག།ཅེས་འདན་སྐྱབས་ཀྱིས་བཤད་འདུག ་་་་་་་་་་་་་་
སྤོབས་པ་མཐའ་ཡས་ཀྱི་དྲིས་ལན།།
བསྐྱར་སོས་དང་གསར་བརྗེ་གཉིས་ཆ་དགོས་ངེས་ཅན་རེད་འདུག། འོན་ཀྱང་། ང་ཚོས་རང་གི་སྐད་ཡིག་དང་གནའ་བོའི་སྙིང་སྟོབས། ཡབ་མེས་ནས་བརྒྱུད་པ་རང་གི་རིགས་ལ་ཞེན་ཤ་ཚ་ཇི་བས་ཆེ་བ་རྣམས་བསྐྱར་སོས་དང་། དེང་སང་ངན་གོམས་བརྒྱུད་འབྱམས་སུ་སོང་བའི་ལམ་ལུགས་སྲོལ་མང་དག་ཅིག་ངེས་པར་དོར་ཏེ་གསར་བརྗེ་བྱེད་དགོས། དཔེར་ན། དེང་སང་ང་ཚོའི་སྤྱི་ཚོགས་ནང་འགོ་ཁྲིད་དང་བླ་ཆེན་མི་ཆེན་མང་ཆེ་ཤོས། བོད་མི་ཚོས་བསམ་བློ་རྙིང་པ་དང་རྨོངས་ཞེན་བྱས་ཏེ་འབྲེལ་མེད་ཞེ་གཅིག་ཆེན་པོ་བཟོས་བཞག་པ་ཙམ་ལས། དངོས་གནས་སོ་སོའི་ཤེས་འཇོན་དང་བློ་གྲོས་སྙིང་སྟོབས། ལྷག་བསམ་བཅས་འབུར་དུ་འཐོན་ཏེ་མི་ཆེན་དུ་གྱུར་སོང་བ་ཞིག་ཧ་ལམ་མཐོང་རྒྱུ་མེད། དེའི་ཕྱིར་བོད་པས་ལས་ཀ་གང་བྱས་ན་ཕྱིའི་ཆོ་ག་ཙམ་མ་གཏོགས་ནུས་པ་མེད།
མཁྱེན་ལྡན་དྲི་མེད་ལྷག་བསམ་མཆོག་དང་ཁྲི་རལ་པ་ཅན་གཉིས་ཀྱིས་ཁོ་བོའི་དྲི་བ་ལ་ལན་བཏབ་པར་ཐུགས་རྗེ་ཞུ་བ་ལགས། ད་ལྟ་ང་ཚོ་བོད་མི་ཚོར་རྒྱལ་ཞེན་ཟེར་བ་ཞིག་ཕལ་ཆེར་མེད་ཚོད་རེད། རྒྱལ་ཞེན་ཟེར་བ་འདི་བསྐྲུན་ཐབས་ཨེ་ཡོད་ན། ང་ཚོར་དེང་སང་ཡོད་པ་དེ་བླ་སློབ་ཀྱི་དད་འབྲེལ་དང་། སྲོལ་རྒྱུན་གྱི་ཤ་ཞེན་ཙམ་ཞིག་རེད། ང་ཚོར་རྒྱལ་ཁབ་གཅིག་གི་རྒྱལ་ཞེན་དང་། ཆབ་སྲིད་ཀྱི་དམིགས་ཡུལ་གཅིག་ཏུ་འབབ་པ་ཞིག་དགོས་ཀྱི་འདུག དེ་མེད་ན་ཕལ་ཆེར་ཁག་པོ་རེད།
རྒྱ་མིའི་ལོ་རྒྱུས་ལ་བལྟས་ན་ཡང་དུས་རབས་བཅུ་དགུ་པའི་གཞུག་ཏུ་མཁས་པ་ཚོས་རྒྱལ་ཞེན་བསྐྲུན་ཐབས་ལ་འབད་པ་མང་པོ་བྱས་འདུག ཐ་མ་རྒྱལ་ཞེན་མེད་པ་ནས་ཡོད་པར་གྱུར་ཏེ་མན་ཇུའི་སྲིད་གཞུང་གཏོར་བ་དང་། ནུབ་ཕྱོགས་པ་དང་ཉི་ཧོང་གི་བཙན་འཛུལ་ལ་གདོང་ལེན་སོགས་གང་འཚམམས་བྱས་ཐུབ་འདུག
རྒྱ་གར་ལ་མཚོན་ན་ཡང་དེ་མཚུངས་རེད། ༡༩༡༩ལོའི་ཨ་རིཏ་ཚར་གྱི་དམར་གསོད་ཆེན་མོ་བྱུང་རྗེས་སུ་གཞི་ནས་རྒྱ་གར་མི་མང་རྨོངས་གཉིད་ལས་ཡག་པོ་བསླངས་ཐུབ་འདུག དེའི་བར་དུ་མཁས་པ་ཚོས་རྒྱལ་ཞེན་བསྐྲུན་ཐབས་ལ་འབད་ན་ཡང་མི་མང་ཕལ་མོ་ཆེའི་རྒྱལ་ཞེན་ཟེར་བ་ཞིག་ངོ་ཤེས་ཀྱིན་མི་འདུག
ནུབ་ཕྱོགས་པས་ཀྱང་བཟོ་ལས་གསར་བརྗེ་བྱས་ཚུན་ནས་རྒྱལ་ཞེན་ཇེ་ཆེར་གྱུར་ནས་སྟོབས་ཤུགས་ཆེན་པོར་གྱུར་འདུག ང་ཚོ་བོད་ལ་ད་ལྟ་རང་ལ་ཚུར་བརྟག་ན་རེད། རོགས་ལ་ཕར་བལྟས་ན་རེད། རྒྱལ་ཞེན་ཡོད་མཁན་ཞིག་ཕལ་ཆེར་མེད་པའི་ཚོད་དུ་འདུག དེ་ལ་ཁྱེད་རྣམ་པར་བསམ་འཆར་གང་ཡོད་དམ།
ཉི་ཧོང་ལ་བསམ་ན་ཡང་དུས་རབས་བཅུ་དགུ་པའི་ནང་དུ་ཁྲོ་ཁོ་རྒ་ཝའི་སྲིད་གཞུང་གིས་ནུབ་ཕྱོགས་པ་དང་ལྷན་དུ་འདྲ་མཉམ་མིན་པའི་ཆིངས་ཡིག་མང་པོ་བཞག་པས་ཉི་ཧོང་ལ་ཉམས་རྒུད་ཆེན་པོ་ཐེབས་པས་མིའི་ཅི་གོང་མའི་གཞུང་གིས་བཅོ་བསྒྱུར་ཆེན་པོ་བྱས་པས་ནུབ་ཕྱོགས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་དང་ལྷན་དུ་གོམ་པ་མཉམ་སྤོ་ཐུབ་པ་བྱུང་འདུག མདོར་ན་དེ་དུས་ཤིག་ལ་གཞི་ནས་རྒྱལ་ཞེན་སད་ཐུབ་པ་བྱུང་འདུག མདོར་ན་ང་ཚོར་རྒྱལ་ཞེན་ཟེར་བ་དེ་དགོས་ཀྱིན་ཡོད་པ་འདྲ། ཁྱེད་ཚོར་དགོངས་ཚུལ་གང་ཡོད།
དབུ་མའི་ལམ་གྱིས་བོད་མིའི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་མེད་པ་བཟོ་བཞིན་ཡོད་ལ་རྒྱ་དགའ་བའི་འདུ་ཤེས་བསྐྲུན་བཞིན་ཡོད། འདི་ནི་བོད་མི་རིགས་རྩ་མེད་འགྲོ་བའི་ཉེན་ཁ་ཆེ་ཤོས་ཤིག་མཐོང་གི་ཡོད། ངས་མང་པོ་བཤད་ཡོད། བོད་མི་དམངས་ཀྱི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཉམས་པ་དང་། རྒྱ་དགའ་བས་ས་སྟེང་ཁེངས་པའི་ཉིན་མོར་བོད་ཚར་ཚར་བ་ཡིན།
དུས་རབས་ཉི་ཤུ་པའི་མགོར་བོད་འདི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་ཆ་རྐྱེན་ཧ་ཅང་མང་པོ་ཚང་འདུག ཡིན་ན་ཡང་། ཏཱ་ལའི་བླ་མ་བཅུ་གསུམ་པ་ཐུགས་ལྷོད་གཡེང་ཤོར་ནས་རྒྱལ་ཁབ་ཚད་ལྡན་ཞིག་ལ་བསྒྱུར་ཐུབ་མི་འདུག མདོར་ན་བོད་ཀྱི་ཏཱ་ལའི་བླ་མའི་སྲིད་གཞུང་གིས་འཛམ་གླིང་གི་འགྱུར་བ་ཆེན་པོ་ཚང་མ་མཐོང་གི་ཡོད་འདུག ཡིན་ན་ཡང་རང་གི་རྒྱལ་ཁབ་ལ་བསམ་བློ་བཏང་ཤེས་མི་འདུག དཔེར་ན། ར་ཤི་ཡའི་གསར་བརྗེ་ཟེར་བའི་གནམ་ས་གཉིད་ཀ་འདར་བསྡད་པ་འདི་དངོས་སུ་མིག་གིས་མཐོང་ཡོད་རེད། ༡༩༠༤ནས་༥་ཡས་མས་སུ་ཉི་ཧོང་གིས་ར་ཤི་ཡའི་རྒྱ་སྐྱེད་ལ་གདོང་ལེན་བྱས་ནས་མན་ཇུ་རི་ཡའམ་བྱང་ཤར་གྱི་ཞིང་ཆེན་གསུམ་ལ་བཙན་འཛུལ་བྱས་པ། ཀོ་རེ་ཡ་དང་ཐའེ་ཝན་ལ་བཙན་འཛུལ་བྱས་པ་ཚང་མ་མཐོང་གིས་ཡོད་རེད། དེ་དུས་ཏཱ་ལའི་བླ་མ་བཅུ་གསུམ་པ་རྒྱ་ཡུལ་ན་བཞུགས་ཡོད་རེད། དེ་ནས་དབྱིན་ཅི་གོང་མའི་གཞུང་གིས་རྒྱལ་དར་གྱི་སྟེང་ལ་ཉི་མ་མི་ནུབ་པའི་རྒྱ་སྐྱེད་བྱས་པ་དེ་ཡང་མཐོང་གི་ཡོད་རེད། དབྱིན་གཞུང་གིས་བོད་ལ་མེ་མདའ་ཚུན་ཆད་སྤྲད་ནས་དེང་རབས་ཅན་ལ་སྒྱུར་བའི་སྐུལ་འདེད་བྱས་འདུག དེ་ནས་རྒྱ་གར་གྱི་རྒྱལ་ཞེན་མེ་ལྕེ་མཆེད་པ་དེ་ཡང་མཐོང་གི་ཡོད་རེད། ཡིན་ན་ཡང་མིག་ལྡན་གཡང་མཆོང་ཁོ་ན་བྱས་ནས་སབྡད་བསྡད་པ་རེད། འདི་ཚོ་ཚང་མ་རྒྱལ་ཞེན་མེད་པས་མ་འགྲིགས་པ་ཡིན་ནམ། དེ་ལ་དགོངས་འཆར་གསུངས་རོགས་གནང་དང་།
བོད་ལ་གསར་བརྗེ་ཤུགས་ཆེ་བ་བྱེད་དགོས་སམ། བསྐྱར་གསོ་ཤུགས་ཆེ་བ་བྱེད་དགོས། གཉིས་ཀའི་ནང་ནས་ན་གཞོན་ཚོས་སྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་གང་ལ་བྱེད་དགོས། ངའི་དྲི་བ་ངོ་མ་དེ་ཡིན་ལགས།
ང་ཚོ་བོད་པ་ཚོར་རྒྱལ་ཞེན་ལས་ཆོས་རྒྱུད་ཀྱི་ཞེན་ཁོག་ཧ་ཅང་ཆེན་པོ་རེད། མི་རིགས་ཀྱི་ཞེན་ཁོག་ལས་ཆོལ་ཁའི་ཞེན་ཁོག་ཧ་ཅང་གཏིང་ཟབ་མོ་མཚམས་ལན་རེར་ཕན་ཚུན་དགྲ་ལྟར་དུའང་བལྟ། བོད་སྤྱི་བའི་བདེ་སྡུག་ཆེད་མི་ཞིག་གིས་རང་ལུས་མེར་བཏང་ན། དེས་ཁོ་རང་གི་ཆོལ་ཁོངས་གཅིག་པ་ཚོར་སེམས་འཚབ་ཡོང་བ་མ་གཏོགས། ཆོལ་ཁ་གཞན་གྱི་མི་ཚོར་ཚོར་བ་དང་སེམས་འཚབ་སློང་མི་ཐུབ།
ཆོས་རྒྱུད་ཕན་ཚུན་ནི་སྐབས་རེར་ནང་འགལ་ཤར་དང་ནུབ་ལྟ་བུར་བརྩི། ཐ་ན་ནུབ་ཕྱོགས་པ་དང་རྒྱ་མི་བོད་བརྒྱུད་ནང་བསྟན་པའི་ཁྲོད་དུ། ཨོ་ང་ཆོས་རྒྱུད་ཅིག་ཅིག་ཡིན། ངས་ཆོས་རྒྱུད་གཞན་དེ་ཚོར་དད་པ་དང་བླ་མའི་རྩ་ནས་ཆོས་ཞུས་ན་འགྲིག་གི་མ་རེད། ངའི་བླ་མ་དང་ཆོས་རྒྱུད་ལ་རྒྱབ་གཏོད་ཆགས་ཀྱི་རེད་སོགས་དེ་འདྲ་ངན་བསླབས་ཡོད། ཐ་ན་དེང་སང་རྒྱ་ནག་ནང་རྒྱ་མི་ཆོས་དད་པ་ཚོར་བོད་ཀྱི་བླ་མ་རེས་ཁྱེད་ང་ལ་དད་པ་བྱེད་ཚེ། དེ་རིང་ནས་བཟུང་ང་མ་གཏོགས་བླ་མ་གཞན་སུ་ལའང་དད་པ་མི་བྱེད་ཅེས་གན་རྒྱ་ཚུན་བཞག་བཅུག་སྟེ་མིང་རྟགས་བཀོད་བཅུག་གི་ཡོད་འདུག
ཆོལ་ཁའི་སེམས་ཚོར་གྱི་སྟེང་ནས་ཆོལ་ཁོངས་མི་འདྲ་བའི་བུ་དང་བུ་མོ་དེ་འདྲ་རང་མོས་དགའ་རོགས་བསྒྲིགས་ན། རྒྱབ་ནས་ཕ་མ་དང་སྤུན་མཆེད། ཕ་ཡུལ་གཅིག་པ་སོགས་ཀྱིས་གནོན་ཤུགས་ཡོད་ཚད་སྤྲད་དེ་འགྲིག་མི་བཅུག་པ་མང་པོ་དངོས་སུ་མཐོང་སོང་། རྗེས་སུ་བུ་མོ་དེ་གྲས་ཕྱི་རྒྱལ་བ་སོགས་མི་རིགས་གཞན་ལ་གཉེན་བསྡེབས་སོང་ན་ཁོང་ཚོར་བསམ་འཆར་གང་ཡང་མེད་པ་རེད། ཆོལ་ཁོངས་མི་གཅིག་པའི་མི་ལས་མི་རིགས་གཞན་ལ་བོད་པ་ཚོས་ཡིད་ཆེས་མང་ཙམ་བྱེད།
དེ་འདྲའི་སྒྲོམ་གཞི་སྡུག་པོ་དང་བོད་མི་ཆིག་སྒྲིལ་གྱི་འགག་རྡོ་རྣམས་གཏོར་ཐུབ་ན་གཞི་ནས་ང་ཚོར་རྒྱལ་ཞེན་དང་རིགས་ཞེན་གཙང་མ་ཅིག་སླེབས་རྒྱུ་རེད་སྙམ། དེ་མ་གཏོགས་དེང་སང་ང་ཚོས་བྱས་བསྡད་པ་མང་ཆེ་ཤོས་རྫུན་མ་དང་བཅོས་མ་ཡིན་པ་གསལ་བོ་ཡིན།
ཁྲི་རལ་དང་སྤོབས་མཐའ་གཉིས་ཀྱིས་སྐད་ཆ་སྣང་བ་འགྲོ་བོ་གསུངས་བྱུང་། བདེན་པ་རེད་་་་རྒྱབ་སྐྱོར་ཡོད། མུ་མཐུད་ནས་གསུང་ཤོག་ཨ
དྲི་མེད་ལགས། ཆོས་དང་རིག་གཞུང་ཞེས་མཉམ་དུ་འདྲུད་མ་འོང། ཆོས་ཟེར་བ་འདི་རིག་གཞུང་ཞིག་རེད། རིག་གཞུང་ཆོས་མ་རེད། ཆོས་ལས་རིག་གཞུང་རྒྱ་ཆེ་ཡི་རེད། ཆོས་ཆོས་དང་རིག་གཞུང་རིག་གཞུང་ཞེས་སོ་སོར་ཕྱེས་ནས་གསུང་རོགས་བྱོས།
བོད་ཀྱི་རིག་གཞུང་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པར་བདེན་ཡང་ཤཀྱའི་ལྷ་ཆོས་འདི་བོད་མི་རིགས་ཀྱི་སྲོག་རྩ་ཇི་ལྟར་ཆགས་སོང་བ་རེད་དམ། བླ་སྤྲུལ་ཚོས་ག་དུས་ཡིན་ནའང་ཆོས་དང་རིག་གཞུང་གཉིས་མཉམ་འདྲུད་བྱས་འོང་གི་འདུག དེའི་མཉམ་དུ་སྤྲུལ་སྐུའི་ལུགས་ངན་དེ་ཡང་འདྲུད་ནས་འོང་གི་འདུག དེའི་ལྐོག་ཏུ་སྤྲུལ་སྐུའི་སྒེར་དོན་ཤུགས་སུ་འདྲུད་འོང་གི་འདུག
ཤཀྱའི་ལྷ་ཆོས་འདི་སྤྲུལ་སྐུའི་སྲོག་རྩ་རེད། སྤྲུལ་སྐུའི་་གོ་གནས་འཐོབ་བྱེད་རེད། སྤྲུལ་སྐུའི་དཔལ་འབྱོར་སྒྲུབ་བྱེད་རེད་ཟེར་ན་བདེན་ཡང། བོད་མི་རིགས་ཀྱི་སྲོག་རྩ་ཡིན་གྱི་ཕར་ཞོག་་་་སྲོག་གསོད་ཀྱི་སྟ་གྲི་ཞིག་རེད་བསམས་ཀྱི་ཡོད།
ཤཀྱའི་ལྷ་ཆོས་འདི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་སྟངས་ཁྱོད་ལ་བརྒྱ་བཤད་ཀྱི་ཡོད་ན་་་སྲོག་གཅོད་ཀྱི་སྟ་གྲི་ཞིག་ཡིན་པར་ང་ལ་སྟོང་བཤད་ཀྱི་ཡོད།
གསར་བརྗེ་བྱེད་འདོད་ནའང་འདྲ་་བསྐྱར་གསོ་བྱེད་དགོས་ནའང་འདྲ་ཁྱད་པར་མི་འདུག་གཅིག་བྱེད་དགོས་པ་ནི་འདྲ། ཡིན་ནའང་མཐུན་བསྒྲིལ་དགོས་ཟེར་ནས་ཁ་བཤད་པ་ཙམ་གྱིས་ལ་མི་དག བཤད་མཁན་རང་ཉིད་ཀྱིས་མགོ་བརྩམས་ནས་ལས་འགུལ་བྱེད་དགོས་་་ལས་འགུལ་གང་ཡིན་ཟེར་ན་བོད་འདིར་ཆོས་ལུགས་ཆིས་རྒྱུད་མི་འདྲ་བ་མང་པོས་བསྡམས་བསྡད་པ་ཞིག་རེད། ཆོས་ལུགས་ལ་ཤོ་འཐམ་རོ་འཐམ་བྱེད་མཁན་ཞིག་རེད་བྱས་ཙང་ཆོས་ལུགས་མེད་པ་བྱེད་དགོས་ཟེར་དུས་ཁག་པོ་རེད་་་་བཙན་བྱོལ་སྒྲིག་འཛུག་དང་ཏ་ལི་བླ་མ་མཆོག་ཟམ་གདོང་བླ་མ་ལས་སོགས་བོད་ཀྱི་མཐོ་རིམ་སྲིད་དོན་པ་ཚང་མས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ཆོས་ལུགས་འདི་སྲུང་སྐྱོབས་ཆེད་དུ་ཡིན་གསུང་གི་ཡོད། འོན་ཀྱང་ཆོས་ལུགས་སྲུང་སྐྱོབས་བྱེད་སར་སླེབས་དུས་ང་དང་ཁོ་ཡི་ཆོས་ལུགས་ཟེར་ནས་རང་གི་དེ་ཉིད་དར་ཐབས་དང་གཞན་གྱི་དེ་ཉིད་ལ་དམའ་འབེབས་སྐུར་འདེབས་ཀྱིས་སླར་ཆོས་ལུགས་ཀྱིས་ཁྲག་དྲི་བྲོ་རུ་འཇུག་འདོད་དེ་རང་རེད། བྱས་ཙང་གཞོན་སྐྱེས་ཚོ་མཐུན་བསྒྲིལ་དགོས་ཟེར་ན་གཞོན་སྐྱེས་ཚོས་ཆོས་ལུགས་ཀྱི་ཕྱོགས་རིས་དེ་རིགས་འདོར་དགོས། དཔེར་ན་ང་ཚོས་འདི་ན་མཐུན་བསྒྲིལ་དགོས་ཚུལ་བཤད་མཁན་ཕལ་ཆེ་བ་ཕྱོགས་རིས་ཀྱིས་བཟི་བསྡད་པ་ཡིན་མཁན་སྔར་གྱི་མཆན་བུ་ལས་ཤེས་ཐུབ།
དྲི་མེད་ལགས་་་ལྕང་མ་ག་ཚོད་དྲང་ཡང་ཡོད་ས་ཆུའི་ཕྱོགས་ཅེས་པ་ལྟར་་་་ལྷ་དབང་ལམ་ལུགས་དང་ཆོས་སྲིད་ཟུང་འབྲེལ་བློས་གཏོང་འདོད་མེད་པའི་སྐད་ཆ་འདི་དག་མཐོང་འོང་དུས་ཡིད་མུ་སྐྱེས་འོང་གི་འདུག ཆོས་ཀྱི་ཐོག་ནས་གོ་གནས་འཛིན། སྲིད་ཀྱི་ཐོག་ཏུ་གནས་འཛིན། ཁ་ནས་ཆོས་སྲིད་ཟུང་འབྲེལ་བཤད། ལག་པས་ཆོས་མིན་སྲིད་མིན་བསྒྲུབ། སྐྱེས་ལུས་སྐྱ་མིན་སེར་མིན་ལེན།
དེ་འདྲ་བའི་གང་ཟག་གིས་ཆོས་ཡང་དག་བྱས་ཐུབ་མྱངས་མེད་ལ་འཇིག་རྟེན་སྲིད་ལུགས་ཡང་དག་ཞིག་བྱས་མྱངས་མེད། བྱས་རྗེས་གཅིག་ཡོད་པ་དེ་ནི་ཡུལ་ལུང་ཕུངས་ལ་སྦྱར། མི་དམངས་སྡུག་ལ་སྦྱར་གྱི་དེ་ཡིན། གནས་ཚུལ་དེའི་རིགས་དེང་རབས་དང་མི་མཐུན་པའི་ལུགས་རྙིང་རེད། ངོས་ལེན་བྱེད་ཐབས་མེད།
ནམ་རྒྱུན་མི་སྐད་རྐྱང་རྒྱག་མཁན་གྱི་ཅོ་རི་ཙམ་མ་ཡིན་པར་མི་སྐད་རྒྱག་མཁན་གང་ཙམ་སླེབས་ཤག དེ་ནི་དགའ་འོས་པ་ཞིག་རེད། ང་བོད་ནས་ཡོང་པའི་མི་ཁ་ཤས་ཐུག་སོང་། ཁོ་རང་ཚོས་གསུང་སྟངས་ལ་གཞིགས་ན། རང་ཉིད་ལ་རང་དབང་གིས་རང་དོན་ཐག་གཅོད་ཀྱི་དབང་ཆ་ཞིག་མེད་ན། ལྟོ་རྒྱབ་འཚོ་ཡུལ་དང་བཅས་པ་དབང་གི་མི་འདུག་པས། བོད་ནང་སྔོན་ལས་ཧ་ལས་པའི་གཅིག་གྱུར་བྱུང་ཡོད་ཟེར། དེ་བདེན་པ་ཡིན་པ་འདྲ། མེར་བསྲེག་ངོ་རྒོལ་ནང་དུའང་རང་དབང་གཙོར་འདོན་བྱས་ཡོད་འདུག་ག ད་དགོས་ཡ་དེ་བོད་ནང་གི་མང་ཚོགས་ཀྱི་བསམ་བློར་བསྟུན་པའི་འཆར་གཞི་ཞིག་བཟོ་དགོས་ཡ་གལ་ཆེན་རེད། དེ་ལྟར་རྒྱ་ནག་ལ་འགྱུར་ལྡོག་བྱུང་ན་ཡང་ང་ཚོར་གྲ་སྒྲིག་ཡོག་རེད།
ཅོ་རི་ལེགས། སྐྱོན་བརྗོད་གནང་བར་ཐུགས་རྗེ་ཆེ། །༡༽ཕྲན་གྱི་བསམ་བློ་གསར་བརྗེ་ལས་རྙིང་གསོ་མིན། འོན་ཀྱང་ཆོས་ལུགས་གཏོར་རྒྱུ། བླ་དཔོན་བཅོམ་རྒྱུ་སོགས་ལ་འདོད་པ་མེད། ཆོས་སྲིད་ཟུང་འབྲེལ་ལ་ལོ་ཉི་ཤུའི་སྔོནནས་དགག་པ་བྱེད་མྱོང་། ལྷ་དབང་ལམ་ལུགས་ཀྱང་དེ་བཞིན་ནོ། འོན་ཀྱང་རེ་བ་དང་ལག་ལེན་སོ་སོ་རེད། གསར་བརྗེ་ལ་ལྷ་དབང་ལམ་ལུགས་བེད་སྤྱོད་མ་བཏང་ན་མི་དམངས་ཆིག་སྒྲིལ་ཐུབ་དཀའ་འོ། །༢༽ཕྲན་ལ་ཤེས་རྒྱ་ཆུང་བས་ཆོས་དང་རིག་གཞུང་གཏན་ནས་འབྲེལ་མེད་ཅིག་འཇོག་མ་ཤེས། ཕྲན་གྱི་རྨོངས་བློར། ཆོས་ལུགས་ནི་རིག་གཞུང་གི་གྲུབ་འབྲས་རེད་སྙམ། སྤྱི་ཚོགས་སུ་ཡིན་ཡང་ཡ་རབས། སྤྱོད་བཟང་། འཛེམ་བྱ། ཁྲིམས་ཀྱི་ས་མཚམས་མ་ལུས་པར་ཕར་གཏུག་ན་ཆོས་ལུགས་ཤིག་ལ་ཐུག་འགྲོ་བ་ཞིག་རེད། ཉིད་ཀྱིས་ཆོས་མེད་ཨ་རིའི་རྩ་ཁྲིམས་དང་། ཆོས་མེད་རྒྱ་ནག་གི་རྩ་ཁྲིམས་ལ་ལྟོས་དང་གཞི་འཛིན་སའི་ཁྲིམས་འགལ་མིན་གྱི་ས་མཚམས་ཀྱི་ཐིག་ཤིང་ཆོས་ལུགས་རེད་འདུག མིང་ལ་ལུགས་མ་བཏགས་ཀྱང་དོན་དུ་དེའི་འགྲེལ་བཤད་བཀོད་པ་རང་རེད། དཔེར་ན་ཆོས་མེད་རྒྱ་ནག་གི་མི་དམངས་བཅའ་ཁྲིམས་ཀྱི་རྩ་བ་མི་སེར་རྒྱལ་ཁབ་ཀྱི་ཁྲིམས་རེད། དེའི་རྩ་བ་མཉྫུའི་ཁྲིམས་རེད། དེའི་རྩ་བ་ཆོས་ཁྲིམས་རེད། བཟང་སྤྱོད་ཀྱི་ཁྲིམས་ཀྱིསྐོར་ལ་ཆོས་མིང་བསྒྱུར་བ་ལས་གཞན་མི་འདུག དེ་བཞིན་རྒྱ་དཀར། ཉི་ཧོང་གཉིས་ཀའི་ཁྲིམས་རྩ་ཆོས་ལ་ཐུག་འདུག །༣༽དཔྱོད་ལྡན་ཅོ་རིས་རྒྱལ་ཞེན་སྐོར་བྲིས་པ་ཐབས་འཇུས་མེད་པའི་རྨི་ལམ་ཤ་སྟག་རེད། ད་དུང་ཞིབ་འཇུག་གནང་བར་ཞུ། སྤོབས་པ་མཐའ་ཡས་ལེགས་ཀྱིས་གསུང་བ་གནད་ཡོད་ཅིག་རེད། རྒྱལ་ཞེན་སློང་མ་ཐུབ་བར་ཆིག་སྒྲིལ་མི་ཐུབ་པ་སྔོན་གྱི་ལོ་རྒྱུས་ལས་ཤེས་ཐུབ། སྔོན་ཆད་རྒྱལ་ཞེན་མཁན་རྣམས་ཀྱིས་རང་ཉིད་རིགས་ཁྱད་པར་འཕགས་ཚུལ། རིག་གཞུང་གཞན་ལས་འཕགས་ཚུལ་སོགས་སྤོབས་པ་བསྐྱེད། བརྙས་བཅོས་དང་སྡུག་བསྔལ་བཤད་ནས་ངར་བླུད། དཔའ་བོ་རྣམས་ལ་རྗེས་དྲན་ཤུགས་ཆེན་བྱས་ན་གཟི་བརྗིད་བསྐྱེད། ཁ་དམག་བརྒྱབ་ནས་སེམས་ཁམས་བསྒྱུར་འདུག ད་སྐབས་དེ་རན་པ་ཡིན་མིན་མི་ཤེས། སྤྱིར་ཕྲན་ནི་ཆབ་སྲིད་ལ་སྐྱོ་ཞིང་། དེའི་ཕྱོགས་ལ་རྒྱུས་མེད་པ། སྲིད་དོན་དོན་གཉེར་དང་མི་རིགས་ཞེན་ཀོག་ཁ་ཙམ་མེད་མཁན་ཞིག་ཡིན་པས་དཔྱད་བརྗོད་ཙམ་མོ། །
རྒྱ་ལོས་ཚ་ཐོ་རའི་སྐུ་ངོ་རྒྱ་གར་རྡོར་གདན་དུ་མི་ཚེའི་རིང་ཡར་མར་འགྲོ་མི་ཆོག་པ་བཟོས་པ་དང་། ལྕོག་སྟེང་སྐུ་ངོ་ཏཱ་བླ་མ་དང་། ཁོང་གི་སྐུ་མཆེད་ཉི་མ་རྒྱལ་མཚན་སོགས་སྲོག་སྐྱོབ་ཀྱི་ཕྱིར་ཨ་རིར་བྲོས་བྱོལ་དུ་འགྲོ་དགོས་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནད་ཡོད་མི་གསུམ་རྒྱ་གར་མངའ་སྡེ་ Rajasthan ནང་ཉེས་མེད་མི་ལོ་ཉི་ཤུ་བཙུད་པ་སོགས་གྲངས་ཀྱི་བགྲང་དུ་མི་ལངས་པ་ཡོད་པས་དེ་ཚོའི་གསལ་བཤད་ངེས་པར་ཡོད་པའི་རེ་བ་ཡོད།
དྲི་མེད་ལེགས། བཤད་སྟངས་མི་ལེགས། ཁྱབ་ལོག་སྒྲུབ་བྱེད་འདུག ཆོས་ལུགས་གཏོར་དགོས་བླ་དཔོན་བཅོམ་དགོས་ཟེར་མཁན་སུ་ཡང་མི་འདུག ང་ལ་ཡང་འདོད་པ་མེད། མ་ཟད་དོལ་ཚོགས་དང་ཁ་ཆེ། ཡེ་ཤུ་སོགས་ཡོངས་རྫོགས་རྩིས་བཀུར་མ་གཏོགས་གཏོར་འདོད་མེད།
ཆོས་དང་རིག་གཞུང་འབྲེལ་གཏན་ནས་འབྲེལ་མེད་ཟེར་མཁན་མི་འདུག ཁས་ལེན་མེད་ས་དགག་ཚིག་འཕེན་སྟངས་འདི་ལ་བལྟས་ན་སྤྲུལ་པའི་སྐུ་ཞིག་ཡིན་པར་འདྲ།་་་་་ཧཧཧ
ཁྱོད་ཀྱིས་ཆོས་སྲིད་ཟུང་འབྲེལ་ལ་དགག་ཡོད་ཟེར་བ་དང་ལྷ་དབང་ལམ་ལུགས་ཡང་དེ་བཞིན་ཡིན་ཟེར་བ་ལྟར་བདེན་ན་དགའ་བསུ་ཡོད། གསུངས་སྟངས་འདི་ནི་ལེགས།
དེ་ནས་ཆོས་སྲིད་ཟུང་འབྲེལ་ཟེར་ན་གང་རེད། ཆོས་སྲིད་ཟུང་འབྲེལ་ངོས་འཛིན་སྟངས་ཅི་འདྲ་ཡིན། འདི་གནད་འགག་ཞིག་རེད། ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་མཐུན་ཕྱོགས་ཡོད་ལ་འགལ་ཟླ་ཡང་ཡོད། དཔེར་ན། ཉེས་མེད་མི་སེར་གསོད་མི་ཉན་པ་དང་། རྐུ་ཇག་བྱེད་མི་ཆོག་པ་སོགས་ཆོས་སྲིད་གཉིས་ཀའི་ཁྲིམས་ལུགས་ཡིན།
ཆོས་མེད་གུན་ཁྲན་ཏང་གི་ཁྲིམས་ལུགས་ནང་དུ་ཡང་ཆོས་ཁྲིམས་དང་མཐུན་པའི་ཁྲིམས་ལུགས་གང་མང་ཡོད། འདི་ཙམ་གྱིས་ཆོས་སྲིད་ཟུང་འབྲེལ་ཆགས་སོང་བ་མིན། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་གང་ཟག་གཅིག་གིས་ཆོས་ཀྱི་གོ་གནས་དང་སྲིད་ཀྱི་གོ་གནས་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཀྱི་དབུ་ཁྲིད་བྱས་པ་འདི་ལ་ཆོས་སྲིད་ཟུང་འབྲེལ་ཟེར།
ངས་རེ་བ་བྱས་ན་་ཆོས་ལུགས་ཀྱི་གོ་གནས་ཡོད་པའི་བླ་སྤྲུལ་རྣམས་བཀའ་སྤྱིའི་འོས་མི་ནང་དུ་འོང་མི་ཆོག་པ་བཟོས་ན་ཡག་ས་རེད་བསམས་ཀྱི་ཡོད།
ཨོ་རེད་་་དྲི་མེད་ལགས། ཀརྨ་པས་བོད་ཀྱི་དབུ་ཁྲིད་བྱས་པ་ཡིན་ན་ཆོས་སྲིད་ཟུང་འབྲེལ་ལག་ལེན་སྟར་བ་མིན་ནམ། ཁྱོད་ཀྱིས་ཆོས་སྲིད་ཟུང་འབྲེལ་དགག་སྟངས་ཅི་འདྲ་ཡིན་ནམ། ཚུལ་བློ་དང་ཀརྨ་པ་གཉིས་ལ་བོད་ཀྱི་དབུ་ཁྲིད་བྱ་བཅུག་དགོས་འདྲ་ཞིག་ཁྱོད་ཀྱིས་བཞིན་འདུག་ག ་་ཧཧཧཧ
དཔྱོད་ལྡན་ཅོ་རི་ལེགས། སྐྱོན་བརྗོད་བྱས་པར་དགའ་བསུ་ཞུ། འོན་ཀྱང་ཉིད་ལ་གོ་ནོར་ཐེབས་འདུག ༡༽ངས་ཆོས་དང་རིག་གཞུང་ཐ་དད་དཀའ་ཟེར་བ་ལས་། ཆོས་སྲིད་ཟུང་འབྲེལ་དགོས་ཟེར་བ་མིན། ཆོས་སྲིད་ཟུང་འབྲེལ་ཟེར་བ་ཚིག་གཅིག་གི་རྫོགས་རྒྱུ་ཞིག་མ་རེད། འཛམ་གླིང་ཤར་ནུབ་ཀུན་ན་འགྲེལ་སྟངས་སོ་སོ་འདུག མཐུན་ས་ཞིག་ནི་ཆོས་པ་ཞིག་གིས་རང་གི་ཆོས་ལུགས་ཀྱི་ལྟ་གྲུབ་གཞིར་བཞག་གི་སྒོ་ནས་ཆོས་ལུགས་ཀྱི་ཁེ་ཕན་གཙོ་བོར་བཏོན་ནས་སྲིད་སྐྱོང་བ་དེ་རེད། དེ་ན་ནམ་ཡིན་ཡང་དགག་བྱ་བྱེད་རྒྱུ། ༢༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། ཀརྨ་པ་མཐུན་སྒྲིལ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་གྱི་ལྟེ་བ་ཞིག་ཏུ་འགྱུར་བའི་རེ་བ་ལས། ཀར་སྲིད་སྐྱར་གསོ་དང་། བླ་རུང་གིས་དབང་བསྒྱུར་སོགས་ལ་འདོད་མོས་རྩ་བ་ནས་མེད། ཆོས་སྲིད་ཟུང་འབྲེལ་ཡང་དེ་བཞིན་ནོ། །ཆོས་པ་ཡིན་ཙམ་གྱིས་དབུ་ཁྲིད་ཀྱི་ཐོབ་ཐང་སྤྲདམི་རུང་་དོན་ཡང་མི་འདུག་སྙམ། དཔེརན་ན་སྨན་པ་ཡིན་ན་ཤན་པ་བྱེད་མི་ཆོག་པ་དང་། སྨན་པ་ཡིན་ན་ཆབ་སྲིད་པ་བྱེད་མི་ཆོག་པ་མེད་པ་བཞིན་རང་ཉིད་དད་མོས་དང་སྤྱི་ཡི་ལས་ཀ་སོ་སོ་རེད་སྙམ། འོན་ཀྱང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་དུས་འདིར་བླ་གྲྭ་རྣམས་ཆབ་སྲིད་པའི་ཚོགས་པ་སྤྱི་འཐུས་ལྟ་བུར་ཡོང་མི་ཆོག་བྱས་ན་ལེགས་ཆ་ལས་ཉེས་པ་མ་མཐོང་། ༣༽ཉིད་ཀྱིས་མི་རིགས་དང་རྒྱལ་ཞེན་ཇི་ལྟར་ཡར་རྒྱས་གཏོང་། མཐུན་སྒྲིལ་གྱི་ཐབས་ལམ་ཅི་ལ་རྟེན། དྲིལ་སྒྲགས་བསྐུལ་སློང་སུ་ཡིས་བྱེད། མི་མང་ལ་ལྟ་གྲུབ་གསར་བ་སུ་ཡིས་བསྐྲུན་ནུས། ད་ལྟའི་གནས་སྐབས་སུ་ཅོ་རི་དང་དྲི་མེད་གཉིས་ཀྱི་མཆན་འབུམ་ཕྲག་གཅིག་འབྲི་བ་ལས། མཁན་ཚུལ་ཁྲིམས་བློ་གྲོས་དང་ཀརྨ་པས་ཚིག་གཅིག་བཤད་པ་ནུས་པ་ཆེ་བ་དངོས་ཡོད་མ་རེད་དམ། རང་རེའི་ནུས་པ་ཁོང་ཚོའི་ཚད་ལ་སླེབས་རྒྱུར་སྒུག་དགོས་ན་ཚེ་ཕྱི་མ་མིན་ནམ། དཔལ་འབྱོར་ཁོང་ཚོའི་ཚད་ལ་སླེབས་རྒྱུ་རྨི་ལམ་མིན་ནམ། ཆིག་སྒྲིལ་ནུས་པ་དེ་འདྲ་ཞིག་གིས་འདོན་དགོས་པ་ཁ་ཕོ་གཅིག་པོས་ས་མི་ཆོག་པ་དངོས་ཡོད་རེད། རང་རེའི་གཏམ་བཤད་ཅིག་བྱེད་སར་མི་འབུམ་པྲག་ཕར་ཞོག་བརྒྱ་ཡང་འདུ་ཐུབ་རྒྱུ་དཀའ། ཚུལ་ཁྲིམས་བློ་གྲོས་ལ་མཚོན་ན་བླ་རུང་དུ་མི་ཁྲི་ཁ་ཤས་རྒྱུན་ལྡན་རེད། ཚོགས་པ་ཆེ་དུས་འབུམ་ཕྲག་ཡང་ཡོང་གི་ཡོད་པར་དགོངས་མཛོད།
དྲི་མེད་ལེགས། བོད་ཀྱི་བླ་ཆེན་ཚོའི་ཚིག་གཅིག་གི་ནུས་པ་ཆེ་ཆེ་ཡིས་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བརླག་བཏང་སོང་བ་རེད། དགེ་ལུགས་པའི་ཆིག་སྒྲིལ་གཏོར་བརླག་བཏང་མཁན་བླ་ཆེན་ཚོའི་ཚིག་རེད། བཀའ་རྒྱུད་པ་ཁ་བྲལ་བཟོ་མཁན་ཡང་བླ་ཆེན་ཚོའི་ཚིག་རེད། ཆུ་སྒང་ཆིག་སྒྲིལ་གཏོར་མཁན་ཡང་བླ་ཆེན་གྱི་ཚིག་རེད། གཞོན་ནུའི་ཆིག་སྒྲིལ་གཏོར་བཤིག་བཏང་མཁན་ཡང་བླ་ཆེན་ཚོའི་ཚིག་རེད།
བོད་སིལ་བུ་ཐོར་བ་ནས་ད་ལྟའི་བར་དུ་བླ་ཆེན་ཚོའི་ཚིག་གིས་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བཤིག་བཏང་ཡོད་པར་དངོས་གནས་ཚུལ་ཡིན། བླ་ཆེན་ཚོའི་ཚིག་གཅིག་གི་ནུས་པས་བོདམི་རིགས་ཆིག་སྒྲིལ་བཟོ་འོང་གི་རེད་བསམས་པའི་རེ་བ་རྩ་བ་ནས་མེད། གཏོར་བཤོག་ག་དུས་གཏོང་འོང་བསམས་བསམས་མ་གཏོགས་ཆིག་སྒྲིལ་གྱི་ནུས་པ་བཏོན་འོང་བསམས་པའི་རེ་བ་མེད་དོ།
དྲྭ་གྲོགས་ཅོ་རི་ལགས་ཏན་ཏན་ཁྱེད་རང་གདོན་གྱིས་ཟིན་འདུག་པས་ཡིད་གཟབ་བྱེད་གལ་ཆེ། ལྷག་བསམ་ཡིན།
ང་ཅོ་རི་གདོན་གྱིས་ཟིན་ཡོད་ན་སྐུ་རྟེན་ཟེར་བ་དེ་ཡིན་འགྲོ མ་མཁྱེན་མཁྱེན་མདོག་དང་ལུང་བསྟན་རྒྱབ་མདོག་བྱེད་ཀྱི་རེད་བ། གདོན་གྱིས་ཟིན་ཡོད་པའི་མི་ཞིག་ཡིན་ན་ཁྱོད་ཚོས་དེའི་གཅིན་སྐྱག་ཡང་བཟའ་འཇོག་གི་རེད་བ།་་་་ཧཧཧ གནས་ལུགས་དང་རྒྱུ་མཚན་མེད་དུས་གདོན་གྱི་ཟིན་ཡོད་རབས་དང་འདྲེ་ཡིན་རབས་བཤད་ནས་འཐབ་རྩོད་བྱེད་སྟངས་འདི་བླ་སྤྲུལ་ཚོའི་ལག་ཆ་ཡོད་ན་མེད་ན་གཅིག་རེད་བ།
བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་མཆོག་དར་མ་བདུད་ཀྱི་སྤྲུལ་པ་རེད་ཟེར་བ་དང་། མགོ་ལ་གླང་རྭ་སྐྱེས་འདུག་ཅེས་བསྒྲགས་ནས་བོད་མི་རིགས་ཀྱི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཉམས་སོང་བ་རེད། བོད་སིལ་བུ་ཐོར་སོང་བ་རེད། རྒྱལ་རྒྱུད་ཆད་སོང་བ་རེད།
འདྲེ་དང་གདོན་ཟེར་བའི་ཟིན་འོང་མཁན་ཞིག་ཡོད་པའི་དབང་དུ་བཏང་ན་ཡུལ་ལུང་ཕུངས་ལ་སྦྱར་མཁན་དང་མི་དམངས་སྡུག་ལ་སྦྱར་དེ་དག་གདོན་གྱིས་ཟིན་ཡོད་པ་ཡིན་གྱི་རེད་བ། བོད་མི་དམངས་གནས་སྟངས་འདི་ལ་ལྷུངས་བཅུག་མཁན་ཚོ་གདོན་གྱིས་ཟིན་ཡོད་ཀྱི་རེད་བ། དྲང་གཏམ་ཡིན།་་་ཧཧཧ
ང་ཚོའི་བོད་འདི་ཆོས་ཀྱིས་ཕོངས་པ་མ་རེད། ཆོས་བྱེད་མཁན་གྱི་མིས་ཆོས་ཚུལ་བཞིན་དུ་མ་བྱས་པར་ཆབ་སྲིད་དང་མཉམ་བསྲེ་མང་བ། གཙོ་བོ་དབང་ཆའི་འཐབ་རྩོད་ལ་ཆོས་ཕྱོགས་ཀྱི་མི་སྣ་མཐོན་པོའི་རྒྱབ་སྐྱོར་འཚོལ་བའི་ཉེར་ལེན་ལ་བརྟེན་ནས་ཡང་དག་པའི་ཆོས་དེ་ཉམས་དམས་སུ་ཕྱིན་པ་རེད། ད་དུང་ཡང་ཚུལ་བཞིན་དུ་མ་བྱས་པར་ལྷ་བླ་ཁག་ལ་དམའ་འབེབས་དང་འཁང་ར་མང་ན་མུ་མཐུད་སྔར་ལམ་དུ་འགྲོ་རྒྱུ་ལས་མ་འདས།
ཅོ་རི་ཉི་མའི་ཡིག་རྩལ་ཡར་རྒྱས་སུ་སོང་བ་དང་མཉམ་དུ། བསམ་བློའི་ཁ་ཕྱོགས་ཀྱང་ལོག་་ངར་ཅན་དུ་འགྱུར་བཞིན་འདུག ཡུན་རིང་དྲ་མཇལ་མ་བྱུང་རིང་སྐུ་གཟུགས་བདེ་ཐང་ཡིན་ནམ།
རང་རེས་ཚོད་ལ་དཔག་པའི་འགུལ་སྐྱོད་ཅིག་རྒྱག་དགོས་ཀྱིན་འདུག དེ་ཡང་ན་གཞོན་ཚོས་གསང་བའི་ཚོགས་པ་འཛུགས་ཐུབ་དགོས་ཀྱིན་འདུག ང་ཚོའི་བཙན་བྱོལ་ནང་དུ་ཚོགས་པ་རྙིང་པ་ཁག་གཅིག་ཡོད་པ་དེ་ཚོས་བོད་མིའི་མདུན་ལམ་ལོ་རྒྱུས་ཀྱི་འགན་འཁུར་ཏེ་འགུལ་སྐྱོད་རྒྱག་ཐུབ་གི་མི་འདུག དཔེར་ན་དུས་རབས་བཅུ་དགུ་པའི་གཞུག་ཏུ་རྒྱ་ནག་ལ་ཡང་ཆབ་སྲིད་ཀྱི་བསམ་བློ་གསར་པ་ཡོད་མཁན་ཡོད་རུང་འགུལ་སྐྱོད་རྒྱག་སའི་ཁོར་ཡུག་མེད་པ་རེད། ཡིན་ན་ཡང་རྒྱ་མིའི་གསར་བརྗེའི་མེ་ཏོག་འབུས་ཡོང་ས་དེ་ཧྲང་ཧེ་སོགས་ཕྱི་རྒྱལ་ཀྱི་སྟངས་འཛིན་འོག་ཏུ་ཡོད་པའི་ས་གནས་ཁག་རེད། དེ་ནས་རིམ་པས་རྒྱ་ཡུལ་ཁྱོན་ཡོངས་ལ་འགུལ་སྐྱོད་རྒྱག་ཐུབ་པ་བྱུང་བ་རེད། ང་ཚོ་སྐྱབས་བཅོལ་ཏུ་ཡོད་མཁན་ཚོས་ཀྱང་གནས་བབ་དང་བསྟུན་པའི་འགུལ་སྐྱོད་རྒྱག་ཤེས་ན་གོ་སྐབས་ཡོད་ཀྱི་རེད་བསམ་གི།
དཔྱོད་ལྡན་སྤོབས་པ་མཐའ་ཡས་དང་ཅོ་རི་གཉིས་ལ་སྔར་ཞུས་པ་ལྟར། ཕྲན་རང་མི་རིགས་དང་རྒྱལ་ཆེར་ཞེན་མེད་པ་ཞིག་ཞིག་ཡིན། ཅི་འདྲ་ཞེན་དགོས་ཧ་མ་གོ་བས་སོ། །ཆོས་དང་རིག་གཞུང་རག་གི་སྲོག་ལྟར་གཅེས་པ་ཞིག་ཡིན། འོན་ཀྱང་རང་གི་བདེ་ཐང་དང་ཚེ་སྲོག་ལ་སྲུང་སྐྱོབ་མ་ནུས་པ་བཞིན་དེ་ལ་ཡང་བྱ་བ་འདི་བྱས་མེད། སྤོབས་པ་མཆོག་གིས་བཤད་པ་ལྟར་གསར་བརྗེ་གང་ཡིན་ཡང་ས་འོག་རྩ་འཛུག་སམ་གསང་བའི་ཚོགས་པའི་འགུལ་བསྐྱོད་ལ་བརྟེན་ནས་བྱུང་བ་རེད། དེ་ལ་དང་པོ་མདུན་དལམ་གསལ་སྟོན་དང་། རྒྱལ་ཞེན་གྱི་སློབ་གསོའི་ཡིག་ཆ་བཏོན་པ་ཙམ་གྱིས་སེམས་འགུལ་ཐེབས་པ་ཞིག་དགོས། གཉིས་པ་སྒྲིགས་ལམ་འཛིན་སྐྱོང་ཚགས་སུ་ཚུད་པ་ཞིག་དགོས། གསུམ་པ་དཔལ་འབྱོར་གྱི་མ་རྩའམ་འབྱུང་ཁུངས། བཞི་བ་གསང་ཉུལ་ལམ་འཔྲིན་སྐྱེལ་ནུས་པ་དང་ལྡན་པ། ལྔ་བ་གསང་བ་སྲུང་སྐྱོབ་ཀྱི་རུ་འདྲེན་ཉེན་ཁ་གང་བྱུང་ཡང་ཁ་ལོ་འཕྲལ་དུ་བསྒྱུར་ཐུབ་པ་ཞིག་དགོས། དྲུག་པ་ཚོགས་པའི་དམ་བཅའ་འགྱུར་བ་མེད་པས་ཁ་འབྲལ་མི་ཕོད་པ། མི་ནུས་པ། བྲལ་ན་ཉེས་ཆད་ཐོག་བབ་ཏུ་འབྱུང་བ་ཞིག་དགོས། ཆ་རྐྱེན་དེ་དག་མེད་པར་ཚོགས་པ་བཙུག་ཀྱང་སྐྱེས་མ་ཐག་མི་གེས་ཤི་རྒྱུ་རང་རེད། །དེ་པྲན་གྱི་གསར་རྗེ་བ་དག་གི་ལོ་རྒྱུས་ཟིན་ཐོ་ཀློག་པའི་ཚོར་བ་ཡིན། ཕྲན་སྲིད་དོན་ལ་ནང་དུ་ཞུགས་མ་མྱོང་པས་ཡིག་ཐོག་དང་དངོས་ཡོད་གནས་ཚུལ་མི་མཐུན་པ་ཡང་ཡོད་སྲིད་པས་སོ། །
་་་་་་་་་་་་་་་་་་་་ རང་རེས་ཚོད་ལ་དཔག་པའི་འགུལ་སྐྱོད་ཅིག་རྒྱག་དགོས་ཀྱིན་འདུག དེ་ཡང་ན་གཞོན་ཚོས་གསང་བའི་ཚོགས་པ་འཛུགས་ཐུབ་དགོས་ཀྱིན་འདུག ་་་་་་་་་་་་་་་་་་་་་
དྲ་གྲོགས་འདྲེ་རིག་ལྡན་ལགས། ཁམས་བཟང་། ཕྱིའི་ལུས་ཁམས་བདེ་ཐང་ཡིན། ཐུགས་རྗེ་ཆེ།
དྲི་མེད་དང་སྤོབས་མཐའ་རྣམས་གཉིས་ལགས། རྒྱལ་ཞེན་གྱི་འདུ་ཤེས་བསྐྲུན་སྟངས་ཀྱི་ཐབས་ཇུས་ཤིག་གསུང་རོགས་བྱོས། ཏང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགན་སྤེལ་བསྡད་པ་རེད། ང་ཚོས་བཙན་བྱོལ་ནང་དུ་རྒྱལ་ཞེན་ཆོས་ཞེན་གྱི་ལས་འགན་ཞིག་སྤེལ་དགོས་པ་ཨེ་རེད།
མ་གཏོགས་ཟམ་གདོང་སྤྲུལ་སྐུས་བཤད་པ་ལྟར་ནང་ཆོས་འདི་མ་ཉམས་གང་འཕེལ་བྱུང་ན་བོད་མི་རིགས་ཉམས་རྒུད་ཕྱིན་ན་ཕྱིན་ཟེར་བ་དང་། རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱངས་མེད་ཟེར་བའི་སྐད་ཆ་འདི་ཟམ་གདོང་གཅིག་གིས་བཤད་པ་རེད་དེ་འདི་འདྲ་བའི་རིགས་མང་པོ་ཡོད་པ་དངོས་ཡོད་ཡིན།
བོད་མི་དེ་དག་ལ་རྒྱལ་ཞེན་གྱི་སློབ་གསོ་གཏོང་ཐུབ་ཐབས་ཡོད་དམ། སངས་རྒྱས་བསྟན་པའི་ཆེད་དུ་བོད་རྒྱལ་ཁབ་བེད་སྤྱོད་བཏང་བ་མ་གཏོགས་བོད་རྒྱལ་ཁབ་རྩ་བའི་རྩེ་ལ་འཇོག་གི་མ་རེད། མདོ་ན་རྒྱལ་ཞེན་གྱི་འདུ་ཤེས་བསྐྲུན་ཐབས་བྱ་དགོས་ངེས་འདུག་པས་ལམ་སྟོན་གནང་རོགས་བྱོས།
དཔྱོད་ལྡན་ཅོ་རི་ལེགས། ཕྲན་གྱིས་ཐབས་ལམ་མ་ཤེས་པར་དྲིས་པ་ཡིན། ནམ་རྒྱུན་ཉིད་ཀྱིས་སྤོབས་པ་མཐོན་པོའི་སྒོ་ནས་བོད་དོན་གསུང་གི་ཡོད། ད་རེས། དགེ་ཆོས་ཀྱིས། ཇི་སྲིད་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་བཞིན་མཁས་པའི་ཚིག་ནི་ལྐུག་རྒྱུར་པས། །ཞེས་གསུང་གི་ཡོད་པ་དེའི་ཚད་ལ་སླེབས་པ་མིན་ནམ། གཏམ་དཔེར། མ་ཤེས་ནས་མི་ལ་དྲིས། །མ་གོ་ནས་ར་སྐད་བརྒྱབ། །ཟེར་བ་ལྟར་ཉིད་ཀྱི་དྲི་བ་གནང་དུས་གསལ་ཆ་མེད་པའི་ར་སྐད་ཕྲ་ལ་རིང་བ་ཞིག་བརྒྱབ་ནས་སྡོད་རྒྱུ་ལས་གཞན་མེད་དོ། །ཕྲན་ནི་ཟུར་ལྟ་བྱེད་མཁན་ཞིག་ལས་སྲིད་དོན་ལས་འགུལ་མི་ནུས་མཁན་ཞིག་ཡིན་པ་སྔོན་ནས་ཞུས་པ་མིན་ནམ། །
ཅོ་རི་ལེགས།ཉིད་ཀྱིས་༼བླ་ཆེན་ཚོའི་ཚིག་གཅིག་གི་ནུས་པས་བོདམི་རིགས་ཆིག་སྒྲིལ་བཟོ་འོང་གི་རེད་བསམས་པའི་རེ་བ་རྩ་བ་ནས་མེད།༽གསུང་བ་བདེན་མོད། འབད་པ་ལ་དཔག་པའི་འབྲས་བུ་རེ་ཡོད་སྲིད་པས་རེ་བ་བྱེད་ཆོག་པར་སེམས། །