མདོ་འདུམ་ཚང་།
ད་ནངས་ཁ་པར་སླེབས་ནས། ཁྱེད་ཚོ་ཚེས་༢༥ཉིན་རྒྱ་ནག་ལ་ཕེབས་འདུག་ཟེར། དང་པོ་འགྲོ་ས་དེ་ཧུའུ་ནན་ཞིང་ཆེན་རེད་ཟེར། དེ་ནི་མའོ་ཙེ་ཏུང་གི་སྐྱེ་ཡུལ་ཡང་རེད་ཟེར། ཐོག་མའི་ཉིན་ཁ་ཤས་ལ་འཆམ་འཆམ་དང་དེ་ནས་གྲོས་མོལ་དངོས་གཞི་རེད་ཟེར། གྲོས་མོལ་དངོས་གཞི་དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རེད་ཟེར། ད་ཐེངས་དམིགས་བསལ་ཞིག་ལ། གྲོས་མོལ་དེའི་ཆེད་དུ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་རིམ་གྲོ་སྒྲུབ་བཞིན་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོའི་འཆམ་འཆམ་དེ་གྲུབ་ཚར་སོང་སམ།-ཧུའུ་ནན་ཞིང་ཆེན་གྱི་ཡུལ་ལྗོངས་ག་འདྲ་འདུག ཧུའུ་ནན་ཞིང་ཆེན་གྱི་ཡུལ་མི་རྣམས་ག་འདྲ་འདུག ཧུའུ་ནན་ཞིང་ཆེན་ནས་མའོ་ཙེ་ཏུང་གི་འདྲ་སྐུ་མང་པོར་མཇལ་སོང་ངམ།
ད་ནངས་བོད་གཞུང་བཀའ་ཤག་ལ་ཁ་པར་བཏང་ནས་ཁྱེད་ཚོའི་སྐོར་ལ་སྐད་ཆ་དྲིས་ཡིན། བོད་གཞུང་བཀའ་ཤག་གིས་ཁྱེད་ཚོའི་ལག་ལ་”བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་”འགྲེལ་བཤད་རྒྱས་བ་ཞིག་བཞག་ཡོད་ཟེར། ད་ཐེངས་སོང་ནས་ཡིག་ཆ་དེ་བསྐྱར་དུ་རྒྱ་ནག་གཞུང་ལ་ཕུལ་རྒྱུ་རེད་ཟེར། སྐུ་ཚབ་རྣམ་པ་། དེ་བདེན་པ་རེད་དམ། ད་ཐེངས་ཀྱི་ཁྱེད་ཚོའི་ལས་ཀ་དེ་གཅིག་པོ་རེད་དམ། ཁྱེད་ཚོ་ཚང་མས་ཡིག་ཆ་དེ་ཚོའི་དགོངས་དོན་ཆ་ཚང་མཁྱེན་གྱི་ཡོད་དམ། ཁྱེད་ཚོའི་ཡིག་ཆ་དེ་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་གནང་གི་རེད་དམ། ཟླ་འདིའི་ཕྱི་ཚེས་༡༨ནས་༢༠བར་རྒྱ་ནག་པེ་ཅིང་དུ”་བོད་རང་སྐྱོང་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ལྔ་བ་”དེ་སྐོང་འཚོགས་གནང་འདུག ཀྲུང་དབྱང་གིས་གསུངས་ན། “ཀྲུང་དབྱང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཡང་དག་ཡིན་”ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོ་ད་ཐེངས་ཕར་ཕེབས་ནས། ཀྲུང་དབྱང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེ་ཡང་དག་མ་རེད་ཟེར་གྱི་ཡིན་ནམ། ཡང་ན་འཆམ་འཆམ་དེ་གྲུབ་པ་དང་། ཡིག་ཆ་དེ་ཕར་སྤྲད་པ་དང་། ཁྱོད་ཚོ་ཁ་བཙུམས་བཞིན་ཕྱིར་ལོག་ཡོང་གི་ཡིན་ནམ། སྐུ་ཚབ་རྣམ་པ། ཁྱེད་ཚོས་གསུངས་དང་།
སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་ངམ། ཁྱེད་ཚོ་རྒྱ་ནག་ལ་མ་ཐོན་པའི་སྔོན་ཏག་ཏག་ལ། རྒྱ་ནག་གཞུང་གིས། ཁམས་སོག་རྫོང་གི་གྲ་ཡེ་ཤེས་སྦྱིན་པ་དང་མི་སྐྱ་བསྟན་འཛིན་དར་རྒྱས།-ནོར་བུ་བཟང་པོ། ཨ་ནེ་ཆོས་སྒྲོན་བཅས་ལ་ལོ་༡ནས་༣བར་ཁྲིམས་ཐག་བཅད་སོང་། ཁོང་ཚོ་མུན་ནག་གི་བཙོན་ལ་བཅུག་སོང་། ད་དུང་དེས་ག་ལ་ཚད། སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལ་ཆབ་སྲིད་དང་འབྲེལ་བའི་གཞས་བཏང་བའི་ཉེས་མིང་འོག་ལོ་གཅིག་དང་ཟླ་བདུན་ལྷག་གི་ཁྲིམས་ཐག་བཅད་འདུག སྐུ་ཚབ་རྣམ་པ། ཁྱེད་ཚོས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་གླུ་གཞས་གོ་མྱོང་ཡོད་དམ། ཁོང་གི་གཞས་འདི་འདྲ་ཞིག་བཏང་ཡོད། “མི་ལ་ལས་བུ་ང་ངན་གི་ཟེར།། མི་ལ་ལས་བུ་ང་བཟང་གི་ཟེར།། ང་བཟན་ན་ཆོག་ར་ངན་ན་ཆོག། ངས་བླ་མ་དྲན་པའི་སྡུག་བསྔལ་འདི།། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།། བསད་བཏང་རུང་འགྱོད་པ་ང་མེད་གི” གཞས་འདིར་ཉན་རྗེས། ང་ལ་ཤ་འདར་ཞིག་བརྒྱབ། མིག་ཆུ་ཞིག་ཤོར།
སྐུ་ཚབ་རྣམ་པ། གཞས་འདི་ལ་ཉན་ན། ཁྱེད་ཚོར་ཚོར་བ་ག་འདྲ་འདུག་གམ།
སྐུ་ཚབ་རྣམ་པ་། ཧུའུ་ནན་ཞིང་ཆེན་དུ། ཁྱེད་ཚོའི་འཆམ་འཆམ་ག་འདྲ་བྱུང་སོང་ངམ། ཧུའུ་ནན་ཞིང་ཆེན་གྱི་ཁ་དབུགས་གཙང་མ་འདུག་གམ། ཧུའུ་ནན་ཞིང་ཆེན་གྱི་ཟ་མ་ཞིམ་པོ་འདུག་གམ། སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་ངམ། ཕྱི་ཚེས་༢༦ཉིན། ཆབ་མདོ་འཇོ་ཕུ་དགོན་པའི་སྤྲུལ་སྐུ་བྱང་ཆུབ་རིན་པོ་ཆེ་དང་གྲ་སངས་རྒྱས་རྒྱ་མཚོ། ཨ་པོ་མ་བཅས་མི་གསུམ་འཛིན་བཟུང་བྱས་འདུག ད་དུང་། ཁྱེད་ཚོ་རྒྱ་ནག་ལ་སླེབས་པ་དང། ལྷ་སར་དམ་དྲག་སྔར་ལས་ཆེ་རུ་འགྲོ་སོང་ཟེར། ལྷ་སའི་སྐོར་ལམ་ལ་དྲག་དམག་ཇེ་མང་དུ་ཕྱིན་སོང་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོས་གོ་སོང་སམ། ཕྱི་ཚེས་༢༨ཉིན། ལྷ་ས་རིག་གནས་སྡེ་ཁག་དང་སྤྱི་བདེ་ཉེན་རྟོག་ཚན་པ། གྲོང་ཁྱེར་དོ་དམ་ཚན་པ་བཅས་མཉམ་འབྲེལ་ཐོག ལྷ་ས་ཁུལ་གྱི་དྲ་ཁང་ཁག་ལ་བཅོས་སྒྲིག་དང་གཙང་བཤེར་བྱས་ཏེ་དམ་དྲག་ཆེ་རུ་བཏང་འདུག ངས་གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་རྒྱུའི་རང་དབང་དེ་བསྡུས་ཚར་སོང་། བཅད་ཚར་སོང་། སྐུ་ཚབ་རྣམ་པ། ཁྱེད་ཚོ་རྒྱ་ནག་ལ་སླེབས་པ་དང་། བོད་ནང་དུ་སྔར་བཞིན་ཁྲག་གི་འཁོར་ལོ་བསྐོར་ན། ཁྱེད་ཚོ་གཉིད་ཡག་པོ་ཞིག་ཁུག་ཐུབ་བམ། ཁྱེད་ཚོ་གཉིད་སྐྱིད་པོ་ཞིག་ཡོང་གི་འདུག་ངམ།
སྐུ་ཚབ་རྣམ་པ། ཕྱི་ནུབ་རྒྱལ་ཁབ་ཆེ་ཁག་ཁ་ཤས་ཀྱིས་། ཐེངས་འདིའི་ཁྱེད་ཚོའི་སྤྲོ་འཆམ་དང་གྲོས་མོལ་ལ་་དགའ་བསུ་བྱེད་བཞིན་འདུག དགའ་བསུ་ཞུ་དགོས་དོན་ལ་ཡང་རྒྱུ་མཚན་ཞིག་ཡོད་པ་འདྲ། ཐེངས་འདིའི་ཁྱེད་ཚོའི་སྤྲོ་འཆམ་དང་གྲོལ་མོལ་གྱི་དམིགས་ཡུལ་གཞན་ཞིག་ནི། བོད་ཀྱི་གྲོགས་པོ་རྒྱལ་ཁབ་ཚོས་བོད་དོན་ལ་བཅིངས་བའི་ཐུགས་འཚབ་དེ་འཇགས་པའི་སླད་དུ་ཡིན་ཟེར། འོན་ཀྱང་། ཐུགས་འཚབ་ཅི་ལྟར་འཇགས་ཀྱིན་ཡོད་མེད་ངས་མི་ཤེས། ཁྱེད་ཚོས་ཨེ་ཤེས། སྐུ་ཚབ་རྣམ་པ། ཁྱེད་ཚོས་འཆམ་འཆམ་གནང་བཞིན་པའི་སྐབས་སུ། ངའི་ཕ་ཡུལ་དུ། དགེ་འདུན་པ་ཚོའི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་ཀྱང་ཉེན་རྟོག་པར་རྩིས་སྤྲོད་དགོས་བ་མ་ཟད། དགེ་འདུན་པ་ཞིག་དྲ་ཁང་ནང་དུས་ཚོད་གཅིག་ལྷག་འདུག་དགོས་བྱུང་ཚེ། འབྲེལ་ཡོད་ཉེན་རྟོག་པའི་ལག་ནས་དགོངས་ཞུའི་ཡི་གེ་ཞིག་ལེན་དགོས་ཀྱི་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོས་གནས་ཚུལ་འདི་ཚོ་གོ་སོང་ངམ།
སྐུ་ཚབ་རྣམ་པ། ཁྱེད་ཚོས་རྒྱ་ནག་གཞུང་ལ་ཡིག་ཆ་དེ་སྤྲད་རྗེས། ཁུ་སིམ་མེར་ཕྱིར་ལོག་ཡོང་གི་ཡིན་ནམ། ཁྱེད་ཚོས། ཁ་སང་དེ་རིང་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་སྟེ། བཙོན་འཇུག་དང་གཅར་རྡུང་གི་སྐོར་སོགས་ལ། རྒྱ་ནག་གཞུང་ལ་གླེང་མོལ་ཞུ་གི་ཡིན་ནམ། སྐད་ཆ་བཤད་ཀྱི་ཡིན་ནམ། ཁྱེད་ཚོས་བསམ་ཚུལ་ཞིག་སྤྲད་རྗེས། ཕྱིར་ལོག་ཡོང་བ་ཡིན་ན། བོད་ནང་གི་བཙོན་པ་ཚོ་བཙོན་ཁང་ནས་ཐར་གྱི་རེད་དམ། ཁོང་ཚོའི་ཕ་མ་སྤུན་ཉེ་ཚོའི་སེམས་ཀྱི་སྡུག་བསྔལ་སེལ་ཐུབ་བམ། ད་དུང་། ཉེ་ཆར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏོན་པའི་༢༠༠༩ལོའི་ལོ་འཁོར་སྙན་ཐོ་ལྟར་ན། ༢༠༠༩ལོའི་ནང་བོད་མི་༣༠༠གང་བྱུང་འཛིན་བཟུང་བཀག་ཉར་བྱས་འདུག་ཟེར། སྐུ་ཚབ་རྣམ་པ། ཁྱེད་ཚོ་ཕྱིར་མ་ཡོང་བའི་སྔོན་ལ། བོད་མི་༣༠༠གློད་དུ་འཇུག་མ་ཐུབ་རུང་། བོད་མི་༡༠བཙོན་ནས་གློད་དུ་བཅུག་ཐུབ་བམ།
སྐུ་ཚབ་རྣམ་པ། ཁྱེད་ཚོས་འཆམ་འཆམ་གནང་བའི་ཞོར་ལ། བོད་ནང་དུ་གནས་ཚུལ་ཅི་ཞིག་འབྱུང་གིན་ཡོད་མེད་ལ་དོ་སྣང་སྤྲོད་ཀྱི་ཡོད་དམ། ངས་སྐད་ཆ་འདི་འདྲི་དོན་ལ་རྒྱུ་མཚན་གཅིག་ཡོད། གང་ཡིན་ཞེ་ན། ངས་ད་དུང་སེམས་ལ་གསལ་བོར་དྲན་གྱི་འདུག དེ་ནི་༢༠༠༨ལོའི་བོད་ནང་གི་ཞི་བའི་ཡར་ལངས་ཆེན་མོ་དེའི་རྗེས་སུ་རེད། ཁྱེད་ཚོ་རྒྱ་ནག་ལ་ཕར་ཕེབས་ནས་ཕྱིར་རྡ་ལམ་ས་ལར་སླེབས་མཚམས། ཁྱེད་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། དེ་དུས། ད་ལྟའི་བོད་ཀྱི་བང་ཆེན་ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་གྱིས་།ཁྱེད་ཚོར་དྲི་བ་འདི་འདྲ་ཞིག་བཏང་སོང་། “ཁྱེད་ཚོས། ཆབ་མདོ་རུ་དྲག་དམག་གིས་བོད་མི་མང་པོའི་སྒང་ལ་ཡ་ང་སྙིང་རྗེ་མེད་པར་མེ་མདའ་བརྒྱབས་འདུག་པ་དེ་གོ་སོང་ངམ”་ཞེས་དྲིས་སོང་། ཁྱེད་ཚོའི་གྲས་ཀྱི་སྐུ་ཚབ་གཙོ་བོ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། ལན་དུ། “ང་ཚོས་ཁྱོན་ནས་གོ་མ་སོང་། ང་ཚོ་ལ་ཁ་པར་གཏོང་མཁན་དང་གནས་ཚུལ་དེ་ལབ་མཁན་ཡང་བྱུང་མ་བྱུང་”ཟེར། དྲི་ལན་དེས་ད་དུང་ཡང་བོད་མི་ཉམ་ཆུང་ང་ལ་ན་ཚ་གཏོང་གི་འདུག སྐུ་ཚབ་རྣམ་པ། ད་ལོར་ཁྱེད་ཚོས་འཆམ་འཆམ་གནང་བའི་སྐབས་སུ། ལག་འཁྱེར་ཁ་པར་གྱི་སྒོ་བརྒྱབ་ཡོད་དམ། གློག་ྐླད་ཀྱི་སྒོ་བརྒྱབ་ཡོད་དམ། བོད་ནང་དུ་གནས་ཚུལ་ཅི་བྱུང་ལ་དོ་སྣང་སྤྲོད་ཀྱི་ཡོད་དམ། བོད་ཕྱི་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་གི་ཡོད་དམ། ད་ལོ་། ཁྱེད་ཚོ་ཕྱིར་རྡ་ལམ་ས་ལར་སླེབས་རྗེས། གོང་གི་དྲི་བ་དེ་འདྲ་ཞིག་དྲིས་ན། ཁྱེད་ཚོས་ལན་ཅི་ཞིག་རྒྱག་རྩིས་ཡོད་དམ།
སྐུ་ཚབ་རྣམ་པ། ངས་རྩོམ་འདི་འབྲི་བའི་སྐབས་སུ། ཁྱེད་ཚོ་པེ་ཅིང་དུ་སླེབས་འདུག ཁྱེད་ཚོས་། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད་རྒྱས་པ་དེ་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣར་ཕུལ་ཚར་བ་ཡིན་ནམ། ཁོང་ཚོས་ཨ་ལན་ཅི་ཞིག་གནང་སོང་སམ། རྒྱ་ནག་གཞུང་གིས་། ཁྱེད་ཚོར་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་འཆར་སྐོར་གྱི་སྙན་ཐོ་རིང་པོ་དེ་དག་སྒྲོག་སྦྱངས་བྱས་སོང་སམ། ཁྱེད་ཚོས་སྙན་ཐོ་དེ་དག་གི་སྒང་ལ་བསམ་ཚུལ་བཤད་ཡོད་དམ། ཁྱེད་ཚོས། བོད་ནང་གི་བོད་མིའི་ཡ་ང་བའི་གནས་སྟངས་སྐོར་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་དམ། བོད་ནང་གི་ཆབ་སྲིད་བཙོན་པ་ཁག་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་ཡོད་དམ། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྐད་ཆ་དང་བསམ་ཚུལ་ལ། ཁོང་ཚོས་ཉན་འཇོག་གནང་གི་འདུག་གམ། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་རྗེས། -སྐུ་ལྷོད་ལྷོད་ངང་ཕྱིར་ཕེབས་རོགས་གནང་། སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་རྗེས། ལམ་བར་དུ་ཁྱེད་ཚོའི་སྐུ་གཟུགས་བདེ་བར་སྨོན།
རྩོམ་ཡག་གི། བསམ་ཚུལ་རྗེས་ལ་བཤད་ཀྱི་ཡིན།
http://www.youtube.com/watch?v=3H0A3DEWNKY&feature=related
རྨ་ཁ་མེད་པའི་གཅར་བརྡུང་འདི་ན་ཉན་རྒྱུ་ཡོད།
ཁ་འཁྲིགས་མ་བཤད་ད་དུང་སྐུ་ཚབ་ཚོགས་པའི་སྐད་ཆ་གང་ཡིན་བཤད་རྒྱུ་རེད།
དུས་བབ་དྲ་རྒྱ་ནས་འདིར་བཀོད་པ་ཡིན། དྲ་གྲོགས་རྣམས་པ་ཚོ་གཟིགས་དང༌། ད་ནི་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་རེ་བ་མེད་དོ།།
ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།
འདོན་སྤེལ། ༢༠༡༠/༠༢/༠༡
སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་མ་ཐགརྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གྲོས་མོལ་གྱི་སྒོ་མུ་མཐུད་ཕྱེ་ཡོད། ཡིན་ཡང་། བོད་ཐོག་གི་ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།
འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆེན་ལིན་གྱིས་གཟའ་ཟླ་བའི་ཉིན་ཞིན་ཧྭ་གསར་ཁང་ལ་བཤད་དོན། ཀྲུང་གོའི་མངའ་ཁོངས་དང་བདག་དབང་གི་སྐོར་ལ་གྲོས་མོལ་གཏན་ནས་མེད་ལ། འདིའི་ཐད་ནས་ཕྱིར་བཤོལ་ཅི་ཡང་མེད་ཟེར།
ཏུའུ་ཡིས་བཤད་དོན། བོད་ཆེན་པོ་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེས་ཀྲུང་གོའི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་ལ། གལ་སྲིད་ཏཱ་ལའི་བླ་མས་དགོས་འདུན་འདི་དག་གཏན་དུ་མཚམས་འཇོག་བྱས་པ་ཡིན་ན་གྲོས་མོལ་དང་འབྲེལ་བའི་རྨང་གཞི་ཞིག་ཡོད་སྲིད་པ་རེད་ཟེར།
ཁོས་མུ་མཐུད་དོན། ཏཱ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་དེ་ཀྲུང་གོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། གཞི་རྩའི་བརྩི་བཀུར་དང་ཡིད་ཆེས་ཙམ་ཡང་མི་སྟོན་ཚེ་འབྲེལ་མོལ་ལ་ཡར་རྒྱས་ཅི་ཡང་ཡོང་གི་མ་རེད་ཟེར། ཁོས་ད་དུང་། བོད་མི་རིགས་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་དགའ་མོས་བྱེད་གི་རེད། དེ་བས་ཁོང་ཚོར་བསླུ་བྲིད་གཏོང་བ་དང་ཁོང་ཚོའི་མངོན་འདོད་དང་མི་འཚམ་པའི་བྱ་སྤྱོད་སྤེལ་ན་ཕན་ཐོགས་ཡོད་པ་མ་རེད། དཀྲུགས་ཤིང་དང་ཞེ་འཁོན་གྱི་ལས་འགུལ་དེ་དག་ནི་ནམ་ཡང་མི་རྒྱལ་ལ། དེས་གྲོས་མོལ་ལ་འགོག་རྐྱེན་བཟོ་བ་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་མཇུག་པ་ཚོ་ཁེར་རྐྱང་ལ་གཏོང་གི་རེད་ཅེས་ཀྱང་ཟེར།
ཡག་པོ་བྲིས་ཡོད་ཀི་ཡ།
གནད་དུ་ཁེར་འདུག་བསམ་སོང
སྐད་ཆ་དེ་དག་ལོ་སྔོན་མ་ནས་བཤད་ཚར་བ་རེད། ད་དུང་རེ་བ་འདྲ་བཟུང་སྟེ་ཨུ་ཚུགས་བརྒྱབ་པས་ཅི་ལ་ཕན།
ང་ཚོ་ལ་རེ་བ་ཆེན་པོ་ཞིག་ཡོད་ནི་མ་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་བདེན་པ་རེད་
འོན་ཀྱང་ཆ་ཚང་སྐུ་ཚབས་ཀྱི་མ་འཇོན་ཚུལ་བཤད་ན་གནས་ལུགས་དང་མཐུན་ནི་མ་རེད་
འོ་ན་ད་འཇོན་མཁན་གྱི་མི་གཞན་ཞིག་ཁྲིད་ཤོག་ལབ་ན་ས་ཡ་དྲུག་གི་ནང་ནས་རག་ཁག་པོ་རེད་
བོད་རྒྱའི་བར་གྱི་འབྲེལ་བའི་དབང་ཆ་ཆ་ཚང་སྐུ་ཚབས་ཀྱི་ལག་པ་ལ་ཡོད་མ་རེད་ད་
ཕར་ལ་སོང་ནས་རྒྱ་འདྲེས་ཚང་གི་ཅི་བཤད་ཉན་ནས་ཡོང་རྒྱུ་དེ་ཡིན་པས་། སྐུ་ཚབས་མི་སྣ་རྗེས་ནས་འགྲོ་དགོས་པ་རེད་།
རྒྱ་ནག་གི་དམིག་ཡུལ་དེ་རྒྱ་བོད་གྲོས་མོལ་མ་རེད་། དེ་གསལ་པོ་གསལ་སྐྱང་རེད་།
ཁར་སང་དེ་རིང་ཁོས་ཚོང་རྒྱག་ས་སའི་ཚང་མའི་བཽད་དོན་སྐོར་ཁ་ལ་ཁྱེར་ཡོད་སྟབས་དེ་དག་གི་ཁ་འགོག་བྱེད་དུ་རྒྱ་རུ་དང་ཁོང་གཉིས་ལ་ཟ་མ་ཞིག་སྟེར་རྒྱ་དེ་རེད་། ང་ཚོའི་ཁག་ཐེགས་བྱས་ནས་བཤད་ཐུབ་པ་ནི་། ད་རེས་གྱི་ཁོ་གཉིས་ཀྱི་སྟ་སྐོར་དེས་རྗེས་ནས་རྒྱ་ཚོང་སྡབས་གཉིས་ལས་གང་སར་ཁྱབ་གི་རེད་།
ཨ་ཤེ་རེ་ཀོ། ལྟ་སྐོར་ལ་ཁྲིད་གི་ཡིན་བོད་རིགས་ཡོད་སའི་ས་གནས་ཞིག་ལ་ལྟ་སྐོར་ལ་ཁྲིད་རོགས་། ཙམ་ཡང་བཤད་མི་ཐུབ་ན་། རྒྱ་་མཚན་མེད་། ཧུའུ་ནན་ལ་ཐལ་ལ་ཟ་གི་། ག་རེ་བྱེད་གི་འགྲོ་གི་ཡོད་པ་།
་་་་ཐེངས་དགུ་པ་འདི་རྡ་ཧུའུ་ནན་གྱི་གྲོས་མོལ་ཞེས་མིང་བཏགས་ནས་རྗེས་དྲན་བྱས་ན་ཡག་པོ་ཡོད་རེད། ཐེང་དགུ་པ་རང་ལ་བོད་རྒྱའི་དཀའ་རྙོག་ཐག་ཆོད་ན་ངན་པ་དགུ་འཛོམས་ལ་རྩིས་ཡ་ཉེན་ཁ་ཡོད་རེད། ད་ལྟ་བཟང་པོ་བཅུ་འཛོམས་དང་བཅུ་གཅིག་སོགས་མང་པོ་ལྷག་བསྡད་ཡོད་རེད་དོན་ཆེན་སྒྲུབ་ལ་ངང་རིང་དགོས་ཟེར།
སྐུ་ཚབ་ལ་ཁ་རྡུང་གཏོང་བའི་བྱེད་སྟངས་འདི་ནི་མི་ཆོ་མེད་མགོ་སྟོང་སེམས་མེད་ཚོའི་ལས་རང་རེད། ཁྱོད་ལ་མི་འདོད་དང་འཁང་ར་ཡོད་ན་རྒྱ་ནག་གཞུང་ལ་བརྗོད་དགོས་པ་རེད། བདེན་པ་ལ་རྡོག་རུལ་གཏོང་མཁན་རྒྱ་ནག་གཞུང་རེད། རྒྱ་ནག་གཞུང་གིས་སྨྱོ་བ་ལྟར་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་དང་། རང་གི་མི་དམངས་དྲག་སྣོན། བོད་རིགས་གཙོས་པའི་མི་རིགས་གཞན་དག་དུད་འགྲོ་ལྟ་བུ་ལྟོ་དང་ཆུ་ཙམ་སྤྲད་ན་དེ་ཙམ་གྱིས་འགྲིག་པར་འཛིན་པའི་སྐབས་སུ་སྐུ་ཚབ་མི་འགའ་ཤས་ཞིག་གིས་ག་རེ་བྱེད་རྒྱུ་ཡོད་དམ། སྐུ་ཚབ་རྣམས་ཀྱིས་གང་ལྟར་རུང་རྒྱ་ནག་གི་ཁ་ངན་དེ་དག་ཉན་པར་ཕྱིན་པ་རེད། ཐོབ་ཤོར་གང་བྱུང་ཀྱང་རུང་གདོང་དང་གདོང་གཏུག་པ་སྐྱེས་པ་ཕོའི་བྱེད་སྟངས་རེད། རྒྱ་ནག་གིས་བདེན་པ་རྡོག་རུལ་བཏང་ན་ཡང་། རྒྱལ་སྤྱིའི་མིག་མདུན་དུ་རྒྱ་གཞུང་དང་བོད་གཞུང་གཉིས་གྲོས་བསྡུར་བ་རེད་ལ། རྒྱ་གཞུང་ནས་གྲོས་མཐུན་དོན་མཚན་བཅུ་བདུན་རྡོག་རུལ་གཏོང་བཞིན་ཡོད་པ་གསལ་པོ་རེད། འཇིག་རྟེན་མིག་ཏུ་རྒྱ་ནག་ནི་ཧམ་པ་ཅན་དང་བདེན་པ་ལ་མི་བརྩི་མཁན་ཞིག་ཡིན་པ་སྟོན་ཐུབ་པ་རེད། དེར་བརྟེན་རྒྱང་རིང་གི་དམིགས་པ་ནས་བྱས་ན་རྒྱལ་ཁ་ང་ཚོ་ལ་ཐོབ་པ་རེད། བུ་ལ་ཡོན་ཏན་དང་འཇོན་ཐང་ཡོད་ན་བོད་ལ་ཕན་པའི་ལས་བྱེད་དགོས་རེད། ཕྲག་དོག་དང་མིག་སེར། ཞེ་སྡང་ཁོ་ནས་འཇོན་པ་རྣམས་ལ་ཁ་བཏང་ནས་བསྡད་ན་ཁ་བ་ཅན་ལ་གནོད་ངེས་རེད། སྐད་ཆ་བསམ་ནས་བཤོད་དགོས་པ་དང་། རྩམ་པ་ཡང་ལྡད་ནས་མིད་དགོས་རེད། བོད་མི་ཕལ་ཆེ་བ་དགྲ་གཉེན་ཧ་གོ་མཁན་རེད། སྐུ་ཚབ་རྣམས་ཀྱིས་དཀའ་ལས་བཀྱོན་པ་ལ་རྗེས་སུ་ཡི་རང་ཞུ་དགོས་རེད། གལ་སྲིད་ཁྱེད་རང་ལ་ཁ་གཏོང་ས་ཞིག་དགོས་འདུག་ན་དེ་རིང་བོད་རྒྱ་འབྲེལ་མོལ་སྐབས་རྒྱ་ཕྱོགས་སུ་ལངས་པའི་བོད་རིགས་སྲི་ཐར་དང་ཉི་མ་ཚེ་རིང་གཉིས་ལ་ཁ་གཏོང་རོགས་གྱིས། མི་དེ་གཉིས་ནི་དངོས་སུ་མི་རིགས་འཚོང་མཁན་རེད། རྒྱ་མིའི་ལྟོ་བཟའ་མཁན་རེད། ཧ་གོ་སོང་ངམ།
ལ་ལ་ལགས་སུ་
བསམ་ཚུལ་ལ་ཡི་རང་ཙམ་མི་པར་བདེན་པ་ཡང་དག་པའི་ཚད་མ་ཞིག་ཏུ་མཐོང་
བོད་ཡིག་ཤེས་པ་ལ་ཕན་ཐོག་འདུག་ཐུག་རྗེ་ཆེ། གངས་ཅན་པ་ཚང་མའི་བསམ་པ་ དེ་ག་རང་རེད།
ཡིན་ན་ཡང་གུང་ཁྲན་ཏང་གི་རྒྱུག་ཁྱི་ཚོའི་བསམ་པ་ནི་དེ་ལས་ལྡོག་པ་སྨོས་ཅི་དགོས།
གོང་གི་འཆན་བུ་ལ་གཟིགས་དང་། སྡོང་པོ་ལ་ཕྱག་འཚལ་ཡལ་ག་ལ་སྡོ་ཞུ་བ་གཟིགས་དང་།
ངས་བལྟས་ན་རྒྱག་ནག་ལ་གྲོས་མོལ་དགོས་ཀྱིན་ཡོད་པ་རེད། ལས་སླ་བའི་ཐོག་ནས་གྲོས་མོལ་འགྲིག་འགྲོ་རྒྱུ་དེ་དཀའ་ལས་ཁག་པོ་རེད། ང་ཚོའི་ཕྱོགས་ནས་གྲོས་མོལ་དེ་ལས་གྲུབ་འབྲས་ཡོང་བར་འབད་བརྩོན་གནང་དགོས་པ་ལས། ང་ཚོས་འདི་ནས་ཕན་ཐོགས་མེད་པའི་སྐད་ཆ་རྐྱང་བཤད་བསྡད་ན་ག་ལ་འགྲིག སྐུ་ཚབ་ཆ་བོས་ར་བཤད་ཐུབ་ཐུབ་ཅིག་བཤད་ཡོད་རྒྱུ་རེད། ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞུ་མ་ཐུབ་རུང་ང་ཚོས་འདི་ནས། མ་འབྱོན་མ་ཐུབ་རོག་རྐྱང་རྐྱང་གླེང་བསྡད་ན་སྤྱི་ཚོགས་ཐོག་ལ་ཕན་ལས་གནོད་པ་ཆེ་བར་དགོངས་འཇགས་འཚལ།
བོད་རྒྱ་གྲོས་མོལ་མ་ཡོང་ཡང་། །སྐུ་ཚབ་རྣམས་ལ་ཁག་མེད་དོ། །ཆབ་སྲིད་མེ་མདས་འཛིན་པ་ཡི། །རྒྱ་ནག་གཞུང་གི་ལག་ན་ཡོད། །
མདོ་འདུམ་ཚང་།
ཁྱོད་རང་སུས་སྐུ་ཚབ་ཡིན། ཡང་ན་སུས་གཡོག་པོ་ཡིན།
གཡོག་བླ་ག་ཚོད་ཡོད།
སྐུ་ཞབས་ལ་ལ་ཟེར་བ་འདི་ཚང་སྨྱོན་པ་ཞིག་ཡིན་ཚོད་འདུག གནས་ལུགས་དང་རྒྱུ་མཚན་མེད་པའི་སྐད་ཆ་མང་པོ་ཞིག་འབྲེལ་མེད་དོན་གཞན་དུ་འདིར་བཀོད་འདུག ཕལ་ཆེར་མདོ་འདུམ་ཚང་གི་རྩོམ་ཡིག་ལ་གོ་བ་ཡག་པོ་ལོན་མེད་པ་འདྲ། སྐུ་ཚབ་ལ་ཁ་རྡུང་གཏོང་བ་ནི་འགྲིག་པ་རེད། རྒྱ་ནག་ལ་ཁ་རྡུང་གཏོང་དགོས་ས་སྐུ་ཚབ་དང་འབྲེལ་བ་གང་ན་ཡོད་དམ། བོད་ཀྱི་སྐུ་ཚབ་ཚོས་མི་འཇོན་པ་སྐུ་ཚབ་ཚོར་ཁ་རྡུང་མི་གཏོང་བར་རྒྱ་ནག་ལ་འབྲེལ་བ་ཅི་ཞིག་ཡོད་དམ། གོང་གི་སྐུ་ཞབས་མདོ་འདུམ་ཚང་གི་འདི་ཐད་ཀར་ཁ་རྡུང་རེད་ཟེར་དོན་ཅི་ཡིན་ནམ། འདི་ནི་གནས་ལུགས་བཤད་ཀྱིན་ཡོད་པ་ལས་ཁ་རྡུང་གཏོང་བ་རེད་ཟེར་ན་སྐུ་ཉིད་ཅུང་ཟད། བློ་དྲང་བོར་མེད་པའི་བཟོ་འདྲ་མི་འདུག་གམ། གཙོ་བོ་རང་གིས་བསམ་བློ་ཐོངས། ཡིད་ལ་དྲན་ཚད་པོ་ཡིག་ཐོག་ལ་འབྲི་བསམ་ན་ནོར་འཁྲུལ་ཚབས་ཆེན་རེད།
གང་ལྟར། སྐུ་ཞབས་མདོ་འདུམ་ཚང་གིས་ཆར་བ་དུས་ཐོག་གི་དཔེ་ལྟར་ཁ་གསལ་གོ་བདེ་ཅན་གྱི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་ཡིན་དཱ།
གཞན་ཡང༌། སྐུ་ཞབས་ལ་ལ་མཆོག་ནས་འདི་ལྟར་གནས་ལུགས་མེད་པའི་སྤམ་བཤད་རྒྱག་པ་ལས་གོང་གི་རྩོམ་ཡིག་ལས་སྐུ་ཚབ་ཚོར་ཁ་རྡུང་བཏང་ཡོད་པའི་སྐོར་ཚན་བཤུས་ཀྱིས་གསལ་བཤད་ཐུབ་ན་རང་གཞན་གཉིས་ཕན་ཡིན་རྒྱུ་རེད་སྙམ།
མདོ་འདུམ་ཚང་ཞེས་པའི་ལྐུགས་རྟགས་ཅན།སྐུ་ཚབ་རྣམ་པ་སྤྲོ་འཆམ་ལ་སོང་བ་སུས་བཤད་སོང་།སྟག་ཚང་ཁ་ན་ལུ་གུ་སོང་སྐྱིད་ཅིག་མེད་པ་གནས་ལུགས་ཤེས་མཁན་ཞིག་ཡིན་ན་མཁྱེན་ངེས་རེད།སེམས་ལ་གང་དྲན་ཁ་ནས་བཤད་ནས་རྗེས་ཕྱོགས་མགོ་ལ་རྡོ་ཞིག་རག་དུས།རང་དབང་མི་འདུག་ཅེས་རང་དབང་ལ་ཁ་གཡར་ན་གང་ཡང་ཕན་ནི་མ་རེད།རང་དབང་ཞེས་པ་ལའང་བཤད་ཚད་ཅིག་དང་།ལམ་སྲོལ་ཞིག་ཡོད་ནི་རེད།ཁྱོད་ཚོ་འགའ་ཞིག་འཇོན་མེད་ཀྱི་སྐད་ཆ་རླབས་བཞིན་བརྡོལ་བཞིན་འདུགདེ་ཁྱོན་ནས་མི་བཟང་གི
རྩོམ་ཡིག་འདི་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་དབྱིན་ཡིག་ནང་བསྒྱུར་འདུག འགྱུར་སྙིང་རྗེ་བོ་ཞིག་རེད། གཤམ་གྱི་འབྲེལ་ཐག་འདི་བརྒྱུད་དེ་ཀློག་རོགས།
http://phayul.com/news/article.aspx?c=4&t=1&id=26533&article=Dear+Envoys%2c+how+was+your+trip+to+Peking%3f
སྐུ་ཞབས་དགྲ་སྟ་ལགས། ང་ནམ་རྒྱུན་ནས་འཇོན་མཁན་ལ་བསྟོད་མཁན་དང་མི་འཇོན་མཁན་ལ་གཤེ་མཁན་གྱི་མི་ཞིག་ཡིན། ལྷག་པར་དུ་བོད་རིགས་ནང་དུ་མི་འཇོན་ཐང་ཅན་རེ་བྱུང་ན་ས་ཆའི་ཕྱོགས་རིས་དང་གྲུབ་མཐའི་འཐེན་ཕྱོགས་ཀྱིས་སེམས་ཀྱི་ཁ་མདོག་བསྒྱུར་ཁུལ་བྱས་ནས། དོན་ངོ་མ་རང་གི་སེམས་ཁམས་སུ་གཅེས་པར་འཛིན་པའི་ཕྲག་དོག་གི་མེ་ལྕེ་གནམ་དུ་སྤར་མཁན་དེ་དག་ལ་སྐྱུག་མེར་གྱི་ཡོད། རྒྱ་རིས་གཙོས་པའི་སྐུ་ཚབ་འདི་དག་གོང་ས་ཐམས་ཅད་མཁྱེན་པས་མངག་གཏོང་གནང་བའི་མགྲིན་ཚབ་པ་རེད། རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཀྱིས་རྒྱ་རི་རིན་པོ་ཆེ་ལ་ཁ་གཏོང་གང་ཐུབ་དང་། མཚན་ཤས་གནོད་གང་ཐུབ་ཀྱི་ཐབས་ངན་བེད་སྤྱད་ཀྱང་གོང་ས་མཆོག་གིས་མུ་མཐུད་སྐུ་ཚབ་རྣམས་ཀྱི་མགོ་འཛིན་དུ་བསྐོས་ནས་གཏོང་དོན་གང་ཡིན་ནམ། ཁྱེད་རང་གིས་བསམ་ན་གོང་ས་མཆོག་གིས་མི་འཇོན་པོ་རྣམས་ཉར་ནས་མི་འཇོན་མཁན་དག་གྲོས་མོལ་བྱེད་ཁུལ་ཙམ་བྱེད་པར་བཏང་བ་རེད་བསམ་གྱི་འདུག་གམ། རྒྱ་རིས་གསར་འགོད་པ་རྣམས་ལ་ལན་བཀྱོན་ཚུལ་དེ་ཚོ་ཁྱེད་རང་གིས་གཟིགས་མ་བྱུང་ངམ། སྐད་ཆ་ལ་མགོ་ཡོད་པ། མཇུག་ཡོད་པ། གཏན་ཚིག་ལྡན་པ། གྲོས་གང་འདྲ་ཞིག་ལ་བཞུགས་ཀྱང་སྤྱི་དོན་ཆུ་རུ་མི་ཤོར་བ་ཞིག་ཡོང་བ་འདུག་བསམ་པ་མི་འདུག་གམ། རྒྱ་རིའི་གཏམ་དེ་དག་གོ་དུས་ང་ནི་རྒྱ་རི་རིན་པོ་ཆེ་ལ་འཇོན་ཐང་འདུག་བསམ་སོང་། གོང་ས་མཆོག་གི་མཁྱེན་རབས་ལ་སྐྱབས་སུ་མཁྱེན་ཅེས་འབོད་ཀྱི་ཡོད། གཞན་ཡང་གོང་སའི་དམིགས་བསལ་སྐུ་ཚབ་ཞིག་བྱེད་པ་ལ། མི་རང་གཤིས་མི་བརྟན་པ། བློ་སྒྱུ་མ་ཉིས་ཁུག མགོ་འདར་ང་རྒྱལ་ཅན་རང་ཚོད་མི་ཤེས་ཅན་ཞིག་བསྐོས་ན་ག་ལ་འགྲིག རྒྱ་རི་སྐུ་ཚབ་ལ་གཏོང་དོན་འཇོན་ཐང་ཡོད་པ་ཙམ་མ་ཚད། བོད་སྤྱི་དང་གོང་ས་མཆོག་ལ་བློ་བརྟན་པ་དང་དམ་ཚིག་གཙང་བ་དང་ཡང་འབྲེལ་བ་ཡོད་གཏན་འཁེལ་རེད། ངས་གོང་གི་རྒྱུ་མཚན་དེ་དག་ལ་བསམ་ནས་བྱིས་པ་ད་དུང་དགྲ་གཉེན་ངོ་མི་ཆོད་མཁན་དག་ལ་སློབ་གསོ་བྱེད་ཁུལ་ཡིན། ཉན་ཤེས་ན་ཤ་ཚའི་གཏམ་ཡིན། བུ་སྤུན་ནང་ཁུལ་ཕྲག་དོག་སྤང་ན་ཁྱིམ་ཚང་གི་སྟོབས་ཀྱང་འཕེལ་ངེས་རེད། ཉན་མ་ཤེས་ན་རྣ་རྒྱབ་ཀྱི་ལྷག་པར་སོམ། གོ་ན་རྣ་བའི་བདུད་རྩི་རེད། མ་གོ་གླུ་ལ་འབྲེལ་བ་མེད།
སྐུ་ཞབས་ “ལ་ལ་”ལགས།
རྒྱ་རི་རིན་པོ་ཆེས་གསུང་བཤད་ལ་མགོ་སྔ་ཚང་ཞིང་གཏན་ཚིགས་ལྡན་པ་རེད་འདུག ད་རྒྱ་རི་རིན་པོ་ཆེ་ང་ཚོས་སངས་རྒྱས་སུ་སྒོམ་དགོས་པ་རེད་དམ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་ཞིག་ཏུ་སྒོམ་དགོས་པ་རེད་དམ། ༧སྐྱབས་མགོན་རིན་པོ་ཆེས་སྐུ་ཚབ་ལ་བསྐོས་གནང་བ་དེ་ལ་དགག་དགོས་ཆེན་པོ་ཡོད་རབས་གསུངས་འདུག ལོས་ཡིན། འོན་ཀྱང་། ད་རྒྱ་རི་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་ཟིན་པ་རེད། དེས་ན། མི་གལ་ཆེན་པོ་དང་གཟི་བརྗིད་ཆེན་པོ་འདི་གཅིག་ལ་བརྟེན་ནས་བོད་མི་རིགས་ཀྱི་འཆི་གསོན་ལ་རེ་བ་རྒྱག་དགོས་རེད་དམ། ད་བརྒྱ་བཤད་སྟོང་གི་རྩ་བ་ནི། རྒྱ་རི་རིན་པོ་ཆེས་འཇོན་གི་རེད། གཞན་གྱིས་འཇོན་གི་མ་རེད་ཅེས་པའི་སྐད་ཆ་འདི་རེད། འདི་བཤད་མཁན་དག་གིས་བཤད་རྐྱང་རེད། ད་ལྟའི་ཨ་རིའི་སྲིད་འཛིན་འདི་ལ་ཡང་དེ་ལྟར་སྐྱོན་བརྗོད་བྱས་སོང་། ཉམས་མྱོང་ཡོད་མ་རེད། འཇོན་ཐང་ཡོད་མ་རེད་ཅེས་སྐྱོན་བརྗོད་བྱས་སོང་། ད་འཇོན་བཞིན་འདུག་གཱ
འདི་ལྟར་བཤད་བཞིན་པའི་སྐད་ཆ་དག་གིས་ཁྲོད་ནས་འུ་ཅག་གིས་རྙེད་དགོས་པ་གང་ཞིག་དང་། བོར་ཟིན་པ་གང་ཞིག་ཡིན་མིན་ལ་ད་ནི་དུས་ཚོད་ཀྱི་ཁ་གྲགས་པར་སྒུག་དགོས་པ་རེད་དམ། ཡང་ན། འདོད་ཚུལ་རེ་བཤད་དེ་བསྡད་ན་འགྲིག་གི་ཡོད་མེད་ཐད་དུ་བསམ་བློ་གཏོང་རན་རེད།
ད་ཐེངས་སྐུ་ཚབ་ཚོགས་དང་ལྷན་ཅིག་་་བྱེད་མི་རུང་བ་བཞི་ཟེར་བའི་སྐུ་མགྲོན་གལ་ཆེན་བཞི་དྷ་སར་ཕེབས་འདུག་ཟེར། ཁྱོད་ཚོར་འདི་དག་ལ་གསལ་ཆ་རེ་ཡོད་ན་འདིར་རེ་རེར་བྱས་ནས་བཀོད་རོགས།
ང་ཚོས་ངེས་པར་དུ་ཤེས་པའི་མགྲོན་པོ་གལ་ཆེན་ཡིན་ས་རེད།
ཤེས་དགོས་པའི་ཞེས་བཅོས་རོགས།
བྱེད་མི་རུང་བ་བཞིའམ་བྱེད་མི་ཆོག་པ་བཞི་འདི་ཚོ་ཡིན་པ་འདྲ།
1)རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཆོག
2)རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག
3)མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱེད་མི་ཆོག
4)མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱེད་མི་ཆོག
བཀུར་འོས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཐུགས་རྗེ་ཆེ།
འདི་ཚོགས་རེ་རེར་འགྲེལ་ཐུང་ཐུང་རེ་ཡོད་རྒྱུ་ན་བཟང་ཁ་བཟང་རེད་ལགས།
ཨ་རོ། རྩམ་དགའ། གོང་གི་གནས་ཚུལ་དེའི་ཁུངས་སྣེ་གཅིག་འདི་ན་འདུག
http://zw.tibet.cn/index/zyxw/201002/t20100203_543364.htm
ཁྱེད་ཀྱིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དེ་ཚོ་བསྔོགས་དང་། ཕལ་ཆེར་ག་ས་ག་བར་བཀྲམས་ནས་ཡོད་ཀྱི་རེད་འདོད།
གཟིམས་འཇགས་གནང་།
ཐུགས་རྗེ་ཆེ་་་་ད་སོང་ནས་ལྟ་གིན་ཡིན།
ད་ལྟའི་རྒྱ་ནག་སྲིད་གཞུང་གིས་བོད་སོགས་གྲངས་ཉུང་མི་རིགས་ལ་བཙན་གནོན་བྱས་ན།
བྱེད་མི་ཆོག་པ་བཞི་བྱེད་ཆོག་པ་བཞིར་འགྱུར་ཚུལ་ནི།
1) རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཆོག
༡༽ བོད་རིགས་ཡལ་བར་དོར་སྲིད་གཞུང་གི་ཁེ་ཕན་ལ་བཙན་གནོན་བྱེད་ཆོག
2) རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག
༢༽ མི་རིགས་ཀྱི་རང་དབང་མེད་པའི་རྩ་ཁྲིམས་རྡོག་རོལ་དུ་བཏང་ནས་གསར་དུ་བཅའ་ཆོག
3)མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱེད་མི་ཆོག
༣༽ གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱས་ན་ཧན་རྒྱ་རིགས་ལ་ངན་སྨྲས་བྱེད་ཆོག
4) མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱེད་མི་ཆོག
༤༽ ཐུན་མོང་གི་སེམས་འདུན་མི་ཤེས་པའམ་ཤེས་བཞིན་དུ་རྒྱབ་འགལ་ལ་རྒྱབ་འགལ་བྱེད་ཆོག
བྱེད་མི་ཆོག་པ་བཞི་བོ་འདི་ལ་རྒྱ་ནག་ཁོང་ཚོས་བྱེད་ཆོག་པ་ཡིན་པ་འདྲ།
༡ རྒྱ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་མི་ཆོག་ཟེར།
བོད་ལས་རྒྱ་ནག་ལ་ཁེ་ཕན་ཆེ་བའི་དབུ་མའི་ལམ་འདི་ཁོང་ཚོས་ནམ་ཡང་ཁས་ལན་མི་བྱེད་པས་ཁོང་ཚོས་ཁོང་ཚོའི་ཁེ་ཕན་ལ་བཙན་གནོད་བྱས་མི་འདུག་གམ།
༢ རྩ་ཁྲིམས་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག་ཟེར།
མི་རིགས་འདྲ་མཉམ་དགོས་ཚུལ་གསལ་བའི་རྩ་ཁྲིམས་ལས་བརྒལ་ཏེ་གྲངས་ཉུང་མི་རིགས་ཐོག་ལ་མི་སྤྱོད་ལས་འདས་པའི་སྲིད་བྱུས་སྤེལ་བཞིན་ཡོད་པ་འདིས། ཁོང་ཚོས་ཁོང་ཚོའི་རྩ་ཁྲིམས་རྡོག་རོལ་དུ་བཏང་བ་མ་ཡིན་ནམ།
༣ མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱེད་མི་ཆོག་ཟེར།
མི་རིགས་ཀྱི་ལ་རྒྱའམ་ཤ་ཞེན་ཡོད་འདོད་ཀྱིས་རྟག་པ་མི་དམངས་ལ་སྐད་ཆ་སྐྱག་བརྫུན་རྐྱང་ལབ་པ་འདི། རང་མི་རིགས་ཀྱི་ལ་རྒྱར་འཛིན་མཁན་དག་ལ་དོན་གྱིས་ངན་སྨྲས་སུ་སོང་བ་མ་ཡིན་ནམ།
༤ མི་དམངས་ཀྱི་སེམས་འདུན་དང་རྒྱབ་འགལ་བྱེད་མི་ཆོག་ཟེར།
འགྲོ་འདུག་ཚུར་ཆད་ནས་ཀྱང་རང་དབང་མེད་པར་བཀག་འགོག་བྱེད་བཞིན་ཡོད་པ་འདིས།
མི་དམངས་ཀྱི་སེམས་འདུན་དང་རྒྱབ་འགལ་བྱས་པ་མ་ཡིན་ནམ།
དྲ་གྲོགས་ཚོ་མིག་རྒྱང་ཐུང་ཐུང་འདི་འདྲ་མ་བྱེད་་་་་སྐུ་ཚབ་ཚོས་ཟས་སྤྱོད་ཆེད་ཕྱེན་བ་རྩྭ་བ་ནི་མ་རེད་ཁྱོད་རྣམས་པས་ཕན་གནོན་དང་གྲུབ་འགྲིན་སྐོར་མ་ཤོད་་་་གང་ཡིན་ཟེར་ན་ཁྱོད་རྣམས་པས་གནས་ལུགས་ཟུར་ཙམ་ཡང་ཤིས་ཀྱི་མི་འདུག། གར་སྲིད་གནས་ལུགས་ཡང་དག་ཤིས་མཁན་གྱི་སྐྱེས་བོ་ཞིག་ཡིན་ཚེར་གང་སྤྱི་ཐེད་གོ་ཏོག་དང་ནུས་པ་གང་བྱོས་ཐུབ་པར་བསམ་ཤེས་བྱེད་རྒྱུ་ཞིག་རེད་མ་ཏོག་ངས་མཇོན་པ་དང་ཁོས་མ་འཇོན་པ་རེད་ཟེར་ན་གྲུབ་འགྲིག་གང་ཡོང་དང་དུས་སྐབས་གང་འདྲ་ཞིག་རེད་ལྟོས་དགོས་པ་སེམས་་་་
བཀྲིས་བདེ་ལེགས