མགར་སྲས་ནས་བོད་བསྒྱུར་བྱས།
གསལ་བཤད། གཞི་འཛིན་ས་དབྱིན་ཇིའི་ཡིག་ཆ་རང་ལ་བྱེད་དགོས།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་ཡི་གེ །
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ།
ཕྱི་ལོ་༢༠༡༥ ལོའི་ཟླ་༡༠ པའི་ཚེས་༢༥ ཉིན།
གུས་པ་ནས་སེམས་ངལ་ཆེན་པོ་དང་བཅས་ཡི་གེ་འདི་འབྲི་བཞིན་ཡོད། གནད་དོན་ཆུང་ཙག་འདི་ལྟ་བུ་ཞིག་གི་ཆེད་སྐུ་ཉིད་ཐུགས་སུན་བཟོ་འདོད་རྩ་བ་མེད་ཀྱང་། སྐུ་ཉིད་ནས་གལ་སྲིད་གཞུང་འཛིན་མི་སྣས་བོད་ཀྱི་རྩ་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་མཚན་སྙན་ལ་གནོད་པའི་ལས་དོན་སྒྲུབ་ཀྱི་ཡོད་ཚེ་ཕྱི་གསལ་ནང་གསལ་བྱེད་པའི་ལས་འགན་ཚང་མར་ཡོད་གསུང་གི་ཡོད་པ་ལྟར། གུས་པའི་བསམ་ཚུལ་ལྟར་ན། ད་ལྟའི་ཨོ་སི་ཊི་ལི་ཡའི་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་ལྷག་པ་མཚོ་སྒོའི་ཕྱག་ལས་གནང་སྟངས་ཀྱིས་ས་གནས་བོད་རིགས་མཐུན་ཚོགས་དང་བོད་པའི་མཚན་སྙན། དགའ་ལྡན་ཕོ་བྲང་ཡིག་ཚང་བཅས་ལ་གནོད་སྐྱོན་ཚབས་ཆེན་པོ་ཞིག་གཏོང་གི་འདུག །
ང་རང་ནི་ད་ལྟའི་ཨོ་སི་ཊི་ལི་ཡའི་ནང་སྐུ་ཉིད་ཆིབས་བསྒྱུར་གོ་སྒྲིག་བྱེད་པའི་ཏཱ་ལའི་བླ་མ་ཆིབས་བསྒྱུར་ཚོགས་ཆུང་གི་ཚོགས་གཙོ་ཡིན། ཚོགས་པ་འདི་བཞིན་GEORGE FARLEY ཇོར་ཇེ་ཧྥེར་ལེ་མཆོག་དང་DR MOLLY མཁས་དབང་མོའོ་ལེ་གཉིས་ཀྱིས་ཕྱི་ལོ་༢༠༠༠ ལོར་གསར་འཛུགས་གནང་པ་ཞིག་ཡིན་ཞིང་། འདས་པའི་མི་ལོ་༡༥ རིང་སྐུ་ཉིད་ཀྱི་ཨོ་སི་ཊི་ལི་ཡའི་ཆིབས་བསྒྱུར་གོ་སྒྲིག་འཐུས་ཚང་ཞུས་ཡོད། གུས་པ་རང་ཉིད་ལ་མཚོན་ན་ཡང་འདས་པའི་མི་ལོ་༨་རིང་འགན་འཛིན་ལྷན་ཚོགས་ནང་ལས་ཀ་བྱས་པའི་རིང་སྐུ་ཉིད་ཀྱི་ཆིབས་བསྒྱུར་ཐེངས་ལྔར་གོ་སྒྲིག་བྱས་ཡོད།
ལོ་གཅིག་ཙམ་གྱི་གོང་ནས་འགོ་ཁྲིད་ཀྱི་ཡོན་ཏན་ཆ་ཚང་ལྡན་ཞིང་ཕྱག་ལས་ཡག་པོ་གནང་བཞིན་པའི་སྐུ་ཚབ་དྭགས་པོ་བསོད་ནམས་ཀྱི་ཚབ་ཏུ་སྐུ་ཞབས་ལྷག་པ་མཚོ་སྒོ་སྐུ་ཚབ་དོན་གཅོད་ཁང་ལ་བསྐོ་བཞག་བྱས་སོང་པ་དང་། སྐུ་ཚབ་དྭགས་པོ་བསོད་ནམས་ལགས་ལ་མཚོན་ན་ཁོང་ཉིད་གོ་གནས་དེ་ལ་འོས་ཤིང་འཚམས་པར་བརྟེན་གུས་བཀུར་ཞུ་ཡུལ་དུ་གྱུར་ཡོད།
སྐུ་ཞབས་ལྷག་པ་མཚོ་སྒོ་ཡིས་ལོ་གཅིག་གི་ནང་འདས་པའི་མི་ལོ་༡༥ རིང་དཀའ་སྤྱད་འབད་བརྩོན་གྱིས་བསྒྲུབས་པའི་ལས་དོན་ཚང་མ་གཏོར་བཤིག་དང་། རྒྱུན་རིང་པོར་དུས་ཚོད་དང་ནུས་ཤུགས་ཡོད་རྒུ་འབུལ་མཁན་གྱི་བོད་དོན་རྒྱབ་སྐྱོར་པ་མང་པོ་ཞིག་གི་བློ་ཁ་བསྒྱུར་སོང་། ངའི་སེམས་ཁྲལ་ཆེ་ཤོས་ནི་གལ་སྲིད་ཁོ་རང་སྣང་མེད་དུ་བཞག་པ་ཡིན་ན་འབྱུང་འགྱུར་གྱི་ལོ་ཤས་རིང་ཁོས་སླར་གསོ་བྱེད་ཐབས་བྲལ་བའི་གཏོར་སྐྱོན་ཆེན་པོ་ཞིག་གཏོང་ངེས་རེད།
ང་རང་སྒེར་གྱི་བསམ་ཚུལ་ལྟར་ན་ཁོང་རང་སྐུ་ཚབ་དོན་གཅོད་གོ་གནས་འདི་འཚམས་པོ་མི་འདུག་ལ་དེའི་རྒྱུ་མཚན་ཁག་གཅིག་གཤམ་དུ་འབྲི་རྒྱུ་ཡིན།
སྔོན་མའི་ཆིབས་བསྒྱུར་ཁག་གི་སྐབས་སུ་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱི་འགྲོ་སོང་ཟུར་བཅད་དངུལ་ཨོ་སྒོར་༡༠་༠༠༠ ནས་༢༠་༠༠༠ ཡིན་པ་ནས། སྐུ་ཉིད་ཀྱི་ཆིབས་བསྒྱུར་སྐབས་སྐུ་ཞབས་ལྷག་པོ་མཚོ་སྒོ་ནས་འགྲོ་སོང་ཨོ་སྒོར་༡༧༠་༠༠༠ སོང་ཡོད་ཚུལ་བརྗོད་ཡོད་པ་དང་། འགྲོ་སོང་དེ་ཕུད་ནས་ད་དུང་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་ལ་ཁོང་གིས་ཨུ་ཚུགས་ཆེན་པོས་སྐུ་ཉིད་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་གོ་སྒྲིག་ཆེད་ཨོ་སྒོར་༨༠་༠༠༠ བཏང་བཅུག་པར་མ་ཟད། ད་དུང་བོད་ཀྱི་དོན་གཅོད་ལས་ཁུངས་ནང་ལས་བྱེད་འཕར་མ་ཞིག་གི་འགྲོ་སོང་ཨོ་སྒོར་༦༠་༠༠༠་དེ་ཡང་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་ནས་སྤྲོད་དགོས་པ་མ་ཟད་གནས་ཚུལ་འདི་བོད་མི་སྒྲིག་འཛུགས་ལ་ཤོད་མི་དགོས་པའི་སྐོར་བཤད་སོང་།
ཁོང་གིས་ད་དུང་གསུང་ཆོས་དང་མི་མང་བཀའ་སློབ་ཀྱི་སྤ་སེ་སྔོན་མ་ལས་ལྡབ་ལྔ་ལས་མང་པ་རིན་མེད་དུ་ཁོའི་གྲོགས་པོ་དགའ་ཉེ་ཚོར་སྤྲད་པ་མ་ཟད། སྔོན་ཆད་གྱི་ཆིབས་བསྒྱུར་གང་དུ་བེད་སྤྱོད་བཏང་མ་དགོས་པའམ་བཏང་མྱོང་མེད་པའི་ཆིབས་ཞབས་གྲངས་མང་པོ་ཞིག་དགོས་པ་ཨུ་ཚུགས་མཐའ་སྐྱེལ་བྱས་སོང་། ཁོང་གི་བྱེད་སྟངས་འདི་དངུལ་རྩིས་འཛིན་སྐྱོང་ཚགས་ཚུད་པོ་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
སྐུ་ཉིད་ཨོ་གླིང་དུ་མ་ཕེབས་གོང་ཁོང་གིས་ས་གནས་དང་དབུས་གཞུང་གི་ཉེན་རྟོག་པ་དང་སྐུ་སྲུང་བ་རྣམས་མགྲོན་ཁང་གི་ཁང་མིག་ཁག་གི་ནང་གོ་སྒྲིག་བྱེད་སྟངས་དང་། གནམ་ཐང་ནས་དང་མི་མང་གི་འདུ་འཛོམས་བྱེད་ས་སོགས་ཕེབས་ལམ་ཁག་གྲོས་བསྡུར་སྐབས་ཁོ་ཚོའི་མཉམ་དུ་ཁ་རྩོད་དང་བརྙས་སྨོད་ཀྱི་སྐད་ཆ་མང་པོ་བཤད་པ་མ་ཟད་། འདས་པའི་མི་ལོ་བཅུའི་སྐུ་སྲུང་གི་འགོ་བ་བྱས་མྱོང་པའི་སྐུ་སྲུང་པ་STEVEN BENTON ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ཁོ་རང་སྒེར་གྱི་མིང་གྲགས་དང་ཁེ་ཕན་ཡོད་སྐོར་ཉེས་འདོགས་བྱས་པ་དང་། དོན་དངོས་ཐོག་ཁོང་དང་སྐུ་སྲུང་བ་གཞན་རྣམས་ཀྱིས་རིན་མེད་ཐོག་དང་བླངས་ཞབས་ཞུ་སྒྲུབ་ཡོད་པ་རེད།
ཁོང་ད་དུང་ས་ཕྱོགས་ཁག་གི་མགྲོན་ཁང་ནང་ཨོ་སི་ཊི་ལི་ཡའི་མགྲོན་ཁང་གི་སྒྲིག་གཞི་རྩིས་མེད་ཀྱིས་སྒེར་གྱི་མ་བྱན་དགོས་པའི་སྐོར་ལ་ཨུ་ཚུགས་རྒྱབ། ཁོང་ད་དུང་རང་ཉིད་ཀྱི་འདོད་པ་ལྟར་མ་བྱུང་བར་དུ་མགྲོན་ཁང་ནས་ལས་བྱེད་དང་འགན་འཛིན་ལ་བརྡབ་གསིག་གཏོང་རྐྱང་བྱས་པར་བརྟེན་ཁོང་ཚོ་བཙན་ཤུགས་ཀྱི་སྒྲིག་གཞི་དང་འགལ་བའི་ལས་ཀ་བྱེད་དགོས་བཅུག་ཡོད་པ་རེད། མི་སུ་ཞིག་གིས་ཁོང་གི་ལས་ཀ་བྱེད་སྟངས་ལ་དྲི་བ་བཏོན་པ་ཡིན་ན། ཁོས་རང་ཉིད་ཀྱི་ཨོ་སི་ཊི་ལི་ཡའི་ནང་སྤྱི་ནོར་༧གོང་ས་༧གོང་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཡིན་པས་ཁོང་གི་གོ་གནས་ལ་ངེས་པར་བརྩི་བཀུར་བྱེད་དགོས་ཟེར་བ། མི་སུ་ཞིག་གིས་ཁོང་ལས་ཀ་བྱེད་སྟངས་ལ་དྲི་བ་བཏོན་པ་ཡིན་ན་༧གོང་ས་༧གོང་མགོན་ཆེན་པོ་མཆོག་ལ་བརྩི་བཀུར་མ་བྱས་པའི་ཉེས་འཛུགས་བྱེད་ཀྱི་འདུག །
དོན་དངོས་ཐོག་གི་ཁོང་གི་གོ་གནས་དེ་བཞིན་ངེས་པར་དུ་བརྩི་བཀུར་བྱེད་དགོས་ངེས་ཡོད་པ་ལྟར་སྐུ་ཚབ་དོན་གཅོད་སྔོན་མ་རྣམས་ཀྱི་གོ་གནས་ལ་དཔག་པའི་ཕྱག་ལས་གནང་ཡོད་ལ་བརྩི་བཀུར་ཡང་ཆེན་པོ་ཐོབ་ཡོད།
སྐུ་ཞབས་ལྷག་པ་མཚོ་སྒོ་ཡི་ཨོ་སི་ཊི་ལི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ATC བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཞིག་གི་ཐོག་གཏམ་བཤད་དེས་འགན་འཛིན་ལྷན་ཚོགས་ལ་བློ་འཚབ་ཆེན་པོ་དང་ཕོག་ཐུག་འགྲོ་གཞིར་གྱུར་ཡོད་པ་དང་། ཁོང་གིས་བོད་དོན་རྒྱབ་སྐྱོར་པ་GEORGE FARLEY ཇོར་ཇེ་ཧྥེར་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ནི་བོད་དོན་ལྷན་ཁང་ལ་རེ་བ་བརླག་ཡོད་པ་དང་རྒྱབ་སྐྱོར་བྱེད་མཚམས་བཞག་ཡོད་ཚུལ་ང་ལ་དངོས་སུ་བཤད་སོང་། ངས་GEORGE FARLEY ཇོར་ཇེ་ཧྥེར་ལེ་མཆོག་ལ་ཁ་བརྡ་བྱེད་དུས་སྐད་ཆ་དེ་དག་ཚང་མ་བདེན་པ་མིན་པ་ཤེས་རྟོགས་བྱུང་། ངས་ATC བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ལ་སྐད་ཆ་བཤད་དུས་ཁོང་ཚོས་ང་ལ་བརྗོད་དོན། རྗེས་མ་ནས་སྲིད་དོན་མི་སྣ་ལ་འབྲེལ་བ་བྱེད་དུས་དོན་གཅོད་བརྒྱུད་ནས་མ་བྱས་པ་ཡིན་ན་ཁོ་ཚོའི་བརྒྱུད་ལམ་བཀག་འགོག་བྱེད་རྒྱུ་དང་། ད་དུང་ཁོས་བཤད་པ་ལྟར་མ་སྒྲུབ་པ་ཡིན་ན་དོན་གཅོད་ལས་ཁུངས་བརྒྱུད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ལོགས་སུ་འཛུགས་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་ཡང་བཏང་ཡོད་འདུག །
ལྷག་པ་མཚོ་སྒོ་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལ་སྒེར་ངོས་ནས་མ་དགའ་བ་བྱེད་ཀྱི་འདུག །ང་ཚོ་ཐོག་དང་པོར་ཐུག་ནས་སྐད་ཆ་བཤད་དུས་ Ms Lynn Bain ལེན་སྦེན་གྱིས་ཁོའི་རྒྱབ་ལོགས་ནས་ལྐོག་ཇུས་འཐེན་གྱི་འདུག་ཟེར་བའི་ཉེས་འཛུགས་འདི་ནི་གཞི་མེད་ཁུངས་མེད་རང་རེད། རང་ཉིད་ཆིབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡིན་པའི་ཆ་ནས་ལྷག་པ་མཚོ་སྒོ་དང་ Ms Lynn Bain ལེན་སྦེན་གཉིས་དང་མཉམ་ལས་བྱས་པའི་རིང་ལྷག་པ་མཚོ་སྒོ་ནས་གོ་སྐབས་ཡོད་ཚད་ལ་ལྕམ་ལེན་སྦིན་ལ་སུན་བཙུར་དང་དབང་ཡོད། སྣང་ཆུང་རང་བཏང་སོང་བ་མ་ཟད། ཆིབས་བསྒྱུར་འདི་གོ་སྒྲིག་ཚར་བ་དང་ཁོ་མོའི་ལས་ཀ་ཤོར་གྱི་རེད་ཟེར་ནས་ང་ལ་བཤད་སོང་། ཐེངས་འདིའི་ཆིབས་བསྒྱུར་ལེགས་གྲུབ་བྱུང་བའི་ལེགས་སྐྱེས་སུ་ Ms Lynn Bain ལེན་སྦེན་གྱི་དབང་ཆ་དོན་གཅོད་ཁོ་རང་གིས་བླངས་ནས་ཁོ་མོར་ལས་གནས་མེད་པ་བཟོས་སོང་། གནས་ཚུལ་དེ་དག་ལ་བརྟེན་ངས་རིམ་བཞིན་དགོངས་པ་ཞུ་དགོས་ཆགས་པ་རེད།
ཡི་གེ་འདི་བྲིས་ཏེ་སྐུ་ཞབས་བསྟན་པ་འབྲུག་གྲགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། འདས་པའི་ལོ་གཅིག་རིང་གུས་པ་ནས་ཐབས་ཤེས་ཡོད་རྒུ་བཏོན་ནས་འགྲིག་འཇགས་ཡོང་ཐབས་བྱས་ཀྱང་སྐུ་ཞབས་ལྷག་པ་ལགས་ནས་རྒྱུ་མཚན་མེད་པར་ཁོང་(བསྟན་པ་འབྲུག་གྲགས)་ལ་དམའ་འབེབས་དང་མཚན་ཤས་བྱས་སོང་པ་དང་།
སྐུ་ཞབས་བསྟན་པ་འབྲུག་གྲགས་ལགས་ནས་༧གོང་ས་མཆོག་ལ་ཕུལ་པའི་ཡི་གེ་ཕྱོགས་བསྡུས་ཀྱི་དེབ་ཆུང་ཞིག་པར་སྐྲུན་བྱེད་གཏན་ཁེལ་ཡོད་པ་དེ། རྒྱུ་མཚན་ཁུངས་ལུང་གང་ཡང་སྟོན་རྒྱུ་མེད་བཞིན་དུ་(དོན་གཅོད་)་ཁོང་ལ་སྣང་ཆུང་བྱེད་པའི་ཇུས་ངན་ཞིག་ཡིན་པར་ངོས་འཛིན་བྱས་འདུག །
དེ་ལ་བརྟེན་ནས་སྐུ་ཞབས་འབྲུག་གྲགས་ཀྱིས་ཁོང་ལ་མིང་ཆད་ངན་པ་བཟོས་པར་ཁྲིམས་ཐོག་ནས་ཐག་གཅོད་ཡོང་ཐབས་གནང་སོང་པ་དང་། ཁོང་ལ་མིང་ཆད་ངན་པ་བཟོས་པ་དེས་བོད་པའི་སྤྱི་ཚོགས་ཁྲོད་ཁོང་གི་ནང་མི་དང་གྲོགས་པོ་རྣམས་ལ་དཀའ་ངན་ཆེན་པོ་ཞིག་སྤྲད་ཡོད་པ་ངས་གསལ་བོར་ཤེས་ཀྱི་ཡོད།
སྐུ་ཞབས་ལྷག་པ་མཚོ་སྒོ་ནས་མི་གཞན་ལ་མིང་ཆད་ངན་པ་བཟོ་བ་དང་ཞེ་འཁོན་ཆེན་པོ་བཅངས་ཀྱང་དགོངས་དག་མ་ཞུས་པར་བརྟེན་ཁྲིམས་གཏུགས་བྱས་པ་འདིས་བོད་ཀྱི་དོན་གཅོད་ལས་ཁུངས་ཁྲིམས་ཁང་ལ་སླེབས་པའི་ཉེན་ཁ་ཡང་མཐོང་གི་འདུག །
ངས་ཁོང་གཉིས་འགྲིག་མཐུན་ཡོང་པའི་ཐབས་ཤེས་མང་པོ་བྱས་པ་ཡིན་ཀྱང་། སྐུ་ཞབས་ལྷག་པ་མཚོ་སྒོ་ནས་རྒྱུ་མཚན་མི་ལྡན་པའི་བསམ་ཚུལ་དང་རྒྱབ་སྐྱོར་བྱེད་ཐབས་བྲལ་པའི་གནས་བབ་བཟུང་པ་མ་ཟད་མུ་མཐུད་ཁོ་རང་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཡིན་པས་སྐུ་ཞབས་འབྲུག་གྲགས་ནས་ཁོང་ལ་དགོངས་དག་ཞུ་དགོས་སྐོར་བཤད་ཀྱི་འདུག །
སྤྱི་ནོར་ ༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་རྒྱུ།
ང་རང་ཨོ་སི་ཊི་ལི་ཡའི་ཚོང་ལས་སྡེ་ཁག་ནང་ལས་ཀ་བྱེད་མཁན་ཞིག་ཡིན་པས་འགན་འཛིན་ལྷན་ཚོགས་མང་པོའི་ནང་ལས་ཀ་བྱས་མྱོང་པ་མ་ཟད། དཀའ་རྙོག་ཧ་ཅང་ཆེ་བའི་མི་སྣ་མང་པོའི་གནད་དོན་ཐག་གཅོད་བྱས་མྱོང་། ངའི་བསམ་ཚུལ་ལྟར་ན། སྐུ་ཞབས་ལྷག་པ་ཁོང་འདི་འདྲའི་གལ་གནད་ཅན་གྱི་ཞབས་སྟེགས་ཐོག་བསྡད་ན་འོས་འཚམས་མི་འདུག་པ་མ་ཟད། ཁོས་བྱས་ཉེས་རྣམས་ད་དུང་མུ་མཐུད་བྱེད་ངེས་ཡིན་པ་འདིས་བོད་པའི་སྤྱི་ཚོགས་ལ་གནོད་སྐྱོན་ཆེན་པོ་ཕོག་གི་རེད།
ཁོང་ལ་དབྱེན་དཀྲུགས་དང་ཕྱོགས་རིས་ཅན་གྱི་མི་གཤིས་ཡོད་པར་བརྟེན། ག་དུས་ཡིན་ཀྱང་མི་གཞན་གྱིས་ཁོའི་རྒྱབ་ལོགས་ནས་ཇུས་ངན་བཤམས་ཀྱི་ཡོད་པའི་རྒྱུ་མཚན་འཚོལ་མཁན་ཞིག་རེད། འདས་པའི་ལོ་ངོ་༨ རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ལ་ཕྱག་ལས་གནང་མཁན་མང་ཆེ་བ་ཚོགས་པ་ནས་ཐོན་ཚར་སོང་པ་དང་། ཁོང་གིས་ཚོགས་པའི་བང་མཛོད་སྟོང་པ་བཟོས་སོང་པའི་མ་འོངས་པའི་ཆིབས་བསྒྱུར་གོ་སྒྲིག་ཞུ་རྒྱུ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་ཆགས་ཡོད་པ་རེད། ངས་ཕྱི་ཟླ་༨ པའི་ཚེས་༣༠ ཉིན་གོང་ཞུས་དང་མཚུངས་པའི་རང་ཉིད་ཀྱི་བསམ་ཚུལ་ཞིག་སྐུ་སྒེར་དྲུང་ཆེ་སྐུ་ཞབས་འཆི་མེད་ཆོས་སྐྱབས་པ་ལགས་ཀྱི་མིང་ཐོག་བཏང་པར་ཁོང་གིས་ང་ལ་ཡིག་ལན་ཞིག་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཡི་གེ་འདིའི་མཉམ་དུ་དྲུང་ཆེར་ཕུལ་བའི་ཡི་གེ་ཡང་མཉམ་སྦྱར་གྱིས་བཏང་ཡོད།
སྤྱི་ནོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག
གནད་དོན་འདི་ལས་ཁུངས་ཀྱི་སྲིད་དོན་ལྟ་བུའི་དོན་དག་ཆུང་ཆུང་ཞིག་ཏུ་སྣང་མོད། སྤྱིར་བཏང་གི་གནད་དོན་ཞིག་ཡིན་ན་ངས་༧གོང་ས་མཆོག་ལ་སྙན་སུན་ཞུ་ག་ལ་ཕོད། བོད་ཀྱི་དོན་གཅོད་ཁང་གི་ཞབས་སྟེགས་འདིའི་དབང་ཤུགས་དང་གལ་འགངས་ཧ་ཅང་ཆེ་བའི་རྒྱུ་མཚན་ལ་བརྟེན། སྐུ་ཞབས་ལྷག་པ་མཚོ་སྒོ་ནས་ཕན་གནོད་ཧ་ཅང་ཆེ་བའི་སྐྱོན་ཆག་གཏོང་གི་འདུག །
ནམ་རྒྱུན་ནས་བོད་དོན་ཆེད་མུ་མཐུད་རྒྱབ་སྐྱོར་བྱེད་མཁན་རྒྱུན་གནས་བྱེད་རྒྱུ་ཁག་པོ་ཡོད་པའི་ཁར་ལས་ཁུངས་རྩ་ཆེན་པོ་ཞིག་གི་ནང་ཕྱག་ལས་གནང་མཁན་གྱི་གང་ཟག་གལ་ཆེ་པོ་ཞིག་ནས་དབྱེན་དཀྲུག་གི་ལས་ཀ་བྱས་པ་ཡིན་ན། རྒྱབ་སྐྱོར་བྱེད་མཁན་གསར་པ་ཡོང་རྒྱུ་ཁག་པོ་དང་རྙིང་པ་རྣམས་རྒྱུན་འཛིན་བྱེད་རྒྱུ་དེ་བས་ཀྱང་ཁག་པོའི་གནས་སུ་གྱུར་ཡོད་པ་མ་ཟད། གྲོགས་པོ་རྙིང་པ་དེ་ཚོ་བརླག་པ་ཡིན་ན་ཚུར་ཡོང་མི་སྲིད་པ་ལྟ་བུ་རེད།
སྐུ་ཞབས་ལྷག་པ་མཚོ་སྒོ་ཡིས་བོད་ཀྱི་དོན་གཅོད་ལས་ཁུངས་ནང་ལས་ཀ་བྱེད་པའི་རིང་གནོད་སྐྱོན་ཆེན་པོ་ཞིག་གཏོང་གི་ཡོད་པར་ངས་བློ་ཚབས་ཆེན་པོས་ཡི་གེ་འདི་བྲིས་པ་ཡིན།
ང་རང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཟིན་པ་ཡིན་པས་ཡི་གེ་འདི་བྲིས་ནས་ང་ལ་ཐོབ་ཤོར་གང་ཡང་མེད། འོན་ཀྱང་། རང་ཉིད་ལ་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡོད་པའི་ཆ་ནས་སྐུ་ཞབས་འབྲུག་གྲགས་དང་། ལྕམ་ལེན་སྦེན་ Ms Bain སོགས་ལ་ཐུབ་ཚོད་དང་མིང་ཆད་ངན་པ་བཟོས་པ་སོགས་མཐོང་བ་དང་། དབང་ཆ་དང་གོ་གནས་ཡོད་པའི་གང་ཟག་ནས་མི་གཞན་ལ་ཞེད་སྣང་སྐུལ་བའི་བྱེད་ཐབས་སྤྱད་པར་གདོང་ལེན་བྱེད་དགོས་ངེས་སུ་མཐོང་ནས་ཡི་གེ་འདི་བྲིས་པ་ཡིན།
གུས་པ་དང་བཅས།
ROB KELDOULIS
རོབ་ཁེལ་ཌོའོ་ལེ་སེ་ནས་ལྗགས་ལན་ཡོང་པའི་རེ་བ་དང་བཅས།
ཨོ་སི་ཊི་ལི་ཡའི་༧གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ནས་ཕུལ།
འ་འ་འ་ད་ཡིན་ན་རྒྱ་ནག་གི་དཔོན་པོ་ཚོ་ལ་ཁ་གཏོང་ཡ་ལ་ངོ་ཚ་ཡི་འདུག ད་གང་དྲག
དངོས་ནས་དྲང་ནས་ཡག་པོ་བྲིས་འདུག་ཁོང་དང་ལོ་ཙ་བ་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
ད་དུང་བཀའ་ཤག་དང་དྲུང་ཆེ་ཚོས་མགོ་བཏུམ་བརྒྱབ་ནས་འདུག་བརྩིས་ཡོད་པ་འདྲ།
གནས་ཚུལ་འདི་སྐུ་སྒེར་ལས་ཁུངས་ནས་མཁྱེན་གྱི་ཨེ་ཡོད། གནས་ཚུལ་ཞེད་སྣང་ཚ་བོ་དེ་འདྲ་བདེན་པ་ཡིན་ན་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་གནས་དབྱུང་གཏོང་དགོས་པ་ངེས་ཡིན་པ་དང་། བདེན་པ་མིན་ན་བདེན་པ་མིན་པའི་གསལ་བསྒྲགས་གནང་དགོས་ཀྱི་འདུག
གཞན་གོ་མེད་ཚོར་མེད་ངང་བཞུགས་ན་ཡག་པོ་རྩ་བ་ནས་མི་འདུག
ལྷག་པ་མཚོ་སྒོའི་སྐྱེས་སྨན་གྱི་ཇོ་ཇོ་དྲུང་ཆེ་འཆི་མེད་རིག་འཛིན་ཡིན་པ་དང་། ཁོ་ཚོའི་ངན་ལ་ལག་འབྲེལ་གྱིས་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ལོག་པར་བཏང་བ་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གོ་ཐོས་ལྟར་ན། དོན་གཅོད་ལྷག་པ་མཚོ་སྒོ་ནས་ད་ལྟ་རང་ཨོ་གླིང་གི་བོད་རིགས་ཚོགས་པ་ཆེ་ཤོས་དུམ་བུ་གཉིས་རུ་གཏོང་བཞིན་པའི་གནས་ཚུལ་ཞིག་འདུག
ད་ཡིན་ན་བོད་མི་སྒྲིག་འཛུགས་གཉིད་ཤོར་བ་ནི་ཡིན་རྒྱུ་མ་རེད། སྐུ་སྒེར་དྲུང་ཆེ་རྣམས་པ་མ་ཐོས་མདོག་མདོག་གནང་ན་རྩ་བ་ནས་འགྲིག་གི་མི་འདུག
#3 མགར་སྲས། ་ལགས་ཀྱིས་སྤེལ་དོན།:
December 13th, 2018 at 7:27 am
ལྷག་པ་མཚོ་སྒོའི་སྐྱེས་སྨན་གྱི་ཇོ་ཇོ་དྲུང་ཆེ་འཆི་མེད་རིག་འཛིན་ཡིན་པ་དང་།
རྙོག་དྲའི་འབྱུང་རྩ་བློ་སེང་ཡིན་པས་ཁོ་པ་རྩ་མེད་མ་བཟོད་ན་བོད་མི་ནང་ཁུལ་ཁ་ཐོར་འགྲོ་ནས་མ་འོང་པར་རང་དབང་སླར་གསོ་ཡོང་རྒྱུ་ཁག་པོ་རེད། བློ་སེང་ནི་ལི་ཐང་ཨ་ཐར་གཉིས་པ་རེད་ལི་ཐང་ཨ་ཐར་དམྱལ་བར་འགྲོ་ནས་རུས་པ་ཐ་ལར་གྱུར་ཟིན་ནའང་ད་དུང་བོད་པའི་སྤྱི་ཚོག་ནང་ཁོ་པར་ཁོང་འཁྲོ་ཆེན་པོ་གནས་མུས་ཡིན། ད་ལྟའི་བློ་སེང་གི་ཨབ་ཕྲུག་དེ་ཚོ་དོན་དངོས་ཐོག་ཁོ་པར་རྒྱབ་བསྐྱོར་མ་རེད་བློ་སེང་ཆུ་ལ་འདྲེན་མཁན་རེད་བློ་སེང་གི་གནས་ལུག་དེ་འདྲ་ཙམ་ཡང་ཧ་མི་གོ་བར་སྤྲང་ཁྱི་སེང་གེ་ཡིན་འདོག་བྱས་ནས་འགྲོ་བ་ནི་རང་གཞན་གཉིས་འཕོང་རེད།
ད་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྩོད་རྒྱུའི་རང་བཙན་ཕར་བཞག་
ནས་ནང་ཁུལ་རྩོད་གླེང་མང་དུ་མང་དུ་འགྲོ་བཞིན་པ་འདི་ག་ནས་བལྟས་
ཀྱང་ཡག་རྟགས་ཅིག་ཨ་ཡིན་ན་གནས་ཚུལ་འདིའི་རིགས་བདེན་པ་ཡིན་
མིན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་ནན་པོ་དུས་ཐོག་ལ་གནང་དགོས་པ་དེ་མེ་ཆུང་དུས་ལ་བསོད་དགོས་པ་དང་ཆུ་ཆུང་
དུས་ལ་བགྲོད་དགོས་པའི་དཔེ་ལྟར་མ་རེད་དམ།
བློ་བཟང་སེང་གེས་བཙན་བྱོལ་སྤྱི་ཚོགས་སྣེ་ཡག་པོ་ཁྲིད་ཐུབ་ཀི་མེད་པའི་རྟགས་རེད། རྒྱ་མིས་ཀྱང་དབུ་ཁྲིད་འདི་འདྲ་ཞིག་ཡོང་རྒྱུར་སྒུག་བསྡད་པ་རེད། ད་རྒྱ་དམར་གཞུང་ལ་དགོས་མི་དང་གོ་སྐབས་དེ་ཤར་བ་རེད།
བྱ་འདི་་་་་་་་་་་་
ད་ལྟད་མོ་འདུག
གོང་ས༧ ཆེན་པོ་ཨོ་སི་ཀྲོ་ལའི་ཡ་ལ་ཆིབས་སྒྱུར་མཇུག་མ་དེ་ ༢༠༡༥ རེད
དེ་ནས་ཨོ་སི་ཀྲོའོ་ལིའི་ཡ་ལ་མ་ཕེབས་ནས་ལོ་གསུམ་འགྲོ་གི་ཡོད་རེད། ལོ་གསུམ་རིང་གདན་ཞུ་མ་ཐུབ་ཀྱང། ལྷག་པ་མཚོ་སྒོ་ནས་ད་དུང་ཁོ་རང་གི་ངོ་ཤེས་ཚོ་ལ་གོང་ས༧ མཆོག་གདན་ཞུའི་མིང་ཁྱེར་གིས་གླ་སྤྲད་གི་འདུག།
ཕྱི་ལོ ༢༠༡༦ ལོར་གོང་ས་མཆོག་གདན་་ཞུ་ཐུབ་མེད་ཀྱང་། ཁྱབ་བསྒྲགས་ཆེད་འགྲོ་སོང་སྒྲོ་ལར་སྟོང་ཕྲག་དྲུག་བཅུ་རེ་ལྔ་གཏོང་འདུག།
མི་དེ་ཚོར་ཕོག་སྤྲད་པ་བསྡོམས་སྒྲོ་ལར་༢༤༣༢༩༥ རེད་འདུག།
༢༠༡༦ གོང་ས༧ མཆོག་གདན་ཞུ་མ་ཐུབ་པར་གྱོན་གུད་སྒྲོ་ལར་༢༧༥༨༦༤ ཕོག་འདུག།
ཕྱི་ལོ་ ༢༠༡༧ ལོར་གོང་ས༧མཆོག་ཕེབས་ཐུབ་མེད་ཀྱང། མི་དེ་ཚོར་གླ་ཆ་བསྡོམས་སྒྲོ་ལར་ ༢༥༣༡༩ སྤྲད་འདུག།གྱོང་གུད་སྒྲོ་ལར་ ༤༤༨༣༣ ཕོག་འདུག།
གོང་ས༧མཆོག་ཕེབས་མེད་ཀྱང་འགྲོ་སོང་ཕོན་ཆེན་དེ་འདྲ་ག་རེ་བྱས་ནས་གཏོང་བ་རེད་ཟེར་ན། ངའི་གོ་ཐོས་ལ་ལྷག་པ་མཚོ་སྒོའི་གྲོག་པོ་ཁག་གཅིག་ལ་གཏོང་གི་ཡོད་པ་དང། དེ་ནི་གོང་ས༧ཆེན་པོའི་མཚན་བེད་སྤྱོད་ཀྱིས་ལྐོག་ཟ་བྱས་པ་རང་རེད།
དེ་ཚོའི་སྐོར་གྱི་ཡིག་ཆ་འདིའི་ནང་གསལ་པོ་འདུག་པས་འདིར་གཟིགས་གནང།
https://www.acnc.gov.au/charity/ae675d79b524a19cf27f95a5e1c790b8#financials-documents
བློ་སེང་ཁོག་སྟོང་གིས་ཁ་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་བཙན་བྱོལ་ནང་གི་ཉོག་དྲ་དེ་གནད་དོན་ཆུང་ཆུང་རེད། བརྒྱ་ཆ་དགུ་བཅུ་ཡག་པོ་འདུག་ཅེས་བཤད་སོང་། ང་སྐད་ཆ་དེ་གོ་རྗེས་ངོ་མ་ཧ་ལས་སོང་། བཙན་བྱོལ་སྤྱི་ཚོགས་ནང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་ལུང་ཚན་འཐེན་འཁྱེར་དང་། གོང་འོག་མི་མཐུན་པའི་གནས་སྐབས་འདི་འདྲ་ཞིག་བྱུང་ཡང་། བློ་སེང་ཁོག་སྟོང་གིས་ད་དུང་སྐྱིད་པོ་བཤད་དེ་སྒེར་དོན་སྒྲུབ་ནས་བསྡད་ཡོད་པ་རེད། བོད་ཀྱི་གཏམ་དཔེར། རང་སེམས་རང་གིས་གསོས་ན་སྤྲོ་ལྷང་ལྷང་། རང་མགོ་རང་གིས་གཡོགས་ན་ནག་འཐིབ་འཐིབ་ཅེས་པའི་དཔེ་བཞིན་ད་ནི་བློ་སེང་ཁོག་སྟོང་འདིས་བཙན་བྱོལ་སྤྱི་ཚོགས་ཁྲོད་བཏབ་གཏོར་བཤིག་གི་ས་བོན་འདི་ལོ་ངོ་བཅུ་ཕྲག་མང་པོར་གནས་ངེས་ཡིན་པ་ཐག་ཆོད།
འདི་བདེན་༢༠༡༥ནས་སྐུ་སྒེར་ལ་ཕུལ་ཚར་འདུག
ད་བར་དུ་འགའ་དོན་གཅོད་རང་འཇགས་བཞག་ཡོད་པས་མི་དེས་སྐྱག་རྫུན་པ་ཐག་གཅོད་ཐུན
ལོ་ངོ་གསུམ་ནང་ཙིས་ཞིབ་པ་དང་བོད་མི་དམང་སྤྱི་འཐུས་ཚོས་མ་ཁྱེན་པ་དང་གོ་མེད་འཚོར་མེད་ཨ་ཙེ་ཙ
ང་ཚོ་མཚོ་སྒོའི་མི་རབས་ནས་༸གོང་ས་མཆོག་གི་བཀའ་དགོངས་ཤར་བསྐྱོད་བྱས་དང་བྱེད་མུས་ཡིན་ལ་གནོངས་འགྱོད་སྤུ་ཙམ་དགོས་དོན་མེད་མ་ཟད་ལྷག་བསམ་དང་དྲང་མཚུགས་བརྟན་པའི་ལྷག་པ་ལགས་ཉིན་ཧོང་ནང་༸རྒྱལ་ཚབ་གནང་རིང་ཇི་ལྟར་བྱུང་མིན་སྤྱན་ཆེ་ཙམ་གཟིགས་འཚལ་ད་དུང་ནན་ཏར་བརྗོད་དགོས་ན་ཨ་མར་ཝ་ཏི་དུས་དབང་ལོ་རྒྱུས་ཟབ་པར་མཁྱེན་མཛོད་གང་ལྟར་གོ་རྒྱུ་ཅན་ཞིག་ལ་ཟུར་ཙམ་གྱིས་གོ་ངེས་པས་རང་བློ་རང་གིས་མ་བཅུན་པར་རང་སྐྱོན་རི་ཙམ་མ་མཐོང་གཞན་སྐྱོན་སྤུན་རྩེར་འཕྱ་བའི་མི་ཡིས་གང་སྨྲས་༸སྤྱན་ཡངས་མངའ་བའི་༸བསྐྱབས་མགོན་མཁྱེན་ལགས་པས་སུས་བཤད་ལ་ཐུགས་ངལ་མི་དགོས་པར་ལྷགས་བསམ་ཅན་ལ་ཞུ་འདོད་བྱུང་། ལོ་མང་རིང་བརྩོད་རྙོག་མེད་ཀྱང་ད་ཆ་ཉེས་མེད་གང་འདོད་སམ་ཡང་ན་རང་ཕྱོགས་བཟོས་ནས་ཉེ་བརྒྱ་སྨྲ་བའི་ལེ་ལན་སུ་ཡིན་མཁྱེཻན་འཚལ་ མདོར་ན་ཕྱོགས་ལྷུང་དོར་ཞིང་ལྷགས་བསམ་ལྡན་ལ་བླང་དོར་མཁྱེན་པའི་སྤྱན་ལྡན་རྣམས་ཐུགས་བློ་བདེ་ན་དེ་མིན་ཉོན་མོངས་དབང་གིས་རང་དང་རང་ཕྱོགས་མ་འགྲིག་ན་སྤྱི་མངས་ལ་བསམ་ཤེས་ཁག་པས་ཡ་ལན་དང་གསལ་བཤད་དགོས་པ་མེད་ལ་བཤད་ཀྱང་དོན་འབྲས་མེད་པས་ངལ་བའི་རྒྱུ་ལ་ཅི་ཕྱིར་འཇུག།།
#15 བློ་བཟང་དོན་འགྲུབ་ལགས་ལ་ཞུ་རྒྱུར། དང་པོ་རྩོམ་ཡིག་དེ་ཅིག་ཀློག་དང་། ལྷག་པ་མཚོ་སྒོ་ནས་༧གོང་ས་མཆོག་ཨོ་གླིང་དུ་ཕེབས་ཡ་མེད་པར་བཟོས་པ་དང་།
བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དབྱེན་དཀྲུག་བྱས་པ། ས་གནས་བོད་རིགས་ཞིག་ཁྲིམས་ལ་བསྐྱལ་བ་འདི་དག་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་ཚུལ་བཤད་འདུག ད་དུང་ཉི་ཧོང་དུ་་རྒྱལ་ཚབ་ལ་བསྡད་པ་ཞིག་ཀྱང་བྲིས་འདུག ལྷག་པ་མཚོ་སྒོ་ཡིས་རང་ཉིད་རྒྱལ་ཚབ་ཡིན་བསམ་གྱི་ཡོད་པ་འདྲ། ཨོ་གླིང་ཁུལ་དུ་མི་ལོ་ཉི་ཤུའི་རིང་དཀའ་སྤྱད་འབད་རྩོལ་གྱི་སྒྲུབ་པའི་བོད་ཀྱི་རྩ་དོན་ཚང་མ་ཁོས་ཆུའི་ནང་ལ་གཡུག་ཡོད་ཚུལ་རྩོམ་ཡིག་དེའི་ནང་བཤད་འདུག
འཇོན་ཐག་ཆོད་འཇོན་འདུག
མཚོ་སྒོ་ཚང་ལ་རྒྱལ་ཚབ་འཇོན་པོ་ཞིག་འཁྲུངས་འདུག
བློ་བཟང་དོན་གྲུབ་་་་ལགས་
ལོ་ངོ་གཉིས་ལྷག་ནང་འཚོར་བའི་ནད་ཡམ་ ༼ ང་ཚོ་ ༽ ༼ ཕ་ཡུལ་ཅིག་པ ༽འགོད་པའི་རིགས་ལ་དྲང་ཕྱོག་ལ་དོ་བའི་རེ་བ་མེད་ཀྱང་་་་གོང་གི་ཕྲན་ཡིགས་དེས་ཆུ་ངན་ཟམ་འོག་དུ་ཚུད་ཆེད་ཁྱེད་དང་ཁྱེད་རང་འབྲ་བའི་སྲི་ངན་་ལངས་པའི་༼ང་ཚོ་དང་ཕ་ཡུལ་ཅིག་༽པས་ནོན་པའི་རིག་ལ་༧་་སྐྱི་བུ་དམ་པས་མཁྱེན་པ་ཙམ་གྱི་ཕྱོག་པ་མ་ཡིན་པར་བཙན་བྱོལ་བོད་མིའི་ཙ་་ཁྲིམས་ཀྱི་དགོས་དོན་་ངན་པ་འཚར་གཅོད་ཆེད་དང་བཟང་པོ་སྤྲོ་བ་ཕེལ་་བ་་ཕུགས་ཏུ་ནད་ཡམ་འདི་གཉིས་ལས་ཐར་ནས་སྤྱིར་འགྲོ་་ཀུན་དང་མཐུན་ལམ་འཕོད་པ་ཡང་གོས་མཐོ་རིམ་དཔོན་རིགས་ནས་ཁྱབ་པའི་ནད་ངན་འདི་གཉིས་ཀྱི་བཙན་བྱོལ་བོད་མིའི་སྤྱི་་ཚོགས་ནང་གཟིང་ལོང་གི་་དུས་ཚམ་བཅས་ལུག་རྒྱུད་གྱི་ཟིན་མཐོར་མགོད་འདུག་པས་་དེ་ན་རྒྱབ་སྐྱོར་ཞུ་གི་ཡོང་
༄༅། ད་ཁ་རྩུམ་ནས་སྡོད། སྤྱི་ཚོགས་མ་དཀྲུག། ཨ་ཅོ་དམར་པོ་རྒྱུན་དུ་བལྟ་བཞིན་འདུག།
མ་བྱེད་ན་བྱེད་མ་སོང་ཟེར་། བྱས་ན་འགྲིག་མི་འདུག་ཟེར་བས།
མང་གཙོ་ཁ་སྙོན་པ་རང་རེད།