འདྲེ་མགོ་རྡོ།
སྐུ་ཞབས་བློ་བཟང་སེང་གེ་ལགས། སང་ཉི་མ་རྩེ་ཤར་ནས་ཁྱེད་རང་ངའི་བཀའ་བློན་ཁྲི་པ་ཡིན། ངའི་བཀའ་ཁྲི་ཁྱེད། དཀྱོགས་མཚམས་འདིར། ན་གཞོན་པའི་མདངས་དང་བཅས་སླེབས་བྱུང་བས། ང་དགའ་བྱུང་། ང་ཚོ་མི་རེར་བསམ་ཚུལ་རེ་ཡོད་ཀྱང་། ལྟ་ཚུལ་རེ་ཡོད་ཀྱང་། མང་གཙོ་འདི་དང་ལོ་རྒྱུས་འདིས། ངས་ལག་ཟུང་ཐལ་མོ་རྡེབ་ནས་ཁྱེད་རང་བོད་ཀྱི་སྲིད་ཁྲི་ལ་བསུ་བཞིན་ཡོད། འདི་ནི་ལུང་ཚན་ཞིག་དང་གང་ཟག་ཅིག་གི་བར་གྱི་གནས་ཚུལ་མིན་པར། བོད་རྒྱལ་ཁབ་འདིའི་ཁ་སྟབས་གང་དུ་ཁྲིད་མིན་གྱི་སྲིད་ཁྲི་ཡིན་པས། ངས་ལག་པ་གཉིས་ཀ་གནམ་དུ་འཕྱར་ནས་ཁྱེད་ལ་ཐལ་མོ་རྡེབ།
སྐུ་ཞབས་ཁྱེད་རང་། དགའ་ལྡན་ཕོ་བྲང་གི་མཇུག་མ་ནས་སླེབས་ཤིང་། དབུ་མའི་ལམ་གྱི་མཚོ་འཇིངས་སུ་བརྒལ་ཏེ། རང་བཙན་རང་སྣང་གི་འཇིགས་སྐུལ་འོག་ལམ་དུ་ཆས་དགོས་སྟབས། ཟུར་གསུམ་མང་པོའི་ཟུར་གསུམ་འདིའང་། ཁྱེད་ཀྱི་གཉའ་དང་སྤྱི་གཙུག ཐ་ན་སྙིང་ཁ་བཅས་སུ་འཚིང་ནས་ཡོད་པས། ཁྱེད་ལ་ཁྱེད་ཀྱི་རྣམ་འབྱེད་བློ་མིག་མེད་དུས། ལོ་ལྔ་ཚན་གཅིག་ཀྱང་ལྷ་ཚེ་རིང་བོའི་མི་ཚེར་འགྱུར་ངེས།
ད་དུང་། ཁྲིམས་ཀྱིས་བསྒྱུར་བའི་བོད་གཞུང་དང་། དེ་ལ་གཏད་པའི་མི་མང་། ཆབ་དཔལ་རིག་གསུམ་ནས་རང་བཙན་ཡིན་པའི་དྲེག་པ་ལྷ་མིའི་བརྒྱུད་དང་བཅས་པས་ཀྱང་། ཁྱེད་ལ་གཏོར་མི་ཐུབ་པའི། སྒྲོམ་གཞི་ཟུར་གསུམ་མ་དེ་འདིང་བར་བྱེད་པས། ཁྲིམས་ཀྱི་སློབ་དཔོན་དང་། མང་གཙོའི་བུ་ཡིན་ན། ཁྱེད་ཀྱིས་རང་ཚུགས་ཚེ་སྲོག་འདྲ་བོ། གང་ལའང་བརྗེ་མི་ཉན།
ཉེ་སྔོན། ༧གོང་ས་མཆོག་གིས་ངོ་སྤྲོད་གནང་བའི་ནུབ་ཕྱོགས་པ་དང་། ཁྱེད་ཀྱི་གྲོགས་པོ་རྒྱ་རིགས་ཚོ། དེ་མིན་ཧུའུ་ཅིན་ཐོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་ཀྱང་། མཚམས་རེར་ཁྱེད་ཉིད་བར་ལྡིང་ནས་གང་ལ་རྡབ་རྐྱང་བྱེད་ངེས་པས། ཁྱེད་ནས་རི་ཕར་རྒྱབ་ཀྱི་གཉའ་གཅོག་མ་ཐུབ་པའི། ཁྱེད་དང་ང་ཚོའི་སྤུན་ཟླ་མིང་སྲིང་དེ་ཚོ་གང་དུའང་རྡབ་མི་ཉན། གལ་སྲིད་མི་རྡབ་ཚད་མེད་ཐུག་སོང་ན། དང་པོ་རང་ཉིད་རྡབ་དགོས་པའང་དྲན་པ་མ་བརྗེད་རོགས།
ང་ནི། ཁྱེད་ལ་ལག་པ་རྡེབ་མཁན་ཡིན་ལ། ཁྱེད་ཀྱི་འགྲོ་འདུག་ཉལ་གསུམ་ལ་བྱ་ར་བྱེད་མཁན་ཀྱང་ཡིན་པས། ངས་ཟུར་གསུམ་མའི་རུ་དཔུང་བདེན་རྫུན་ཚང་མ་ཁ་ཁར་དབྱེ་ནས། ཁྱེད་ལ་གཤེ་ཡང་ངེས་ལ། བསྟོད་ཀྱང་སྲིད་པས། ཁྱེད་ཀྱིས་ཀྱང་འདྲེ་མགོ་རྡོ་ཟེར་བའི་མྱུལ་མ་ཞིག ངའི་རྐུབ་ན་ཡོད་བསམ་རྒྱུ་མ་བརྗེད་ཅིག
ད་དུས་ཚོད་ཅང་མི་འདུག ངས་ཀྱང་བོད་བསམ་བཞིན། བོད་དྲན་བཞིན། ཁྱེད་ཀྱི་ཁྲི་འདོན་བསུ། ཁྱེད་ཀྱི་ཆེས་ཐོག་མའི་གཏམ་བཤད་ལ་སྒུག་ནས་འདུག་ཡ།
ཁ་ཁོག་མེད་པའི་རྩོམ་ཡིག་དེ་ཤིན་ཏུ་ཡག་ དེ་རང་ཡིན་གདའ་ རྗེས་སུ་བློ་སེང་གི་བྱེད་ཕྱོགས་ལ་
མྱུལ་ཞིབ་གང་གཟབ་བྱ་དགོས།
འདྲེ་མགོ་རྡོ་ལགས། དེ་རིང་ཡག་པོ་བྱས་ཏེ་ཉལ་དགོས་པ་ལས་བསམ་བློ་གང་བྱུང་བཏང་ན་གཉིད་མི་ཁུག་པས་མ་ཚད། སང་ཉིན་ཉི་མ་རི་རྩེ་ན་ཤར་སྐབས་ཁྱེད་ཀྱིས་བདེན་པ་དང་། དྲང་གཏམ་ལ་རེ་བའི་ང་ཚོ་བོད་མི་མང་གི་བཀའ་ཁྲི་གསར་པའི་བཀའ་སློབ་སྐབས་གཉིད་དུ་ཤོར་ཏེ། ཁྱེད་ཀྱིས་སྒུག་པའི་ཐོག་མའི་བཀའ་ཁྲིའི་གཏམ་བཤད་དེ་གོ་མི་ཡོང་ལ། ཁྱེད་ཀྱིས་བཤད་པ་ལྟར་བཀའ་ཁྲིའི་རྒྱབ་ཏུ་ཉུལ་མཁན་འདྲེ་མགོ་རྡོ་ཟེར་བ་ཁ་ཙམ་ལས་དོན་དུ་དེ་ཡང་མིན་འདུག་བསམ་ཏེ། བཀའ་ཁྲི་གསར་པས་རྐང་བརྐྱངས་ལག་བརྐྱངས་བྱེད་པ་མ་ཟད། ཡང་བསྐྱར་མཛད་སྒོའི་ལེའུ་དང་པོ་རྒྱ་ནག་གི་ཨོ་བྷ་མ་ནས་མགོ་བཙུགས་ཏེ་མི་རབས་གསར་པ་དང་། གསར་བཏོད་ཡོད་མེད་ཀྱི་སྐད་ཆ་ཡ་མ་ཟུང་དེ་ནས་བྱས་ཏེ། པའ་པའ་ཅུའུ་ཅུའུ་ཡིས་མཇུག་རྫོགས་པ་མ་ཤེས་ན་ཁྱེད་འདྲེ་མགོ་རྡོ་མིན་ཡ། གཟབ་གཟབ་གྱིས།
མཚམས་འདིར་འདྲེ་མགོ་རྡོའི་བསམ་ཚུལ་དང་འབྲེལ་མེད་ཀྱིས་མཚམས་འདྲི་ཞིག་ཞུ་ཆོག་པ།
བཀའ་ཁྲི་གསར་པ་བློ་བཟང་སེང་གེ་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་༸གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་ལམ་སྟོན་དང་མི་འགལ་ཞིང་། མ་འོངས་པའི་ལས་འཆར་རང་མགོ་རང་མཐོན་དང་། ཆིག་སྒྲིལ གསར་བཏོད་རྣམས་ཀྱི་མཇུག་འབྲས་གཟེངས་མཐོན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
འདྲེ་མགོ་རྡོ་ལགས། བོད་སྤྱི་བའི་རྩ་དོན་རང་བསམ་ནས་དཔྱད་བརྗོད་འདྲ་སྤེན་གྱིན་ཡོད་ན་ཁ་གསལ་བོ་བྱེད་རྒྱུ་ནི། མ་མཐའ་ཡང་ལྷག་བསམ་ཅན་ཞིག་ལ་ཚང་དགོས་བའི་ཆ་རྐྱེན་དུ་བསམ་རོགས། དེ་མིན་སྐུ་ཉིད་ལ་འཛོམས་པའི་རིག་དཔྱོད་དེ་དྲ་གྲོགས་ཚང་མ་ལ་འཛོམས་དགོས་བའི་ཆ་རྐྱེན་མ་འདོན། སྔོན་འདིར་སྤེལ་བའི་དཔྱད་བརྗོད་ཁྲོད་མུན་ནག་མདའ་འཕེན་མང་ཚུལ། རྗེས་འདེད་གཏོང་མཁན་ཚོ་གཅིག་སྟེང་ནས་ལབ་རྡོལ་བྱས་བའི་སྐྱོན་ག་ལ་ཡིན། ལྷག་པར་དུ་ད་ཐེངས་ཀྱི་བསམ་ཚུལ་འདི་ལ་ཆ་མཚོན། ཕན་ཚུན་ལ་བརྡ་ལན་གསལ་བོ་ཞིག་ཀྱང་སྤྲོད་ཁག་པོ་རེད། དྲ་མྱུལ་བྱེད་དོན་དགོས་མཁོ་ཞིག་གི་ཆེད་དུ་ཡིན་ན། དང་པོ། གནས་ཚུལ་གསར་རྙིང་གང་ཡང་རུང་ཕན་ཚུན་ལ་བརྡ་སྤྲོད་ཐུབ་པའི་བརྗོད་གཞི་ཞིག་ཅིས་ཀྱང་འདེམས་དགོས། འུ་ཅག་བོད་མི་ཚོ་ལ་མཚོན་ན་མ་མཐའ་ཡང་དྲ་རྒྱ་འདི་རིགས་བེད་སྤྱོད་ཡག་རུ་བཏང་ནས། བོད་སྤྱི་བའི་གནས་ཚུལ་ཡག་སྡུག་གང་ཡང་བོད་རིགས་ཕན་ཚུན་ལ་བརྡ་སྤྲོད་ཐུབ་པ་ནས་གླེང་སློང་གི་ཁོར་ཡུག་གཙང་མ་ཞིག་མཁོ་སྒྲུབ་བྱེད་རྒྱུ་དོན་གནད་གལ་ཆེན་ལ་བརྩི་རོགས། དམིགས་སུ་བཏོན་ནས་འདྲེ་གྲོགས་ཅན་ལ་སྡུག་ར་བྱེད་དོན་ཡང་བསམ་ཕྱོགས་གྲུ་བཞི་གླིང་བཞི་ཅན་དེར་མི་ཤོངས་བའི་རྫས་མེད་པའི་རེ་བ་བྱས་བ་ཡོད།
མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིའི་ཁྲི་འདོན་གྱི་མཛད་སྒོར་འཚམས་དྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་འབྱུང་འགྱུར་ནང་མཛད་འཕྲིན་གོང་དུ་འཕེལ་པ་དང་། བོད་མི་ས་ཡ་དྲུག་གི་བདེ་དོན་ཕྲག་པར་བཞེས་ནས་གཞིས་བྱེས་འཛོམས་ཡོང་བ་དང་། ལྷག་པར་རང་ཅག་རྣམས་ཀྱི་ཁོག་པའི་སྙིང་དང་། པྲལ་བའི་མིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ཞབས་སོར་ཁོད་ཐུབ་པའི་ཛ་དྲག་གི་ལས་དོན་ལ་ཉིན་མཚན་ལྷོད་མེད་བརྩོན་པ་ཞུ།
འུ་ཅག་གི་བཀའ་ཁྲི་ཕོ་གསར་ལགས་ལ་བཀྲིས་བདེ་ལེགས་ཞུ་ཁྱེད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག་གོང་ས་ལྷ་མི་རྣམ་འདྲེན་ཕོ་བྲང་དམར་པོར་མྱུར་དུ་ཁྲི་ལ་འཁོད་པར་ཤོག།།།།།།།།།
ཐོག་མར་་་དེ་རིང་བཀའ་ཁྲི་གསར་བའི་དམ་འབུལ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་འདྲེ་མགོ་རྡོས་བཤད་པ་བཞིན་ང་ཡང་ཁྱེད་ལ་རྒྱབ་སྐྱོར་ཚད་ལྡན་ཞིག་ཡོང་ཆེད་ད་ནས་བཟུང་ཁྱེད་ཀྱི་འགྲོ་འདུག་ལས་གསུམ་ལ་རྒྱང་ལྟ་བྱེད་མཁན་ཞིག་ཆགས་པ་རེད།
སོང་ཙང་་་་མཚམས་མཚམས་ལ་ཁུ་བྱུག་ལྟ་བུའི་སྐད་སྙན་སྒྲོག་གི་རེད་ལ། སྐབས་སྐབས་སུ་ཕོ་རོགས་འདྲ་བའི་ཐན་སྐད་ཀྱང་སྒྲོག་སྲིད་གི་རེད། དེ་དུས་ཁྱེད་རང་གི་གཞུགས་ན་དེད་ཡོང་བའི་བོད་མི་ས་ཡ་དྲུག་པོ་དེ་འགྲོ་ས་བདེ་ས་ཞིག་ལ་ཁྲིད་མ་ཐུབ་ནའང་གྲོག་རོང་སྐམ་པོ་ཞིག་ལ་བསྐྱལ་མི་ཡོང་བའི་ཚིག་དམ་བཅའ་དགོས་གི་རེད།
ཉལ་ས་མ་བདེ་ན་གཉིད་ཁུག་གི་མ་རེད། བྱིས་པ་ལྟོགས་ན་ངུ་སྐད་འདོན་གི་རེད།
་
ཡར་ལ་ཕ་མེས་ཡང་མེས་དགྱེས་པ་སྐྱེད།།
མར་ལ་ཕས་རྒོལ་སྟོང་གི་ཀླད་པ་འགེམས།།
བར་དུ་དུས་རབས་གསར་བའི་རིང་ལུགས་འཛིན།།
བཀའ་ཁྲི་གསར་བའི་དམ་བཅའ་རི་བཞིན་བརྟན།།
བརྒྱ་བྱིན་མིག་སྟོང་གིས་ནི་མ་མཐོང་ཞིང་།།
ཚངས་བའི་རྣ་བ་བརྒྱད་པས་མ་ཐོས་བའི།།
བོད་ཀྱི་རྩ་དོན་དབུ་རྨོག་བཙན་པ་དང་།།
སེངྒེའི་ངར་སྒྲ་སྒྲོག་པའི་རྟེན་འབྲེལ་ཞུ།།