—-བློ་བཟང་ཆོས་འབྱོར།
བོད་ལུགས་ས་ག་ཟླ་བ་ཚེས་མ་ཐག་པ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་བཀའ་ཤག་གིས་ཨ་རིའི་དོན་གཅོད་དུ་བསྐོ་བཞག་གནང་བའི་གནས་ཚུལ་ཐོན་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཨ་རིའི་དོན་ཁང་གི་ཐུགས་འགན་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ཀྱི་གནས་ཚུལ་ཆ་ཚང་མཁྱེན་པ་ཁོ་ན་མིན་པར། འཕྲལ་ཕུག་གི་བདེ་རྩར་རྣམ་དཔྱོད་ཀྱི་བློས་དཔོག་སྟེ་ཐུགས་འགན་རྣམས་ཕྱག་བསྟར་གནང་རྒྱུའི་ནུས་པ་ཕུན་སུམ་ཚོགས་པའི་གང་ཟག་ཅིག་བསྐོ་བཞག་གནང་བ་འདིས། ད་ལྟ་མདུན་ལ་ཟགས་པའི་དངོས་ཡོད་ཀྱི་དཀའ་ངལ་ཁག་སེལ་ཐུབ་རྒྱུའི་ལམ་དུ་ཆས་པ་མཚོན་པ་མ་ཟད། འབྱུང་འགྱུར་ལོ་རྒྱུས་ནང་ཨ་རིའི་དོན་ཁང་གི་བྱས་རྗེས་ལ་ནག་ཐིག་མི་ཡོང་བའི་ཁག་ཐེག་རླབས་ཆེན་ཞིག་ཀྱང་བྱས་པ་རེད།
ཚང་མས་མཁྱེན་གསལ་བཞིན། འཛིན་སྐྱོང་དང་གྲོས་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་ལས་ཁུངས་མ་ལག་ཁག་གི་གནས་སྟངས་ལ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་མཁྱེན་པ་མཁའ་ལྟར་ཡངས་པའི་ཐོག ཚོགས་གཙོའི་མཛད་འགན་དང་འབྲེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག གྲོས་ཚོགས་འཐུས་མི། མི་སྣ་གྲགས་ཅན་མང་པོར་མཛའ་འབྲེལ་སྤུས་ཚད་ལོངས་བ་ཡོད་སྟབས། བཙན་བྱོལ་བོད་མི་རྣམས་གཞིས་ལུས་རྒྱ་ཆེ་མི་མང་གི་རང་དབང་གི་མགྲིན་ཚབ་པ་ཡིན་པའི་ཐུགས་འགན་དང་། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཨ་རིའི་ནང་གི་རླབས་ཆེན་མཛད་འཕྲིན་ཁག་ལ་གཞན་འགྲན་མེད་པའི་སྲི་ཞུ་ཐུབ་པའང་ཚིག་ཐག་ཆོད་པ་ཞིག་རེད།
ཚར་མ་ཐག་པའི་འོས་བསྡུའི་ལས་རིམ་དང་། འབྱུང་འགྱུར་འཛིན་སྐྱོང་གཅིག་གི་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་མ་ཐོབ་བར་གྱི་འོས་བསྡུ་ཆེན་མོ་གང་གི་སྐབས་སུའང་། དབུ་ཁྲིད་སུ་ཞིག་ཡིན་ཡང་ཐོག་མར་མི་མང་གི་ཡིད་ཆེས་རང་ཕྱོགས་སུ་སྤུངས་རྒྱུ་གཙོ་འདོན་གནང་དགོས་པ། ད་ལོའི་ོའོས་བསྡུ་ཆེན་མོར་ཕྱོགས་ཡོངས་ནས་དཔྱད་ཞིབ་གཏིང་ཟབ་བྱས་པའི་སྡོམ་ཚིག་རེད་ལ། མི་མང་གི་ཡིད་ཆེས་ནི། ༧གོང་ས་ཐམས་མཁྱེན་པ་ཆེན་པོའི་རླབས་ཆེན་དགོངས་གཞི་རྣམས་ཚུལ་བཞིན་ལག་བསྟར་བྱས་ཡོད་མེད་ཀྱིས་ཚད་འབྱེད་པའང་གསལ་བོ་ཆགས་ཟིན་པས། སྐུ་ཞབས་སྤེན་པ་ཚེ་རིང་གི་དོན་གཅོད་ཀྱི་ལས་དོན་རྣམས་ཚགས་ཚུད་ཡོང་ངེས་པའི་རྒྱུ་མཚན་གསལ་བོ་གཅིག་ནི། མི་མང་གི་ཡིད་ཆེས་ཁོང་གི་ཕྱོགས་སུ་ཨ་རིའི་ཕོ་བྲང་དཀར་པོའི་དབུ་རྩེ་བཞིན། དགུང་ལ་ཟུག་ཅིང་བློ་རྩེ་གཅིག་གིས་གཏད་ཡོད་པ་དེ་རེད།
སོང་མ་ཐག་བདུན་ཕྲག་རེ་འགའི་ནང་། ༧གོང་ས་ཆེན་པོར་ཐུགས་ཕམ་གྱི་དགོངས་སེལ་གསོལ་འདེབས་ཞུ་མཁན་ཆེ་ཕྲ་ཡོངས་ལ་བཀའི་ཕྱིར་ཕེབས་ཅི་ཞིག་ཡིན་མིན་ལ་མི་མང་གིས་ཉིན་སྒུག་མཚན་སྒུག་གནང་བཞིན་པ་ལ་གཞིགས་ན། ད་ལྟའི་དུས་ཚོད་འདིར་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གི་བོད་དོན་སྲི་ཞུའི་འཆར་སྣང་དང་བློ་རྩལ་རྣམས་ཕྱོགས་མང་པོར་གཏོང་མ་དགོས་པར། རིགས་གཅིག་རྐང་འཛིན་ལྟ་བུར་ཨ་རིའི་དོན་ཁང་གི་ལས་དོན་ཐོག་ནར་གཏོང་ཆོག་པ་འདི་ནི་དམིགས་བསལ་དགའ་སྤྲོ་འཕེལ་བའི་གནས་ཚུལ་ཙམ་དུ་མ་ཟད། རྒྱ་ཆེའི་མི་མང་གི་ཐུགས་བློ་བདེ་རུ་འགྲོ་བའི་རྒྱུ་ཡང་དག་པ་གཅིག་ཆགས་རྒྱུ་ནི་གསལ་བོ་རེད།
དོན་གཅོད་རྣམས་ལ་བཅའ་ཁྲིམས་དགོངས་དོན་བཞིན་༧གོང་ས་ཆེན་པོའི་མཚན་གནས་བསྩལ་ཡོད་པས། དོན་གཅོད་པ་རྣམས་ཀྱང་མཚན་གནས་རིན་པོ་ཆེར་གཞིགས་ཏེ་གང་ཟག་ཁྱད་དུ་འཕགས་པ་ཞིག་བསྐོ་དགོས་པ་ཞུ་ག་ལ་དགོས་ཤིང་། སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ལ་༧གོང་ས་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་རིན་པོ་ཆེ་ཐོབ་པ་ནི། མཚན་དོན་ཡོངས་སུ་མཚུངས་པ་ཞིག་ཡིན་པ་རྒྱུ་མཚན་ཕྱོགས་ཡོངས་ནས་ནམ་ལངས་ཉི་ཤར་ཆགས་པའི་གནས་ཚུལ་ཞིག་ཡིན་པས། དེ་རིང་གི་གནས་ཚུལ་འདི་མ་འོངས་དོན་གཅོད་བསྐོ་བཞག་གི་ལས་དོན་ལ་མིག་དཔེ་དང་རྩ་འཛིན་དུ་འགྲོ་དགོས་པ་ཞིག་རེད། མཐར་བཅོས་མིན་གྱི་རྟེན་འབྲེལ་བསྐྱར་དུ་ཞུ་བ་དང་འབྲེལ། དོན་གཅོད་ཀྱི་མཛད་འགན་ཁག་ལས་དམིགས་བསལ་དབུ་མའི་ལམ་གྱི་རྒྱ་རིགས་འབྲེལ་མཐུད་དང་། དབུ་མའི་ལམ་གྱི་རྒྱབ་སྐྱོར་བཅས་པར་མཛད་རྗེས་ལོ་རྒྱུས་ནང་འགོད་འོས་པ་འཇོག་ཐུབ་པའི་སྨོན་འདུན་གཙང་མ་དང་བཅས།།
༢༠༡༦། ༥། ༧། ཉིན་དགོང་མོར་ཤར་ཕྱོགས་ཁུག་རྟས།
ཤར་ཕྱོགས་ཁུག་རྟས་སྤེན་ཚེ་དོན་གཅོད་ལ་བསྐོ་མཁན་སྲིད་སྐྱོང་བློ
སེང་ལ་བཀའ་དྲིན་ཆེ་ཞེས་མི་སྨྲ་བ་ནི་ཆོལ་ཁའི་ཞེན་ཁོག་དེ་ཕྱིར་བསྟན་འདུག་ག། ཡཡཡ་ད་ཡག་པོ་བྱུང། ཁུག་རྟ་བཀའ་བློན་དུ་བསྐོས་ན་གཞི་ནས་ཁོང་གིས་བློ་སེང་ལ་བསྟོད་པའི་བསྟོད་གླུ་ཞིག་འབུལ་ངེས་རེད།
ཁྱུང་སེ་གླེན་པ། སྲིད་སྐྱོང་གཅིག་པུར་བསྐོ་བའི་དབང་ཆ་ཁྱོད་ཀྱིས་སྤྲད་ཡིན་ནམ།
ཨ་ལེ།
སྲིད་ལ་མི་མང་གིས་དབང་ཆ་སྤྲད་ཡོད།
༅།། སྐུ་ཞབས་སྤེན་ཚེ་མཆོག་ཨ་རི་དོན་གཅོད་དུ་བསྐོོས་པར་ངས་སྲིད་སྐྱོང་མཆོག་དང།་བཀའ་ཤག་ལྷན་རྒྱས།་སྤེན་ཚེ་བཅས་པ་ཚང་མར་བཀྲིས་བདེ་ལེགས་དང་སྤྱི་དོན་དྲང་བདེན་ཁྲིམས་སྒྲིག་ལྟར་ཡོང་བའི་ངེས་མ་བཅོས་སེམས་ཀྱི་སྨོན་ལམ་འདེབས།
ཁྱོད་ཤར་ཕྱོགས་ཁུག་རྟ་གཡས་ཕྱོག་གཡོན་ཕྱོགས་མིན་པ་སྤྱི་ཚོགས་ནས་བསྟོད་དགོས་པ་ཞིག་བྱེད་ཨངཔ་དྲང་བདེན་བཟང་སྤྱོད་ལྡན་པའི་གསར་འགོད་པ་ཞིག་བྱེད་དགོས་པ་ནམ་ཡང་བརྗེད་མི་རུང་། དེ་མིན་ནམ་ཞིག་ཀུན་གྱི་སྨད་ཡོང་ཨང།
སྐུ་ཞབས་སྤེན་པ་ཚེ་རིང་ཨ་རི་དོན་གཅོད་བསྐོས་པ་ཡག་པོ་རེད། རྒྱ་གུང་ཁྲན་གྱི་ལབ་པ་དང་གཅིག་པ་རེད་འདུག་་་བཙན་བྱོལ་གཞུང་གི་བྱེད་སྟངས་དང་ལས་སྟངས་ལ་གཅིག་གཟིག་གནང་ན་ཧ་གོ་ཡི་འདུག་་་་སྐུ་དབང་མི་མང་གི་བདམས་པའི་འགོ་ཁྲིད་ལ་གནང་ཡོད་ལབ་ན་། མི་དམངས་བདམས་པའི་འགོ་ཁྲིད་ལ་སྐུ་དབང་ཡོད་མེད་གསལ་པོ་རེད་འདུག་་་་ད་ལོ་འོས་བསྡུས་ནང་གསལ་པོ་ཆགས་སོང་། དེ་རིང་གི་ཨ་རི་སྐུ་ཚབ་བསྐོས་ཡ་ཡི་དབང་ཆ་མི་འདུག་ག་་་་དམངས་གཙོ་ག་བར་འདུག་་་མི་དམངས་ཀྱི་ཤེས་པར་བྱོས་།
འདི་ཤར་ཕྱོགས་བྱ་ཁུག་རྟ་འདི་དཀྲུགས་ཤིང་བྱེད་མཁན་རེད་འདུག་བ་ཡིག་དོན་ནང་ལ་ཡང་སྲིད་སྐྱོང་ལ་ཞབས་སྟེག་ལ་ནུས་མེད་བཟོ་མཁན་ཡིན་འདུག་པ་ཁྱོད་འདྲ་བོ་མི་དེ་བལ་ཡུལ་རྒྱ་ནག་གཞུང་ཚབ་ལ་གཏོང་སྲིད་སྐྱོང་ཡུན་ནམ།
བཀའ་ཤག་གིས་སྐུ་ངོ་ཚོགས་གཙོ་ཨ་རིའི་དོན་གཅོད་དུ་རྫངས་པ་ནི་ཚོགས་གཙོ་ལགས་དམྱལ་བའི་ཡུལ་ལ་རྒྱང་ཕུད་བཏང་བ་དང་གཅིག་པ་རེད།
བཀའ་བསྩལ་པ་འདྲེ་ཤིག་མ་རུངས་པ་ཞིག་བོད་ཀྱི་མཁས་པས་བྲིས་པའི་བཀའ་སྩལ་པ་མལ་སར་གཉིད་ཁུག་མི་ཐུབ་ཞིག་གོ། བརྗོད་པ་འདི་ཉིད་ཉིན་གསུམ་སྔོན་ལ་བྲིས་ཡོད། དི་རིང་འདི་ན་ཡང་། བཀའ་བསྩལའབྲིས་འདུག གོང་གི་ཚིག་བརྗོད་ལ་སྣོན་མ་ཞིག་རྒྱབ་དགོས་བསམས་ནས། བཀའ་བསྩལ་པནི། སེལ་བའི་འདས་པའི་སྒྲ་ཡིན་པར་བཀའ་འགྱུར་དཔེ་ཆ་ཁ་ཤས་ན་ཡོད་པར་མ་ ཟད་བརྡ་གསར་རྙིང་གི་ཁྱད་པར་སྟོན་པ་བསྟན་བཅོས་ལི་ཤི་གུར་ཁང་ན་ཡང་ན་ཡང་དེ་བཞིན་གསལ་ལོ།
བློ་བཟང་ཆོས་འབྱོརལེགས་ཀྱི་ཡི་གེའི་དག་ཆ་ཕལ་ཆེ་རྣམས་ལེགས་པས་ཁོ་བའི་ཡིག་ནོར་ཡོད་པ་ཀུན་ལ་ཞུས་དག་མཛོད་ཞུ་བ་ལགས་སོ།
ལི་ཤི་གུར་ཁང་ན་ཡང་ན་ཡང་། ཞེས་པར་ལི་ཤི་གུར་ཁང་ན་ཡང་ཞེས་ཞུས་དག་བྱས།
བཀའ་ཤག་ནས་རླབས་ཆེན་གྱི་དགོང་པ་བཞེས་ནས་བཙན་བྱོལ་བོད་མིའི་མཐུན་བསྒྲིལ་དེ་བཟང་ཕྱོགས་སུ་ཁ་ཕྱོགས་པར་དགའ་བསུ་ཡོད་ལ་ སྲིད་སྐྱོང་འོས་མི་གཞན་ཚོ་ལའང་རང་རང་གི་ལྷག་བསམ་དང་འཇོན་སྟངས་ལ་ཞིག་པའི་ལས་འགན་རེ་གནང་ཐུབ་ན་སྤྱི་ཚོགས་ནང་ཕྱོགས་གཏོགས་ཀྱི་བསམ་ཚུལ་ངན་པ་དོར་ཐུབ་པའི་ཕན་ཐོག་ཡོད་པ་མ་ཟད་ བོད་དོན་བདེན་མཐའ་གསལ་ཐབས་ལ་ནུས་པ་གཅིག་ཏུ་སྤུང་ཐུབ་པའི་ལམ་ཁ་བཟོ་ཐུབ་།
ཆབ་སྲིད་པས་རང་གི་ཁེ་ཕན་དོན་མི་གསོད་དགོས་ན་མི་གསོད། རྫུན་བཤད་དགོས་ན་རྫུན་བཤད། སྤྱི་ཚོགས་མཐུན་སྒྲིལ་གཏོར་དགོས་ན་གཏོར་ནས་གང་ལྟར་ཁོང་ཚོའི་ཁེ་ཕན་ཐོབ་པར་ཅི་ཐུབ་བྱེད་ཀྱི་རེད། དེའི་འབྲས་བུར་ད་རེས་ཆབ་སྲིད་པ་རྣམས་ལ་འཐོབ་དགོས་པའི་ཁེ་ཕན་ཐོབ་ཚར་སོང་། གཅིག་ལ་སྲིད་སྐྱོང་ཐོབ་སོང་། གཅིག་ཤོས་ལ་ཨ་རིའི་གཞུང་ཚབ་ཀྱི་དབང་ཆ་ཐོབ་སོང་། དེའི་དབར་ལ་གྱོང་དེ་མི་དམངས་ལ་རག་སོང་། སྔར་གྱི་མི་དམངས་ནང་ཁུལ་ཡིད་ཆེས་དེ་མེད་པ་བཟོས། ཨ་མདོ་ཁམས་པའི་དབར་ལ་ཁྱོད་ཤི་ང་གསོན་གྱི་འཁོན་གྲས་ཤིག་བསླེབས། ཆབ་སྲིད་པ་གཉིས་སྐྱིད་པོ་བྱས་ནས་བསྡད་ཡོད།
ཤོར་མཁན་དེ་མི་དམངས་རེད། མཐུན་སྒྲིལ་རེད། གྱོང་ཁ་རེད། འཐོབ་མཁན་དེ་སྤེན་ཚེ་དང་བློ་སེང་རེད། སྡུག་གྱོང་མི་དམངས་ཀྱིས་ཁུར་སོང་།
པད་རྡོར་ལགས། ཐུགས་ཁྲལ་མ་གནང་གདའ། བོད་མཐོང་མ་མྱོང་བའི་བློ་སེང་དང་སྤེན་ཚེའི་རྗེས་སུ། མདོ་སྟོད་སྨད་མི་མང་རྣམས་ཁྱི་རྒྱུག་རྒྱུགས་གནང་གི་མ་རེད་ལོ། བློ་བདེ་བོ་བྱོས།
ང་ཚོ་བོད་པ་ཚོས་ཤེས་དགོས་པ་གཅིག། ཆབ་སྲིད་པ་ཚོར་ཡིད་ཆེས་མ་བྱོས། རང་དོན་ཁོ་ནའི་མི་འབའ་ཞིག་རེད། ཆབ་སྲིད་པ་ཚོར་རྟག་ཏུ་དྭོགས་འདྲི། བརྟག་དཔྱད། འཐེར་འདོན་ཤུགས་ཆེ་བྱས་ན། ཁོང་ཚོས་མི་དམངས་སྟབས་བདེ་པོས་ཁྲིད་མི་ཐུབ།
ཨ་རིའི་མི་མང་གིས་སྲིད་གཞུང་ལ་ཡིད་ཆེས་རྩ་བ་ནས་མི་བྱེད། གཞུང་ལ་མི་མང་གི་འཚོ་བའི་ཐད་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་མི་སྤྲོད། ཝ་ཤིན་ཀྲོན་རྐུན་མ་དང་འཇག་པའི་ཚང་རེད་ཅེས་རྒྱུན་པར་ཤོད། ཆབ་སྲིད་པས་ཀྱང་མི་མང་རྣམས་སྟབས་བདེ་པོར་ཁྲིད་མི་ཐུབ་པ་ཤེས་ནས། ཆོལ་ཁ་དང་ཆོས་ལུགས་ལ་ལག་པ་འཆང་མི་སྲིད། ལྟ་བ་སྐམ་པོ་ཞིག་ལག་ཏུ་འཁྱེར་ནས་སྲིད་འཛིན་ལ་ལངས་པར་བྱེད།
༡་་་ཁྱི་རྐུན་འོ་ཟོ་ཁ་ནས་འཆམ་འགྲོ་གི་རེད་ཟེར་ནས་རྒྱལ་གཅེས་པ་ཀླུ་བྱམས་ཀྱིས་གསུངས་མྱངས་ཡོད། དངོས་གནས་བདེན་པ་རེད་ཤག མི་དམངས་ནང་ཁུལ་དང་ཆོལ་ཁའི་བར་དུ་དཀྲུགས་ཤིང་ཡ་ང་ཞིག་བརྒྱབས་ནས་མ་འོངས་བོད་མི་དམངས་ཀྱི་མཐུན་ལམ་གད་ཆགས་ཆེན་ཟོས་སོང་།
༡་་་སྐུ་ཞབས་སྤེན་པ་ཚེ་རིང་ཞེས་འབོད་དུས་གྲྭ་པ་སྤེན་པ་ཚེ་རིང་ཟེར་བཞིན་ཡོད་རེད། སྐུ་ཞབས་ཟེར་ན་བོད་སྐད་ཀྱི་ཐོག་ནས་གྲྭ་པ་བླ་མའི་མིང་རེད།་་་་ཧཧཧ སྤེན་ཚེས་སྐུ་ཞབས་བྱས་ཚར་བ་ཡིན་ན་གྲྭ་སར་ཁག་ཞིག་ལ་སྡིག་སྤང་དགེ་སྒྲུབ་བྱེད་མཁན་ཕྱིན་ན་ཏག་ཏག་རེད།
སྐུ་་ཞབས་ཞེས་པའི་ཞེ་སའི་ཚིག་འདི་མང་གཙོའི་སྤྱི་ཚོགས་ནང་རན་པོ་དང་། འོས་པོ་ཞིག་ཏུ་བསམ་གྱི་ཡོད། དབུས་གཙང་ཁུལ་བླ་མ་དང་། སྐྱ་སེར་ཕོ་མོ་མེད་པར་སྐུ་ཞབས་ཞེས་ཞེ་སའི་ཚུལ་དུ་ཡོངས་བསྒྲགས་བེད་སྤྱོད་བྱེད་ཀྱི་ཡོད།
སྐུ་ངོ་ཞེས་པའི་ཚིག་དེ་མང་གཙོའི་སྤྱི་ཚོགས་ནང་རྣ་བར་འགྲོ་པོ་ཞིག་མ་རེད་བསམ་མཁན་ཞིག་ཡིན་པས་
འགྲིགས་དང་མ་འགྲིགས་སློབ་གསོ་གནང་མཁན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་།
སྐུ་དྲག་གསར་པ་ཚོས་བོད་མི་དམངས་ཀྱི་མིང་ཐོག་ནས་སྒེར་གྱི་ཁེ་ཕན་ཞིག་བཟའ་ཡ་མ་རག་བར་དུ་སྤྱི་ཚོགས་གཏོར་བཤིག་བཏང་གི་འདུག བོད་མི་དམངས་ཀྱིས་འདོད་པ་མེད་ནས་འོས་མ་བླུགས་པ་རེད། བོད་མི་དམངས་ལ་མི་མཁོ་ཞེས་པའི་བརྡ་རེད། ཡིན་ཀྱང་་མི་དྲག་སྐུ་དྲག་ཚོ་ལ་བཙན་བྱོལ་གཞུང་གི་གོ་གནས་དང་ཚོགས་པ་ཞིག་སྒེར་བདག་བྱེད་ཀྱི་མ་བྱུང་ན་ལས་སླ་པོ་བཞག་གི་མི་འདུག
སློབ་གྲྭ་དང་ཐེབས་རྩ་ཚོགས་པ། དོན་གཅོད་སོགས་གང་རུང་ཞིག་སྒེར་བདག་བྱེད་ངེས་རེད། སྐུ་ངོ་འདི་དག་གིས་ཉམ་ཐག་བོད་མིའི་ཁྲག་འཇིབ་འཇིབ་ཀྱིས་སྐྱ་ལངས་ཤོར་ཚར་བ་རེད། སྐུ་ངོ་འདི་ཚོའི་འོག་ཏུ་བོད་མི་དམངས་ལ་དུས་ནམ་ཡང་བདེ་སྐྱིད་དང་ཁེ་ཕན་འདྲ་མཉམ་ཞིག་འཐོབ་མི་སྲིད་པ་རེད། བོད་མི་དམངས་ཀྱིས་ཤེས་དགོས་པའི་གནས་དོན་རེད།
༅༅། དྲ་ཐོག་ཏུ་བཤད་ན་རང་དབང་རེད་བསམ་ནས་གང་བྱུང་མང་བྱུང་བཤད་པ་དེ་འགྲིགས་ཀྱི་རེད་བསམ་གྱི་མེད། གཅིག་ནས་བོད་ཀྱི་ནང་ཆོས་དང་ཧ་ཅང་འབྲེལ་བ་ཡོད་པ་ཡ་རབས་ཀུན་སྤྱོད་ཞེས་པ་འདི་རང་རང་སོ་སོས་བསམ་དགོས། གང་བྱུང་བཤད་ན་ཡིད་ཆེ་་ཆ་བཞག་བྱེད་མཁན་མེད། ར་བཟི་ཟེར་བ་རེད་ཟེར།
ར་བཟི་ན་ངོ་ཚ་མེད་པ་ཁ་གང་བྱུང་མང་བྱུང་བཤད་ཀྱི་ཡོད་པ་ཤེས་གསལ་རེད།།
ནང་ཆོས་ཀྱི་དྲི་མ་མེད་མཁན་ཞིག་ཡིན་ན་ཅི་ཤེས། གང་ལྟར་ཡང་
མགོ་རུལ་བ་རྣ་བས་མ་འཚོར་ཞེས་པའི་དཔེ་བཞིན་མ་བྱེད་།་ཁ་ཤས་སྡུག་པ་མ་གཏོགས་བཤད་རྒྱུ་ཅང་མི་འདུག་ འདི་བཙན་པོའི་གདུང་རྒྱུད་ཙ་བ་ནས་མ་ེད། རུས་པ་ཁོ་རང་རྗོར་པོ་ཡིན་ས་རེ། བོད་པའི་ཁྲག་ཡིན་གྱི་མ་རེད་སྙམ།།
༅༅། ཕྱོགས་བཞི་གངས་རིའི་བསྐོར་བའི།། གངས་ཆབ་གླུ་དབྱངས་ལྷང་ལྷང།།
གངས་ལ་མེ་ཐོག་ཤར་ས།། ང་ཚོའི་བོད་ཡུལ་ཡིན་ལ།།
འཛམ་གླིང་ཡང་རྩེའི་བདག་པོ།། གངས་ཆབ་གླུ་དབྱངས་ལྷང་ལྷང།།
མི་གཤིས་ཀུན་སྤྱོད་བཟང་པོ།། སྐྱེ་འགྲོའི་ཡིད་སྨོན་བྱེད་ས།།
ང་ཚོའི་བོད་ཡུལ་ཡིན་ལ།།
ཤ་ཁུག་སྤྱི་འཐུས་ལ་འདེམས་ཐོན་བྱུང་བ་བོད་མིའི་བསོད་ནམས་ཟད་པ་རང་རེད།
༅༅། འགྲོ་ཀུན་བུ་བཞིན་སྐྱོང་བའི།། རྒྱལ་བསྟན་སྲོག་བཞིན་འཛིན་པའི།།
ཀུན་ལ་བྱམས་བརྕེ་གནང་མཁན།། སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།