བསྟན་འཛིན་ནོར་འཛིན། དཔེ་སྟོན་སློབ་གྲྭ། འཛིན་རིམ་༦ཁ རང་ལོ་༡༡
སྐྱབས་མགོན་ཡིད་བཞིན་ནོར་བུ།།
གངས་ཅན་བོད་ཀྱི་བླ་མ།།
འཛམ་གླིང་ཞི་བདེའི་དེད་དཔོན།།
སྐུ་ཚེ་སྐལ་བརྒྱར་བརྟན་ཤོག།
ཁྱེད་ཞལ་མཁའ་ཡི་ཟླ་གཞོན།།
སྐུ་ནི་གངས་རི་ལྷུན་པོ།།
གསུང་ནི་རིན་ཆེན་གདམ་ངག།
ཐུགས་ནི་སྙིང་རྗེའི་རང་གཤིས།།
འཛམ་གླིང་ཤར་ནུབ་ཀུན་ལ།།
གང་སར་ཞབས་སོར་འཁོད་དེ།།
ཞི་བདེ་འཆམ་མཐུན་ཆེད་དུ།
ངལ་བ་དང་དུ་བླངས་ཡོད།
ནམ་མཁའི་ཉི་མ་ནང་བཞིན།།
མཚན་མོ་ཟླ་བ་ཇི་བཞིན།།
མུན་སེལ་སྒྲོན་མེ་ལྟ་བུའི།།
མཛད་པ་འཕྲིན་ལས་བསྐྱངས་ཡོད།།
རང་ཡུལ་དགྲ་ལག་ཤོར་ཏེ།།
གཞན་ཡུལ་ས་མཐར་གྱར་ཡང།།
བོད་ཀྱི་ཆོས་དང་རིག་གཞུང།།
མི་ཉམས་གོང་འཕེལ་མཛད་ཡོད།།
བོད་མི་ས་ཡ་དྲུག་གི།
རེ་བའི་མུན་སེལ་སྒྲོན་མེ།།
གངས་ཅན་བོད་ཀྱི་བླ་མ།།
སྐྱབས་མགོན་ཡིད་བཞིན་ནོར་བུ།།
དགུང་ལོ་མཐོན་པོར་ཟིན་ཀྱང།།
སྐུ་གཟུགས་གསལ་ཐང་འཚོ་ཞིང།།
བོད་མིའི་སེམས་པ་དགའ་བྱུང།།
འཛམ་གླིང་མི་དམངས་སྐྱིད་སོང།།
གྱ་ངའི་སྐུ་ཡི་འཁྲུངས་སྐར་།།
དགའ་བའི་མེ་ཏོག་སྟོང་གིས།།
སྐུ་ཚེ་བརྒྱ་དང་བཅོ་གསུམ།།
ཡུན་དུ་བརྟན་པའི་སྨོན་ལམ།།