རླུང་དམར།
སེམས་དཔའ་ཆེན་པོ ཁྱེད་རྡ་སའི་རི་གྲོང་གི་ཕོ་བྲང་དབུ་རྩེ་ནས་བཞུགས
གངས་ཀྱི་རི་ལ་རྒྱང་ཤེལ་བསྣམས་ཏེ་སྤྱན་གཟིགས་མཛད་དེ་འདུག
གནམ་སའི་མཛེས་དཔྱོད་འོད་དུ་འཚེར་གྱིན་ཡིད་འོང་གི་གླིང་ཆེན་པོ་ཞིག
ཁ་བས་བཀླུབས་པའི་གངས་རི རྒྱང་ཤེལ་ལས་གཟིགས་པ་ཆེན་པོ
ཐུ་བྷོད་ཀྱི་ལས་དབང་ལ་རྒྱང་ལྟ་གནང་གིན་པ་ཡིན་ནམ
འཁོར་བའི་མཛད་འཕྲིན་ལ་དམིགས་པ་གཏོད་ཀྱིན་པ་ཡིན་ནམ
གོ་ལའི་བདེ་སྡུག་ལ་བསམས་ཏེ
མིའི་རིགས་ལ་ཕུགས་རྒྱང་གི་ཞི་བདེའི་འབོད་པ་སྒྲོག་གིན་པ་ཨེ་ཡིན
སྟོན་མཆོག་བདག་ཉིད་ཆེན་པོ ཐེངས་གཅིག་ཞལ་གསེར་མཇལ་བས
འགྲོ་མི་རྣམས་ཆེས་བདེ་ཁམས་ལ་འདྲེན་པའི་བྱིན་རླབས་བསྩལ
ཁྱེད་ཀྱི་གདུལ་བྱའི་འཁོར་ལ་སྐྱེ་བར
ཐམས་ཅད་པོས་སྐྱབས་སྨོན་གནང་གིན་འདུག
སྐུ་རིན་པོ་ཆེ ཆོས་སྒྲའི་ཞལ་གདམས་མཁའ་མཐའི་བདུད་རྩི་ཉག་ཅིག་རེད
ཁྱེད་ཀྱིས་དགྱེས་གཟིགས་ཀྱི་དཔལ་ཡོན་ཉི་འབར་བཞིན་འཕགས་ཏེ
དགེ་བ་རྣམ་དག་གི་འཕྲིན་ལས་གནམ་འོག་ལ་ཞི་བར་རྨད་དེ་འདུག
གྲུ་འཛིན་བདག་པོ ཁྱེད་ཀྱིས་རྒྱང་ཤེལ་ལས་པོ་ཏཱ་ལའི་མངའ་ཐང་གཟིགས་ཀྱིན
རང་དབང་ལྡན་པའི་ཁ་བ་རི་བ་ཚང་ཞིག་ཐུགས་སྨོན་འདེབས་ཀྱིན་ཡོད་དམ
ཕྱིར་རང་ཡུལ་བོད་ལ་ཆིབས་བསྒྱུར་ཡོང་བའི་རྟེན་འབྲེལ་བསྒྲིགས
རྒྱལ་ཤེལ་ནང་ནས ས་ཡ་དྲུག་གི་དད་ཞེན་དང་རྨི་ལམ་དེར་གཟིགས་བཞིན་པ་ཚོར
ཤེས་རབ་མཐར་གྲོལ་གྱི་བློ་གྲོས་ལ་གཤོག་པ་བཙུགས་ཏེ་ཡོད་པ་ངེས་རྟོགས་བྱུང
ན་མོ ཉི་དབང་ལ་ན་མོ
ཆུང་དུས་རྩེ་ནས་གཞོལ་ལ་རྒྱང་ཤེལ་གཟིགས། །
གཟིགས་ཞོར་དབང་ཞུ་སློབ་གཉེར་མཐར་ཐོན་མཛད། །
རྒས་དུས་དྷ་སའི་ཕོ་བྲང་གཟིམ་ཆུང་ནས། །
རྡོལ་རྡར་རིར་གཟིགས་འགྲོ་བ་ཡོངས་ལའང་གཟིགས། །
བོད་ཀྱི་མི་དབང་ཁྱེད་འདྲར་འོངས་འགྱུར་རམ། །
སྤྱན་རས་གཟིགས་དབང་ཁྱེད་འདྲར་འོངས་འགྱུར་རམ། །
སངས་རྒྱས་རློན་པ་ཁྱེད་འདྲར་བྱོན་འགྱུར་རམ། །
ད་ལྟ་བྱོན་པ་ཁྱེད་ལ་གུས་ཕྱག་འཚལ། །