སྐུ་ལ་གཞོན་ཉམས་རྒྱས་པའི་སྐུ་པར། Posted on 2009-07-292009-07-29 By དགེ་རབ་ 3 Comments on སྐུ་ལ་གཞོན་ཉམས་རྒྱས་པའི་སྐུ་པར། དེ་རིང་དུས་བབ་དྲ་རྒྱའི་ཐོག་ནས་གཤམ་གྱི་སྐུ་པར་འདི་མཇལ་བྱུང་། ཞལ་རས་ལ་གཞོན་ཉམས་རྒྱས་པའི་བླ་མའི་ཞལ་རས་འདིས་དགའ་དད་ཀྱི་སྤུ་ལོང་གཡོ་བ་བར་བྱས། ཕྱི་ཚེས་ ༢༨ ཉིན་པོ་ལན་ཌིའི་ཝར་སོ་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། པར་དབང་། AFP གསར་འགྱུར།
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྟོང་།། སྤྱན་སྟོང་སྐལ་བ་བཟང་བོའི་སངས་རྒྱས་སྟོང་།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། །།
ཡིད་བཞིན་ནོར་བུ་དྲན་གླུ། ང་ལ་རྒྱུ་ནོར་མི་དགོས། ང་ལ་དབང་ཆ་མི་དགོས། ང་ལ་སྙིང་ནས་དགོས་པ། ཡིད་བཞིན་ནོར་བུའི་ཞལ་རས། ཡིད་བཞིན་ནོར་བུ་མཇལ་ན། རྒྱ་སྒོར་ཁྲི་ལས་ལྷགས་པ། གྲྭ་བཞིར་ལོ་བཅུ་བཅུག་ཀྱང་། སེམས་པ་བདེ་དགའ་ལྷང་ལྷང་། ཡིད་བཞིན་ནོར་བུ་བྲལ་ནས། མི་ལོ་ལྔ་བཅུ་ཕྱིན་ཡང་། དད་པའི་ས་བོན་མྱུ་གུ སེམས་ནང་གང་སར་རྒྱས་འདུག ང་ལ་བྱམས་པས་འདྲིས་པ། གློ་སྙིང་སུ་ལ་གཏད་ཟེར། ཡིད་བཞིན་ནོར་བུར་ཞུས་པས། ཁོང་ཡང་འདི་ལྟར་ཡིན་ཟེར། བར་སྐོར་ནང་གི་མཛེས་མས། ང་ལ་འཛུམ་མུལ་བྱས་བྱུང་། སེམས་པ་ཤོར་རམ་འདྲིས་པ། སྐུ་པར་སྟེར་རོགས་ཟེར་བྱུང་། ཡིད་བཞིན་ནོར་བུའི་མཛེས་རྒྱན། བྱམས་དང་སྙིང་རྗེས་སྤྲས་འདུག ང་ཡི་ཆུང་འདྲིས་ལུས་ལ། རྡོ་དང་ལྕགས་ཀྱིས་འགེབས་འདུག ཆུང་འདྲིས་བརྩེ་བ་ཆེ་ཡང་། སེམས་པ་ཁོང་ལ་ཤོར་སོང་། སེམས་ལ་རང་དབང་མེད་ན། ཆུང་འདྲིས་ཡོད་ཀྱང་སྡུག་བསྔལ།
གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱར་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།། ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྟོང་།། སྤྱན་སྟོང་སྐལ་བ་བཟང་བོའི་སངས་རྒྱས་སྟོང་།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། །།
ཡིད་བཞིན་ནོར་བུ་དྲན་གླུ།
ང་ལ་རྒྱུ་ནོར་མི་དགོས།
ང་ལ་དབང་ཆ་མི་དགོས།
ང་ལ་སྙིང་ནས་དགོས་པ།
ཡིད་བཞིན་ནོར་བུའི་ཞལ་རས།
ཡིད་བཞིན་ནོར་བུ་མཇལ་ན།
རྒྱ་སྒོར་ཁྲི་ལས་ལྷགས་པ།
གྲྭ་བཞིར་ལོ་བཅུ་བཅུག་ཀྱང་།
སེམས་པ་བདེ་དགའ་ལྷང་ལྷང་།
ཡིད་བཞིན་ནོར་བུ་བྲལ་ནས།
མི་ལོ་ལྔ་བཅུ་ཕྱིན་ཡང་།
དད་པའི་ས་བོན་མྱུ་གུ
སེམས་ནང་གང་སར་རྒྱས་འདུག
ང་ལ་བྱམས་པས་འདྲིས་པ།
གློ་སྙིང་སུ་ལ་གཏད་ཟེར།
ཡིད་བཞིན་ནོར་བུར་ཞུས་པས།
ཁོང་ཡང་འདི་ལྟར་ཡིན་ཟེར།
བར་སྐོར་ནང་གི་མཛེས་མས།
ང་ལ་འཛུམ་མུལ་བྱས་བྱུང་།
སེམས་པ་ཤོར་རམ་འདྲིས་པ།
སྐུ་པར་སྟེར་རོགས་ཟེར་བྱུང་།
ཡིད་བཞིན་ནོར་བུའི་མཛེས་རྒྱན།
བྱམས་དང་སྙིང་རྗེས་སྤྲས་འདུག
ང་ཡི་ཆུང་འདྲིས་ལུས་ལ།
རྡོ་དང་ལྕགས་ཀྱིས་འགེབས་འདུག
ཆུང་འདྲིས་བརྩེ་བ་ཆེ་ཡང་།
སེམས་པ་ཁོང་ལ་ཤོར་སོང་།
སེམས་ལ་རང་དབང་མེད་ན།
ཆུང་འདྲིས་ཡོད་ཀྱང་སྡུག་བསྔལ།
གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱར་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།།
ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།