—–འཇམ་དབྱངས་དཀར་པོ།
དེང་སང་མི་བོ་ཅོག་དྲྭ་རྒྱའི་ངན་ལང་དང་སྐུད་མེད་དྲྭ་(Wi-Fi) ཡི་གསར་བརྗེ་ཡིས་ང་ཚོ་གང་ཞིག་ལ་སོང་ཡང་གང་ཞིག་ལ་འགྲོ་ཡང་དྲྭ་ལམ་ཧ་ཅང་སྟབས་བདེ་བཟོས་ཡོད། བཟོ་གྲྭ་རྣམས་ཀྱིས་འཕྲོད་བསྟེན་ལ་གནོད་པའི་ཅ་ལག་འདི་དག་མངགས་བཟོ་བྱེད་ཅིང་། ཁ་པར་གསར་གཏོད་དང་མཉམ་དུ་གང་ཐུབ་ཀྱིས་སྐུད་མེད་དྲྭ་བར་སྦྲེལ་ཐུབ་པའི་ཆ་རྐྱེན་སྐྲུན་པར་བྱེད། འོན་ཀྱང་གལ་སྲིད་ང་ཚོས་སྐུད་མེད་དྲྭ་བ་བེད་སྤྱད་ན་ཁྱོན་ཡོངས་ནས་བདེ་འཇགས་ཡིད་བརྟན་འཕེར་བ་ཞིག་མེད།
སྐུད་དྲྭ་དང་སྐུད་མེད་དྲྭ་བས་ང་ཚོའི་འཕྲོད་བསྟེན་ལ་ཇི་ལྟར་གནོད་འཚེ་ཐེབས་པའི་གནས་ཚུལ་ཞིབ་ཚགས་ལ་གཟིགས་རོགས་གནོངས།
སྐུད་མེད་དྲྭ་བ་ནི་གསོད་མཁན་ཞིག་ཡིན་ལ་དེས་ང་ཚོ་ག་ལེར་གསོད། འོས་འཚམ་གྱི་དྲི་བ་ཞིག་དྲིས་ཆོག་པ་ནི། སྐུད་པ་མེད་པར་ཡོ་བྱད་ཅི་ཞིག་གིས་ལམ་གང་ཞིག་བརྒྱུད་ནས་སྦྲེལ་མཐུད་བྱེད་དམ།
སྐུད་མེད་གློག་ཀླད་དང་ལག་འཁྱེར་འཆར་ཤེལ།(tablet:བོད་ཡིག་ནང་ཇི་ལྟར་འབྲི་དགོས་སམ།) ལག་འཁྱེར་ཁ་པར་བཅས་ཀྱི་བརྡ་རྟགས་ནི་ས་གནས་དྲྭ་ཚིགས་(WLAN) ཁག་གི་འགྱེད་འཕྲོའི་གློག་རླབས་ལ་བརྟེན་ནས་ཕན་ཚུན་སྦྲེལ་གྱི་ཡོད།
ང་ཚོའི་མཐའ་སྐོར་གྱི་ས་གནས་དྲྭ་ཚིགས་གློག་རླབས་ཀྱིས་འཕྲོད་བསྟེན་ལ་ཧ་ཅང་གནོད་འཚེ་བྱེད་པས། དབྱིན་ཇིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ས་གཞིའི་སྟེང་ནས་འགྲོ་བ་མི་ཅི་ཐུབ་བདེ་ཐང་དུ་སྡོད་པར་སྙན་ཐོ་ཞིག་བྲིས་པའི་ནང་གཤམ་གསལ་འཁོད་ཡོད།
སྐུད་མེད་དྲྭ་བའི་མཇུག་འབྲས།
༡) གཉིད་ཀྱི་རྨང་གཞི་བརླག་པར་བྱེད།
༢) མགོ་ཤུགས་ཆེན་པོ་ན་བའི་གནས་ཚུལ་ཧ་ཅང་མང་བ།
༣) རྣ་བར་ཟུག་གཟེར་ལངས་པ།
༤) ངལ་དུབ་ཚབས་ཆེན་གྱིས་མནར་བ།
འཕྲུལ་ལས་གསར་བ་ནི་མི་ཚེ་ནང་གི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད། གལ་སྲིད་མི་གང་ཞིག་གིས་ཁྱོད་ཀྱི་སྐུད་མེད་དྲྭ་བ་མཚམས་འཇོག་པའི་ཐབས་ཤེས་བྱས་ན། འགན་ལེན་བྱེད་སྟངས་དེ་ཁྱེད་ཀྱི་དགའ་མོས་བྱ་ས་ཞིག་མ་རེད།
ང་ཚོ་དྲྭ་བའི་ངན་ལང་ལ་སོང་ཟིན་པའི་དུས་འདིར། དེ་དག་བེད་སྤྱོད་མི་བྱེད་པར་གཟུར་རྒྱུ་ཧ་ཅང་དཀའ་ཡང་། ང་ཚོས་ངེས་པར་དུ་གཤམ་གྱི་རྒྱུ་རྐྱེན་ཁ་ཤས་ལ་དྭོགས་ཟོན་བྱས་ཏེ། སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་མི་ཡོང་བར་འབད་དགོས།
སྐུད་མེད་གློག་རླབས་ཀྱི་འཛེམ་བྱ།
༡) ཐབ་ཚང་དང་ཉལ་ཁང་ནང་སྐུད་མེད་དྲྭ་བའི་སྡུད་འགྲེམ་དྲྭ་སྒམ་(router) འཇོག་མི་ཉན། གང་ན་ཞེ་ན། སྡུད་འགྲེམ་དྲྭ་སྒམ་གྱིས་སྡུད་འགྲེམ་བྱས་པའི་གློག་རླབས་ཀྱིས་དེར་སྡོད་པའི་མི་ལ་ཧ་ཅང་གནོད་འཚེ་བྱེད།
༢) སྐུད་མེད་དྲྭ་ལམ་བྱེད་སྤྱོད་བཏང་རྗེས་གློག་སྒོ་བརྒྱབ་ན། ཁྱོད་ཀྱིས་འཚར་ལོངས་བྱེད་བཞིན་པའི་རང་གི་བྱིས་པ་གློག་རླབས་གནོད་འཚེ་ལས་སྐྱོབ་ཐུབ།
༣) སྡུད་འགྲེམ་དྲྭ་སྒམ་རྩིག་ངོས་སུ་བཀལ་ཏེ་གློག་རླབས་སྡུད་འགྲེམ་བྱེད་པ་དང་། ཁྱེད་རང་ཁྱིམ་ན་ཡོད་སྐབས་སྐུད་ལྡན་ཁ་པར་བེད་སྤྱོད་གཏོང་དགོས།
༤) མ་ཉལ་གོང་ལ་སྐུད་མེད་དྲྭ་སྒོ་རྒྱག་དགོས།
༥) སྐུད་མེད་དྲྭ་བས་ཁྱེད་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་བྱེད་པའི་ཤུགས་རྐྱེན་ཐེབས་པ་གསལ་རྟོགས་བྱས་ཏེ་བདག་གཅེས་བྱ་དགོས།
___________________
Router: སྡུད་འགྲེམ་དྲྭ་སྒམ། སྡུད་གཏོང་དྲྭ་སྒམ།
Tablet: ལག་འཁྱེར་འཆར་ཤེལ།
WLAN: ས་གནས་དྲྭ་ཚིགས།
Wi-Fi: སྐུད་མེད་དྲྭ་བ།
སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༧ ཉིན།
སྐུ་མེད་ཀྱི་དྲ་ལམ་དེ་ནི་
Router: དྲྭ་སྒམ་ཕྱོགས་འགྲེམ།
Tablet: ལག་ཀླད་གྲུ་བཞི།
WLAN: ས་གནས་དྲྭ་ཚིགས།
Wi-Fi: སྐུད་མེད་དྲྭ་མཐུད།
བསྒྱུར་ན། ་་་་་་་
ཤེས་བྱ་ལ་མཐའ་མེད་པས་ད་དུང་མང་པོ་འཐོན་ཡོང་གི་རེད་ལ་ འཇིག་རྟེན་མི་གནོད་མཁན་དང་ཕན་མཁན་གཉིས་ཀ་མཉམ་དུ་འཐོན་ཡོང་གི་རེད་ལ་ ནམ་ཞིག་མི་ལ་ཤོག་པ་སྦྱར་ནས་བར་སྣང་ལ་འཕུར་ནས་ད་ལྟའི་གནམ་གྲུ་མེད་པ་ཆགས་སྲིད་ལ་མི་གི་རྐང་པ་ལ་འཁོར་ལོ་སྒར་ནས་མོ་ཊ་དང་རི་ལི་སོགས་མེད་པ་ཆགས་ནས་མི་རང་ཉིད་ལྕགས་ལམ་དང་ལམ་ལ་རྒྱུགས་ནས་འགྲོ་སྲིད་པ་རེད་དོ་།