གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲིད་དོན་གྱི་གོ་གནས་ལས་དགོངས་པ་ཞུས་ཏེ་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་པའི་སྐོར་ལ་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱིས་སེམས་ཚོར་ཆེན་པོ་ཞིག་དང་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། དེའི་སྐོར་ལ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ལ་བཅར་འདྲི་ཞུས་བར། ཁོང་གིས་གསུངས་དོན། རྒྱལ་བ་རིན་པོ་ཆེ་མཆོག་སྤྱི་ལོ་༡༩༣༩་ལྷ་སར་ཕེབས་ཏེ་ཁྲི་འདོན་གནང་བ་དང་དེ་ནས་ལོ་གྲངས་༢༠་རིང་དུ་ནང་ཆོས་རྐྱང་བ་སློབ་གཉེར་གནང་ནས་བཞུགས་པ་རེད། སྤྱི་ལོ་༡༩༥༠་ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ད་ལྟའི་བར་དུ་ལོ་ངོ་༥༠་ལྷག་གི་རིང་དུ་བོད་ཀྱི་སྲིད་དོན་གྱི་ཕྱོགས་ལ་ཐུགས་ངལ་དང་སྐུ་ངལ་ཚད་མེད་བསྐྱོན་ཡོད་པ་རེད། གཅིག་ནི། མི་གཅིག་གིས་ལོ་ངོ་འདི་འདྲའི་མང་བོའི་རིང་དུ་ཆབ་སྲིད་ཀྱི་ལས་འགན་བཞེས་མྱོང་མཁན་ནི་དེང་སང་འཛམ་གླིང་དུ་ཆེས་དཀོན་པོ་ཡིན། ད་ལྟ་འཛམ་གླིང་དམངས་གཙོ་ཅན་དུ་འགྱུར་ལྡོག་ཕྱིན་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་མི་རབས་གསར་བ་རྣམས་ལའང་ཆབ་སྲིད་ཀྱི་གོ་རྟོགས་ཟབ་མོ་ལྡན་ཡོད། ཁོ་ཚོས་རང་མི་རིགས་ཀྱི་ལས་འགན་དེ་ངེས་པར་དུ་བསྒྲུབ་དགོས་པ་ཡིན། གཉིས་ནི། ད་ལྟ་༸གོང་ས་མཆོག་དགུང་གྲངས་༧༧་ལ་བསླེབས་ཡོད་པས་སྲིད་དོན་གྱི་གོ་གནས་ལས་བགྲེས་ཡོལ་ཞུ་བའི་དུས་ལ་བབས་ཡོད་པ་དང་། དེ་ལས་ཆོས་ཕྱོགས་རྐྱང་བའི་ལས་དོན་བསྒྲུབ་ན་སྔར་ལས་བོད་རྒྱ་མི་རིགས་གཉིས་ལ་ཕན་རླབས་ཆེན་པོ་འབྱུང་ངེས་ཡིན། དེང་སང་རྒྱ་མི་རིགས་གཙོ་བོར་གྱུར་བའི་འཛམ་གླིང་མི་དམངས་རྣམས་བོད་ཀྱི་ནང་ཆོས་ལ་དད་པ་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་རེད། གོང་ས༸་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ལས་བགྲེས་ཡོལ་ཞུ་རྒྱུར་ཐུགས་ཐག་བཅད་པ་དེ་ནི། ངས་བསམ་ན་བགྲེས་ཡོལ་ཞུ་བའི་དུས་ཚོད་ཡག་ཤོས་ཤིག་ཡིན་པ་དང་དེ་ནི་བོད་དང་བོད་རིགས་ཡོངས་ཀྱི་བདེ་དོན་ཁོ་ནའི་ཆེད་དུ་ཡིན་པ་རེད། ང་ཚོས་ཁོང་གི་ཐུགས་ཀྱི་བཞེད་དགོངས་དེ་ལ་རྗེས་སུ་ཡི་རང་ཞུ་དགོས་པ་དང་། སྔོན་མར་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བའི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། ཁོང་གིས་རྒྱ་ནག་ནས་མན་ཇུའི་དབང་བསྒྱུར་ལམ་ལུགས་ཀྱི་སྟོབས་ཤུགས་དང་རྒྱ་གར་ནས་ཨིན་ཇིའི་དབང་བསྒྱུར་ལམ་ལུགས་ཀྱི་སྟོབས་ཤུགས་གཉིས་ལ་ཁ་གཏད་བཅགས་ཡོད་པ་དང་། ཁོང་གིས་མན་ཇུ་དང་ཨིན་ཇིའི་དབང་བསྒྱུར་ལམ་ལུགས་དེ་གཉིས་ལ་གྲུབ་འབྲས་ལྡན་པའི་སྒོ་ནས་འབྲེལ་ལམ་གྱི་བཏང་འཛིན་གནང་ཡོད་པར་མ་ཟད། ད་དུང་བོད་ཀྱི་རང་དབང་དང་བརྟན་ལྷིང་ལ་སོགས་གསར་འཛུགས་གནང་ཡོད། ཁོང་ཉིད་དགོངས་པ་རྫོགས་པའི་རྗེས་སུ་གནས་ཚུལ་ག་རེ་བྱུང་བ་རེད། ང་ཚོའི་གཞུང་གི་ཤེས་རྒྱ་ཆུང་བའི་དཔོན་རིགས་དང་མི་དྲག་ཚོས་གནས་སྟངས་དེ་དག་འཛིན་སྐྱོང་བྱེད་ཐུབ་མེད་པ་དང་ཁོ་ཚོས་ང་ཚོའི་རྒྱལ་ཁབ་འདི་ནི་ལས་སླ་བོའི་སྒོ་ནས་རྒྱ་ནག་གིས་དབང་བསྒྱུར་བྱེད་དུ་བཅུག་ཡོད་པ་རེད། དུས་ཚོད་དེར་ང་ཚོའི་དཔོན་རིགས་ཚོས་མ་འཇོན་པ་དང་དུས་ཚོད་དེའི་གོང་དུ་ཁོ་ཚོ་ལ་ཤེས་ཡོན་དང་འཇོན་ཐང་གཉིས་ཀའི་གོ་རྟོགས་མེད་པར་མ་ཟད། ཕྱི་ལོགས་ཀྱི་འཛམ་གླིང་གི་གནས་སྟངས་ལ་ཤིན་ཏུ་མཐོང་རྒྱ་དང་ཤེས་རྒྱ་ཆུང་ཆུང་རེད། ཁོ་ཚོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་པའི་རྗེས་སུ་གོང་ས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་བའི་སྐུ་ན་ཆུང་བའི་སྐབས་ཀྱི་དུས་ཡུན་རིང་དུ་ཁོ་ཚོའི་ནང་ཁུལ་དུ་དབང་ཆའི་འཁྲུག་རྩོད་བརྒྱབ་ནས་བསྡད་པ་རེད། ཁོ་ཚོས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་མི་ཚེའི་གང་གི་འབད་བརྩོན་ལ་འཁུར་མ་བླངས་པར་སྣང་མེད་དུ་བཏང་བ་དང་ང་ཚོའི་རྒྱལ་ཁབ་འདི་དམར་ཕྱོགས་རྒྱ་ནག་གིས་དབང་བསྒྱུར་བྱེད་པར་ལས་སླ་བོར་བཟོས་པ་རེད། དེར་བརྟེན། ང་ཚོས་ངེས་པར་དུ་འདས་ཟིན་པའི་ནོར་འཁྲུལ་ལས་བསླབ་བྱ་ལེན་དགོས་པ་ཡིན། གོང་ས་༸་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་འོག་ཏུ་ཁོང་གིས་མི་སེར་སྤེལ་བའི་རང་ལུགས་པ་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབང་བསྒྱུར་ལས་ང་ཚོ་ལ་རང་དབང་འཐོབ་པའི་ཆེད་དུ་བོད་མི་དམངས་ཀྱི་འཐབ་རྩོད་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གོ་སྐབས་བཟང་བོ་ཞིག་གསར་བཏོད་གནང་ཡོད། ད་ལྟ་གོང་ས་༸་མཆོག་གིས་ཁོང་གི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཞུ་བཞིན་པ་དང་། ཡིན་ནའང་། ཁོང་གིས་ང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་བཞིན་པ་དང་ང་ཚོའི་བོད་མི་རིགས་ཀྱི་སེམས་ཁམས་སུ་དུས་རྟག་ཏུ་བཞུགས་བཞིན་པ་རེད། དེ་ལྟར་དུ་ང་ཚོའི་དམངས་གཙོའི་ལམ་སྲོལ་གྱི་སྒོ་ནས་འདེམ་ཐོན་བྱུང་བའི་འགོ་ཁྲིད་ཚོས་ངེས་པར་དུ་གོང་ས་༸མཆོག་གི་རྗེས་སུ་འབྲངས་ནས་བོད་ཀྱི་བདེན་དོན་གྱི་ཆེད་དུ་ཁོང་གི་འདས་ཟིན་པའི་ལོ་ངོ་༥༠་ལྷག་རིང་གི་རང་དོན་བློས་བཏང་གི་ཞབས་ཞུ་ལས་ཉམས་མྱོང་དང་གོ་དོན་གསལ་རྟོགས་གནང་དགོས་ངེས་ཡིན། ང་ཚོའི་བོད་རིགས་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་ནས་རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་ཁམས་མི་སེར་སྤེལ་ཡུལ་དུ་བྱེད་པ་ལ་འཐབ་རྩོད་ངེས་པར་དུ་བྱེད་དགོས་པ་ཡིན། ཞེས་གསུངས་བྱུང་།
ཁ་བརྡ་ལགས་ནས་རྒྱ་མི་དམར་མི་ལྟར་ངའི་མཆན་འདི་ཚོ་མེད་པར་མ་བཟོ་རོགས་
རྒྱལ་ལོ་ལགས་ཁོང་རང་གི་ཆབ་སྲིད་རང་རེད་ ༧གོང་ལ་མཆོག་གི་དགོངས་པ་ཞུས་པ་དེ་ལོ་གཞོན་པ་དང་འབྲེལ་བ་ཡོག་མ་རེད་
སྲིད་གཞུང་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེ་རེད་
བློ་སེང་ལྟ་བུ་བོང་བུ་ཞིག་ལ་ག་རེ་བཟོ་བལྟ་བཟོ་བཟོ་རེད་བསམ་གྱི་ཡོད་པ་འདྲ་
སྐུ་སྐྱིད་ ད་བོད་མི་མང་གི་ལས་དོན་འདི་༧གོང་ས་མཆོག་གི་དགོངས་པ་ལྟར་བོད་མི་མང་ཐོག་བཞག་ན་མི་ལེགས་བསམ་
སྲིད་པ་རྡོ་རྗེ་ལགས་ཀྱི་ཡི་གེ་འདི་དག་མོ་ཞིག་བྲིས་ཡོད་ན་དོན་གོ་རྒྱུ་ཅན་རེ་བཤད་ཡོད་སྲིད།
སྲིད་པ་ཁམས་གསུམ་འཁོར་བ་ལགས
དང་པོ་བོད་ཡིག་སློབ་སྦྱོང་གནང་བར་ཕེབས་དང་།
༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་འཆར་ཐོས་པ་ཙམ་གྱིས་དྭོགས་པ་མང་པོ་ཅིག་བསངས་སོང་བས། བཅར་འདྲིའི་དྲི་ལན་གནང་མཁན་གཉིས་ཀར་ལགས་ལ་ཐུགས་རྗེ་ཆེ།
སྲིད་པ་ཟེར་བའི་ བོང་བུ་དེའི་མིག་ལམ་དུ་མཐོང་ཚད་ཚང་མ་རང་ཉིད་ལྟ་བུ་བོང་བུ་ཤ་ཏག་མཐོང་ཞི་ཡོད་ལེ་འདྲ་ མཁས་དབང་བློ་བཟང་སེངྒེ་ལགས་ཉིན་གཉེས་རྗེས་རྣམ་སྤྱོད་མཁས་པའི་བོད་མི་མང་མོས་ཀྱིས་རེ་བ་དང་དགའ་འདེམས་བྱས་ཏེ་བོད་དམངས་གཙོའི་གཞུང་ཀྱི་སྲིད་བློན་གཉིས་པ་དང་ མི་སྐྱའི་སྲིད་བློན་དང་པོའི་སྲིད་ཁྲིར་འཁོད་དེ་བོད་རྒྱལ་རབ་ནང་ལོ་རྒྱུས་གསར་པ་གལ་གནད་ཆེ་བ་ཞིག་ཆགས་ལེ་རེད་།
གནམ་སྡེ་སྒོ་མོ་ཆེ་ཡི་ཅུང་ཚུར་ཕྱོགས་དང་རྒྱ་གར་རྡ་རམ་ས་ལའི་ཅུང་ཕར་ཕྱོགས་ཀྱི་གནས་ཤིག་སྟེ་འཛམ་གླིང་ཚོང་གི་བལྟི་གནས་གྲོང་ཁྱེར་ཆེན་མོ་ཧོང་ཀོང་ཞེས་འབོད་པའི་ཡུལ་དེར་གནས་པའི་སྐུ་ངོ་མཆོག་གིས་བསམ་ཚུལ་རྣལ་མ་ཞིག་བཤད་འདུག འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁོང་གནས་དེ་རུ་མེད་པར་ཡུལ་གྱར་བའི་གནས་ནས་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་སྐད་ཆ་འདི་བཤད་པ་ཡིན་ན་ཅི་མ་རུང་བསམ་སོང་། དངོས་གནས་ཡིན། ཁོང་རིན་པོ་ཆེའི་སྐུ་སྤུན་རེད། སྐུ་སྤུན་འཇོན་ཐང་ཅན་དེ་རེད། སྐུ་སྤུན་རྒན་པ་དེ་རེད།
ད་ནི། བོད་ཀྱི་དུས་བབ་དྲ་རྒྱར་འཛུལ་ཐུབ་བགྱིད་མི་འདུག ཅི་ནམ། ལམ་སྟོན་འདྲ་ཡོད་ན་གསུང་རོགས་གནོངས།
ཀརྡོ་ལགས། དུས་བབ་དྲ་བར་ངའི་འདི་ནས་འཛུལ་ཐུབ་གྱི་འདུག
བཀྲ་ཤིས་སྒྲོལ་མ་ལགས། སྐུ་ངོ་ཁོང་སྤྱིར་འདུག་ས་ཧོང་ཀོང་ཡིན་མིན་གང་ལྟར་ཀྱང་དེང་སྐབས་བཀའ་སྦུག་ན་ཡོད་སྐད་ཐོས།
བོད་མི་རིགས་ཀྱི་ཆབ་སྲིད་ལ་མཁྱེད་རྒྱ་ཡངས་པའི་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་བཀའ་འདྲི་བྱས་པའི་ལེ་མཚན་འདི་དངོས་མ་ཡག་གི
དངོས་གནས་བཅར་འདྲི་ཞུ་མཁན་ལ་ཐུགས་རྗེ་ཞུ། ཁྱེད་ཀྱིས་དྲི་བ་འདྲི་ས་ནོར་མི་འདུག་ལ་དུས་ཚོད་ཀྱང་ཏག་ཏག་རེད། དྲི་ལན་ལས་གནད་འགག་མང་བོ་ཞིག་མིག་ལམ་དུ་བཞག་སོང་།
གཞན་དངོས་གནས་དུས་བབ་དྲ་རྒྱ་ས་འདི་ནས་སྒོ་ཕྱེ་མི་ཐུབ་ཀི ། ཁ་སང་ནས་ཕྱེ་མི་ཐུབ་ཀི།
འདིར་གསལ་བཤད་ཞུ་རྒྱུར། ངས་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ལ་དྲི་བ་གསུམ་ཕུལ་ཡོད་པ་སྟེ། དང་བོ། གོང་ས་༸མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ལས་དགོངས་པ་ཞུས་བའི་སྐོར་དང་། གཉིས་པ། བོད་ཀྱི་བཀའ་ཁྲི་འོས་མི་རྣམ་པ་གསུམ་གྱི་ལངས་ཕྱོགས་ཀྱི་སྐོར་དང་། གསུམ་པ། གོང་ས་༸མཆོག་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་གནང་སྟངས་ཀྱི་སྐོར་བཅས་ལས། དྲི་བ་མཐའ་མ་གཉིས་ལ་ད་ལྟའི་ཆར་ཁོང་ལ་དགོངས་ཚུལ་གང་ཡང་མེད་པར་གསུངས་པས་དྲིས་ལན་གནང་མེད་པ་དང་དེ་གཉིས་ཀྱི་སྐོར་ལ་མཆན་བུ་བ་རྣམས་ཀྱིས་དོགས་གཞི་སློང་བའི་དགོངས་པ་བཞེས་པའི་ངལ་བ་བསྟེན་མི་དགོས་སོ། །
ཐབས་མཁས་ཐུགས་རྗེ་ཅན་གྱི་རྒྱལ་བོ་དོན་གྲུབ་ཚང་གིས་མཁྱེན་ཡོད་ཁུ། དྲི་བ་དེ་གཉིས་ལ་ལན་བཏབ་པ་ལས་མ་བཏབ་ན་བཟང་གི་རེད། དོན་དངོས་ཤིག་གསུངས་ན་ཕྱོགས་ཞེན་ཟེར་ནས་གསུང་གི་རིན་ཐང་བརླག་གི་རེད།
སྐུ་ངོ་ས་དབང་ཆེན་མོ་མཆོག་གིས་གསུང་བ་ལ་མངོན་པར་བསྟོད་དོ།
༄། །སྐུ་ངོའི་གསུང་བདེན་པ་རང་རེད། དེ་ལྟར་འགྲུབ་མིན་སྤྱི་འཐུས་ལ་བལྟ་རྒྱུ་རང་རེད། དེ་ལྟར་མ་འགྲུབ་ན་སྤྱི་འཐུས་ཀྱི་འཐུས་ཤོར་ཆེན་པོ་རེད་འདོད། དེ་ནས་བཀའ་ཁྲི་ལ་བཀའ་ཟུར་བཀྲས་མཐོང་ལགས་འོས་ཤོས་རེད། གང་ལྟར་༧གོང་ས་མཆོག་གིས་བདེན་པ་གསུང་བཞིན་བདེན་དོན་སྒྲོག་བཞིན་བདེན་རྒྱབ་ཡོང་རེ་གནང་ཐོབ་ད་ལྟའིའབྲས་བུ་དེ། རང་ཚིག་མགོ་རྔ་མི་མཚུངས་ཞིང་བདེན་རྫུན་མང་པོའི་འུད་ཤོབ་བཤད་རྐྱང་གནང་མཁན་ཞིག་ལ་ཤོར་ན། ༧གོང་ས་མཆོག་གིས་དཀའ་ངལ་མང་པོ་བསྟེན་བཞིན་རྒྱལ་སྤྱིའི་སྟེང་བཞེངས་བཀོད་གྲུབ་པའི་བོད་ཀྱི་བདེན་དོན་སྨྲ་བའི་གཟུགས་བརྙན་ལ་གཏོར་ཞིག་ཐེབས་ངེས་ཏེ། ཁོང་གི་རྗེས་འཛིན་བཀའ་ཁྲི་དེར་རྫུན་གཏམ་མང་བས་སོ།།
ཁ་སང་ནས་དེ་རིང་བར་དུ་ངས་ཁ་བརྡ་ཚང་མ་བསམ་ཚུལ་སྤེལ་ཡང་། བསམ་ཚུལ་སྤེལ་བ་དེ་ཡང་སྐུ་ངོ་ཅིག་དང་འབྲེལ་བ་ཆགས་ཡོད་དེ། ཁ་བརྡ་ཚང་གིས་ཁྱོན་ནས་ཤར་དུ་མཇུག་གིན་མི་འདུག
དུས་བབ་འདི་ནས་མཐོང་གི་མི་འདུག
དུས་བབ་དྲ་རྒྱ་འདི་ནས་ཡང་སྒོ་ཕྱེ་ཐུབ་གི་མི་འདུག ལམ་སྟོན་རེ་གནང་རོགས་ཞུ། དྲ་གྲོགས་ཚོ།
སྐུ་ངོ་མཆོག་གི་གསུངས་ལ་གནས་ལུགས་དང་རྒྱུ་མཚན་འདུག
རྗེས་སུ་ཡི་རངས་ཡོད། ང་ཚོའི་གཞོན་སྐྱེས་ཚོས་བོད་རྒྱལ་ཁབ་
ཀྱི་འཛིན་སྐྱོང་དང་དམངས་གཙོའི་ལམ་ལུགས་ལ་ཉམས་མྱོང་དང་ཕྱག་ལས་
ཕྲག་ཏུ་ཁུར་ཏེ་གནང་རན་རེད་།
བོད་ཀྱི་དུས་བབ་ཀྱི་དྲ་རྒྱར་འཛུལ་མི་ཐུབ་པའི་རྒྱུ་མཚན་འོག་གི་གསལ་བསྒྲགས་ལ་གཟིགས། ཁྱེད་ཀྱི་དུས་བབ་ཀྱི་ཁ་བྱང་ནས་དྲ་རྒྱ་སྒོ་འབྱེད་སྐབས་དྲ་ཤོག་ཅིག་གི་རྩེ་མོར་འོག་གི་གསལ་བསྒྲགས་འདི་གསལ་བ་ཡིན་པས་འཛུལ་མི་ཐུབ་པའི་གནད་དོན་དེར་ལ་ཐུག་ཡོད།
NOTICE: This domain name expired on 03/16/2011 and is pending renewal or deletion
རྨ་མགུར་སངས་རྒྱམ་མཆོག་ལ་ཐུགས་རྗེ་ཆེ་ཞུ།
སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་བཀའ་མོལ་དེ་༧གོང་ས་མཆོག་ཆབ་སྲིད་ལས་བགྲེས་ཡོལ་ཕེབས་ཕྱོགས་ཐོག་གསུངས་འདུག
འོས་མི་སུ་གང་ལའང་རྒྱབ་སྐྱོར་མཚོན་པའི་སྐད་ཆ་མིན་འདུག
࿊སྐུ་ངོ་ཡིས་གསུང་པ་དེ་གནས་ལུགས་དང་རྒྱུ་མཚན་ཆེན་པོ་འདུག་ བོད་ཀྱི་གནས་སྟངས་དེ་ལ་གཞིག་པའི་རྒྱལ་བ་སྐུ་འཕྲིན་བཅུ་བཞི་པཆེན་པོ་་དེ་དང་དེའི་ཡབ་གཞིས་སྐུ་སྐོར་རྣམས་ང་ཚོ་གངས་ཅན་པ་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་
མཆན་འགོ་མ་དེའི་ཅི་ཟེར་གི་ཡོད་མེད་གསལ་བོ་ཤེས་མ་སོང་། དོན་གྱིས་རྒྱ་དམར་བཞིན་ངའི་མཆན་མ་བསུབ་ཅེས་བཤད་པ་འདྲ་བོ་འདུག་མོད ། བློ་སེང་ལ་སྐྱོན་བརྗོད་ཀྱི་ཚུལ་དུ་ཡོང་བ་ཞིག་རེད །
ད་རེས་གྲོས་ཆོད་དེས་ཉོབ་བཅུགས་སོང་ །
སྐུའི་གཅེན་པོའི་་གསུང་དེས་བོད་མི་མང་ལ་བརྡ་གསལ་ཞིག་བཏང་ཡོད། ༧གོག་ས་མཆོག་ལ་ཡིད་ཆེས་ན་ཁོང་གི་རླབས་ཆེན་དགོངས་པའི་་གཟིགས་ཕྱོགས་ལྟར་ཐག་གཅོད་དགོས། བཀའ་ཤག་སྤྱི་འཐུས་སོགས་ཀྱིས་བཞུགས་པར་གསོལ་འདེབས་ཏེ་ཞེ་སའི་ངོས་ནས་ཡིན་གྱིས་དམིགས་ཡུལ་རང་མིན་ཡོང་། ༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་ན་གནས་སྐབས་མཐར་ཐུག་ཀུན་ཏུ་ཕན་པ་རྒྱ་ཆེན་པོ་ཡོང་བ་གདོད་མི་ཟ་བས་དེ་ལ་འཐེར་ཁྱེར་བྱས་ན་བཀའ་བཅག་པ་དང་སྤྱི་སྒེར་གཉིས་གནོད་ཡིན་རྒྱུ་རེད་སྙམ། ཚང་མས་ཐུགས་བསམ་ཆེ་བཞེས་གནང་འཚལ།
གནས་ཚུལ་ཡག་པོ་རེད། སྐུ་ངོས་གསུང་པ་བདེན་གི ༸གོང་ས་མཆོག་བགྲེས་ཡོལ་གནང་བའི་དུས་སུ་སླེབས་འདུག
སྐུའི་གཅེན་པོས་གསུངས་པར་རྒྱུ་མཚན་འདུག་གང་ལྟར་གསར་འགྱུར་དང་དྲྭ་བདག་རྣམས་ནས་སྐུ་ངོ་འདྲ་བའི་སྲིད་དོན་པ་རྒན་གྲས་རྣམས་ལ་བཀའ་དྲི་གང་མང་ཞུས་ནས་ཁྱབ་བསྒྲགས་བྱེད་ཐུབ་ན་མི་མང་གི་བློ་སྒོ་འབྱེད་རྒྱུར་ཕན་ངེས།
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་དྲིས་ལན་བཀླགས་རྗེས། ཡང་བསྐྱར་ཕྲན་གྱི་བསམ་ཚུལ་འདི་བཞིན་གཤམ་དུ་བསྐྱར་ཟློས་བྱས་ན་བསམ་སོང་། ད་ལྟའི་ཆར་ཧང་སངས་དགོས་པ་ཞིག་ནི་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ཡི་རྗེས་སུ་རྒྱག་གཅིག་མཆོངས་གཅིག་ཡིན་ཞེས་ཡབ་གཞིས་ཚང་ཁ་ལ་ཟོས་རྒྱབ་ལ་གྱོན་མཁན་སྐོར་ཅིག་ཡོད་པ་དེ་དག་མཐོང་རྒྱུ་མེད་པ་དེ་ཡིན་པའི་ཁར། གྲིབ་རིས་རེ་འགའ་མཚམས་མཚམས་སུ་ཟམ་གདོང་རིན་པོ་ཆེ་ཡིས་འཁྱོག་འགྲེལ་གནང་བའི་རྗེས་སུ་མཐོང་རྒྱུ་འདུག་པ་དེ་རེད།
རྒྱལ་བ་རིན་པོ་ཆེ་ཡི་མ་འོངས་སྔོན་གཟིགས་ཀྱི་རླབས་ཆེན་དགོངས་གཞི་འདི་བཞིན་ལེགས་ལམ་དུ་མ་སོང་ན་འདོད་ཀྱིན་པའི་དཔུང་ཁག་གཉིས་ཡོད་པ་རེད།
༡ པེ་ཅིན་སྲིད་གཞུང་རེད་ལ། དམིགས་ཡུལ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བོད་ཀྱི་གནད་དོན་ཚར་ཟིན་པར་བཟོ་རྩིས་ཀྱི་འཆར་གཞི་བཏིངས་ཡོད་པ་རེད། དེ་བས། ཁོང་གི་བགྲེས་ཡོལ་གསུང་འཕྲིན་བསྩལ་མ་ཐག་པེ་ཅིན་ཕྱི་འབྲེལ་མགྲིན་ཚབ་པས། རྒྱལ་བ་རིན་པོ་ཆེ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་གཏོང་གི་ཡོད་པ་རེད་ཅེས་བཙན་ཚུགས་ཀྱིས་སྐུ་མ་བཞུགས་པའི་ཉིན་མོ་དེའི་བར་དུ་ཨུ་ཚུགས་རྒྱག་རྒྱུ་དང་། དེ་ནས་ཁོང་ཚོར་འཚམས་པའི་ཡང་སྤྲུལ་རྫུན་མ་ཞིག་ཁྲི་འདོན་བྱེད་རྒྱུ་ཡིན་པ་ཉེ་ཆར་རྒྱ་ནག་འཐུས་མི་ཚོགལས་ཆེན་ཟེར་བའི་སྟེང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་རིགས་འགོ་ཁྲིད་ཚོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གལ་ཆེན་ཡིན་ཚུལ། རྒྱལ་བ་རིན་པོ་ཆེ་ལ་རང་ཉིད་ཀྱི་ཡང་སྲིད་ཐག་གཅོད་ཀྱི་དབང་ཚད་མེད་ཚུལ་ལབ་ཀྱིན་པ་ལས་ར་འཕྲོད་ཡོད།
༢ ཁེ་བཟང་ལེན་མཁན་ཕྱོགས་ཁག་རེད་ལ། སྐུ་བཞུགས་ཐོག་མི་ལས་དགུ་ལས་ཀྱིས་ལེགས་འགྲུབ་མ་བྱུང་ན་ཡོད་ཚད་དབུ་ལ་གཡུགས་རྐྱང་བྱེད་ཀྱིན་པ་རེད་ལ། ཁོང་ཚོ་མཚོན་ན། སྡེ་སྲིད་ལྷན་ཚོགས་ཞེས་པ་དེར་དམིགས་བསལ་གྱི་བརྩེ་བ་ཡོད་པ་ཞིག་རེད། ཁ་སང་བཙན་བྱོལ་གྲོས་ཚོགས་ཚོགས་དུས་༡༡སྟེང་ནས་ཟམ་གདོང་རིན་པོ་ཆེ་ནས་བཀའ་དང་ལེན་ཡོད་ཞུ་བཞིན་དུ་ཉེན་ཁ་ཆེན་པོ་བདུན་ཟེར་བ་ཞིག་བགྲངས་ཡོད་པ་ལས་ར་འཕྲོད་ཡོད། དོན་ལ་ཉེན་ཁ་དེ་དག་རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་རིང་ཐག་གཅོད་ལ་དམིགས་ནས་བགྲེས་ཡོལ་ཞུས་པ་ཞིག་དང་། ཁོང་མ་བཞུགས་པའི་ཉིན་མོར་ཉེན་ཁ་དེ་དག་ཐག་གཅོད་ཡོང་ཐབས་མེད་པར་འགྱུར་མི་སྲིད་པར་དམིགས་ཡོད་པར་འདོད།
ད་ལྟ་མང་ཚོགས་ཀྱི་ངོས་ནས་བསམ་བློ་གཏོང་ས་གཙོ་བོ་གཉིས་ཡོད། ༡ རྒྱལ་བ་རིན་པོ་ཆེ་ཡི་ཡེ་ཤེས་དབྱིངས་དཔྱད་ལ་ཡིད་ཆེས་ཀྱིས་བཀག་འགོག་བྱེད་མཁན་གྱི་མི་འགྲོ་རྐང་གཅིག་ཀྱང་སྤྱི་འཐུས་ནང་མ་སླེབས་པ་བྱེད་རྒྱུ་ཡིན་ནམ། ༢ ཡེ་ཤེས་དབྱིངས་དཔྱད་ལ་ངོ་རྒོལ་གྱིས་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བཙན་བྱོལ་སྤྱི་ཚོགས་འདི་བཞིན་དེང་སྐབས་ཀྱི་པཱ་ལི་ཟི་ཐན་ནང་བཞིན་ཁ་འཐོར་དགུ་འཐོར་གྱིས་བོད་མིའི་དམིགས་འདུན་འདི་བཞིན་རང་བཞིན་གྱིས་རྩ་མེད་དུ་གཏོང་རྒྱུ་ཡིན།