གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།
ཕྱི་ཟླ་༧པའི་ཚེས་༧ཉིན་སྤེལ་རྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་ཨན་ཁྲིར་ཕན་ནས་༸གོང་ས་མཆོག་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་ཤིག་སྲུང་གཙི་བྱས་པ་དང་། མཛད་སྒོ་དབུ་མ་འཛུགས་སྔོན་ལ་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་དགེ་འདུན་པ་ཚོའི་མི་མང་ལ་འཆམ་འཁྲབ་སྟོན་གནང་། འཁྲབ་སྟོན་འགྲུབ་རྗེས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་འདྲེན་གྱིས་མཛད་སྒོ་དབུ་འཛུགས་གནང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་སྤར་སིལ་སྐུ་ཚབ་དོན་གཅོད་གསར་བ་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཀྱིས་མི་དམངས་ལ་བཀའ་སློབ་གསུངས་བཤད་གནང་བ་དང་། སྐབས་ལྔ་བའི་སྤེལ་རྗམ་བོད་རིགས་ཚོགས་པའི་ལས་བསྡོམས་སྒྲོགས་སྦྱང་བྱས་པ།
ཚོགས་པ་དང་མི་སྒེར་ཁག་གཅིག་གིས་གཞས་སྣ་གཟིགས་འབུལ་ཞུས་པ།
སྤེལ་རྗམ་བོད་རིགས་ཚོགས་པའི་སྐབས་དྲུག་པའི་བདམས་ཐོན་རྒྱུན་ལས་རྣམ་པ་ངོ་སྤྲོད་དང་བདེ་སྲུང་བཀའ་བློན་མཆོག་གིས་མཇལ་དར་སྒྲོན་པ། དེའི་རྗེས་སྤེལ་རྗམ་བོད་རིགས་ཚོགས་པའི་སྒྲིག་གཞི་ལྟར་རྒྱུན་ལས་སྐབས་དྲུག་པའི་ཚོགས་གཙོ་གཞོན་གཉིས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བརྒྱུད་ཐུབ་བསྟན་འཕེལ་རྒྱས་ལགས་ཚོགས་གཙོ་དང་རྣམ་རྒྱལ་དབྱངས་འཛོམས་ལགས་ཚོགས་གཞོན་དུ་བདམས་ཐོན་བྱུང་།
ཚེས་༨ཉིན་གྱི་ཕྱི་དྲོ་སྤེལ་རྗམ་རྒྱལ་ས་སྤར་སིལ་དུ་ཡོད་པའི་སྤེལ་རྗམ་གྱི་ཁྱད་ནོར་དང་མཚོན་རྟགས་གལ་ཆེན། ཡུལ་སྐོར་བའི་ལྟེ་གནས་སུ་གྱུར་ཡོད་པའི་Manneken Pis ཞེས་བའི་བྱིས་པ་དེ་ལ་གྲ་ཆས་ཆ་ཚང་གཡོགས་པའི་མཛད་སྒོ་ཞིག་འཚོགས་ཡོད་པར་ཕྱི་རྒྱལ་བོད་ཀྱི་གྲོགས་པོ་དང་བོད་རིགས་མི་གྲངས་བརྒྱ་ལྷག་འཛོམས་ཡོད་པ་དང་། མཛད་སྒོ་འགྲུབ་རྗེས་མི་མང་རྣམས་ས་གནས་དེ་ནས་La Bourse བར་ཏུ་གོམ་བགྲོད་ཀྱིས་༸གོང་ས་མཆོག་གི་མཚན་འཁོད་ཕྱག་སྨྱུག་༡༡༡༣ མི་མང་ལ་འགྲེམས་སྤེལ་བྱས་པ་དང་། ས་གནས་བོད་རིགས་སློབ་མ་ཚོའི་ཞབས་བྲོ་འཁྲབ་སྟོན་གནང་བ་དང་། བོད་མི་ཚོས་བོད་ཆས་སྤུས་དག་གྱོན་ཞིང་རོལ་ཆས་དཀྲོལ་བ་དང་ནང་མ་སྒོར་གཞས་འཁྲབ་པ་སོགས་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ལམ་ནས་་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་སྟོན་སྲུང་གཙི་བྱས་ཡོད་འདུག
ཚེས་༩ཉིན་སྤར་ཟིལ་གྱི་ནྰ་ལེན་ཊ་ཆོས་ཚོགས་ལྟེ་གནས་སུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་དང་སྤར་ཟིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཉིས་དབུ་བཞུགས་ཐོག་སྤེལ་རྗམ་བོད་རིགས་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་རྣང་པའི་ལས་ཁུར་དམ་འབུལ་ཞུས། དམ་འབུལ་རྗེས་བཀའ་བློན་དང་དོན་གཅོད་སྐུ་ངོ་རྣམ་གཉིས་ཀྱིས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་བ་དང་། སྤེལ་རྗམ་བོད་རིགས་ཚོགས་པའི་རྒྱུན་ལས་གསར་རྙིང་གཉིས་དང་ས་གནས་གཞོན་ནུ། ས་གནས་ཆུ་ལྒང་ཚོགས་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཅས་ཀྱི་སྐུ་ཚབ་རྣམས་དང་མཇལ་འཛོམས་ཀྱིས་བཀའ་འདྲི་བགྲོ་གླེང་གནང་།
གཡོན་བརྩིས་གསུམ་པ་དེ་སུ་ཡིན་ན་་་ག་རེད། ཨོ་རེད་་ས་དཀར་ཚང།
མཛད་སྒོ་གང་ཞིག་ཡིན་རུང་ཐོག་མར་སྐུ་པར་མཐོང་གྲོལ་ཆེན་མོ་གདན་འདྲེན་ཞུ་དགོས་པ་དང་དེའི་རྗེས་མཛད་སྒོ་ཚོགས་དགོས་པའི་རྒྱུ་མཚན་དང་གོ་རིམ་སྒྲོགས་རྒྱང་གནང་རྗེས་ད་གཟོད་མཛད་སྒོ་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་སོགས་གནང་རྒྱུ་དེ་གལ་ཆེ།
ཁ་སྔོན་སྐུའི་འཁྲུངས་སྐར་ཉིན་སྦེལ་འཇམ་དུ་ཡོད་པའི་བོད་རིགས་རྣམས་ཀྱིས་མིང་གྲགས་ཅན་གྱི་བྱིས་པ་གཅིན་གཏོང་ལ་གྲྭ་ཆས་གཡོག་པ་ལ་སོགས་པའི་ཉེས་པ་དུ་མ་ཞིག་བསགས་ཡོད་པའང་ཤེས་པར་གྱིས་ཤིག
ཨ་ལ་ལ། ཨ་མ་མ། དེ་འདྲ་ལགས་ན་ངས་གསར་འགྱུར་འདི་འདྲ་ཞིག་གཏོང་བར་ཉེས་བ་ས་སྟེང་ལ་མི་ཤོང་བ་ཞིག་བསགས་ཡོད་ས་རེད། ད་ཅི་བྱ།