ཨེ་མ་ཧོ།
ན་མོ་གུ་རུ་ཨ་མི་ཏ་བྷྰ་ཡེ།
བདེ་ཆེན་ཞིང་གི་མགོན་པོ་སྣང་མཐའ་ཡས།།
བདེ་སྟོང་དོན་གྱི་དཀྱིལ་འཁོར་སྤྲོ་བསྡུ་ལས།།
བདེ་ལེགས་གངས་རིའི་དཔལ་དུ་ཡང་ཤར་བ།།
བདེ་མཆོག་ཀུན་གཟིགས་པཎ་ཆེན་རྗེས་སུ་དྲན།།
མཆོག་གི་སྐུ་ལས་གངས་རིའི་ཕ་ས་གཅེས།།
གཅེས་པའི་སྲོག་ལས་རང་ཆོས་འཛིན་པར་གདམས།།
གདམས་པའི་ཚིག་ལས་བདེན་པའི་རྒྱལ་མཚན་ཅན།།
དབེན་པའི་རི་ལས་གྲོང་པའི་ཉམས་ཐག་སྐྱོབ།།
རྫུན་གྱི་ངག་ལས་དྲང་པོའི་ལ་རྒྱ་འཛིན།།
བཅོས་མའི་ཆོས་ལས་རང་བཞིན་གསང་སྔགས་པ།།
གསང་ཆེན་རྡོ་རྗེ་འཛིན་པ་སྙིང་ནས་དྲན།།
རང་ཡུལ་གངས་ཅན་འཛིན་པའི་དཔའ་བོ་རྒྱལ།།
བཤད་སྒྲུབ་ཕྲིན་ལས་སྐྱོང་བའི་སྐྱབས་གནས་རྗེ།།
བསྟན་སྲིད་ལུགས་གཉིས་སྤེལ་བའི་དེད་དཔོན་མཆོག།
ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་རྒྱལ།།
རྒྱལ་ཀུན་གསུང་གི་དབང་ཕྱུག་རྒྱལ་བའི་སྲས།།
སྲས་བཅས་མཛད་པ་རྒྱ་མཚོའི་སྤྱོད་པ་ཅན།།
ཕུན་ཚོགས་སྡེ་བཞིས་གཏམས་པའི་གངས་ཅན་དུ།།
འདི་ཕྱི་འབྲལ་མེད་བཀྲ་ཤིས་བདེ་ལེགས་སྨོན།།
ཞེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གཉིས་པར་སྙིང་གི་གཅེས་ཕྲུག་ཨོ་རྒྱན་ཡེ་ཤེས་རྡོ་རྗེས་སྐུལ་ངོར་ཨེ་མ་ཧོས་གང་དྲན་སྨོན་ཚིག་ཏུ་ཝ་ཡེལ་བྷན་གྷོར་གཙུག་ལག་སློབ་གླིང་གི་ཚིག་ཇ་ཁང་ནས་བགྱིས་པར་དགེའོ།།
ཨེ་མ་ཧོས་ཡག་པོ་བྲིས་འདུག ཡིན་ན་ཡང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཡིན་ན་རིན་པོ་ཆེ་སྐུ་འདས་དུས་བོད་རྒྱལ་ལོ ༢༡༡༥ བོད་ཟླ ༡༢ ཚེས་༢༡ དང་། རྒྱ་ནག་ཞིང་རྩིས་ཀྱི་ཟླ་༡༢ ཚེས༢༡ཉིན་ཡིན་པ་དང་།ཕྱི་ལོ་༡༩༨༩ ལོའི་ཟླ་༡ ཚེས་༢༨ཉིན་པས། དེ་ཙམ་ཞིབ་འཇུག་མེད་པར་འུར་སྒྲོག་བྱས་ན་ཡག་པོ་མ་རེད། དཔྱད་དགོས་འདུག
༸ཀུན་གཟིགས་པཎ་ཆེན་ཆོས་སྲིད་བཀའ་དྲིན་ཆེ། །
༸ཁྱེད་ཉིད་ལྔ་བཅུ་མ་ཟིན་གློ་བུར་འདས། །
༸པཎ་ཆེན་མཆོག་སྤྲུལ་བསྟན་དགེ་གློ་བུར་འཁྲིད། །
༸སྐུ་པར་ལས་ལྷག་སྐུ་དངོས་མཇལ་འདོད་ཡོད། །
པཎ་ཆེན་རང་བཞིན་འདས་པར་ཡིད་མ་ཆེས། །
པཎ་ཆེན་གློ་བུར་འཁྲིད་པར་བློ་མ་བདེ། །
རྒྱ་གཞུང་གདུག་རྩུབ་ཆེ་བ་ཀུན་གྱིས་ཤེས། །
བྱ་བྲལ་མཆོག་སྤྲུལ་ཡོད་མེད་སུ་ཡིས་ཤེས། །
པཎ་ཆེན་སྲས་མོས་རྒྱ་མི་ལ་བཟའ་སྒྲིག་བྱས་པ་དེས་རྟེན་འབྲེལ་ཅུང་ཙམ་འཆུགས་སོང་མ་གཏོགས་ཡབ་རྒན་ལ་བཤད་རྒྱུ་གང་ཡང་མེད།
གཅིག་བྱས་ན། སྲས་མོ་ལགས་ཀྱིས་རྒྱ་མི་ཞིག་མག་པར་བསུས་པ་དེས་མ་འོངས་པར་བོད་ལ་ཕྱག་ལས་མང་ཙམ་གནང་བར་ཕན་ཐོགས་ཡོད་ངེས་ཡིན། བོད་ནང་དུ་དཔེར་མཚོན་ཀྱང་ཁ་ཤས་ཐོན་ཡོད།
དེ་མིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་ཡང་དར་གྱི་རུ་སྣ་དྲངས་ཡོད་པར་མ་ཟད། བོན་ཆོས་ཡང་དར་ལའང་གཞོགས་འདེགས་བླ་མེད་གནང་ཡོད་ལ། ཁ་ཆེའི་གསུང་རབ་ཅིག་ཀྱང་རྒྱ་གཞུང་ལག་ནས་ཕྱིར་བླངས་ནས་ཟ་ལར་ཆོས་དད་མང་ཚོགས་ལ་སྤྲད་མྱོང་།
པཎ་ཆེན་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བོད་ཀྱི་སློབ་གསོ་བསྐྱར་གསོ་དང་བསྐུལ་འདེད་ལས་ཐོན་པའི་འབྲས་བུ་ནི་གཡུར་དུ་ཟ་བ་ཞིག་ཡིན། དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་རྒྱ་ཡིག་རིགས་གཉིས་སམ། བྱེ་བྲག་གང་རུང་བཀོལ་ནས་རྩོམ་འབྲི་ཐུབ་མཁན་ཕལ་ཆེ་བའང་རྒྱབ་ལྗོངས་དེའི་འོག་ནས་ཐོན་པ་ཤ་སྟག་ཡིན།
པཎ་ཆེན་ཁྱོད་ཀྱི་རླབས་ཆེན་མཛད་པ་ཡིས། །ཡངས་བའི་འཇིག་རྟེན་མགོན་དང་བཅས་སོ་ཞེས། །
ཕྱོགས་བཅུར་སྒྲོགས་ལ་བརྩོན་པའི་བོད་རིགས་ཚོགས། །ཁྱོད་ཀྱི་བསླབ་བྱ་སྲོག་བཞིན་སྲུང་འཚལ་ལོ། །
པན་ཆེན་སྲས་མོས་རྒྱ་མི་ལ་གཉེན་སྒྲིག་བྱས་པ་དེས་བོད་ཁྱོན་ཡོངས་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པའི་རེ་བ་ཡོད། སྤྱིར་ན་མི་སྒེར་ཞིག་གིས་བཟའ་སྒྲིག་དེ་མི་སྒེར་ཁོ་ནའི་གནད་དོན་ཡིན་མོད། པན་ཆེན་ཡབ་སྲས་གཉིས་ཆར་ལྟ་བུ་ང་ཚོའི་མི་རིགས་ཀྱིས་མིག་དཔེ་ལྟ་ཡུལ་དུ་གྱུར་ཡོད་པ་དེ་རིགས་ཀྱིས་མི་རིགས་ཁྱོན་ཡོངས་ལ་ཤུགས་རྐྱེན་མི་ལེགས་པ་ཏེབས་པའི་ཉེན་ཁ་ཆེན་པོ་རེད།
ལྷག་པར་ཡང་དེང་དུས་སུ་རྒྱ་དམར་གཞུང་གིས་རྒྱ་མི་དང་བོད་མི་བཟའ་སྒྲིག་བྱེད་པར་སྐུལ་སློང་དང་། གཟེངས་བསྟོད། ལྟ་རྟོག་བྱེད་པའི་ལས་འགུལ་སྤེལ་གྱིན་ཡོད་པའི་དུས་ཤིག་རེད། ༢༠༠༨ལོའི་ལས་འགུལ་འགུལ་གྱི་རྗེས་སུ་བོད་ཀྱི་ས་ཁུལ་མང་པོར་རྒྱ་དམར་གྱི་དམག་སྒར་མང་པོ་སླེབས་ཡོད་འདུག ལྷག་པར་ཡང་དགོན་པ་ཆེན་པོ་ཡོད་སའི་ཁད་ཉེ་སར་དམག་སྒར་དེ་ཚོ་འདེབས་གི་ཡོད་འདུག དམག་མི་དེ་ཚོ་བོད་ཀྱི་མང་ཚོགས་ཁྲོད་དུ་འབྲེལ་འདྲིས་བྱེད་པའི་ལས་འགུལ་མང་པོ་སྤེལ་གྱིན་ཡོད་པ་དང་། རྒྱ་རིགས་དམག་མི་དེ་ཚོས་བོད་མོ་མནའ་མར་བླངས་པ་ཧ་ཅང་མང་པོ་རེད། འདི་འདྲའི་སྐབས་སུ་པན་ཆེན་སྲས་མོས་རྒྱ་མི་ཞིག་ལ་བཟའ་སྒྲིག་བྱས་པ་དེ་ཉེན་ཁ་ཆེན་པོར་མཐོང་སོང་།
བོད་དུ་བླ་མ་གྲྭ་བ་ཚོས་སློབ་གྲྭ་མང་པོ་རྒྱག་གིན་འདུག ཡིན་ན་ཡང་། ཁོང་རྣམ་པས་གཙོ་བོ་ཆོས་སྤེལ་བ་དང་གྲྭ་འབོར་སྤེལ་བའི་དམིགས་ཡུལ་བཟུང་ཡོད་སྟབས་བླ་མ་གྲྭ་བས་བཏབ་པའི་སློབ་གྲྭ་དེ་ཚོའི་ནང་ལ་བུ་མོ་མི་ཚུད་ས་ཧ་ཅང་མང་པོ་རེད། སྤྱིར་ན་གཞུང་གི་སློབ་གྲྭ་དེ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་གྱི་ཐད་ནས་བླ་མ་གྲྭ་བས་སྣེ་ཁྲིད་པའི་སློབ་གྲྭ་ཁག་ལ་སྤུས་ཚད་ཀྱི་ཆ་ནས་བསྡུར་རྒྱུ་མེད་ན་ཡང་བུ་མོ་ཚོ་ཞུགས་ཐུབ་གི་འདུག དེ་ཡིན་དུས་བུ་མོ་དེ་ཚོ་སྤྱིར་རྒྱ་མ་བོད་དུ་འགྱུར་འགྲོ་གི་འདུག དེ་ནས་བོད་ཀྱི་མི་རྐྱ་ཕོ་གསར་དེ་ཚོར་ཀུན་སྤྱོད་ཀྱི་ཐད་ནས་བཟའ་ཚང་སྐྱོང་བའི་འཇོན་ཐང་ཧ་ཅང་དམའ་བོ་རེད། དེ་ལྟར་ཡིན་དུས་བོད་མོ་ཧ་ཅང་མང་པོས་རྒྱ་རིགས་སྐྱེས་པ་དང་བཟའ་ཚང་སྒྲིག་པར་འདོད་མོས་ཆེན་པོ་བྱེད་ཀྱིན་འདུག པན་ཆེན་སྲས་མོ་སོགས་བོད་ཀྱི་མཐོ་རིམ་མི་སྣས་རྒྱ་རིགས་དང་བཟའ་སྒྲིག་བྱེད་པ་དེ་མི་རིགས་འདི་ལ་ཕུང་ཚབ་ཆེན་པོ་ཁྱེར་མི་འོངས་པའི་ངེས་པ་མེད་པས་གཟབ་དགོས་པར་སྣང་།
སྤོབས་མཐའ་ཡས་ཀྱིས་གནད་ལ་ཁེལ་བའི་བཤད་པ་བྱས་སོང་། མཉྫུའི་མི་རིགས་རིག་གསར་སྔོན་བོད་མི་རིགས་ལས་མང་ནའང་ད་ལྟ་འདྲེས་མ་ཞིག་ལས་གཙང་མ་ཞིག་མེད། ནང་སོག་རྣམས་ཀྱི་སྐད་དང་མི་རིགས་འཕོ་འགྱུར་བཤད་དཀའ་བར་གྱུར། གྲོང་གསེབ་གཅིག་གི་བུ་མོ་རྣམས་ཀྱིས་མི་རིགས་གཞན་པར་ཤི་ཡང་མནའ་མ་མི་འགྲོ་བའི་དམ་བཅའ་བྱས་འདུག མི་ཚངབརྒྱ་སྐོར་ཞིག་ལས་མི་འདུག །དེ་དག་གིས་སོག་པོའི་རིགས་བརྒྱུད་གཙང་མ་སྐྱོང་པའི་རེ་བ་ཡོད། འཆར་ལྡན་བུ་སྐྱེའི་རྗེས་སུ་རྒྱ་ནག་གི་བུ་འབོར་གྲངས་མང་དུ་ཕྱིན་ཡོད། བུ་མོ་ཉུང་བས་མནའ་མ་མ་ཐོབ་པའི་དཀའ་ངལ་ཡོད། རྒྱ་ལ་རྒྱུ་སྟོབས་ཆེ།ལས་ཀ་འཇོན། བོད་ལ་རང་ཚུགས་ཆེར་མེད། བོད་ཀྱི་བླ་མ་ཞིག་གིས་རྒྱ་ནག་གི་མནའ་མ་གཉིས་གསུམ་མཉམ་དུ་ཉར་ཡང་ཁྲིམས་ཀྱི་སྒོ་ནས་གུ་ཡངས་གཏོང་གི་ཡོད། དེ་བཞིན་རྒྱ་ཞིག་གི་བོད་མོ་མང་པོ་བླང་ཡང་གུ་ཡངས་ཡོད། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ཡི་གེ་མེད་པའི་ཁྲིམས་མཐུན་ཞིག་རེད། མི་རིགས་མཐུན་སྒྲིལ་གལ་ཆེ་་ཡང་། མི་རིགས་འགྱུར་ན་ཅི་ལྟར་བྱ། །
རེད་ལགས། དྲི་མེད་ལྷག་བསམ་ལགས། སྤྱིར་ན་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་རང་གི་ངོས་ནས་བོད་སོགས་གྲངས་ཉུང་མི་རིགས་ལ་ཁེ་ཕན་སྤྲད་དེ་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པ་བྱས་ཡོད་པའི་ཁུལ་རེད། ཡིན་ན་ཡང་། རྒྱ་ནག་ལ་བུད་མེད་ཀྱིས་མི་འདངས་བའི་དཀའ་ངལ་འཕྲད་ཡོང་དུས་གཞུང་མན་ཆོད་ཀྱིས་སྐུལ་སློང་བྱས་ཏེ་རྒྱ་མིས་བོད་མོ་ལེན་པའི་ལམ་ཁ་བཏོད་པ་དང་། བོད་རང་ལ་སྐྱེས་པ་མང་ན་ཡང་། སྐྱེས་པ་ཚོར་ཁྱིམ་ཚང་སྐྱོང་བའི་འཇོན་ཐང་དམན་པའི་དཀའ་ངལ་འཕྲད་དེ་བོད་མོ་ཚོས་རྒྱ་མིའམ། ཁ ཆེ་ས་ལར་རིགས། ས་མཚམས་ཀྱི་རྒྱ་མ་བོད་ཅིག་ཡིན་ན་ཡང་བོད་རིགས་གཙང་མའི་སྐྱེས་པ་ཚོ་ལས་དྲག་པར་མཐོང་སྟེ་མི་རིགས་གཞན་གྱི་ཁྱིམ་ལ་མནའ་མར་འགྲོ་མཁན་ཧ་ལས་པའི་མང་པོ་རེད། བོད་མི་ཚོས་བོད་ཀྱི་སྐྱེས་པ་དཀྱུས་མ་ཚོར་ཁྱིམ་ཚང་སྐྱོང་སྟངས་སྐོར་ལ་ཟབ་སྦྱོང་སྤྲོད་པ་དང་། དེའི་སྐོར་ཆེད་དུ་གླེང་བའི་དེབ་རྩོམ་བསྒྱུར་སོགས་བྱས་ན་བོད་མོ་ཚོ་བོད་རང་གི་སྤྱི་ཚོགས་ནང་ནས་མི་ཤོར་བར་ཕན་ཐོགས་ཅུང་ཟད་རེ་ཡོད་པར་ངེས།
ལ་རྒྱ་དང་མཁས་མཛངས་ཅན་གྱི་འོད་ཟེར་མོ་ལྟར། ཀུན་གཟིགས་པཎ་ཆེན་མཆོག་གི་སྲས་མོས་ཀྱང་བོད་རིགས་ལ་ཕན་པའི་ཕྱག་ལས་གནང་སྲིད་པའི་རེ་བ་བྱེད་བཞིན་ཡོད་གདའ། དྲ་རྒྱའི་བརྒྱུད་ནས་སྲས་མོས་ཀྱང་གསན་པའི་རེ་བ་ཡོད། རེ་བ་ནི་མི་ཚེའི་སྙིང་སྟོབས་སོ།།
པན་ཆེན་སྲས་མོས་རྒྱ་མིའི་མག་པ་ལེན་རྒྱུ་ནི་རྒྱལ་བ་རིན་པོ་ཆེའི་ལམ་དབུ་མ་དང་ཤིན་ཏུ་མཐུན། རང་དབང་དང་མཐུན་སྒྲིལ། རྒྱ་བོད་བཟའ་ཚང་དང་ཁྱིམ་ཚང་གཅིག་གི་འཆར་གཞི་རེད། དེང་དུས་བོན་དང་བན།ཁ་ཆེ་དང་ཡེ་ཤུ་སོགས་ལ་རིས་མེད་དུ་བཏགས་པའི་ལམ་དབུ་མ་དེས་རང་བཙན་དང་རང་ཆོས་དང་རང་རྒྱུད་ཚང་མ་ཀུན་པོ་ར་མ་ལུག་ལ་འགྲོ་བར་གདོན་མི་ཟའོ།།
མི་རིགས་གཉིས་ཀྱི་གཉེན་སྒྲིག་གིས། མི་རིགས་གཉིས་ཀྱི་མཐུན་འབྲེལ་ལ། ཕན་པ་རྩོད་མེད་ཆོས་ཉིད་ཅིག་རེད།
སྤོབས་པ་ལགས། ཕྱི་མིག་ཅིག་ལྟོས་དང་། རྒྱལ་བ་རིན་པོ་ཆེ་ཡབ་གཞིས་ཀྱི་སྣེ་ཁྲིད་ནས་རྒྱ་གར་འདུ་བའི་མི་རིགས་གཞན་ལ་གཉེན་སྒྲིག་པའི་སྲོལ་བཙན་བྱོལ་ནང་དུ་ཕྱེ་བ་རེད་དེ། དེ་ཡིས་ཤུགས་རྐྱེན་གང་ལ་གང་འཚམས་ཁྱེར་ཡོང་ཡོད་མོད། གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཕན་ཡང་གང་ལ་གང་འཚམས་ཐོགས་ཡོད་པ་ལྟ་བུ་རེད།
དེ་ནས་པཎ་ཆེན་སྲས་མོའི་གཉེན་སྒྲིག་ཀྱང་གོང་བཀོད་དཔེར་མཚོན་དང་གཅིག་པ་རེད། ང་ཚོས་མི་རིགས་གཞན་ལ་གཉེན་སྒྲིག་བྱས་པར་ཤུགས་རྐྱེན་གང་འདུག་ཐད་བོད་ཕྱི་ནང་གཉིས་སུ་ཞིབ་འཇུག་བྱས་ནས་སྐད་ཆ་བཤད་འོས་པ་ལས་མི་སྒེར་གང་རུང་གཅིག་ལོགས་སུ་བཀར་ནས་བརྗོད་ན་དོན་དག་གཅིག་ལ་ཚད་ཤིང་གཉིས་བཏབ་པ་ལྟ་བུ་མ་རེད་དམ།
དེང་དུས་བོདན་གྱི་ན་གཞོན་ཁྲོད་མང་ཆེ་བས་བཀུར་བ་ནི། དང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། གཉིས་པ་པཎ་ཆེན་སྲས་མོ། གསུམ་པ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གསུམ་རེད། ཕྲན་ཀྱང་དེ་གསུམ་ལ་རྒྱབ་སྐྱོར། གུས་ཞབས། བློ་གཏད་བྱེད་མཁན་གྲས་ཡིན། དགོས་པ་གལ་ཆེན་ལ་ཐུག་ན་ལག་པ་གཡས་དེ་བཅད་ནས་འབུལ་དགོས་ཀྱང་ཐུབ། མིག་ཡ་གཅིག་བླང་ནས་འབུལ་དགོས་ཀྱང་ཐུབ་བསམ་ཡོད། འོན་ཀྱང་རང་གི་དགའ་མོས་གཙོ་བོར་བྱས་ཏེ་སྐྱོན་གཏན་ནས་མེད་པ་རེད་ཅེས་འུད་སྟོད་བྱེད་མི་འདོད། ངོ་སྟོད་ཁོ་ནས་རྐྱལ་བ་ལ་ཕུས་བཏབ་པ་ལྟར་བྱས་ན་དེ་དག་གི་འཁོར་སློབ་རྣམས་ཀྱིས་མགོ་ན་གནམ་མ་གཏོགས་མེད་པའི་ང་རྒྱལ་བསྐྱེད་ནས་མི་མང་གི་མགོ་བོ་ལ་ལྡོག་རྫི་བྱེད་ཆོག་ཆོག་བྱས་ཡོང་། ལོ་རྒྱུས་སྒང་གི་བློན་པོ་གཡོན་ཅན་ཐམས་ཅད་ངོ་སྟོད་ལ་བྱང་ཆུབ་པ་དང་། བློས་གཏོད་སྙིང་ཐུབ་ཀྱི་བློན་ཆེན་རྣམས་དོན་དང’འབྲེལ་བའི་སྐྱོན་བརྗོད་བྱེད་པའི་སྤོབས་པ་ཡོད་པ་ཞིག་རེད། པཎ་ཆེན་སྲས་མོས་རྒྱ་ནག་མི་ཆེན་གྱི་བུ་དང་གཉེན་སྒྲིགས་བྱས་པ་ནོར་འཁྲུལ་རེད། མིག་ལྟོས་བྱ་ཡུལ་ཞིག་གི་བྱས་པ་མ་རེད། ང་ཚོའི་རེ་བ་ཁོང་གིས་དགོངས་བཞིན་པ་རེད། དེར་མ་ཟད་ཁྱོ་ཀའི་ཕའི་ལོ་རྒྱུས་ཀྱང་གཙང་མ་ཞིག་གཏན་ནས་མེད། འདིས་མཐའ་འཁྱོལ་ཡང་དཀའ། ངས་བོད་པའི་ཤེས་ལྡན་ཉི་ཤུ་ཙམ་ཚོགས་པའི་གྲལ་དུ་དྲིས་པ་ཡིན་ཏེ་རྒྱབ་སྐྱོར་མཁན་གཅིག་ཀྱང་མི་འདུག བོད་ཀྱི་སྤྱི་ཚོགས་ནང་མཐོང་སྣང་ཡག་པོ་གཏན་ནས་མི་འདུག འོན་ཀྱང་ད་ལས་ཀ་ཚར་བ་རེད། རྗེས་སུ་སྐུ་མདུན་དུ་མཇལ་དུས་ཁྱོད་གཟའ་མི་གཉིས་ཀྱིས་བོད་ཀྱི་བདེ་ཐབས་ལ་རེམ་ཞེས་བསྐུལ་སློང་བྱེད་རྒྱུ་ཙམ་ལས་མེད་པའི་ས་ལ་སླེབས་པ་རེད། བློ་འགྱོད་ཆེ་ཡང་བྱ་ཐབས་ཟད། དེ་བཞིན་ཀརྨ་ཨོ་རྒྱན་རྡོ་རྗེས་ཀྱང་་འཕྲིན་ལས་རྡོ་རྗེ་དགྲ་རུ་མི་འཛིན་པར་མཐུན་སྒྲིལ་གནང་ན་ཁོང་གི་གཟི་བརྗིད་དུ་འགྱུར། ཁོང་གི་ཞི་བདེ། བྱམས་སེམས། བཟོད་སྒོམ། བློ་དཀྱིལ་ཡངས་པའི་རྟགས་མཚོན་དུ་འགྱུར། ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་དེ་བོད་ཀྱི་བསྟན་སྲིད་ལ་ཕན་པ་མི་སྒྲུབས་མཁན་ཞིག་ཡིན་ན་རིམ་བཞིན་སྤྱི་ཚོགས་ཀྱིས་བློས་བཏང་ཡོང་། དགྲར་འཛིན་ཀྱིས་སྤྱི་ཚོགས་ལ་བློས་གཏོང་བར་བསྐུལ་ན་ཁོའི་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་འཕྲོག་པ་རེད། འཕྲིན་ལས་ཀྱི་སྒོ་བཀག་པ་རེད། ལོ་རྒྱུས་སྒང་ལ་དབང་ཤུགས་ཀྱིས་མནན་ནས་མེད་པ་བཏང་བ་ཡིན་པས་བཀྲུ་མི་ཐུབ་པའི་ནག་ཐིག་ཞིག་ཏུ་གྱུར་བ་རེད། འདི་ལྟ་བུའི་རིགས་ཤ་ཚ་མཁན་ཞིག་ཡིན་ཚེ་ཐད་གར་འཛེམས་བག་མེད་པར་བརྗོད་དགོས། དེས་དབུ་འཛིན་རྣམས་ལ་ཡང་ཕན། རང་གིས་ཀྱང་གཡོ་རྒྱུའི་ངོ་སྟོད་ཀྱིས་མི་ཚེ་བསྐྱལ་བ་མིན་པས་བློ་བདེ། ཤི་ནའང་ལྷག་བསམ་ཟོལ་མེད་ཡིན་པས་བློ་ལྷག་མེད། ཕྲན་ལྟ་བུ་ཞིག་ཡིན་ན་སི་ཏུ་ཞྭ་མར་གཉིས་ལ་གུས་པ་ཡོད་མཁན། ཀརྨ་བཅུ་དྲུག་པ་ལ་དད་མོས་ཡོད་མཁན་ཞིག་ཡིན་པས་མིག་གཉིས་ལ་གཅེས་ཞན་གཏན་ནས་མེད། སུ་ལ་མཇལ་ཡང་དཀྲུགས་ཤིང་གི་སྐད་ཆ་སྙན་པོ་དེ་བཤད་མི་སྲིད་ལ། མེད་པ་ལ་སྒྲོ་འདོགས་ཀྱི་རྐྱལ་བ་ཕུས་འདེབས་ཡང་མི་བྱེད། གང་དང’འགྲོགས་ན་གཞན་ཕྱོགས་དགྲ་རུ་འཛིན་པའི་ཌ་རུ་ངོ་གཉིས་མ་བྱེད་མི་སྲིད་དོ། །
དྲི་མེད་ལྷག་བསམ་ལགས། ཁྱེད་ཨེ་མ་ཧོ་མིན་པ་གསལ་བོ་ཆགས་སོང་། དགོངས་དག་ཞུ།
ངོས་ནས་པན་ཆེན་སྲས་མོ་དང་ཚུལ་ཁྲིམས་བློ་གྲོས་ལ་གང་ཡང་ཞུ་རྒྱུ་མེད།
སི་ཀར་དེ་སྐྱག་རྫུན་ལམ་འགྲོ་རྒྱུགས་པ་ཞིག་ལ་སྐྱབས་སུ་སོང་ན་ཅི་འདྲ་འམ། ༡ ངོས་གོ་ཐོས་ལ་ཀརྨ་པ་བཅུ་དྲུག་པ་གདུང་ཚོད་མ་སོང་གོང་དུ་མེ་འབར་ཀློང་ནས་སི་ཏུས་གློ་སྙིང་དྲོན་མོ་འཐེབ་གཞོང་དུ་བླངས་པ་རེད་ཟེར་བདེན་པ་ཡིན་ནམ། ༢ མཁས་དབང་སྟོབས་དགའི་བཤད་པ་དག་བདེན་རྫུན་གང་ཡིན་ནམ། ༣ སི་ཀར་ཡང་དེང་སོང་རྒྱལ་བ་རིན་པོ་ཆེས་ངོས་འཛིན་པ་རེད་ཟེར་བའི་འུར་སྒྲོག་ལ་བལྟས་ན་རང་རིག་ཀུན་བདེ་ཞེས་པའི་སི་ཏིས་ངོས་འཛིན་གྱིས་ས་མ་ཆོད་པ་མིན་ནམ། ༤ ད་དུང་ཀརྨ་པ་གཉིས་ཀར་མཐུན་ལམ་མེད་པར་སོ་སོར་སྨོན་ལམ་ཚོགས་པ་དང་རྒྱུ་ཤུགས་དང་གྲྭ་དམག་དཔུང་ངོམས་དེ་ཚོ་ཆོས་པའི་གཟོད་ལྟ་ཞིག་ཡིན་ནམ། ༥ ཆོས་པ་ཡིན་འདོགས་ཀྱིས་ཁྲ་འགུ་དང་སི་ཏིས་ཞྭ་དམར་ལ་དགྲ་བཞིན་བལྟ་དགོས་པ་གང་ཡིན་ནམ། ངོས་ཀྱི་དྭོགས་པའི་དྲི་བ་ལྔ་བ་ལན་ཞིག་ཡོད་པར་མཁྱེན་ནོ།།
པདྨ་ལེགས། གུས་པ། དད་པ། དག་སྣང་། སྐྱབས་འགྲོ་སོགས་ལཁྱད་པར་ཡོད་ཚུལ་ཞུ་མི་དགོས་པ་དང་། ངའི་བསམ་བློ་ཞིབ་མོ་བཏང་པ་ཡིན། སྤྲུལ་སྐུའི་འཕྲིན་ལས་མཇུག་རྫོགས་ལ་ཉེ་དུས་སྤྲུལ་རྩོད་བྱེད་པ་དོན་མེད་ཞིག་རེད། ཁྱད་པར་ནང་བསྟན་གྱི་མཐུན་སྒྲིལ། བོད་པའི་དགེ་ཕན། འགྲོ་བ་སྤྱིའི་དོན་ཆེན་གང་ལ་བསམ་ཀྱང་ཕན་ཚུན་མཐུན་པོ་གནང་རྒྱུ་གལ་ཆེ་སྙམ། ངའི་སི་ཏུ་དང་ཞྭ་དམར་གཉིས་ཀའི་ཡོན་ཏན་བརྗོད་པ་ལས་སྡིག་མོ་བྱེད་མ་མྱོང་། དོན་གཅིག་པོ་ཀརྨ་བཅུ་དྲུག་པ་ལ་དད་མོས་ཡོད་མཁན་ཞིག་ཡིན། སྔོན་གྱི་གནས་ཚུལ་བརྔོགས་ན་ཡིད་སྐྱོ་བ་མང་མོད་དེ་འདས་པའི་ལོ་རྒྱུས་རེད། མ་འོངས་པར་མིག་རྒྱང་རིང་པོ་ལ་གཟིགས་རྒྱུ་གལ་ཆེ་སྙམ། ཁྱོད་ཀྱི་དྲི་བ་ལྔ་ལ་ལན་འདི་ཡོད། ༡་༽རྫུན་མ་རེད། སྐུ་གདུང་མེ་མཆོད་ཀྱི་གློག་བརྙན་ཡོད་པ་རེད། ཐུགས་ཟླ་བཟང་སྤྲུལ་སྐུའི་ཕྱོགས་སུ་ལྷུང་སོང་ཞེས་སྐབས་དེའི་མཆོད་དཔོན་གྱིས་བཤད་མོད་ཇི་བཞིན་མི་ཤེས། ༢་༽མཁས་དབང་སྟོབས་དགའི་བཤད་པ་རྒྱུ་མཚན་ཞིབ་མོ་ཞུ་མི་དགོས་པར་མཁྱེན། ༣་༽སི་ཏུའི་རིན་པོ་ཆེའི་ཞལ་ཆེམས་བདེན་རྫུན་དཔྱོད་པའི་ལེའུ་འདས་ཟིན་པ་རེད། ༤་༽ལས་བྱེད་རྣམས་ཀྱི་དམིགས་ཡུལ་མི་ཤེས་ཀྱང་གྲྭ་སྟོང་པྲག་ཁ་ཤས་མཉམ་དུ་འཚོགས་པ་དེའི་ནང་དུ་ཐུགས་བསྐྱེད་ཁྱད་པར་ཅན་གྱི་འཕགས་པ་ཡོད་ངེས་པས་གསོལ་འདེབས་ཞུ་བཞིན་པའོ། །༥་༽གནས་སྣང་མི་མཐུན་པ་ཡོད་པས་ང་ལ་མཚོན་ན་རང་བློ་མ་དག་པ་ལ་ཁག་དཀྲི་བ་ལས་གཞན་མེད། །འདི་ལ་ཕྲན་གྱིས་ཞིབ་འཇུག་གི་མིག་གིས་དཔྱད་པ་བྱེད་མ་ཤེས།
སྲས་མོ་རིག་འཛིན་དབང་མོ་མཆོག་ཡ་རབས་བག་ཡོད་དང་ལྡན་པ་ཞིག་དང་ཡར་བཀའ་མོལ་ཞུ་སྐབས་ཐུགས་སྣང་ཆེན་པོས་གསན་གནང་གི་འདུག དེ་སྔོན་བོད་ནང་དུ་ཤེས་ཡོན་དང་འཕྲོད་རྟེན་སོགས་་ཡར་རྒྱས་གཏོང་ཆེད་ཕྱི་ཕྱོགས་ནས་རོགས་རམ་འཚོལ་བའི་ཐབས་ཤེས་གནང་ཡང་རྒྱ་གཞུང་ནས་བཀག་སྡོམ་བྱས་ཡོད། མ་ཟད་དེང་སྐབས་པད་ཅིང་དུ་བཟང་བཙོན་ལས་དྲག་ཙམ་ངང་བཞུགས་ཡོད། བོད་ནང་དང་ཕྱི་ཕྱོགས་སོགས་ལ་ཕེབས་རྒྱུར་དམ་དྲག་ཡོད་འདུག
སྲས་མོ་ཞིག་ཡིན་མིན་ཁྲག་ལ་མ་དཔྱད་ན་སུས་ཤེས། སྐབས་དེར་རྐུན་མ་བུད་ཡོད་ནི་རེད་ཟེར། ཨེ་བདེན་མི་བདེན་ཞིག་མ་རྟོག་ན། ཅང་ཉན་སྤྱད་རེ་ཨེ་ཡིན་ཡུམ་ཤེས་ན།
དྲི་བའི་བཀའ་ལན་གནང་བར་དགའ་སྤྲོ་བརྟས་པ་ཡིན། ཡིན་ན་ཡང་གནད་ལ་ཁེལ་བའི་བཀའ་ལན་ཞིག་གསུང་མ་སོང་། དཔེར་ན་་་་སི་ཏུ་ལ་གུས་པ། ཞྭ་དམར་ལ་དད་པ། ནག་རིལ་ལ་དག་སྣང་། དཀར་རིལ་ལ་སྐྱབས་འགྲོ་དགོས་གསུང་པ་ཡིན་ནམ། ༡་༽བདེན་རྫུན་མ་ཤེས་ན་ནང་བསྟན་ལ་ཞུགས་པ་དག་གིས་ཆུ་སྣ་ག་ཁྲིད་བཞིན་དུ་རྨོངས་དད་དང་ཕྱོགས་ཞེན་ལ་བསྟེན་དགོས་པ་སོང་བ་མ་ཡིན་ནམ། ༢་༽ ངོས་ལ་མཚོན་ན་ཀརྨ་གཉིས་ཀ་ལ་འབྲེལ་བ་དང་ཆོས་ནོར་ཏིལ་ཙམ་ཐོབ་མྱོང་མེད། བཅུ་དྲུག་པ་དེ་ཡང་ཐ་མ་ཁ་འཐེན་འཁན་ཞིག་དང་།ཕྱི་རྒྱལ་ཁག་ཏུ་གཡང་བུམ་གྱི་ཚོང་དཔོན་ལྟ་བུ་དཀོར་ཟས་ཁོ་ན་དོན་དུ་གཉེར་བ་ལས་བསྟན་པ་སྤྱི་དང་སེམས་ཅན་ལ་བསམ་བློ་ཡོད་འཁན་ཞིག་ཏུ་ངོས་འཛིན་ཐུབ་མ་སོང་། ཁྱད་པར་ཁོས་བཀའ་བརྒྱུད་གཞན་དག་མེད་པར་བཏང་ཐབས་ལ་འབད་བརྩོན་བྱེད་མྱོང་ཡོད། ཕྱིས་སུ་འབྲུག་ཆེན་དྲག་རྩལ་དང་། འབྲི་གུང་ཚང་གིས་ཟས་ཁང་གི་ལས་ཀ་རེག་ནས་བཟུང་མགོ་མི་ལག་མ་ཤོར་བ་རེད་ཀོ། མཆོག་གིས་སྤྲུལ་སྐུའི་འཕྲིན་ལས་མཇུག་རྫོགས་ལ་ཉེ་དུས་སྤྲུལ་རྩོད་བྱེད་པ་དོན་མེད་ཞིག་རེད། ཅེས་གསུངས་པ་ད་ཕྱིན་ཆད་སྤྲུལ་སྐུ་ཡིན་ན་བདེན་པ་མེད་པས་ཁྱབ་གསུངས་པ་ཡིན་ནམ། ༣་༽ མཐུན་སྒྲིལ་དེ་ཁྱི་རྐུན་འོ་ཟོའི་ཁ་ནས་མཐུན་པ་ལྟར་ཆགས་པ་དང་། ཁྱད་པར་ནང་བསྟན་གྱི་མཐུན་སྒྲིལ། བོད་པའི་དགེ་ཕན། འགྲོ་བ་སྤྱིའི་དོན་ཆེན་དུ་རྫུན་དང་གཡོ་སྒྱུ་འཁན་ལ་ཕུག་གཏད་པ་ཞིག་གི་དབང་ཞབས་སུ་སོང་ན་གལ་ཆེན་པོ་ཇི་ལྟར་ཡིན་ནམ། ༤་༽ སྔོན་གྱི་གནས་ཚུལ་གྱི་བདེན་རྫུན་མ་ཤེས་མ་འོངས་པའི་མདུན་ལམ་གྱི་མིག་རྒྱང་རྫུན་ལ་མཐུན་སྒྲིལ་གཏོང་ན་བསྟན་འགྲོ་གང་ལ་ཕན་ཐོག་གམ། ༥་༽ ཇི་ལྟར་ཕན་ཐོག་འབྱུང་ངམ། ༦་༽ རྒྱ་ནག་གི་པན་ཆེན་ནོར་བུ་དང་བོད་གཞོང་གི་ཀརྨ་རྡོ་རྗེ་ལ་བདེན་རྫུན་གཅིག་པ་མིན་ནམ། ༧་༽ སི་ཏུའི་ཞལ་ཆེམས་བདེན་རྫུན་དཔྱོད་པའི་ལེའུ་འདས་ཟིན་པ་ཡིན་ན་ཀརྨ་པ་ལྔ་བོ་ནང་མཐུན་དགོས་གསུང་པ་ཡིན་ནམ ༨་༽ ཕྱོགས་རིས་ཀྱིས་མི་སྟོང་པྲག་ཁ་ཤས་མཉམ་དུ་འཚོགས་པ་ཁ་ཆེ་དང་ཡེ་ཤུ་ནང་བཞིན་ཆགས་པ་མ་ཡིན་ནམ། ༩་༽ནང་ཆོས་ཀྱི་གཞུང་ནས་བཤད་པའི་བདེན་དང་དྲང་པོ། ངེས་འབྱུང་དང་བྱང་སེམས། གསང་སྔགས་ཀྱི་དག་སྣང་སོགས་དང་འགལ་བཞིན་དམ་པའི་ཆོས་ཀྱི་ཁྲབ་སྟོན་ལྟ་བུ་དང་། འདུལ་ལུང་སྡེ་བཞི་སྒྲུང་གཏམ་དུ་བསྒྱུར་ན་བསྟན་པ་ལ་ཕན་ཐོག་ལས་གནོད་པ་མ་ཡིན་ནམ། དཔེར་ན་ཀྲང་རྩེད་སྤོ་ལོ་བཞིན་ནོ། ༡༠་༽ མདོར་ན་དྲི་བ་ཐ་མ་དེ་རྒྱལ་བ་དོན་གྱི་བདག་པོ་ནི་དགུང་ཆེན་སྤྲེལ་གྱི་ཉི་མ་བཞིན་དུ་འགྱུར་བའི་སྐབས་སུ་གངས་ཅན་བསྟན་སྲིད་འཛིན་པའི་རྒྱལ་ཚབ་ནི་གཡོ་རྫུན་གྱི་འཁོར་ལོ་བསྐོར།།ཚུལ་འཆོས་ཀྱི་གཞན་མགོ་བསྐོར། རྟགས་ཙམ་འཛིན་པའི་ལྷ་བཟོ་ཞིག་གིས་རྒྱལ་བསྟན་སྤྱི་དང་འགྲོ་མགོན་བཀའ་བརྒྱུད་པ། རྒྱལ་བ་ཀཾ་ཚང་གི་བདག་པོ་བྱེད་ནུས་སམ། ༡༡་༽ ངོས་ནས་ཁྱེད་ལ་གྲོགས་མཆེད་ནང་ཚེགས་ཞིག་ཏུ་དད་གུས་བྱས་ཡོད་པས་ཐུགས་དགོངས་མི་ཚོམས་པར་བཀའ་ལན་གསལ་བོ་རེ་ཡོད་པར་མཁྱེན་ནོ།
པདྨ་ལེགས། དྲི་བ་རྣོ། གཏན་ཚིག་ཆེ། བདེན་པའང་ཡོད་པས་ལན་འབུལ་མ་ནུས་པར་དགོངས་འགལ་མེད་པར་ཞུ། ཕྲན་དང་པོ་ཉིད་ནས་སྤྲུལ་སྐུ་གཉིས་ལ་མཐུན་སྒྲིལ་དགོས་ཟེར་མཁན་ཞིག་ཡིན། ད་ལྟ་གསར་ཏུ་དྲན་པ་མིན། བསྟན་འགྲོའི་དོནལ་བསམ་པའི་ལྷག་བསམ་ཉག་གཅིག་ལས་སྒེར་ལ་ཐོབ་རྒྱུ་གང་ཡང་མེད། ད་ལྟ་ལྔ་བོ་མཐུན་ན་ལེགས། སོ་སོར་ལས་དང་སྨོན་ལམ་རེ་ཡོད་པས་ལྔ་བོ་ངོས་ལེན་བྱེད་པ་ལ་སྐྲགས་མི་དགོས། གཅིག་གི་གཅིག་ལ་དགྲ་བྱས་ན་སྤྱི་ཚོགས་བསྟན་འགྲོར་གནོད་པ་མངོན་སུམ་ཚད་མ་དེ། མཐུན་པོ་བྱས་ན་དེ་ལས་ལྡོག་པའི་དགེ་ཕན་འབྱུང་བ་སྨྲོས་མེད་དོ། །ལྷག་པར་ཏུ་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་ལ་སློབ་གསོ་བྱེད་མཁན་ཞིག་ཡིན་དུས། གཏམ་བཤད་གནང་བའི་གནས་སྐབས་སུ་རང་གིས་མ་ནུས་པའི་སྐོར་དྲན་ནས་ཡིད་སྐྱོ་བ་མི་སྐྱེའམ། ཕྲན་ལ་མཚོན་ན་དེ་འདྲའི་ཚོར་བ་འདུག དཔེར་ན་ཕ་མ་བྱམས་རྩེས་སྐྱོང་ཟེར་བའི་སྐད་ཆེ་རེ་བཤད་དུས་ང་མིག་ཆུ་འཐོར་ཡོང་གི ངའི་སློབ་སྦྱོང་ལ་ཁ་གཡར་ཏེ་ཕ་མ་བསྒྱུར་ནས་འགྲོ་མཁན་ཞིག་རེད། དེ་ནང་བཞིན་དུས་རབས་ཉི་ཤུ་པའི་ནང་པ་ཕྱི་གསལ་ནང་གསལ་དགོས། དགྲ་ལ་བྱམས་པ་སྒོམས། སྙིང་རྗེ་བསྐྱེད། དགེ་སྦྱོང་གི་ཆོས་བཞི་ཚངཆ་དགོས། ཆོས་ལུགས་ལ་མཐུན་སྒྲིལ་གྱིས། དགེ་འདུན་ནང་མཐུན་དགོས། འགྲོ་བ་མི་རིགས་ལ་གུས་བཀུར་གྱིས། སྤྱི་ཚོགས་བདེ་འཇག་ལ་འབོད་བསྐུལ་ཞུ་དུས་སྨྲ་བ་པོའི་རང་གི་བྱས་པ་ཚུལ་མཐུན་གྱི་སྤོབས་པ་ཞིག་ཡོད་དགོས། ལེགས་པརར་བསམ་ཚེ། མཐུན་སྒྲིལ་གྱིས་ཀུན་ལ་ཕན་པ་ལས་གནོད་པ་ཞིག་གཏན་ནས་མི་འདུག་སྙམ་ལས་ཞུས་པ་ལེགས། ཀརྨ་པ་རྣམ་གཉིས་ལའང་ཞུ་རྒྱུ་འདི་རང་ཡིན། ཉིད་ལ་ལན་རེ་རེ་བཞིན་འབུལ་བའི་ཤེས་རབ་དང་སྤོབས་པ་མ་བྱུང་བར་དགོངས་འགལ་མེད་པར་ཞུ། །
ྲདྲི་མེད་ལྷག་བསམ་ཉིད་ཤིན་ཏུ་ལེགས། མིང་དོན་མཚུངས་པའི་དྲ་མཆན་འདེབས་པ་ཁྱེད་འདྲ་མཇལ་མ་སོང་། བཀའ་ལན་གནང་བར་དགའ་ཡོད། ངས་ཁྱེད་ལ་འགྱོད་མེད་འགྱོད་བསྐྱེད་འདྲ་བཤད་ཤོར་སོང་ཡོད་ན་དགོངས་པ་ཞུ། ངོས་ཀྱིས་གང་དྲན་དུ་མ་འོང་བོད་ཀྱི་བསྟན་སྲིད་ལ་སེམས་ཁུར་བསམ་ནས་དྲིས་པ་ལས་ནག་རིལ་ལ་སྡང་འཁོན་དགོས་པ་ནི་གང་ཡང་མེད། འདིར་པཎ་ཆེན་རིན་པོ་ཆེ་དྲན་དུས་གཞན་དག་བླ་ཆེན་ཁག་གིས་ཆོས་བརྒྱད་འཁྱམས་ཐལ་ཆེ་འགྲོ་གི་འདུག་སྙམ་པ་ཡིན་ནོ། ངས་བསམ་ན་རྒྱལ་བ་དོན་གྱི་བདག་པོའི་སྐུ་ཚེ་ལ་ཡང་བོད་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱིས་གནོན་ཤུགས་ཀྱིས་བཙན་དབང་གིས་རྒྱ་དམར་མའོ་ལ་ཕ་རུ་བརྩིས་དང་། སི་ཀར་རྫུན་མ་ལ་བུ་རུ་འཛིན་དགོས་ཐུག། དགེ་ལུགས་ལམ་རིམ་བརྒྱུད་པ་ཁག་གཉིས་སུ་བཟོ་དགོས་ཐུག་པ་གངས་ཅན་སྤྱི་མཐུན་བསོད་ནམས་ཟད་པའི་རྟགས་སུ་མཐོང་སོང་། ། འདི་ནི་ང་མི་སྒེར་གྱི་བསམ་ཚུལ་ཡིན་པས་ནོར་བ་ཡོད་སྲིད་པས་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ།།
པད་མ་ལེགས། ཉིད་ཀྱིས་བཤད་པ་ལྟར་པཎ་ཆེན་རིན་པོ་ཆེ་དྲན་དུས་ང་ཡང་མཆི་མ་འཐོར། ཁྱོད་ལྟ་བུའི་བསྟན་འགྲོར་ལྷག་བསམ་ཅན་རྣམས་མཐོང་ན་སྤྲོ་བ་ཡང་འཕེལ། བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཐུགས་ཁུར་གནང་པ་ལ་བཀའ་དྲིན་ཆེ་ཞུ་བ་དང་། འཇིག་རྟེན་གྱི་ཆོས་ཇི་སྙེད་པ་དེ་དག་ལེགས་པར་དཔྱད་ན་རྫུན་མ་དང་བདེན་མེད་དུ་གྲུབ་ཀྱང་རེ་ཞིག་དེ་ལ་བློ་གཏོད་པའང་དོན་དང་བཅས་པས། ཕྲན་ལྟ་བུར་མཚོན་ན་སྲིད་པ་གོ་ལྡོག་གམ་དོང་སྤྲུགས་ནི་སྨོན་པའི་ཡུལ་ལོ། །
དགེ་ཆོས་ཀྱིས།
དཔྱད་པ་འདི་ལ་ཐུག་པ་མེད་དམ་སྙམ། །ལག་པ་ཁབ་དང་འཕྲད་པས་ཡོད་དམ་སྙམ། །
མྱོང་བ་མངོན་སུམ་ལག་པ་ཡིན་ནམ་སྙམ། །སྣང་བ་སྲིད་པ་འཁྲུལ་བས་མིན་ནམ་སྙམ། །
ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ། །མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ། །
བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས། །རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་། །ཞེས་གསུངས་པ་ལྟར་རོ། །
ད་ནི། ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་བ་ལ། །མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན། །
སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ། །སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས། །ཞེས་པའི་དོན་ལ་སེམས་གཞོལ་ལོ། །
དྲི་མེད་ལྷག་བསམ་མཆོག་གིས་ཀུན་རྫོབ་ཀྱི་ལྷན་པོ་དོན་དམ་ལ་མ་ལྷན་རོགས་ཞུབ་དེ་ཡིན། མཁས་དབང་གདོང་ཐོག་ཁོང་ལ་དབུལ་ཞིང་འགྲོ་དོན་རྒྱས་པ་མ་བྱུང་བ་འདི་བོད་མི་སྲོལ་རྒྱུན་ངན་པའི་གཞན་དབང་སོང་བ་ཡིན་པ་གསལ་བོ་ཤེས་ཐུབ། དཔེར་ན་ས་སྐྱ་ཚང་ལ་གསེར་དངུལ་གྱི་ལྷ་ཁང་། ཟངས་རག་གི་ཆབ་ཁང་ཡོད། ས་ཡ་མང་པོའི་རིན་པའི་རླངས་འཁོར་ཡོད་ཀྱང་། ཤེས་ཡོན་ཅན་ཁོང་ལྟ་བུ་བདག་མེད་དུ་འདས་གྲོངས་སུ་སོང་བ་སྐྱོ་འོས་པ་རེད། ཀརྡོ་འདི་ཚོས་ངོ་རིག་དུས་ས་སྐྱ་ཚང་གི་ཞབས་ཚ་བོ་ལ་བལྡག་གི་རེད། ལྐོག་ནས་ཤི་བོ་ལ་བླ་རྡུང་། གསོན་པོ་ནང་མི་ལ་ངོས་འཚང་འདྲི་བ་ནི་ཁྲེལ་མེད་རེད། མེ་ཏོག་དཀར་པོས་བཤད་པ་ཤིན་ཏུ་་བདེན། དོལ་འདྲེ་ཀར་རྡོ་དང་སི་ཏུ་ཚང་གིས་མགོ་དང་ལྕེ་གཉིས་ཚོས་བོད་ཕྱི་ནང་ལ་སྐྱག་རྫུན་བཤད་པ་དག་ལ་རྣམ་དཔྱོད་ལྡན་པ་དག་གིས་ངེས་པར་གཟབ་དགོས། ས་སྐྱ་གོང་མས་དམ་ཚིག་སྲུང་མི་དགོས་པའི་དབང་བསྐུར་མི་གནང་བར་མཁྱེན་ཞུ་བ་དེ་ཡིན་ནོ། གལ་ཏེ་དམ་ཚིག་སྲུང་དགོས་ན་སི་ཀར་དང་ཀརྨ་དཀར་ནག་གཉིས་ཀའི་དམ་སེལ་ཡོད་བཞིན་དུ་གསང་སྔགས་ཡིན་འདོགས་མ་སྟོན་རོགས། དབང་བསྐུར་ཁྲོམ་བསྒྲགས་བྱས་ན་དམྱལ་བ་སྐྱེ་ཁ་དཔོན་ལུས་ལེན་ཞེས་པ་ཐུགས་ལ་བཞག་རོགས། གལ་ཏེ་སངས་རྒྱས་བསྟན་པ་དང་ས་ཀ་གཉིས་ནང་མཐུན་ཆིག་སྒྲིལ་འདོད་ན་དམ་ཚིག་ཀུན་གཙང་ཞིག་གནང་བར་གལ་ཆེའོ།།
་་་་་་་་་་་་་ ཀརྡོ་འདི་ཚོས་ངོ་རིག་དུས་ས་སྐྱ་ཚང་གི་ཞབས་ཚ་བོ་ལ་བལྡག་གི་རེད། ལྐོག་ནས་ཤི་བོ་ལ་བླ་རྡུང་། གསོན་པོ་ནང་མི་ལ་ངོས་འཚང་འདྲི་བ་ནི་ཁྲེལ་མེད་རེད། མེ་ཏོག་དཀར་པོས་བཤད་པ་ཤིན་ཏུ་་བདེན། དོལ་འདྲེ་ཀར་རྡོ་དང་སི་ཏུ་ཚང་གིས་མགོ་དང་ལྕེ་གཉིས་ཚོས་བོད་ཕྱི་ནང་ལ་སྐྱག་རྫུན་བཤད་པ་དག་ལ་རྣམ་དཔྱོད་ལྡན་པ་དག་གིས་ངེས་པར་གཟབ་དགོས། ་་་་ཟེར།
ཀུན་གཟིགས་པཎ་ཆེན་རིནཔོ་ཆེ་མཆོག་ལ། གངས་ཆེན་བླ་མས་མཇལ་ཁ་ཞུས་པ།
https://www.facebook.com/DuldzinDorjeShugden/photos/a.333716930003137.72762.124479407593558/851112704930221/?type=1&theater
ཨེ་་་ཀ་ཀ་་དེ་ནི་༧གངས་ཅན་བླ་མ་རེད། དཔལ་རི་བོ་དགེ་ལྡན་པ་འམ་དགེ་ལུགས་གཙང་མའི་བདག་པོ་རེད། གངས་ཅན་བླ་མ་ཞེས་པའི་མིང་ཡག་པོ་གངས་ཅན་བོད་མི་སུ་ལ་ཡང་ད་འདས་ལ་བཏགས་མ་མྱོང་བ་དང་། ཡོད་མ་མྱོང་བ་རེད། རྒྱལ་བ་དང་པན་ཆེན་ལྷག་གི་མིང་བརྫིག་པོ་དེ་ཁོ་གཅིག་པུ་ལ་དབང་བ་རེད་ད། སི་ཏུའི་ཀ་རྡོ་པའི་བླ་མའི་བླ་མ་རེད། ཁྱོད་མིག་ཚ་སྙིང་ན་ན་སྡུག་གྱོང་རེད། ད་ཀརྨ་པ་ཁག་དགུ་བཟོ་ཚར་པ་རེད།
༧ཀུན་གཟིགས་པན་ཆེན་ཚང་ལ་ཁྱད་ཆོས་བཅུ་ཡོད་པ་རེད།
དང་པོ་སྐུ་སྲོག་ལ་མ་འཛེམས་པ་རང་ཡུལ་ནས་དཀའ་ངལ་གྱིས་འགྲོ་དོན་མཛད་པ་རེད།
གཉིས་པ་མི་ཆོས་བླ་མ་བཤད་ནས་མགོ་སྐོར་གྱི་སྤྲུལ་རྫུན་གཅིག་ཀྱང་བཟོ་མྱོང་མེད་པ་རེད།
གསུམ་པ་བོད་ལ་སྐད་ཡིག་རང་དབང་དགོས་པའི་དཔའ་སྐད་བོད་ཡུལ་ནས་བརྗོད་པ་རེད།
བཞི་བ་དགེ་འདུན་སྡེ་གཉིས་ལ་མཐུན་ལམ་ལས་ནང་འགལ་གཏན་ནས་བཟོ་མྱོང་མེད་པ་རེད།
ལྔ་བ་ཁ་བཤད་དོན་ལ་གནས་པ་ལས་རང་དོན་ཆེད་དུ་གཡམ་རྒྱུགས་བྱས་མྱོང་མེད་པ་རེད།
དྲུག་པ་རང་ཡུལ་གཡུགས་ནས་གཞན་ཡུལ་ནས་དཔའ་སྐད་སྟོང་བསྒྲགས་མ་མྱོང་བ་རེད།
བདུན་པ་ཕྱི་གསལ་ནང་གསལ་གྱི་རིས་མེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བདེན་པ་རེད།
བརྒྱད་པ་བྱ་དགའ་དང་གཟེངས་རྟགས་ཙམ་ལ་མ་རེ་བར་སྐུ་ངལ་མངོན་སུམ་མཛད་པ་རེད།
དགུ་བ་རྒྱ་བོད་ཟུང་དུ་འབྲེལ་བའི་མཐུན་སྒྲིལ་ཆེད་དུ་སྲས་མོ་མེ་ཏོག་འདྲ་བ་བཟོས་པ་རེད།
བཅུ་བ་བོད་དོན་ཁོ་ནའི་ཕྱིར་ཏུ་སྐུ་སྲོག་གངས་ཅན་བསྟན་སྲིད་ཀྱི་ཆེད་དུ་ཕུལ་བ་རེད།།
ནམ་ཡང་བདེན་པའི་དཔའ་བོ་ཀུན་གཟིགས་པན་ཆེན་སྣང་བ་མཐའ་ཡས་རྒྱལ་ལོ།།
པདྨ་འདི། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་མཆོག་དང་། སི་ཏུ་རིན་པོ་ཆེར་དེ་ཙམ་སྡང་དགོས་དོན་གང་ཡིན་ནམ། གངས་ཅན་རྒྱ་ཁྱིར་པཎ་ཆེན་རིན་པོ་འབྲེལ་བ་ཡོད་སྟངས་འདི། ཡག་ཚུལ་འདི་ལ་བླྟས་ན། པཎ་ཆེན་བསྟན་དགེ་དང་། པཎ་རྫུན་རྒྱལ་ནོར་གཉིས་ཀ་དོལ་རྒྱལ་གྱིས་བསླུས་ཚར་བ་ཡིན་ནམ། ཐེ་ཚོམས་སུ་གྱུར་སོང་ངོ་།། །།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་གངས་ཅན་མཇལ་དུས་དོལ་རྒྱལ་རྙོག་དྲ་ཚ་འུར་མ་ཆགས་སྔོན་རེད། གངས་ཅན་ཀྱིས་ཁོ་རང་པཎ་ཆེན་བཟང་པོ་དཔལ་གྱིས་སྐྱེ་བ་ཡིན་པ་དང་། དོལ་རྒྱལ་སྐོར་ཤུགས་དྲག་སྤེལ་བས་པཎ་ཆེན་བཅུ་བ་མ་མཉེས་པར་གནས་དབྱུང་བཏང་། དགོན་པ་ལོགས་སུ་བརྒྱབ་པ་རེད་ཟེར། གང་ལྟར་པཎ་ཆེན་བཅུ་བའི་གསུང་འབུམ་ཁྲོད་དོལ་རྒྱལ་ཡོད་པ་དེ་ཁོང་རང་གིས་གསུང་མིན་པར་ངེས། བཅུ་བ་ཆེན་པོ་ཨ་མདོ་རྔ་བའི་ཨ་འདུས་དགོན་དུ་ཕེབས་དུས་དོལ་རྒྱལ་སྐོར་ལ་དམ་སྦྲགས་གནང་བའི་སྒྲ་ཐག་ཡོད། ཆར་བའི་སྒྲ་དང་མི་མང་གི་སྐད་ཆེ་བས་དེ་ཙམ་མི་གོ་ཡངརྗེ་བླའི་གདན་ས་ཞིག་ནས་མགོན་ཆོས་ལྔ་ལས་གཞན་བརྟེན་མི་དགོས་ཟེར་བ་གསལ་བོར་གོ །བཅུ་བའི་བླ་མ་གཙོ་བོ་བླ་ཁོ་རྡོ་རྗེ་འཆང་དོལ་རྒྱལ་འགོགས་མཁན་དང་ཕ་ཝོང་ཁ་ལི་ཐང་ནས་མདོ་སྨད་དུ་གདན་འདྲེན་མི་གནང་མཁན་དེ་རེད། མ་ཟད་པཎ་ཆེན་ཁྱིམ་རྒྱུད་སྦས་མདོ་དབོན་ཚང་གི་སྲུང་མ་གུར་མགོན་དང་ལྷ་མོ་རེད། ལྷ་མོ་དོལ་རྒྱལ་ལ་འཁོན་ཡོད་པའི་གཏམ་བཤད་རྒྱུ་ཡོད་པས་སྔར་ནས་རྣམ་རྟོག་བྱེད་སྲོལ་འདུག་ཟེར། །
་་་་་་་་་་་་་ བཅུ་བ་ཆེན་པོ་ཨ་མདོ་རྔ་བའི་ཨ་འདུས་དགོན་དུ་ཕེབས་དུས་དོལ་རྒྱལ་སྐོར་ལ་དམ་སྦྲགས་གནང་བའི་སྒྲ་ཐག་ཡོད། ཆར་བའི་སྒྲ་དང་མི་མང་གི་སྐད་ཆེ་བས་དེ་ཙམ་མི་གོ་ཡངརྗེ་བླའི་གདན་ས་ཞིག་ནས་མགོན་ཆོས་ལྔ་ལས་གཞན་བརྟེན་མི་དགོས་ཟེར་བ་གསལ་བོར་གོ ་་་་་་་་་་་་་་
# 29 དྲི་མེད་ལྷག་བསམ།་ལགས་ཀྱིས་མཆན་བཏབ་པ།: འདི་ལ་བཀའ་དྲིན་ཆེ། # 27 པདྨ་ལགས་ཀྱིས་མཆན་བཏབ་པ།: པདྨ་འདིས་ཁས་བླངས་འོངས་སྙམ་པས་་་་་་་་་་་་ སྒུག་ནས་ཡོད།
པདྨ་ལགས་དང་། དྲིམེད་ལགས་སུ་རྒྱལ་ལྟ།
ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས།
https://www.youtube.com/watch?v=w5-GT5ovYOU#t=2394
ཞྭ་དམར་པའི་སྐོར་ལ། རྒྱལ་མཆོག་སྐུམ་ཕྲེང་བདུན་པའི་སྐབས་ཀྱི་ལོ་ནེ་པལ་ལིའམ། བལ་པོར་མགོ་བཏགས་པས།
https://www.youtube.com/watch?v=w5-GT5ovYOU#t=2394
དྲི་མེད་ལྷག་བསམ་གྱིས་གསུངས་པ་རྒྱུ་མཚན་ཡོད། པན་ཆེན་རིན་པོ་ཆེས་དོལ་རྒྱལ་དགག་པ་མེད་ལ་སྒྲུབ་པ་དེ་བས་ཀྱང་མེད། ངས་སི་ཀར་རྫུན་བཤད་པ་རེད་ལབ་པ་བདེན་པ་ཡིན། ཁོ་ཚོ་ལ་བདེན་པའི་ཁུངས་གང་ཡང་མེད། ང་ནི་གཡོ་སྒྱུས་རྫུན་བཤད་བོད་ཡུལ་མཁན་མགོ་སྐོར་གཏོང་འཁན་ཀུན་ལ་ནམ་ཡང་སྡང་། ངོས་ནི་བདེན་པ་བཤད་མཁན་པ་དགའ་འཁན་ཞིག་ཡིན། སི་ཏུས་ཐོག་མར་ཐོག་མར་ཨོ་རྒྱན་སྟོབས་རྒྱལ་ལ་ཀརྨ་པ་བཅུ་བདུན་པ་འཁྲུངས་ཡོང་ལབ། མིང་ལ་ཡང་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་བཏགས་པ་རེད། ཨོ་རྒྱན་སྟོབས་རྒྱལ་ཤུགས་རྒྱག་པ་རེད། རྟེན་འབྲེལ་སྟོབས་ཀྱི་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་མཁའ་འགྲོ་མའི་ཁོག་ན་བྱིས་པ་ཆགས་པ་རེད། སི་ཏུས་དེ་༧རྒྱལ་དབང་ཀརྨ་པ་ཡིན་པ་སི་ཏུས་ལུང་བསྟན་པ་བཞིན་ཐག་བཅད་པ་རེད། དམིགས་བསལ་གྱིས་བདག་སྐྱོང་དང་བཙལ་དུས་རྟེན་འབྲེལ་ཆེད་སྒྲིག་ནས་སི་ཏུ་ཕེབས་པ་རེད། སྟབས་མ་ལེགས་པ་ལ་བུ་མོ་ཞིག་བཙས་པ་རེད། དེ་ནས་སི་ཏུ་གདོང་དམར་པོ་ཆགས་ནས་ཤེས་རབ་གླིང་དུ་བྲོས། ཡིད་མ་ཆེས་ན་ཨོ་རྒྱན་སྟོབས་ལ་ཡབ་ཡུམ་ལ་དྲིས། ཧ ཧ བུ་མོའི་མིང་ལ་ཨོ་རྒྱན་ལྷ་མོ་བཏགས་ནས་ཀརྨ་པ་ཡིན་ལབ་པ་གསང་གཏམ་བྱས་པ་རེད། ངོ་མ་བདེན་པ་ལ་ངོ་སོ་འདོན་ན་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་གྲུབ་མཐའ་ལ་ཕྱོགས་རིས་དང་ཕོ་མཆོག་མོ་དམན་དུ་མཛད་འཁན་ཞིག་མིན་ན་ཀརྨ་པ་ངོ་མ་དེ་ཨོ་རྒྱན་སྟོབས་རྒྱལ་གྱི་བུ་མོ་རེད། བདེན་པ་ཡིན་ནོ། ངས་སྣང་ལ་མ་ངེས་པ་སོང་བས་གཅིག་བྱས་ན་མཁས་དབང་སྟོབས་དགས་ཀུན་རྟོག་རི་མོའི་ནང་བཤད་ཡོད་དྲན། ངོས་གངས་ཅན་བླ་མ་ལ་དགའ་སྡུག་གང་ཡང་མེད་ཀྱང་ཀརྡོས་གདོང་ཐོག་རིན་པོ་ཆེ་སྤྲང་མདོག་དང་གངས་ཅན་བླ་མ་བརྫིག་མདོག་བཤད་འདུག་པས་རྨོངས་རྒྱུགས་པ་ལ་ཅག་ཅག་བཟོས་པ་ཡིན་པ་མཁས་དབང་དྲི་མེད་ལྷག་བསམ་གྱིས་དགོངས་དགོས་ཡ། ཀརྨ་པ་ཨོ་རྒྱན་ལྷ་མོ་དེ་བོད་གཞུང་གིས་ཁྲི་འདོན་གནང་རོགས་ ང་ཚོ་བུ་མོ་ཚོ་ལ་འདྲ་མཉམ་གྱི་ཐོབ་ཐོང་དགོས། རང་དབང་དགོས་པར་བུ་མོ་པདྨས་གངས་ཅན་ན་ཆུང་བུ་མོ་སྤྱི་ཡི་མགྲིན་ཚབས་བྱས་ནས་འབོད་སྐུལ་ཞུ་བཞིན་ཡོད།
་་་་་་་་་་་་་་ ངོས་གངས་ཅན་བླ་མ་ལ་དགའ་སྡུག་གང་ཡང་མེད་ཀྱང་ཀརྡོས་གདོང་ཐོག་རིན་པོ་ཆེ་སྤྲང་མདོག་དང་གངས་ཅན་བླ་མ་བརྫིག་མདོག་བཤད་འདུག་པས་རྨོངས་རྒྱུགས་པ་ལ་ཅག་ཅག་བཟོས་པ་ཡིན་པ་མཁས་དབང་དྲི་མེད་ལྷག་བསམ་གྱིས་དགོངས་དགོས་ཡ། ཀརྨ་པ་ཨོ་རྒྱན་ལྷ་མོ་དེ་བོད་གཞུང་གིས་ཁྲི་འདོན་གནང་རོགས་ ང་ཚོ་བུ་མོ་ཚོ་ལ་འདྲ་མཉམ་གྱི་ཐོབ་ཐོང་དགོས། རང་དབང་དགོས་པར་བུ་མོ་པདྨས་གངས་ཅན་ན་ཆུང་བུ་མོ་སྤྱི་ཡི་མགྲིན་ཚབས་བྱས་ནས་འབོད་སྐུལ་ཞུ་བཞིན་ཡོད། ་་་་་་་་་་་་་
་་་་་་་་་་་་་་་་་ཀརྡོས་གདོང་ཐོག་རིན་པོ་ཆེ་སྤྲང་མདོག་དང་གངས་ཅན་བླ་མ་བརྫིག་མདོག་བཤད་འདུག་པས་་་་་་་་་་་་་་་་་་་་་
ཀ་རྡོ་ལགས་ཀྱིས་གོ་དགོས་པ་ཞིག ཕྲན་ནི་ཀརྨ་བཅུ་དྲུག་པ་དད་པ་ཡོད་མཁན་ཞིག་ཡིན་པས་དེས་ངོས་འཛིན་གནང་པའི་ཞྭ་དམར་དང་སི་ཏུ་གཉིས་ལ་དག་སྣང་ཡོད། ཀརྨ་པ་གཉིས་པ་ལ་གུས་པ་ཡོད། སུ་ལའང་ཆོས་འབྲེལ་མེད། ཕྱོགས་གཅིག་ལ་ཞེན་མེད། ཐམས་ཅད་མཐུན་པའི་རེ་བ་ཡོད། ༈ ཞྭ་དམར་བཅུ་བའི་སྐོར། ད་བར་ཀརྨ་བཀའ་བརྒྱུད་ཀྱིས་ངོས་ལེན་གནང་མེད། བོད་གཞུང་གིས་གོར་ཁའི་ངོ་མ་ལོན། རྒྱ་ནག་པ་རྩིས་སྤྲོད་བྱེད་རྒྱུ་མ་རྙེད་པར། གོར་ཁ་དང་བོད་གཞུང་གིས་ཞྭ་དམར་རྩིས་སྤྲོད་བྱས། ཡངས་པ་ཅན་སོགས་དགོན་སྡེ་མང་པོ་བོད་གཞུང་ལ་ཐོབ། སཀཡོན་ཐམས་ཅད་ཀརམ་བཀའ་བརྒྱུད་ལ་བཀལ་བ་ཐག་ཆོད་རེད། རྡོ་རིང་པཎྜི་ཏའི་རྣམ་ཐར་ལ་ལྟོས་དང་། ཞྭ་དམར་ལ་སྐྱོན་བརྗོད་བྱེད་བཞིན་འགྱོད་བཤགས་རེའང་ཡོང་གི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཀརྨ་བཀའ་རྒྱུད་ཀྱིས་ཕམ་ཁ་ཁུར་ཡོད། གནས་ཚུལ་འདི་ཁས་བླང་ན་འོག་གི་སྐྱོན་རྣམས་འབྱུང་། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་མ་ཐུག་བར་བཀའ་བརྒྱུད་པའི་གནས་ཚུལ་དེ་བཙན་གནོན་ཞིག་ལ་ངོས་འཛིན་གནང་གི་ཡོད།༡༽ཀརྨ་བཀའ་བརྒྱུད་པའི་བླ་མ་ཕྱི་དམག་གི་སྣ་འདྲེན་དུ་འགྱུར་བ། ༢༽ཀརྨ་བཀའ་བརྒྱུད་ཀྱི་བླ་མས་ཆབ་སྲིད་གཉེར་བ། ༣༽ཀརྨ་བཀའ་རྒྱུད་ཀྱི་བླ་མར་སྡོམ་པ་མེད་པ། ༤༽ཀརྨ་བཀའ་རྒྱུད་ཀྱི་བླ་མར་ནོར་འདོད་ཆེ་བ། ༥༽ཀརྨ་བཀའ་བརྒྱུད་བླ་མས་གཙང་བཀྲ་ཤིས་ལྷུན་པོ་བཅོམ་པ། ༦༽ཀརྨ་བཀའ་བརྒྱུད་ཀྱི་གྲྭ་དམག་གིས་གཞིས་ཀ་རྩེའི་ཉམ་ཆུང་བུད་མེད་རྣམས་ལ་བཙན་གཡེམ་བྱས་པ། ༧༽ཀརྨ་བཀའ་བརྒྱུད་ཀྱི་གྲྭ་དམག་གིས་བོད་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱི་སྐུ་གདུང་གཏོར་བ། ༨༽ཀརྨ་བཀའ་བརྒྱུད་པའི་གསེར་སྐུའི་རྒྱན་དཀྲོལ་ནས་རང་གི་རྒྱན་ཆ་བཟོས་པ། ༩༽ཀརྨ་བཀའ་རྒྱུད་པའི་དགེ་འདུན་པའི་སྡེ་ལ་དམག་བརྒྱབ་ནས་གཏོར་བ། ༡༠༽ཀརྨ་བཀའ་བརྒྱུད་པའི་གཞན་གྱི་ཆོས་རྒྱུད་བཙན་བསྒྱུར་བྱས་པ། ༡༡༽ཀརྨ་བཀའ་བརྒྱུད་པའི་བོད་ཀྱི་རྒྱལ་ཁབ་ནཻ་པལ་དུ་བཙོང་བ། ༡༢༽ཀརྨ་བཀའ་རྒྱུད་ཀྱིས་པཎ་ཆེན་རིན་པོའི་སྐུ་ལ་བདོས་པ། ༡༣༽ཀརྨ་བཀའ་བརྒྱུད་པའི་ཏཱ་ལའི་བླ་མའི་བཀའ་ལ་རྒོལ་བ་སོགས་སྐྱོན་མང་པོ་ཞིག་རང་བཞིན་གྱིས་ཁས་ལེན་དུ་འགྱུར། རྡོ་རིང་། རྒྱལ་དབང་བདུན་པ། ལྕང་སྐྱའི་ཆབ་ཤོག ས་སྐྱའི་དམག་བཟློག་སོགས་པ་གཟིགས་དང་འདི་ཞྭ་དམར་གཅིག་པོའི་གནད་དོན་ཞིག་མ་རེད། ལས་ཀ་བའི་གཙོ་བོའི་་ནང་མཚུར་ཕུའི་གཉེར་བ་ཚོར་སྐལ་ཆད་མེད། ཞུགས་ནས་ཡོད། བཀྲ་ཤིས་ལྷུན་པོའི་གསེར་ཏོག་གང་ནས་གདན་དྲངས་པ་རེད། དེའི་ལོ་རྒྱུས་ལ་གཟིགས། གནས་ཚུལ་འདི་ཁས་ལེན་བྱས་དུས་ཀརྨ་བཀའ་བརྒྱུདལ་བཟུར་ཐབས་མེད་པའི་ལོ་རྒྱུས་ཀྱི་ཁག་ངན་ཞིག་བབ་ཡོང་བར་ཐེ་ཚོམ་མེད། བྲག་དཀར་ཆོས་ཀྱི་དབང་ཕྱུག འབྲུག་ཆེན་དཔག་བསམ་བཟང་པོ། ཀརྨཔ་ཐེག་མཆོག་རྡོ་རྗེ་སོགས་ཀྱིས་བསྟན་དགྲ་གོར་ཁས་བཀའ་བརྒྱུད་པར་མིང་ངན་བགོས་པར་གསུངས་པའི་དོན་ལ་དཔྱོད་ཅིག ཞྭ་དམར་པར་མི་དགའ་བ་གཅིག་པོས་ལོ་རྒྱུས་དེ་ཁས་ལེན་གནང་རྒྱུ་ཡིན་ནམ། ཀརྨའི་ཕྱག་མཛོད་གཉེར་བ་ལགས་ཀྱིས་དཔྱོད་ཅིག །
དྲིམེད་ལྷག་བསམ་ལགས་ཀྱིས། དྲི་མ་མེད་པའི་ཀུན་སློང་གིས། སྔར་གྱི་ལོ་རྒྱུས་བཤད་པར་བཀའ་དྲིན་ཆེ། ད་དུང་མང་ཙམ་ཤེས་འདོད་ཆེ། ངས་ནི་སུ་ལཡང་མི་སྡང་་ཡང་། བླ་ཆེན་མ་རབས་ཁྲབ་དུས་ཆོས་མེད་མའོ་ལས། ཆོས་ཡོད་བླ་མ་དེ་ཉེས་པ་ཆེ་བར་རྩིས་་མཁན་ཅིག་ཡིན་ལགས།
ཞྭ་དམར་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གིས་བོད་སྐད་ཐོག་བཀའ་ཆོས་དང་གསུངས་བཤད་གནང་བའི་བརྙན་འཕྲིན་དེ་འདྲ་མཇལ་རྒྱུ་ཡོད་དམ། ངས་ཁོང་གིས་བོད་སྐད་ག་འདྲ་ཞིག་གསུང་གནང་གི་ཡོད་དམ་བསམ་ནས་བསྡད་ཡོད། །
ཨེ་མ་ཧོའི་རྩོམ་དང་དྲི་མེད་ལྷག་བསམ་ཚང་གིས་གསུང་མཆན་ལ་ནམ་རྒྱུན་ལྟ་ཤོར་གྱིན་འདུག རྒྱུ་མཚན་དང་ལྷག་བས་རྣམ་དག་གི་སྐད་ཆ་དང་མཐོང་རྒྱ་ཆེན་པོ་རེད་བཞག ཁོང་ནི་ཁ་བརྡ་དྲ་བའི་རྒྱན་ཆ་རེད། ངོས་ཀྱི་རེ་བ་ལ་མཆོག་གིས་མཚན་ཙམ་མིན་པར་ཕྱག་རྩོམ་དངོས་རེ་གནང་ཡོང་བར་མཁྱེན་ནོ། དོལ་ཀར་ལ་གནད་ལ་ཁེལ་བ་གསུངས་འདུག ལོ་རྒྱུས་ལ་ཞིབ་གལ་དང་ཚིག་ངན་ལ་ནོན་གལ་ཆེ་གསུངས་པ་བཞིན་གསུངས་འདུག དགེ་ལུགས་སོགས་ལ་སྔོན་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ལ་ལ་དཔྱད་ཚེ་པན་ཆེན་རིན་པོ་ཆེ་དང་རྒྱལ་བ་དོན་གྱི་བདག་པོ་ལས་བསྟན་བཤིག་ལས་བསྟན་འཛིན་ཤིན་ཏུ་དཀོན་པོ་རེད། གང་ལྟར་ད་ཕྱིན་ལེགས་ཆ་མ་གཏོགས་སྡུག་ཆ་བཤད་རྒྱུ་ཉུང་དུ་གཏོང་གི་ཡིན། མདོར་ན་པན་ཆེན་རིན་པོ་ཆེ་མཁྱེན་ནོ།།
དྲི་མེད་ལྷག་བསམ་ལགས་ཀྱིས་དོན་ཚན་བཅུ་གསུམ་རྩལ་དུ་བཏོན་གནང་བ་འདི་ཞིབ་འཇུག་བྱེད་མཁན་ཚོར་ལོས་ཕན།
༡༠༽ཀརྨ་བཀའ་བརྒྱུད་པའི་གཞན་གྱི་ཆོས་རྒྱུད་བཙན་བསྒྱུར་བྱས་པ།
གསུངས་པ་འདི་གང་དང་གང་བཙན་བསྒྱུར་བྱས་ཡོད་སྐོར་སྔར་གྱི་ཡིག་ཆར་འཁོད་པ་དང་སྐུ་ཉིད་ཀྱིས་མཁྱེན་པ་བཅས་མདོར་ཙམ་ཞིག་སྐྱབས་འཇུག་ཞུ་བ་ཡིན།
ཡང་གསུངས་སྟབས་བདེ་པོ་རང་མེད་ན་ཨུ་ཚུགས་རྩ་བ་ནས་མི་ཞུ། །
བོན་པོ་ལེགས། ལྕང་སྐྱས་མཉྫུ་གོང་མ་ལ་ཕུལ་བའི་ཡི་གེར། བཀའ་བརྒྱུད་པས་དམག་དྲངས་སྟེ་གཙང་ཕྱོགས་ཀྱི་ཉམ་ཆུང་རྣམས་བཅོམ། དགོན་པ་གཏོར། པཎ་ཆེན་རིན་པོ་ཆེའི་སྐུ་ཆས་འཕྲོག དགོན་ཆུང་མང་པོ་ཞིག་བཀའ་བརྒྱུད་པར་བསྒྱུར་ཚུལ་འཁོད་ཡོད། གོང་དམག་དཔོན་ཧྥུ་ཁང་ཨན་གྱིས་ཕུལ་བའི་སྙན་ཞུར། ཞྭ་དམར་པའི་ལྟོས་བཅས་ཁྲིམས་ལ་སྦྱར། དགོན་སྡེ་མངའ་རིས་བཅས་གཞུང་བཞེས་བྱས། བོད་ཀྱི་ས་གནས་ཤོར་བ་རྣམས་ཕྱིར་བླང་། ཆོས་རྒྱུན་བསྒྱུར་ཡོད་པ་རྣམས་སྔར་ལུགས་སུ་བཞག ཞེས་འཁོད་ཡོད། རྡོ་རིང་རྣམ་ཐར་དུ་ཞྭ་དམར་ཕྱོགས་ཀྱིས་སེམས་བཟང་གི་བསླབ་བྱ་གཏོང་ཁུལ་བྱས་ཀྱང་སྡུག་པོ་ཅི་བཏང་གསལ་བོ་ཡོད་ཚུལ་ཞིག་ཀྱང་འཁོད་ཡོད། ཚིག་ཅི་བཞིན་མ་དྲན། འདི་སྐོར་སྐབས་དེའི་ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེར་ཕྱོགས་ཙམ་རེ་ཡོད། གོར་བོད་དམག་འཁྲུགས་ཀྱི་སྒོར་བོད་རྒྱ་གཉིས་སུ་འཁོད་པ་ཞིག་ཡོད་པ་དེར་ཡང་གསལ་ལོ། །
པདྨ་ལེགས། བོད་སིལ་བུར་འཐོར་རྗེས་བོད་ཀྱི་བསྟན་པ་ཆབ་སྲིད་དོན་རྒྱ་ཆེ་ས་ནས་གནང་མཁན་ཞིག་ལ་༧ས་སྐྱ་འགྲོ་མགོན་ཆོས་འཕགས། རྒྱལ་དབང་ལྔ་བ་དང། བཅུ་གསུམ་པ། བཅུ་བཞི་པ། པཎ་ཆེན་བཅུ་བ་ལྟ་བུ་ཞིག་དཀའ་མོར་གདའ། བསྟན་དོན་ལ་སྔོན་བརྡ་དང་། ཞབས་རིམ་སྒྲུབ་མཁན་ཞིག་ལ་རྙིང་མ་པ་དེ་ཚོ་ལེགས་ཤོས་རེད། མཐུ་གཏད་སྲུང་བཟློག་ཅི་བྱས་ཀྱང་བོད་སྤྱིའི་བསྟན་པའི་ཞབས་རིམ་དུ་དམིགས་མཐའ་དམག ཧོར་དམག རྒྱ་དམག་སོགས་བཟློག་ཐབས་བྱས་ཚུལ་ཁོད་ཡོད། ནུས་པ་ཡོད་མེད་ལ་མ་ལྟོས་པར་ཉེན་བརྡ་ཞིག་བཏང་ཡོད་ལ། སྤྱི་ཚོགས་ལ་དོ་སྣང་ཞིག་སྤྲད་ཡོད། ལྷག་བསམ་ཞིག་ཀྱང་བཅངས་འདུག །དེ་ཕྱོགས་རིས་མེད་པའི་སྐད་ཆ་ཡིན་ནོ། ། དེང་དུས་རྩོམ་མང་ཆེ་བར་ཁྱད་ཆོས་ཆེར་མེད། དཔེ་བཤུས་རེད། རྒྱ་ཡིག་ཏུ་བོད་རྩོམ་བརྐུས་ནས་བསྒྱུར་དེ་རང་གི་ཡིན་ཚུལ་བཀོད་པ་མང་། ཕྲན་གྱིས་བྲིས་ཀྱང་ཁྱད་ཆོས་འདོན་མི་ཐུབ། སྤྱི་ཚོགས་ཀྱི་ཁུར་བོ་ཞིག་ཏུ་འགྱུར་གྱིས་དོགས་ནས་རྩོམ་པ་ལ་ཅུང་ཟད་ཡིད་སྐྱོ་ནས་ཡོད་པའི་སྐབས་ལེགས་སོ། །
བོད་སིལ་བུར་འཐོར་རྗེས་བོད་ཀྱི་བསྟན་པ་ཆབ་སྲིད་དོན་རྒྱ་ཆེ་ས་ནས་གནང་མཁན་ཞིག་ལ་༧ས་སྐྱ་འགྲོ་མགོན་ཆོས་འཕགས། རྒྱལ་དབང་ལྔ་བ་དང། བཅུ་གསུམ་པ། བཅུ་བཞི་པ། པཎ་ཆེན་བཅུ་བ་ལྟ་བུ་ཞིག་དཀའ་མོར་གདའ། ་་་་ཞེས་པས་འདིར་རིན་སྤུང་པ་ཕུད་དགོས་དོན་གང་ཡིན་ནམ། རྒྱལ་རབས་སམ་བོད་ཀྱི་འབྱུང་རབས་གྲལ་དུ་མི་ཚུད་དམ། ལགས་དྲི་མེད་ལགས།
ལགས་སོ་དྲི་མེད་ལྷག་བསམ་ཅན། ཁྱེད་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་པའི་སྨོན་ལམ་ཡོད། གལ་ཆེ་ཤོས་དེ་མཆོག་གིས་བརྗེད་འདུག ཆོས་འཇུག་རྟེན་ཕྱོགས་ནས་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་དང་བླ་རུང་སྒར་དེ་གངས་ཅན་བསྟན་སྲིད་སྤྱི་ལ་ཕན་བདེ་སྤེལ་བ་ལོ་རྒྱུས་དང་ཆོས་འབྱུང་དུ་མཐའི་རྒྱ་མཚོ་སྣག་ཚལ་དང་རི་རྒྱལ་པོ་སྨྱུ་གུ་བྱས་ནས་གསེར་དངུལ་གྱིས་པོ་ཏི་བྲིས་ཀྱང་བརྗེད་དཀའ་བ་ཞིག་རེད་མི་འདུག་གམ། དེ་མིན་སྤྲུལ་རྫུན་སྤེལ་བ་འདི་བསྟན་བཤིག་དང་ནང་དཀྲུགས་ལས་ཕན་པ་ལ་གནོད་པར་མང་བར་གདོན་མི་ཟའོ།།
་་་་་་་་་་་ རྒྱ་མཚོ་སྣག་ཚལ་དང་རི་རྒྱལ་པོ་སྨྱུ་གུ་་་་་་་་་་་་
དེ་རིང་ང་ཡི་དྲི་བ་ནི། །
ཤྰཀྱ་ཐུབ་པ་མཆོག་སྤྲུལ་དངོས། །
དེ་ནས་སྤྲུལ་སྐུ་ཇི་ཙམ་བྱོན། །
སྤྲུལ་སྐུ་བླ་མ་ག་ཚོད་བྱུང་། །
སྤྲུལ་སྐུ་བླ་མིན་ག་ཚོད་བྱུང་། །
འདི་ལ་སུ་ཡིས་ལན་འདེབས་ཐུབ། །
ཀ་རྡོ་ལེགས། རིན་སྤུང་རྫོང་ཁག་བཅུ་གཉིས་ཀྱི་མགོ་དཔོན་ཕེར་ཙམ་ཞིག་རེད། རྒྱལ་རབས་སུ་ལས་ཀྱིས་ཞུགས་ཡོད། ཡངས་པ་ཅན་དགོན་པ་དང་། འབྲས་ཡུལ་བསྐྱེད་ཚལ་བཏབ་པ་ནི་རྒྱལ་རབས་འདི་བའི་མཛད་རྗེས་ཆེ་ཤོས་རེད། རྟེན་བཞེངས་སད་སུད་རེ་ནི་ཡོད་ངེས། བོད་སྤྱི་ལ་འདི་བྱས་ཀྱི་མཛད་པ་གཞན་ལས་ཁྱད་འཕགས་པ་ནི་མ་ཤེས། ཞང་ཤག་པ་ཙམ་གྱི་སྡེ་དཔོན་ཆུང་ངུ་ཞིག་གི་འགྲན་ཟླ་མ་ནུས། མཚུར་ཕུའི་རྩེ་ནས་བལྟས་ན་མཐོང་ས་དེར་ཞྭ་དམར་གདན་ས་ཡངས་པ་ཅན་འདེབས་གྲོགས་བྱེད་དགོས་ཅི་ལ་ཐུག་པ་རེད། སྦྲགས་ཡང་རྫོང་གི་སྔགས་པ་བསྐུལ་ནས་སུ་ལ་མཐུ་གཏད་བྱེད་བཅུག་འདུག ས་སྐྱ་ལ་དམག་རྒྱབ་བཅོལ་དུས་ཁས་ལེན་ཅི་འདྲ་འདུག སྤྱི་ཚོགས་ངོ་རྒོལ་སྡེ་གཟར་ཅི་བྱུང་སོགས་ལ་མིག་རྒྱ་ཡངས་པོ་བྱས་ཏེ་གཟིགས་འཚལ།
པདྨ་ལེགས། ༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཕྲན་གྱིས་གསོལ་བ་འདེབས་ས་ཡིན། བླ་རུང་ལ་སྨོན་པ་དང་རྒྱབ་སྐྱོར་བྱེད་མཁན་ཡིན། བསམ་གྱིས་མི་ཁྱབ་པ་རེད། བོད་བསྟན་སྲིད་གཉིས་ལ་བཀའ་དྲིན་བླ་ན་མཐོ། དེང་སུ་ཆོས་རྒྱུན་རེ་གཉིས་ཀྱིས་རང་དོན་སྒྲུབ་པ་དང་གཏན་ནས་མི་འདྲ། འོན་ཀྱང་ལོ་རྒྱུས་སྒང་ལ་མ་བྱུང་བ་རེད་གཏན་ནས་ཞུ་མ་ཤེས། བསྟན་པ་ཕྱི་དར་སྐབས། རྭ་ལོ་ཙཱ་བ། འབྲི་གུང་སྐྱོབ་པ། འགྲོ་མགོན་ཆོས་འཕགས། ཀཿཐོག་པ་སོགས་པ་དགེ་འདུན་པ་འབུམ་གཉིས་རེ་མ་ཟིན་ཙམ་འདུས་ཡོད། དེ་དག་གི་མཁས་བཙུན་བཟང་གསུམ་བླ་རུང་མཁན་པོ་ཚོ་ལ་འགྲན་མི་ནུས་ཞུ་ཚུལ་མེད། དགོན་པ་ལ་མཚོན་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། གཏེར་སྟོན་གྲྭ་བ་མངོན་ཤེས། ཀ་ཐོག་བྱམས་པ་འབུམ། འབྲི་གུང་བྱང་ཆུབ་གླིང་པ། ཚ་ཁོ་ངག་དབང་གྲགས་པ། ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། ཆོས་རྗེ་རྒྱལ་བཟང་སོགས་ཀྱིས་དགོན་པ་བརྒྱ་ལྷག་རེ་བཏབ་ཡོད་པས་དེ་དག་གིས་བསྟན་པ་སེམས་ཅན་གྱི་དོན་བླ་རུང་ལས་དམན་ཞུ་ག་ལ་ཐུབ། ལྷག་པར་འབྲི་གུང་བྱང་ཆུབ་གླིང་པར་གདན་ས་དགེ་འདུན་པ་སྟོང་ཕྲག་ཡོད་པའང་མང་པོ་ཡོད། དཔལ་འབྱོར་གྱི་ཡར་རྒྱས་ཀྱང་བློ་ཡུལ་ལས་འདས་པ་ཞིག་རེར་འདུག འོན་ཀྱང་འདི་དག་ཐམས་ཅན་བསྟན་པ་བྱེ་བྲག་པ་དང་ཆོས་རྒྱུན་ཁོལ་བུ་བ་གཙོར་འདོན་ལས། ཆོས་རྒྱུན་ཡོད་དོ་ཅོག་གིས་དབུ་ཁྲིད་པའི་རྒྱལ་བ་པཎ་ཆེན་ལྟ་བུ་ཞིག་རེད་མི་འདུག་སྙམ། ཕྲན་གྱིས་བཤད་པར་ནོར་འཁྲུལ་ཡང་ཡོད་སྲིད་པས་ཞིབ་འཇུག་གནང་གྲོགས། །
རིན་སྤུང་པ་དེ་ལྟར་ཡིན་ན། ལྷ་བླ་མ་བྱང་ཆུབ་འོད་དང་། ཡེ་ཤེས་འོད་འདིར་བཀའ་དྲིན་ཅན་དུ་གྲངས་མི་དགོས་དོན་ཅི་ཡིན་ནམ། ལགས། དྲི་མེད་ལགས།
དྲི་མེད་ལྷག་བསམ་ཐུགས་རྨད་དོ། ལན་གྱིས་ལྡོག་པ་མི་ནུས་ན་དེ་ཡི་རྗེས་འདྲིངས་དམ་པའི་ལུགས་ཞེས་པ་དེ་རེད། བླ་རུང་སྒར་དུ་དགེ་འདུན་པ་འབུམ་ལྔ་རེ་འདུ་འཛོམས་དང་རིག་འཛིན་འབུམ་ཚོགས་སོགས་གསུངས་འདུག ཡིན་ན་ཡང་ངོས་ནས་དཔར་དང་གློག་བརྙན་ལོ་རྒྱུས་ལས་མཐོང་མ་མྱོང་ན་ཁྱེད་ལ་རྒྱུས་ལྷག་པར་ཆེ་འོ་སྙམ། མཆོག་ལ་དྲི་བ་གསུམ་ཡོད། ༡ པན་ཆེན་རིན་པོ་ཆེ་ལ་དངོས་སློབ་རྩ་ཆེན་གང་དག་ཡོད་དམ། ༢ རྒྱལ་བ་རིན་པོ་ཆེ་ལ་སློབ་མ་རྒྱུད་འཛིན་རྣམ་དག་ཅིག་གསོ་སྐྱོང་ཐུབ་མེད་པ་དེ་ཁྱབ་སྲིད་ལ་བཙན་དབང་དང་བོད་སྲིད་ལ་དབུ་འཁོར་བས་ལན་པ་རེད་དྲན། དེ་འདྲ་ཡིན་ནམ། ༣ ཞལ་མཇལ་གསུང་ཐོས་མྱོང་མེད་པ་ཚོས་རྩ་བའི་བླ་མ་འབོད་ནས་གསོན་བསྲེག་བྱེད་པ་དག་ལ་དགོངས་ཚུལ་ཅི་འདྲ་ཡོད་དམ།
ཀརྨ་གཉེར་ཕྱག་ལེགས། བོད་བསྟན་སྲིད་ཡོངས་ཀྱི་ངོས་ནས་བཤད་པ་ལས། བསྟན་པ་ཁོ་ན་ལ་བཀའ་དྲིན་ཆེ་བ་ཆོས་རྒྱུན་སོ་སོ་ལ་ཤིན་ཏུ་མང་པོ་ཡོད་པས་བཤད་ན་རྫོགས་དཀའ། ལྷ་བླ་མ་བྱང་ཆུབ་འོད་དང་། ཡེ་ཤེས་འོད་གཉིས་ཀྱིས་ཇོ་བོ་རྗེ་གདན་དྲངས་ཤིང་བརྒྱུད་ནས་བསྟན་འགྲོའི་དོན་མཛད་པ་ནི་བསམ་ཀྱིས་མི་ཁྱབ། དངོས་སུ་སྤྱི་ཚོགས་ཀྱི་ཁྱབ་ཁོང་ནི་ད་ལྟའི་སྤུ་ཧྲེང་རྫོང་དང་རྩྭ་མདའ་རྫོང་གཉིས་ཀྱི་དཔོན་པོ་ཙམ་མོ། །ཇོ་བོ་ཕེབས་བསུ་རྒྱས་སྤྲོས་རྒྱ་ཆེན་པོ་བྱས་པ་ལ་རྟ་མི་སུམ་བརྒྱ་ལས་མི་འདུག མངའ་ཐང་ཅི་ཡོད་དེས་ཤེས། མ་ཟད་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བདག་མེད་བྱས་པས་འཕན་ཡུལ་ལ་ཕེབས་དགོས་བྱུང་བ་མིན་ནམ།
དོལ་རྒྱལ་དམ་པ་ཚོ་ཕུད་པའི་འབྲས་འབྲས་དགས་གསུམ་གྱི་བླ་མ་ཡོད་ཚད་༸གོང་ས་མཆོག་གི་ཞལ་སློབ་ཡིན་པ་མ་ཟད། དཔལ་ས་སྐྱ་བདག་ཁྲི་ེིན་པོ་ཆེ་མཆོག་དང་། དཔལ་རྒྨཡལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་དང་། འདི་ལོ་དུས་འཁོར་དབང་དུ་འབྲུག་ཆེན་ཕེབས་མི་འདུག་མ་གཏོགས། དཔལ་འབྲི་གུང་པ་ཆེ་ཚང་རིན་པོ་ཆེ་དང་། ས་སྐྱའི་དུང་སྲས་རཊ་ན་རིན་པོཆེ་སོགས་ཀྱང་ཕེབས་འདུག་པ་པདྨའི་མིག་ལོང་བ། རྣ་བ་འོན་པའམ། ཡང་ན། ཕྱོགས་ལྷུང་གིས་སྒྲིབ་པས་བསྒྲིབས་སམ། ། ལགས།། །།
པདྨ་ལེགས། ༡༽ པན་ཆེན་རིན་པོ་ཆེ་ལ་དངོས་སློབ་རྩ་ཆེན་གང་དག་ཡོད་དམ། ལན། ཞུ་མ་ཤེས། གུང་ཐང་བསྟན་པའི་དབང་ཕྱུག་དང་། བསྭེ་ཚང་བློ་བཟང་དཔལ་ལྡན་སོགས་རེད། ཨ་རྒྱ་རིན་པོ་ཆེ་སོགས་མང་པོ་ཡོད་སྙམ། ༢༽ རྒྱལ་བ་རིན་པོ་ཆེ་ལ་སློབ་མ་རྒྱུད་འཛིན་རྣམ་དག་ཅིག་གསོ་སྐྱོང་ཐུབ་མེད་པ་དེ་ཁྱབ་སྲིད་ལ་བཙན་དབང་དང་བོད་སྲིད་ལ་དབུ་འཁོར་བས་ལན་པ་རེད་དམ། ལན། ཞལ་སློབ་མ་གྱུར་པའི་བླ་ཆེན་ཕལ་ཆེར་མེད་པ་རེད། བརྒྱུད་འཛིན་གླིང་རིན་པོ་ཆེ་ཡིན་པར་བཤད། ཞུ་གཏན་ནས་མ་ཤེས། ༣༽ ཞལ་མཇལ་གསུང་ཐོས་མྱོང་མེད་པ་ཚོས་རྩ་བའི་བླ་མ་འབོད་ནས་གསོན་བསྲེག་བྱེད་པ་དག་ལ་དགོངས་ཚུལ་ཅི་འདྲ་ཡོད་དམ། ལན། གང་ལ་དད་པ་བྱས་ན་དེ་བླ་མར་འཛིན་ཆོག་པ་ཀརྨ་ཆགས་མེད་གསུངས། གང་ལས་ཆོས་ཤེས་པ་དེ་བླ་མར་འཛིན་པ་མདོ་ལས་གསུངས། ས་སྐྱ་མཁྱེན་བརྩེའི་དབང་ཕྱུག་དང་། འགྲོ་མགོན་དབང་སྡུད་སྙིང་པོས་གུ་རུ་པདྨ་བླ་མར་འཛིན། འཇིགས་མེད་གླིང་པས་ཀློང་ཆེན་པ་བླ་མར་འཛིན། ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་སྐབས་བོད་ན་ཡོད་པ་ཚོར་ཐོབ་པའི་ཐུགས་སྨོན་དང་། བོད་ན་བཞུགས་མཁན་ཚོས་དེ་སྐབས་དགེ་སྒྲུབ་སྡིག་སྤང་དང་ཐོབ་བློ་བསྐྱེད་གནང་གི་ཡོད་པས་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཆགས་ཡོད་པའི་ཡིད་ཆེས་ཡོད།
ཨ་ཁ་ཁ་ཀརྡོས་དོལ་རྒྱལ་ལ་དམ་པ་ཡིན་ན་ཕར་ཕུད་དགོས་པ་གང་ཡིན་ནམ། རྒྱལ་བ་དམ་པ་མ་ཡིན་པ་ཁྱོད་རང་གིས་མི་འདོད་བཞིན་དབུ་ལ་འཁོར་སོང་། དྲི་མེད་ལྷག་བསམ་ལ་ཡང་སྐྱར་བཀའ་དྲིན་ཆེ་ཞུའོ། ཉིད་ཀྱིས་ས་སྐྱ་མཁྱེན་བརྩེའི་དབང་ཕྱུག་དང་། འགྲོ་མགོན་དབང་སྡུད་སྙིང་པོས་གུ་རུ་པདྨ་བླ་མར་འཛིན། འཇིགས་མེད་གླིང་པས་ཀློང་ཆེན་པ་བླ་མར་འཛིན། ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་སྐབས་བོད་ན་ཡོད་པ་ཚོར་ཐོབ་པའི་ཐུགས་སྨོན་དང་། བོད་ན་བཞུགས་མཁན་ཚོས་དེ་སྐབས་དགེ་སྒྲུབ་སྡིག་སྤང་དང་ཐོབ་བློ་བསྐྱེད་གནང་གི་ཡོད་པས་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཆགས་ཡོད་པའི་ཡིད་ཆེས་ཡོད། མཆོག་ལ་ཡིད་ཆེས་ཡོད་ན་རབ་ཀྱང་། ངོས་ནས་དུང་ལེན་ཞུ་ཐུབ་མ་སོང་། གང་ཡིན་ན་དང་པོ་བླ་མ་བརྟག བར་དུ་བླ་མ་བརྟེན། མཐར་དགོངས་སྤྱོད་བསླབ་ནས་བླ་མ་ཚུལ་བཞིན་བསྟེན་ནས་སློབ་མ་ཐར་བ་ཡང་དག་ཐོབ་པ་མཁྱེན་བརྩེ་དབང་དབང་ཕྱུག་དང་ཀུན་མཁྱེན་འཇིགས་གླིང་གིས་དཔེ་བཞིན་རེད། དེ་མིན་འུར་རྒྱུགས་ཀྱི་གསོན་བསྲེག་ཚོ་ལ་སྦྱར་བ་ཞྭ་དཔེ་ལྷམ་འགེབ་པར་རེད་དྲན། གང་ལྟར་དྲི་མེད་ལྷག་བསམ་ནི་མཁྱེན་རབ་དང་ལྷག་བསམ་ལ་བསྔགས་བརྗོད་ཡོད། དྲི་བ་མཐའ་མ་དེ་མཆོག་ཉིད་རྒྱལ་བ་རིན་པོ་ཆེའི་དངོས་སློབ་ཡིན་ནམ། ཡང་ན་མཆོག་ཉིད་ཀུན་མཁྱེན་འཇིགས་མེད་གླིང་པ་བཞིན་དུ་༧ཀརྨ་པ་མཐའ་ཡས་རྡོ་རྗེའི་སློབ་མ་ཡིན་ནམ།
པདྨ་ལེགས། ལན་འདོར་བསྡུ་ན། ཕྲན་མོས་གུས་ཆེན་པོ་ཅན་དུ་མ་གྱུར་ཀྱང་། འབྲས་བུ་ལ་དམ་བཅའ་བ་སྟེ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས། མོས་གུས་ཅན་ལ་བླ་མར་མ་གྱུར་མེད། །ཅེས་དང་། སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་སྐུ། །མོས་གུས་ཅན་ལ་བྱིན་རླབས་ཉེ་རིང་མེད། །ཅེས་དང་། ཡིད་ཆེས་བླ་མའི་མོས་གུས་ཀྱིས་རྒྱུ་བྱས། ཞེ་བཅད་བླ་མའི་མོས་གུས་ཀྱིས་རྐྱེན་བྱས། ཀུན་ཁྱབ་བླ་མའི་མོས་གུས་འབྲས་བུའི་ཚུལ་དུ་རྟོགས་པར་འདོད་པ་ལ་སྣང་སྲིད་བླ་མར་ཤར་བས་དབྱེ་བསལ་མ་བྱེད། ཅེས་པའི་གདམས་དོན་རྒྱུད་ལ་འབྱོང་བའི་སྨོན་ལམ་འདེབས་སོ། །
ཁྱོད་བདེན། ཁྱོད་བེདན།
དོལ་རྒྱལ་དམ་པ་ཚོ་ཕུད་པའི་འབྲས་འབྲས་དགས་གསུམ་གྱི་བླ་མ་ཡོད་ཚད་༸གོང་ས་མཆོག་གི་
འདིནི།
དོལ་༼རྒྱལ་༽ཚོགས་དམ་ཉམས་པ་ཚོ་ཕུད་པའི་འབྲས་འབྲས་དགས་གསུམ་གྱི་བླ་མ་ཡོད་ཚད་༸གོང་ས་མཆོག་གི་
ལ་བཅོས་ནས་ཡིན་གདའ།
# 56 པདྨ་ལགས་ཀྱིས་མཆན་བཏབ་པ།:
January 19th, 2015 at 9:22 AM
ཨ་ཁ་ཁ་ཀརྡོས་དོལ་རྒྱལ་ལ་དམ་པ་ཡིན་ན་ཕར་ཕུད་དགོས་པ་གང་ཡིན་ནམ། རྒྱལ་བ་དམ་པ་མ་ཡིན་པ་ཁྱོད་རང་གིས་མི་འདོད་བཞིན་དབུ་ལ་འཁོར་སོང་། ་་་་་་་་་ པདྨ་ལགས།
ལེགས་སོ་དྲི་མེད་ལྷག་བསམ་ལེགས།
གངས་ཅན་པའི་བླ་མ་མཚན་ལྡན་རྣམ་པ་མཁྱེན་ནོ།།
ལྟ་བའི་ཡང་རྩེ་རྨད་བྱུང་རྫོགས་པ་ཆེ།།
ཕྱོགས་སུ་མ་ལྷུང་སྣང་སྟོང་བླ་མའི་སྐུ།།
རང་བཞིན་འོད་གསལ་སྙིང་པོའི་དོན་རྟོགས་པའི།།
དྲི་མེད་ལྷག་བསམ་བྱང་ཆུབ་སེམས་ཉིད་རྒྱལ།།
དྲ་གྲོགས་ཁྱེད་ནི་སྣང་སྲིད་དཔེ་ཆར་ཤར། གཞུང་ལུགས་གདམས་པ་མཐོང་བའི་སྐལ་བཟང་དུ་ཡིན་པར་མོས།། གང་ལྟར་ང་ནི་ལུས་སྐྱེས་དམན། སེམས་ཆགས་སྡང་། ངག་བདེན་པ་ལས་དད་གུས་དག་སྣང་ཡོད་མཁན་ཞིག་མིན་ཡང་གྲོགས་བཟང་ལྷག་བསམ་ཅན་གྱི་དྲི་མེད་ལྷག་བསམ་བཟང་པོའི་གྲོགས་ལས་གོ་བ་གསར་བ་མང་པོ་གནང་སོང་། སླར་ཡང་བཀའ་དྲིན་ཆེ་ཞུ་བ་དེ་ཡིན།
ཀརྡོ་ལགས།
མཆོག་གི་སྤྲུལ་སྐུ་ཤྰཀྱ་ཐུབ་པ།།
སྐྱེ་བ་སྤྲུལ་སྐུ་རྩི་ཤིང་ནགས་ཚལ་དང་།།
དོན་གྱི་སྤྲུལ་སྐུ་པདྨ་འབྱུང་གནས་དང་།།
བཟོ་ཡི་སྤྲུལ་སྐུ་ཇོ་ཤག་སྐུ་བརྙན་རིགས།།
ལས་ཉོན་འཁྲུལ་པ་ཀརྨ་ནག་རིལ་སོགས།།
རྣམ་དཔྱོད་ལྡན་པའི་ངོ་ན་བཀྲ་ལམ་མེ།།
ཨོ་རྒྱན་ལྷ་མོ་ཨོ་རྒྱན་རྡོ་རྗེ་སོགས།།
དེ་མིན་བླུན་པོ་ཆུ་སྣ་ག་ཁྲིད་རིགས།།
བདེན་རྫུན་མ་ཤེས་མི་ཚེ་སྟོང་ཟད་རིགས།།
ལས་ངན་གཡོ་རྫུན་རིགས་ལ་སྐྱབས་འགྲོ་བས།།
བར་དོར་འགྱོད་གདུང་བསྐྱེད་རྣམས་སྙིང་རེ་རྗེ།།
ཡང་དག་ཆོས་པར་ངན་ཚིག་མཆིལ་ཞགས་འཕེན།།
རྐུ་ཇག་ཕྱུག་པོའི་གཅིན་སྐྱག་ཚ་བོ་བལྡག།
ཆོས་ལ་ཕྱོགས་རིས་ངན་སྨོད་ཁོ་ན་ལས།།
བདེན་དྲང་མེད་པའི་ཀརྡོ་སྙིང་རྗེའི་གནས།
་་་་་་་་་ །ཇོ་བོ་ཕེབས་བསུ་རྒྱས་སྤྲོས་རྒྱ་ཆེན་པོ་བྱས་པ་ལ་རྟ་མི་སུམ་བརྒྱ་ལས་མི་འདུག མངའ་ཐང་ཅི་ཡོད་དེས་ཤེས། མ་ཟད་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བདག་མེད་བྱས་པས་འཕན་ཡུལ་ལ་ཕེབས་དགོས་བྱུང་བ་མིན་ནམ། ་་་་་་་་་
དྲི་མེད་ལྷག་བསག་བསམ་ལགས་ཀྱིས། གུས་འགྱིད་ལུག་པ་ལེ་ལོ་ཅན་ལ། ལོ་རྒྱུས་བློ་སྐྱེད་དང་། དྭོགས་སློང་སོགས་ལ་བཀའ་དྲིན་ཆེའོ།།
ཀརྡོ་ལགས།
མཆོག་གི་སྤྲུལ་སྐུ་ཤྰཀྱ་ཐུབ་པ།།
སྐྱེ་བ་སྤྲུལ་སྐུ་རྩི་ཤིང་ནགས་ཚལ་དང་།།
དོན་གྱི་སྤྲུལ་སྐུ་པདྨ་འབྱུང་གནས་དང་།།
བཟོ་ཡི་སྤྲུལ་སྐུ་ཇོ་ཤག་སྐུ་བརྙན་རིགས།།
ལས་ཉོན་འཁྲུལ་པ་ཀརྨ་ནག་རིལ་སོགས།།
ལ།
མཆོག་གི་སྤྲུལ་སྐུ་ཤྰཀྱ་ཐུབ་པར་མཚུངས། །
སྐྱེ་བ་སྤྲུལ་སྐུ་རྩི་ཤིང་ནགས་ཚལ་ཨེ། །
དོན་དང་དོན་མིན་རྣམ་དབྱེ་གང་གིས་འབྱེད། །
བཟོ་ཡི་སྤྲུལ་སྐུ་འདྲ་སྐུ་བཟོ་ཚད་ཨེ། །
ལས་ཉོན་དབང་གིས་ཚིག་རྩུབ་ལས་ངན་བསགས། །
དྲི་མེད་ལྷག་བསམ་ལགས། བཀའ་དྲིན་ཆེ་ཞུ། །