སྐྱབས་མགོན་མ་ཕེབས་ལོ་མང་འགོར། ཞལ་རས་མ་མཇལ་ཡུན་རིང་སོང་། (བོད་།) Posted on 2012-01-31 By ཁ་བརྡ་ 5 Comments on སྐྱབས་མགོན་མ་ཕེབས་ལོ་མང་འགོར། ཞལ་རས་མ་མཇལ་ཡུན་རིང་སོང་། (བོད་།) བདེ་སྐྱིད་ཚེ་རིང་། གློག་བརྙན་།, གསར་འགྱུར།
གཞས་ཡག་པོ་བཏང་ཡོད་ཀི དགའ་ནི་ཡིན། ཡིན་ནའང་། གཞས་པ་འདིའི་བདེ་འཇགས་ལ་ཁ་བརྡ་ཚང་གིས་ཐུགས་བསམ་བཞེས་ཡོད་དམ། སྐབས་རེར་ང་ཚོའི་བྱ་སྤྱོད་ཀྱིས་གཞིས་ལ་བསུན་བཙེར་བྱེད་བཞིན་པའི་སྣང་ཚུལ་དེ་དྲན་ཏེ། ཐོལ་བྱུང་དུ་དྲིས་པ་ཙམ་ཡིན། གང་ལྟར་ཁང་བརྡ་ཚང་ལ་ཡིད་ཆེས་ཡོད། དགོས་པ་རྒྱུ་མཚན་དང་རྒྱབ་ལྗོངས་ཤེས་པའི་ཐོག་ནས་འདིར་བཞག་པ་ལོས་ཡིན་སྙམ།
སྐད་ཡག་པོ་ཉམས་ཡག་པོ། གཞས་པ་ཁོང་ལ་མཚོན་ཡང་ཤེལ་བསྟན་གནང་བཞིན་ནམ་རྒྱུད་ལ་རྒྱའི་གླུ་ལེན་གྱིན་འདུག འདི་ནི་ད་ལོའི་དགུང་ཚོགས་གངས་ཆབ་ཟེགས་མའི་འགྱུར་ཁུགས་ཀྱི་ནང་གི་གཞས་ཤིག་རེད། དངོས་གནས་གཞས་ཡག་པོ་བླངས་འདུག གླུ་བ་རྒྱལ་ལོ། ལ་རྒྱའི་གླུ་བ་རྒྱལ་ལོ།
བདེ་སྐྱིད་ཚེ་རིང་ལགས་ལ་དྲ་ལམ་འདི་རྒྱུད་ནས་གཞས་ཚིག་ཞིག་འབུལ་གྱི་ཡིན་པས་གལ་སྲིད་གཞས་ལེན་འདོད་ན་དགའ་བསུ་ཡོད། ཉི་ཟླའི་ཞེ་ལ་ཐོག་པའི་གངས་རི། གངས་རིའི་རྩེ་ནས་ཉི་མ་ལྷོ་ལ་བཞུད།། གངས་རིའི་སྐར་ཚོགས་ཟླ་བའི་འོད་ཀྱིས་བསྐྱངས།། ཟླ་བའི་སེམས་པ་འཁྱགས་པས་བསྡམས་པས་ཚེ།། ཟླ་བའི་སྙིང་གི་ཞལ་ཆེམས་དྲོད་མོ་ལ།། ཉི་མའི་འཇའ་གུར་ཆར་བ་མིག་ཏུ་འཁྱིལ།། གངས་རིའི་མིག་ནས་གངས་ཆབ་སྔོན་མོ་བཞུར།། གངས་རིའི་སྐར་ཚོགས་མུན་པས་ཡང་ཡང་སྒྲིབས།། ཉི་ཟླ་མེད་པའི་སྐར་ཚོགས་སྙིང་རེ་རྗེ།། འཛམ་གླིང་མཐོ་སྒང་ཉི་ཟླའི་ཕ་ཡུལ་ཡིན།། ཉི་མའི་གླིང་གཞན་འཇམ་པའི་འོད་འཕྲོ་དུས།། ཟླ་བ་གཟའ་ཡིས་བཟུང་སྟེ་མུན་པས་སྒྲིབས།། གངས་སྐར་དཀྱིལ་ལ་འབྲུག་གིས་ཐོག་མདའ་འཕངས།། ཉི་ཟླ་མེད་པའི་སྐར་ཚོགས་སྙིང་རེ་རྗེ།།
གཞས་ཡག་པོ་བཏང་ཡོད་ཀི དགའ་ནི་ཡིན།
ཡིན་ནའང་། གཞས་པ་འདིའི་བདེ་འཇགས་ལ་ཁ་བརྡ་ཚང་གིས་ཐུགས་བསམ་བཞེས་ཡོད་དམ། སྐབས་རེར་ང་ཚོའི་བྱ་སྤྱོད་ཀྱིས་གཞིས་ལ་བསུན་བཙེར་བྱེད་བཞིན་པའི་སྣང་ཚུལ་དེ་དྲན་ཏེ། ཐོལ་བྱུང་དུ་དྲིས་པ་ཙམ་ཡིན། གང་ལྟར་ཁང་བརྡ་ཚང་ལ་ཡིད་ཆེས་ཡོད། དགོས་པ་རྒྱུ་མཚན་དང་རྒྱབ་ལྗོངས་ཤེས་པའི་ཐོག་ནས་འདིར་བཞག་པ་ལོས་ཡིན་སྙམ།
ཁུ་བྱུག་གི་གསུང་དབྱངས་གྲགས་པའི་གླུ་བ་ཞིག་
བཀྲ་ཤིས་བདེ་ལེགས་ཞུ་
སྐད་ཡག་པོ་ཉམས་ཡག་པོ། གཞས་པ་ཁོང་ལ་མཚོན་ཡང་ཤེལ་བསྟན་གནང་བཞིན་ནམ་རྒྱུད་ལ་རྒྱའི་གླུ་ལེན་གྱིན་འདུག འདི་ནི་ད་ལོའི་དགུང་ཚོགས་གངས་ཆབ་ཟེགས་མའི་འགྱུར་ཁུགས་ཀྱི་ནང་གི་གཞས་ཤིག་རེད། དངོས་གནས་གཞས་ཡག་པོ་བླངས་འདུག གླུ་བ་རྒྱལ་ལོ། ལ་རྒྱའི་གླུ་བ་རྒྱལ་ལོ།
བདེ་སྐྱིད་ཚེ་རིང་ལགས་ལ་དྲ་ལམ་འདི་རྒྱུད་ནས་གཞས་ཚིག་ཞིག་འབུལ་གྱི་ཡིན་པས་གལ་སྲིད་གཞས་ལེན་འདོད་ན་དགའ་བསུ་ཡོད། ཉི་ཟླའི་ཞེ་ལ་ཐོག་པའི་གངས་རི།
གངས་རིའི་རྩེ་ནས་ཉི་མ་ལྷོ་ལ་བཞུད།།
གངས་རིའི་སྐར་ཚོགས་ཟླ་བའི་འོད་ཀྱིས་བསྐྱངས།།
ཟླ་བའི་སེམས་པ་འཁྱགས་པས་བསྡམས་པས་ཚེ།།
ཟླ་བའི་སྙིང་གི་ཞལ་ཆེམས་དྲོད་མོ་ལ།།
ཉི་མའི་འཇའ་གུར་ཆར་བ་མིག་ཏུ་འཁྱིལ།།
གངས་རིའི་མིག་ནས་གངས་ཆབ་སྔོན་མོ་བཞུར།།
གངས་རིའི་སྐར་ཚོགས་མུན་པས་ཡང་ཡང་སྒྲིབས།།
ཉི་ཟླ་མེད་པའི་སྐར་ཚོགས་སྙིང་རེ་རྗེ།།
འཛམ་གླིང་མཐོ་སྒང་ཉི་ཟླའི་ཕ་ཡུལ་ཡིན།།
ཉི་མའི་གླིང་གཞན་འཇམ་པའི་འོད་འཕྲོ་དུས།།
ཟླ་བ་གཟའ་ཡིས་བཟུང་སྟེ་མུན་པས་སྒྲིབས།།
གངས་སྐར་དཀྱིལ་ལ་འབྲུག་གིས་ཐོག་མདའ་འཕངས།།
ཉི་ཟླ་མེད་པའི་སྐར་ཚོགས་སྙིང་རེ་རྗེ།།
གཞས་འདི་དོན་དག་དང་གླུ་ངག་སོགས་ཤིན་ཏུ་ནས་ཡག བཀྲིས་དོན་འགྲུབ།