རེབ་སྨད་ལྷའུ།
སྒང་བ་བོད་ཀྱི་ཕ་གཞིས་དེ། སེར་མིན་སྐྱ་མིན་གྱི་སྒེར་གཅོད་པ་ཚོས་ཡུན་རིང་ལོངས་སུ་སྤྱད་མཐར། ཁྱིམ་མཚེས་གཅན་གཟན་གཏུམ་པོས་གླགས་རྙེད་དེ་ཁྱུར་མིད་གཏོང་ལ་ཉེ་བ་ན། ཡུལ་མི་དང་ཕ་གཞིས་དགྲ་ལག་ཏུ་གཏད་པའི་ནག་ཉེས་ལས་གཡོལ་ཆེད་དུ། ཁོ་ཚོས་འགན་འཁྲི་ཡོད་ཚད་སྐུ་ན་མ་སོན་པ་ཁྱེད་ཀྱི་དབུ་ལ་གཡོགས།
དེ་ལྟ་ནའང་། རྒྱལ་ཕམ་དང་འཆི་གསོན་གྱི་འགག་འཕྲང་དོག་མོ་ནས། ཁྱེད་ཀྱིས་རང་ཉིད་ཀྱི་སྐུ་སྲོག་གཏའ་མར་བཞག་སྟེ། རྣམ་དཔྱོད་དང་ནུས་པ་ཡོད་རྒུ་གནངས་ཏེ་ཕ་གཞིས་དང་ཡུལ་མི་སྐྱོབ་པར་འབད།
ཡིན་ནའང་ཕྱི་ནང་གི་འགལ་རྐྱེན་ཆེ
དེ་ནས་ཁྱེད་རང་ཕྱི་གཟིགས་དང་འཕྲ
བཙན་བྱོལ་གྱི་འགྲུལ་བཞུད་ལ་ནང་
ཁྱེད་ཀྱི་བྱམས་བརྩེ་ནི་ཉི་ཚེ་
དེ་རིང་ནི་ཁྱེད་ཀྱི་བྱམས་བརྩེའི
རེབ་སྨད་ལྷའུ་ཡིས་བྲིས།
ཡིང་ནོར། ལྟོ་འབྲང་ལ(ལྟོ་འགྲངས)་ཟེར་བ་འདྲ།:-D
༷༅། འཛམ་གླིང་གོ་ལའི་ཡང་རྩེར་གནས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་ཤར་ཕྱོགས་རླ྄ུང་ཤིག་འོག་ཏུ་ལུས་ཏེ་མི་ལོ་དྲུག་ཅུ་ལྷག་འགྲོ་ཡི་འདུག་མོས། ཁྱེད་ཀྱི་ཐུགས་རྗེ་ཆེའི་འོད་ཟེར་གྱི་ནུབ་པ་མེད་པར་གོ་ལའི་གླ྄ིང་འདིར་ཟེར་འོད་ཁྱབ་བཞིན་ཡོད། འདི་ནི་མགོན་པོ་གང་གི་ཐུགས་རྗེ་ཆེ་ཉག་གཅིག་ཡིན། བོད་རིགས་རྩམ་གཟན་ཡོང་ངོ་ཤེས་པར་བྱ་དགོས། དུས་ཆེན་སྲུང་རྩིས་བྱེད་རྒྱུ་འདི་གལ་གནད་ཆེན་པོ་ཡིན་མོས། དེ་ལས་མགོན་གང་གི་བཀའ་དགོངས་གྲུབ་རྒྱུ་དེ་གལ་གནད་ཆེ་བར་མཐོང་།
བརྟན་བཞུགས་མང་པོ་ཡོད་མོད་ཀྱང་། །
བཀའ་གསུང་ཅི་་སྒྲུབ་བརྟན་བཞུགས་མཆོག །