གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་བསྟན་པའི་དབུ་འཛིན་ཁྲི་རབས་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ངག་དབང་བློ་གྲོས་རིན་པོ་ཆེ་མཆོག་མཆོག་འདི་ཟླའི་ཚེས་གཉིས་ཉིན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ཁོང་ནི་ཕྱི་ལོི་ ༡༩༢༣ ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས་ཤིང་། ད་ལོར་དགུང་གྲངས་༨༨ ལ་ཕེབས་ཡོད།
ཕྱི་ལོ་༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་འཁྲུལ་ཞིག་རིན་པོ་ཆེ་མཆོག་ཀྱང་ཕྱི་ལོ་༡༩༥༩ ཟླ་༡༠ ཚེས་༡༩ མཚན་མོར་གངས་ལ་བརྒྱུད་ཤར་ཁུམ་བུ་ཐང་སྨད་དགོན་དུ་བཙན་བྱོལ་ལ་ཕེབས། ཁོང་གི་བྱེས་ཀྱི་གདན་ས་ཐུབ་བསྟན་ཆོས་གླིང་ནི་བལ་ཡུལ་ཁུལ་དུ་ཡོད་པའི་དགོན་པ་ཆེ་ཤོས་ཡིན།
ཕྱི་ལོ་༢༠༠༨ ལོར་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་སྔ་འགྱུར་བསྟན་བདག་བླ་ཆེན་རྣམས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་༢༠༡༠ ལོར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ལྔ་པར་བཞེངས།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། རྡོ་རྗེ་འཆང་གི་སྒོ་འཕང་མྱུར་ཐོབ་ཤོག
སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུ།
རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།།
ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པ།།
དགོངས་པ་འཕོ་མེད་རྗེས་འཇུག་བརྩེ་བའི་གཟིགས།།
ནུས་པ་འགག་མེད་ཡང་སྲིད་མྱུར་འབྱོན་ཤོག།
རིས་མེད་རྒྱལ་བསྟན་གྱི་མངའ་བདག་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་ཕེབས་པར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་བཅས་ཞུ་བཞིན་ཡོད།
རང་བྱུང་ཀློང་ན་སྐྱེ་དང་འཆི་བ་ཡི།
རྣམ་པར་གདགས་པ་རྡུལ་ཙམ་མ་མཆིས་ཀྱང།
གསང་གསུམ་རོལ་པའི་སྒྱུ་འཕྲུལ་བསམ་མཐའ་ཡས།
སོ་སོར་སྐྱེས་བུའི་བློ་ཡི་ཡུལ་ལས་འགོང།
ཀ་དག་དགོངས་པའི་ཀློང་ཆེན་ནས།
ལྷུན་གྲུབ་མཁྱེན་པའི་རྟ་བདུན་ཆེ།
བརྩེ་ཆེན་འོད་སྟོང་མང་མང་འགྲོར།
ནམ་ཡང་རྗེས་སུ་བཟུང་བར་ཞུ།
མི་རིགས་དང་ཆོས་ལུགས་ཀྱི་རུ་དྲས་ཡོངས་སུ་གཏུམས་པའི་ཕྱི་ཚོགས་འདིར་གྲུབ་མཐའ་ཀུན་ལ་དག་སྣང་དང་རིས་སུ་མི་ཕྱེ་བའི་སྐྱེས་མཆོག་ཁྱེད་ཉིད་ལྟ་བུ་ཞིག་ས་སྟེང་འདི་ནས་གཞན་དུ་གཤེགས་པར་བློ་ཕམ་ཤིན་ཏུ་ནས་ཆེ།
སླར་ཡང་ཁྱེད་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་འགྲུབ་པའི་ཡང་སྲིད་ཉི་མ་གཞོན་ནུ་མྱུར་བར་བྱོན་པའི་སྐྱབས་གསོལ་བཅས་ཞུ་བཞིན་ཡོད།
མདོ་རྒྱུད་གསུང་རབས་རྒྱ་མཚོའི་གདམས་པའི་བཅུད།
གང་གི་ཐུགས་ཀྱི་ཡོ་གོར་འཁྱིལ་བ་ལས།
མཁས་བཙུན་བཟང་པོའི་མཛད་འཕྲིན་གོ་ལའི་ཁྱོན།
ཁྱབ་མཛད་ཆོས་ཀྱི་བློ་གྲོས་མཆོག་དེར་འདུད།
ནང་དུ་བདེ་ཆེན་ཟུང་འཇུག་དགའ་བ་ཡིས།
ཏིང་འཛིན་མཉམ་བཞག་འཇུག་པས་དུས་གདའ་ཡང་།
ཕྱི་རུ་བྱམས་སེམས་སྤྱོད་པའི་བརྟུལ་ཞུགས་ཀྱིས།
རྟག་ཏུ་དམའ་ས་བཟུང་ཏེ་འགྲོ་དོན་མཛད།
སྙིག་ལྔས་དབང་བས་དུས་མཐའི་དུས་མཐའ་འདིར།
མགོན་ཁྱོད་ཞི་བའི་དབྱིངས་སུ་བཤེགས་གྱུར་ན།
མགོན་མེད་ཉམས་ཐག་བདག་ཅག་འགྲོ་བ་རྣམས།
༧སྐྱབས་དང་དཔུང་གཉེན་མིག་ཞགས་སུ་ལ་བཏོད།
གངས་ཅན་མགོན་པོའི་ཐུགས་སྲས་མཚན་དཔེའི་བདག།
གངས་ཅན་བསྟན་སྲིད་ཁུར་ཆེན་བསྣམས་བཞིན་དུ།།
གངས་ཅན་ཆོས་བརྒྱུད་སྔ་འགྱུར་བསྟན་བསྟི་གནས་སུ།།
གངས་ཅན་བསྟན་འགྲོ་རིིས་མེད་བསྐྱངས་འདི་རྨད།།
ཀྱེ་མ་སྙིགས་དུས་སེམས་ཅན་བསོད་ནམས་དམན།།
བསྟན་འཛིན་སྐྱེས་ཆེན་དུ་མ་ཞི་བར་གཤེགས།།
འོན་ཀྱང་དམ་པའི་མཛད་པ་བསམ་མི་ཁྱབ།།
ཐུགས་སྐྱེད་སྨོན་ལམ་སྟོབས་ཀྱིས་མྱུར་བྱོན་ཤོག།
སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ཞིང་དུ་གཤེགས་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད་ཁོང་ལྟ་བའི་སྐྱེས་བུ་དམ་པ་རྣམས་སྐྱུ་ཚེ་བསྟན་ཞིང་མཛད་ཕྲིན་རྒྱས་དགོས་བ་རེད།བློ་ཕམ་ཞིང་སེམས་སྐྱོ་བའི་གནས་ཚུལ་གཞན་ཞིག་ལ་ཉེ་ཆར་རྒྱལ་བ་ཀརྨ་པའི་ཞབས་སྟེགས་ཐོག་ལ་རམ་བཏེགས་དགོན་པའི་དབུ་མཛད་བྷ་ཡེ་སྐར་མ་དང་ད་དུང་མི་སྐྱ་ཁ་ཤས་བསྡད་པའི་གནས་ཚུལ་ཞིག་གང་ས་རུ་གྲགས་འདུག།དཀོན་མཆོག་མཁྱེན་དམ་ཉམས་དེ་ཚོའི་བྱ་སྟངས་ནི་རྒྱ་ཆོས་མེད་རྒྱ་མི་དང་ཀླ་ཀློའི་བྱེད་སྟངས་ལས་ཀྱང་ཐབས་སྐྱོ་བ་རེད་དེ་འདྲའི་སྙིང་སྟབས་ལ་དམ་ཉམས་དེ་ཚོས་རྒྱལ་བ་ཀརྨ་པའི་སྐུ་སྲོག་ལ་ཡང་ཉེན་ཁ་བཟོ་ཉེན་ཆེ་བས་ངེས་པར་དུ་ཕྱིར་འབུད་བྱ་དགོས།ཀརྨ་པའི་ཞབས་ཞུ་དེ་ཚོས་ལོ་སྔོན་མ་ས་སྟེང་ལ་གྲགས་པའི་ཞབས་འདྲེན་བཞགས་སོང་།ཡང་ད་ལོ་ཡང་དབུ་མཛད་བྷ་ཡེ་ཀརྨ་ཟེར་བ་དང་གཞན་དེ་ཚོས་སུས་ཀྱང་དྲན་མི་ཕོད་པའི་ཞབས་འདྲེན་བཞགས་འདུག་ག།ཀརྨ་པ་ལ་རྐུ་མ་བརྒྱ་ཡི་སྐོར་ཟེར་བ་དངོས་གནས་དོན་ལ་གནས་པ་ཞིག་རེད་འདུག་ཞབས་ས་སྟེང་མིའི་ཕོངས་མེད་པས་ལས་ངན་ལུང་པ་གང་ཅི་ཞིག་བྱ་ནས་མཚུར་ཕུ་བླ་བྲང་གིས་ཉར་ཚགས་བྱེད་པ་རེད།དངོས་གནས་ཞབས་འདྲེན་དེ་ཚོས་ཉིན་ཞིག་རིན་པོ་ཆེ་ཁོང་གི་སྐུ་སྲོག་ལ་གཏན་གཏན་ཉེས་ཁ་སྤྲད་ས་རེད།དཀོན་མཆོག་མཁྱེན།
ཆོས་ཀྱི་གནས་ལུགས་མཁྱེན་པའི་དོན་དམ་གྱི་བླ་མ།།
འཇིག་རྟེན་ཆོས་བརྒྱད་སྤང་པའི་རྣལ་འབྱོར་གྱི་དབང་ཕྱུག
སྐྱེ་འཆི་རང་དབང་ཐུབ་པའི་འཇིག་རྟེན་གྱི་དཀོན་མཆོག
ས་ཆེན་འདི་ནས་ཕེབས་པ་ཡིད་སྐྱོ་ཡི་གནས་ཚུལ།།
འཁྲུལ་ཞིག་རིན་པོ་ཆེ་དང་དམིགས་བསལ་ཆོས་འབྲེལ་མེད་རུང་། དམ་པ་ཁོང་རྒྱལ་དབང་རིན་པོ་ཆེའི་དབུ་བླར་འགྱུར་ཞིང་། རྒྱལ་དབང་རིན་པོ་ཆེའི་དྲུང་ནས་བཀའ་ཆོས་མང་པོ་ཞུས་མྱོང་སྟབས། དམ་པ་འདི་བདག་གི་བླ་མའི་བླ་མར་སོང་ཞིང་། སྔགས་ཀྱི་སྡོམ་པའི་སྐོར་ནས་ཞུས་ན། བརྒྱུད་པའི་བླ་མ་ཡིན་སྟབས། ཁོང་གི་བཀའ་དྲིན་ལ་བསམ་ཤེས་ཀྱིས། དམ་པ་ཁོང་གི་དགོངས་པ་མཐའ་དག་གྲུབ་པ་དང་སླར་ཡང་གངས་ཅན་རིགས་སུ་འཁྲུངས་ནས་ཆོས་ཀྱི་བདུད་རྩིར་སྤྱོད་རྒྱུ་ཡོང་བའི་སྨོན་ལམ་འདེབས་པའོ།
ཇི་སྐད་དུ།
སྟོན་པ་བླ་ན་མེད་པའི་སྟོན་པ་དང་།
མཇལ་བ་འདི་ཡང་བླ་མའི་དྲིན་ཡིན་པས།
དགེ་བ་འདི་ཡང་འགྲོ་བ་མ་ལུས་པ།
བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ་བོ།
ང་ཡི་བླ་མ་བློ་བཟང་གྲགས་པ་དང།
ཁོང་དང་མཚུངས་པའི་བཤེས་གཉེན་དམ་པ་རྣམས།
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས།
དག་པའི་ཞིང་ཕྱོགས་གང་དུ་གནས་ཀྱང་རུང་།
འཁོར་གྱི་ཐོག་མ་ཉིད་དུ་བདག་འགྱུར་ཏེ།
བསྟན་དང་འགྲོ་དོན་རྒྱ་ཆེར་གྲུབ་པར་ཤོག
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
གངས་ཅན་མཁྱེན་པའི་གཙུག་རྒྱན་ཙོང་ཁ་པ།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།