འབའ་སྲས།
གངས་ཅན་མདོ་སྨད་ཡུལ་གྱི་ཤཀྱའི་ཏོག །
ནང་རིག་བསྟན་པ་འཛིན་པའི་རྒྱལ་བའི་སྲས།།
བློས་གཏོང་ཐུགས་རེ་ཟབ་པའི་སེམས་དཔའ་ཆེ།།
སྐྱབས་རྗེ་ཤིང་བཟའ་ཀུན་ཏུ་རྒྱལ་གྱུར་ཅིག །
གུས་ཕྱག་མགོ་བོས་བཏེགས་པའི་ཁྲི་ཐོག་ནས།།
ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་འཁོར་ལོ་ཡིས།།
རིན་ཆེན་ཡོན་གྱི་དབང་ཐང་མ་བཟུང་བར།།
འགྲོ་བ་སྡུག་ལས་སྐྱོབ་མཛད་ཨེ་མ་རྨད།།
ཆོས་ཀྱི་འཁོར་ལོ་བསྐོར་ནས་རང་གི་འཁོར།།
དྲུང་དུ་འདུས་པའི་དབུས་ན་མཐོ་བའི་ཁྲིར།།
བཞུགས་ཏེ་བླ་མའི་རྣམ་ཐར་མ་བསྐྱངས་པར།།
བོད་སྐྱོབ་ངལ་བས་བཞེས་འདི་ཅི་འདྲའི་སྨན།།
མཐོན་པོའི་ཁྲི་ཁར་བཞུགས་ཏེ་དམའ་བའི་སར།།
བཀའ་བསྒོས་ལུང་གིས་བཅུམ་པའི་ཆེན་པོ་དག །
ཁྱེད་ཀྱིས་བོད་སྐྱོབ་ངལ་བའི་མཛད་པའི་དྲུང་།།
མི་གསལ་མེ་ཁྱེར་བཞིན་དུ་དམའ་སར་ལྷུང་།།
ཡོན་བདག་དད་པའི་ཕྱག་གིས་ཕུལ་བ་ཡིས།།
ནོར་གྱིས་རྒྱགས་པས་ལུས་པོ་བརྟས་པ་དག །
ཁྱེད་ཀྱིས་ཟས་བཅད་ཞི་བའི་ངོ་རྒོལ་གྱིས།།
སྐུ་གཟུགས་རིད་པར་གྱུར་བས་ངོ་ཚ་བྱིན།།
དང་པོ་རང་ས་རང་གིས་བླངས་པའི་རྗེས།།
ད་བཟོད་བཀའ་ཆོས་གསུངས་ན་འོས་པ་ཞེས།།
ཁྱེད་ཀྱི་གསུང་འདིས་ཕྱི་ཡི་འཁོར་ཚོགས་ལ།།
ཆོས་གསུངས་བླ་མ་དག་གི་མགོ་བོ་སྨད།།
མདའ་མཚོན་གོ་ཆ་ཕྱག་གིས་མ་བཟུང་བར།།
ཞི་བའི་འཐད་རྩོད་ཐུགས་ཀྱིས་བསྐྱེད་པ་ཡིས།།
རང་ཅག་ཁ་བ་ཅན་འདི་བསྲུངས་གྱུར་ན།།
དེ་ནི་བླ་མ་དེ་ནི་རིན་པོ་ཆེ།།
བླ་མའི་མཚན་གྱི་གདུགས་དཀར་གཡོ་བའི་འོག །
སྣ་ཚོགས་གཟུགས་ཀྱིས་རང་དོན་ཁོ་ན་རུ།།
སྒྲུབ་པའི་འབད་པ་ལྷུར་ལེན་བྱེད་པོ་དག །
ཁྱེད་ཀྱི་གྲིབ་མའི་གཟུགས་ལའང་བསྒྲིན་དུ་ཅི།།
མ་གྱུར་འགྲོ་བའི་དོན་དུ་བྱོན་ནོ་ཞེས།།
མཚན་སྙན་འཛིན་པ་མང་དུ་ཐོས་ན་ཡང་།།
ན་བའི་ལུས་ཀྱི་ནད་ལ་སྨན་བཞིན་དུ།།
ཁྱོད་ལྟར་དངོས་ཀྱིས་ཕན་པ་འཚོལ་དུ་དཀོན།།
འཇིག་རྟེན་འདི་རུ་གདོང་གྲོགས་མི་ཉན་ཤིང་།།
ཕྱི་མའི་ཡུལ་དུ་ལམ་སྟོན་མི་ནུས་པ།།
སུ་ཞིག་སྐྱབས་ལ་ལས་ཀྱིས་བསྐོས་ན་ཡང་།།
ནན་གྱིས་བཙིར་ཀྱང་བཀུར་འདོད་སུ་ལ་སྐྱེས།།
འཛམ་གླིང་མི་རིགས་སྤྱི་དང་ཡང་དགོས་སུ།།
རང་ཅག་བོད་པ་ཚང་གི་བདེ་སྡུག་ཀུན།།
ནམ་ཡང་ཐུགས་ནས་མི་འདོར་སུ་ཞིག་རུང་།།
བླ་མ་ཡིན་ལ་དེ་ནི་རིན་པོ་ཆེ།།
དེ་བས་ཁྱེད་ནི་ཆོས་ཀྱི་བླ་མ་དང་།།
ཞི་བའི་འཐད་རྩོད་བྱེད་པའི་དཔའ་རྒོད་ཅིག །
འདོད་པ་ཡིད་བཞིན་སྐོང་བའི་རིན་པོ་ཆེ།།
མཆོག་གསུམ་ཀུན་ལྡན་ཁྱེད་ལ་ཕྱག་འཚལ་ལོ།།
གང་གི་ཐུགས་དགོངས་ལྷུན་གྱིས་འགྲུབ་པ་དང་།།
འབད་པ་གང་ཞིག་སྒྲུབ་ལ་མི་རིང་བར།།
ཞི་བའི་ངོ་རྒོལ་འདི་ཡི་དགེ་བ་ཡིས།།
སྐུ་ཚེ་བརྟན་ཅིང་རང་བཙན་མྱུར་འཐོབ་ཤོག །
བཀླགས་ཟིན། བཀའ་དྲིན་ཆེ།
སྐྱབས་རྗེ་དམ་པ་ཤིང་བཟའ་མཆོག་ལ་གུས་ཕྱག་དང་ཐུགས་དགོངས་ཇི་བཞིན་འགྲུབ་པའི་སྨོན་འདུན་གྲངས་མེད་བཅས།
ཐེངས་ཤིག་བཀླགས་ཟིན་་་་ཡག་པོ་ཞེ་དྲག་བྲིས་འདུག་བཀའ་དྲིན་ཆེ་་་་ དེ་མིན་བླ་ཆེན་མགོ་བདེ་ཁོ་ཡིན་ང་ཡིན་ལ་གཅིག་བྲིས་པ་ལས་ཁོང་ལྟ་བུར་མི་རིགས་ཀྱི་དཔའ་བོ་ཞིག་ལ་བྲིས་པ་འགྲིག་འདུག
བླ་ཆེན་མཐོན་པོའི་འགྲོ་སྟངས་མ་བྱས་ཤིང་། །
མི་བུ་བཅོས་མ་ཞིག་གི་ཚུལ་བཟུང་སྟེ། །
གང་ལ་གང་འོས་ལས་འགུལ་སྤེལ་མཛད་པའི། །
བླ་མ་ཁྱེད་ནི་བསྟན་དང་འགྲོ་བའི་རྒྱན། །
སྙིང་ནས་འདུད་དོ།
དངོས་གནས་བསྟོད་རིན་ཡོད་པ་ཞིག་འདུག་
ཤིང་བཟའ་རིན་པོ་ཆེ་ལ་བསྔགས་བརྗོད་དང་ཡི་རང་ཡོད།།
ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།
མདོ་སྨད་ཕྱོགས་སུ་འཁྲུངས་པའི།། ཤིང་བཟའ་རིན་པོ་ཆེས་གཙོས།།
བོད་མིའི་རྩ་དོན་ཆེད་དུ།། འཛམ་གླིང་སྙན་གྲགས་ཆེ་བའི།།
ཨ་རི་ཞེས་པའི་གྲོང་དུ།། ཟས་བཅད་ངོ་རྒོལ་བཞུགས་པར།།
བདག་གི་ཐལ་མོར་སྦྱར་ནས།། རྗེས་སུ་ཡི་རངས་ཞུ་འོ།།
གངས་ཅན་བོད་མི་རྣམས་ལ།། རང་དབང་མྱུར་དུ་ཐོབ་པའི།།
གསོལ་བ་སྨོན་ལམ་འདེབས་སོ།། རྣམ་པའི་ལས་འགུལ་དེ་ལ།།
གདུང་སེམས་མཉམ་བསྐྱེད་ཞུ་འོ།།
དཔེ་ཡག་པོ་བྲིས་འདུག།
སྙན་ངག་འདི་རྒུན་ཆང་དམར་པོ་ལས་སྐྱེས་པ་འདྲ། ངའི་སྣ་ལམ་དུ་ཆང་དྲི་ཞིམ་པོ་ཞིག་འཐུལ་འོང་གིན་འདུག
ངོ་མ་འབའ་སྲས་ཀྱི་ཡག་པོ་བྲིས་འདུག
འདི་ལྟ་བུ་འབྲེི་་མཁན་ཡོངས་ལ་ཐུགས་ཆེ་ཞུ།
བླ་མའི་མཛད་པ་བཟང་པོ་ལ་མོས་གུས་ཆེན་པོས་གསོལ་འདེབས་མཛད་པར་རྗེས་སུ་ཡི་རང་ཞུ། ཞར་དུ་མང་པོ་ཞུ་ཁོམས་མེད། འོན་ཀྱང་། མ་གྱུར་འགྲོ་བའི་དོན་ཞེས་པའི་དག་ཆའི་ཆ་ནས། མར་གྱུར་འགྲོ་བའི་དོན། ཅེས་དགོས་པར་སྣང་།
འུ་ཚང་བོད་ལ་བླ་སྤྲུལ་མང་ན་ཡང་།
ནང་གི་གཉོན་མོང་མ་འདུལ་འཁོར་བ་ནས་།
སྒོར་མོ་གང་ན་ཡོད་ན་དེ་ལ་འགྲོ་།
དེ་རྣམས་མི་འདྲ་ཤིང་བཟའ་རྒྱལ་གྱུར་ཅིག།
ཨ་ཁུ་འབྲོང་གི་རུས་པ་རྣམས། །
གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །
རི་བོང་བློ་ལྡན་འདི་དག་གི །
གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །
དཔལ་དོན་གྲུབ་རྒྱལ་གྱིས།
ངོ་མཚར་ཆེའོ་རྒྱས་པའི་སྲས།།
ཐུགས་བཞེད་འགྲོ་ལ་བརྩེ་བའི་དྲིན་ཅན་རྗེ།།
རང་བདེ་མ་བསམ་གཞན་དོན་དང་དུ་བླངས།།
ལོག་སྨྲ་ཝ་ཚོགས་བདེན་པའི་གཏང་དུ་བཟུང་།།
རང་ལུས་འཕངས་མེད་བོད་པའི་ཆེད་དུ་སྤྱིན།།
སློབ་འབངས་མིག་ཆུའི་ཐིག་པ་ས་རུ་ཟག།
ཆོས་པའི་མིང་འཛིན་ཆོས་ཀྱི་དཔལ་མངའ་ཞིང་།།
ཆོས་ཀྱི་ཆེད་དུ་ཆོས་མཆོག་ལ་ཞུགས་ཏེ།།
ཆོས་ཀྱི་རྗེ་བོ་ཆོས་བཞིན་སྐྱོང་མཁས་པ།།
ཆོས་མིན་ཚར་གཅོད་ཆོས་ཀྱི་བསྟན་པ་འཛིན།།
བརྩེ་བ་ཆེན་པོས་འགྲོ་བ་སྐྱོང་།།
བརྩོན་པ་ཆེན་པོས་གཞུང་དོན་སྒྲུབ།།
གུས་པ་ཆེན་པོས་རྒྱལ་ཁབ་བཀུར།།
དེ་ལ་སྐྱེས་བུའི་ཁྱུ་མཆོག་ཟེར།།
(ཤེས་རབ་རྒྱ་མཚོས)
སྙིང་སྟོབས་དགུ་འགྱུར་སྲོག་གུ་དབྱུག་པ་ལ།།
རྟ་མཆོག་ཁྲོས་བའི་བཀའ་ཡིས་རྒྱས་བཏབ་པའི།།
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།
དགེ་འདུན་ཆོས་འཕེལ་གྱིས།
མིའུ་གདུང་དྲུག་རིགས་ལས་མཆེད། །
ས་ཡ་དྲུག་གི་བོད་རིགས་ཚོས། །
འགྲོ་བ་རིགས་དྲུག་སྒྲོལ་བའི་ཕྱིར། །
མ་ཎི་ཡིག་དྲུག་དྲོངས་བཞིན་འདྲེན། །
ས་མཐོ་ས་གཙང་བོད་ཀྱི་ཡུལ། །
མི་རྟ་བཟང་བའི་གདོང་དམར་ཡུལ། །
སྲིན་པོ་ཁྲོས་ལྟར་དཔུང་དམག་རྒྱས། །
ད་ལྟར་དགྲ་བཅོམ་འདུལ་ལྟར་ཞི། །
ཨ་ཁུ་ཀླུ་ཡིས་ལས་འགུལ་འདི་འདྲ་ཞིག །
ཅི་སྲིད་བར་དུ་སྤེལ་བར་ནུས་པ་ན།།
དེ་སྲིད་བར་དུ་བདག་གི་སྙན་ངག་གི །
མཆོད་པའི་ཕྲེང་བ་ནམ་ཡང་ཁྱེད་ལ་འདེགས།།
ཡག་པོ་བརྩམས་འདུག་ཚང་མས་ཤུགས་རྒྱོབ་ཡར་ཐོན་འདུག
རབ་བྱུང་ཡིན་ཞེས་ཁྱིམ་པའི་དབུས་ན་འདར་ར་ར་།
བླ་མ་ཡིན་ཞེས་ཆོས་ཀྱི་ཕྱོགས་ལ་སྦྱང་བ་དབེན་།
ཆགས་སྐྱོད་ཉམས་མྱོང་མེད་རུང་ཆགས་པའི་སྙན་འབྲི་བ་།
ཨ་ཁུ་ཀླུ་དང་ཤིང་བཟའི་བར་ལ་གནམ་དང་ས་ཡི་ཁྱད་པར་འདུག།