ཨེ་མ་ཧོ།
རྩ་རླུང་ཐིག་ལེའི་སྒྱུ་རྩལ་རིག་པ་ལ་བྱང་ནས།།
ས་ཆུ་མེ་རླུང་ནམ་མཁའ་ཐོགས་མེད་རྒྱུ་བའི།།
དྲང་སྲོང་རིག་འཛིན་བརྒྱུད་པའི་ཤུལ་ལམ་དུ་འཕགས་ཞིང་།།
མཐའ་ཡས་རྒྱ་མཚོར་ལྡིང་བའི་ཕོ་རྒོད་ང་སྐྱིད་པ།།
དགོན་དང་གྲྭ་ཚང་འཛིན་པའི་འཁོར་བ་ཡང་མ་མཆིས།།
སྡེ་དང་འཁོར་འབངས་སྐྱོང་བའི་རླབས་ཆེན་ཀྱང་མ་ཡིན།།
གསང་སྔགས་ཁྲོམ་བསྒྲགས་སྤེལ་བའི་སྙིང་སྟོབས་ཤིག་མེད་ཀྱང་།།
རང་ལུས་གྲུ་བཞི་འཕུར་ལྡིང་ནུས་པ་ང་སྐྱིད་པ།།
འཆི་ན་སྐྱིད་པ་བདེ་ཆེན་ཞིང་ཁམས་སུ་འཕུར་འགྲོ།།
གསོན་ན་སྐྱིད་པ་དྲིན་ཆེན་ཨ་མ་ཉིད་གཡོག་བཞིན།།
ཤི་གསོན་ཅི་བྱུང་སྐྱིད་པའི་ན་གཞོན་ངའི་མི་ཚེ།།
སྙིང་པོ་ཡང་དག་ལོན་པས་དགའ་སྐྱིད་ངང་འཕུར་འགྲོ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་སྣྲོན་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་སུ་ནུབ་ཕྱོགས་རྒྱ་མཚོའི་སྟེང་ནས་རྒྱུགས་མཆོངས་སྐབས་སུ་གང་དྲན་དུ་ཨེ་མ་ཧོས་གླུ་རུ་བླངས་པར་དགེའོ།།
ལུས་གྲུ་བཞི།
རྒྱ་མཚོར་ལྡིང་།
ཁ་ནང་ལ་ཡོང་ཚད་ཞིག་ལས། ཅི་ཡིན་འདི་ཡིན་མི་གསལ་ནི་ཞིག་བྲིས་འདུག་གིའོ། དགེའོ་ཞིག་ནི་ཡོད་ས་ནི་མ་རེད། ཅིག་ཡིན་འདོད་ན། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མྱིད། དགའ་དགའ།