སྐྱོ་བྲག་དགའ་དབང་།
ས་སྐྱིད་ཕུག་ཉི་མ་གླིང་ཞེས་པ། །བོད་ཁམས་ཀྱི་ས་ཡི་ཐིག་ལེ་རེད། །གནས་སྐྱོ་བྲག་དགོན་པའི་ཤར་ཕྱོགས་རེད། །རི་གདུང་ལ་རྒྱལ་མཚན་མགུལ་པ་རེད། །མཐོ་ནམ་མཁའི་དབྱིངས་སུ་འཕགས་ས་རེད། །ནངས་སྔ་མོའི་ཉི་རྩེ་ཕོག་ས་རེད། །དགོང་ཕྱི་དྲོའི་གསེར་ཞུ་གྱོན་ས་རེད། །སྤྲིན་ན་བུན་འདུ་འགོད་རྩོམ་ས་རེད། །རླུང་བསེར་བུས་བཤུག་གླུ་ལེན་ས་རེད། །ཆར་ཟིལ་མ་ལྷུང་ལྷུང་འབབ་ས་རེད། །ནགས་རྩི་ཤིང་རང་མདངས་ངོམ་ས་རེད། །དཔྱིད་ཁུ་བྱུག་དྲུག་འགྱུར་འཐེན་ས་རེད། །དབྱར་མེ་རྩིས་སྤང་མདོག་སྒྱུར་ས་རེད། །སྟོན་སྲེག་པ་མ་བུ་འཛོམས་ས་རེད། །དགུན་ཁ་བའི་འདབ་ལོ་བྲུལ་ས་རེད། །བྱ་རི་དྭགས་བག་ཡངས་བསྐྱོད་ས་རེད། །མི་རྐང་གཉིས་རྒྱུ་འགྲུལ་ཉུང་ས་རེད། །ཁམས་དབང་པོ་གསལ་ཞིང་དྭངས་ས་རེད། །བུ་ལྷ་རྩེས་སྒྲུབ་པ་གནང་ས་རེད། །ཕ་བླ་མར་མོས་གུས་འཁྲུངས་ས་རེད། །མཆེད་གྲོགས་ལ་དག་སྣང་སྒོམ་ས་རེད། །མ་འགྲོ་ལ་སྙིང་རྗེ་སྐྱེ་ས་རེད། །ཉམས་རྟོགས་པ་གོང་འཕེལ་ཡོང་ས་རེད། །ང་བདག་གི་འཛིན་པ་ཞིག་ས་རེད། །མཚན་སྙན་གྲགས་དགུང་ལ་གྲགས་ས་རེད། །སྐུ་བསོད་ནམས་འགྲོ་དོན་རྒྱས་ས་རེད། །ཕོ་རང་གཞན་དོན་གཉིས་འགྲུབ་ས་རེད། །བཀྲ་ཤིས་པའི་ཉི་མ་ཤར་ས་རེད། །
རྒྱ་གང་ཁྲན་སྐྱེ་གླུ་ལེན་ས་རེད། །བོད་མི་མང་དམྱལ་བ་མྱོང་ས་རེད། །དབང་ཡོད་ཀྱི་སྒོ་རྡུང་བྱེད་ས་རེད། །དབང་མེད་རྣམས་ས་མཐའ་འཁྱམས་ས་རེད། །
བོད་ཡུལ་ནི།
རྒྱ་གུང་ཁྲན་སྐྱིད་གླུ་ལེན་ས་རེད། །
བོད་མི་མངས་སྡུག་གླུ་ལེན་ས་རེད། །
རྒྱ་དམག་གིས་གཅར་རྡུང་བྱེད་ས་རེད། །
བོད་རིགས་རྣམས་ས་མཐའ་ཐོན་ས་རེད། །
མཐའ། འདི། མཐར་བྲིས་ན་དག་ག་ཡོད་པ་འདྲ།
དེ་འདྲ་ཡིན་ན་རང་ཡུལ་ལ་མ་སྡོད་པར་མི་ཡུལ་དུ་སྤྲང་འཁྱམས་ཅིའི་ཕྱིར་བྱེད།