མཁན་པོ་དཔའ་བརྟན།
བྱ་བརྒྱའི་ཁ་ཤར་ལ་འཁོར་དུས། ཕ་བང་སྐྱི་ལྷེབ་ཁ་ནུབ་ལ། ཟེར་བ་བཞིན། མི་ཚོགས་ཀུན་རྒྱ་བཟའ་ཀོང་ཇོའི་དགོན་པ་མཇལ་བར་བྱང་དུ་བསྐྱོད་དུས། ཁོ་བོ་སྐྱུ་རའི་བྲག་ལ་གཏད་ནས་ཤར་དུ་སོང་། རྒྱུ་མཚན་ནི། སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གནས་ཡིན་བསམ་པས་རེད།
འདིར་སླེབས་ཏེ་གནས་བཤད་དང་། འཇིག་རྟེན་གསུམ་མགོན་གྱི་རྣམ་ཐར་ལྷ་གཉེར་ལ་དྲིས་པ་ན། སྲིན་པོའི་སྣ་ཁུང་དང་། བར་དོའི་སྐར་ཁུང་བཅས་ཡོད་པ་མ་ཚད། ད་དུང་བཀྲ་ཤིས་རྟགས་བརྒྱད་ཀྱི་རང་བྱུང་ཡང་བགྲང་རུང་ཡོད་པ། ལག་པས་བསྙོབ་ས་དང་། རྣ་བས་ཉོན་སའི་བྲག་ཁུང་སོགས་ཡོད་ཚུལ་མང་ལ་ཉོབ་པ་གསུངས་བྱུང་། ངས་ཀྱང་ལམ་སང་ཁ་སྐོར་ནས་འགྲོ་མ་བདེ་བར། ལགས་སོ། །ཞུ་ཞོར་མཆོད་མེ་ཁ་ཤས་བླུས་ཏེ་ཁོང་མི་གནོད་པའི་ཐབས་བྱས་རྗེས་བུད་སོང་བ་ཡིན།
དེ་རིང་སྟེ་ས་ག་ཟླ་བའི་ཚེས་ཉེར་ལྔའི་ཉིན་མོ་འདིར་ཡང་། ང་རང་སྔར་ལྷོ་བྲག་སྲས་མཁར་དང་། བྱང་འབའ་རོམ། སྟོང་ལུང་མཚུར་ཕུ། འབྲི་གུང་མཐིལ་སོགས་དད་མོས་ཆེ་བའི་དགོན་གནས་རྣམས་མཇལ་བསྐོར་ལ་འགྲོ་སྐབས། ལྷ་གཉེར་དང་། དགེ་ཆོས་རྣམས་ལ་བཀའ་འདྲི་ཞུ་ལན་གྱི་སེམས་ཚོར་ཟབ་མོ་དག་སླར་ཡང་སེམས་གཏིང་ནས་བསྐྱར་དུ་སྔོག་བྱེད་ཙམ་ལས་མ་བྱུང་ངོ་། །
ད་ནི་གནས་བཤད་འདི། དྲ་གྲོགས་རྣམས་ལ་འདྲི་བ་ལས་ཐབས་མ་བྱུང་བས། མཁྱེན་མཁན་ཚོས་གཅིག་གསུང་བར་ཞུའོ། །
གནས་མཇལ་ཞུས་ནས་གནས་ཀྱི་གནས་ལུགས་མ་
ཤེས་ན་སྔ་མོ་བོད་ཀྱི་གཏམ་དཔེ་ལ་གནས་བཟང་སྐོར་
ཀྱང་རྐང་ཆུང་ན་རོགས་རེད་བཟུང་སྔགས་གྲངས་ཡང་
ཁ་ལྕེ་ན་རོགས་རེད་ཟེར་བ་དེ་མ་རེད་དམ་།