སེར་ཤུལ་རིན་ཆེན་དོན་གྲུབ།
—–༧གོང་ས་མཆོག་གིས་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ལ་ཕུལ།
སྐྱེ་དགུ་གཉིད་དུ་ཡུར་བའི་དུས་སྐབས་སུ།
ཁྱེད་ཀྱིས་བསིལ་རླུང་གིས་འགྲམ་ལྕག་ཞུས།
དེས་ཐམས་ཅད་གཉིད་ལས་སད་ཅིང་མཆོང་ལྡིང་བྱས།
འགྲོ་བ་ཐོད་བརྒལ་གྱིས་བསྐྱོད་པའི་དུས་ཚུགས་སུ།
ཁྱེད་ཀྱི་ཞི་ལྷོད་ཀྱི་སྦྲང་ཆར་བསྙིལ།
དེས་སྐྱེ་འགྲོ་རྣམས་ཞི་འཇམ་དང་། སོའི་དལ་གྱི་གནས་ལ་སྐྱེལ་མ་བྱས།
མི་རྣམས་ཧམ་སེམས་ཀྱིས་རྒྱུགས་ཤར་གློད་པའི་དུས་སྐབས་དེར།
ཁྱེད་ཀྱིས་རང་ཁོ་ནས་མ་ཡིན་པའི་སྤྱི་མཐུན་གྱི་གོ་ལའི་འགྲེལ་བཤད་བརྩམས།
དེས་མི་རྣམས་ལ་ཡོད་ཚད་རང་ཉིད་ཁོ་ནས་མ་ཡིན་པའི་མཛེས་སྡུག་གི་ལུང་བསྟན་རྙེད་པར་བྱས།
གཟེངས་རྟགས་སུ་བསྙད་པའི་གསེར་དངུལ་གྱི་རྟགས་མ་བརྒྱ་སྟོང་ཁྱེད་ཀྱི་མདུན་དུ་བརྩེགས།
འདི་ནི་ཁྱེད་ཉིད་ལ་མཚོན་ན་རིན་བྲལ་ཞིག་མིན་ཡང་། འདིས་ཁྱེད་ཀྱི་རླབས་ཆེན་གྱི་མཛེས་པ་མཚོན་ཡོད།
༢༠༡༣/༡༠/༡༧/ བྲིས།
རྐང་ཆགས་མ་ལྟ་བུ་དེ་ག་རེ་རེད།
ཁྱོད་ཀྱིས་སྲོལ་རྒྱུན་སྙན་ངག་བྲིས་ན་ཡག
གང་ལྟར་རྟེན་འབྲེལ་ཞུ།
ཆག
གྲོགས་པོ་ལགས་་་་ཡག་པོ་བྲིས་འདུག་་་་་