མིག་བརྒྱད་པ།
བསྒྲུབ་བྱ་དམ་པའི་ཆོས་ཀྱི་སྙིང་པོ་མདོར་བསྡུས་ན་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང་མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་གཉིས་སུ་འདུས་ཤིང་། དེ་གཉིས་སྒྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡང་གཉིས་ཏེ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་བདག་མེད་ཀྱི་དོན་རྟོགས་པའི་ཤེས་རབ་བོ། དེ་གཉིས་ལས་ཤེས་རབ་གཙོ་ཆེ་ཡང་སྔོན་དུ་གལ་ཆེ་བ་དད་པ་ཉིད་ཡིན་ནོ། །དེས་ན་ལས་འབྲས་ལ་ཡིད་ཆེས་པའི་དབང་དུ་བྱས་ནས། སྐྱེ་བ་སྔ་ཕྱི་ཡོད་པའི་ཤེས་བྱེད་ཀྱི་ཁུངས་འགོད་པ་དང་སྒྲུབ་བྱེད་ཀྱི་རིགས་པ་ཅུང་ཟད་སྤྲོས་ན། མདོ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ་སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་ན་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་སྟོན་པ་ཤ་སྟག་ཡིན་པས་སྐྱེ་བ་སྔ་ཕྱི་མེད་ན་དེ་གཉིས་ཀྱི་གཞི་རྟེན་མེད་པ་ཡིན། དེས་ན་སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ལ་བཞི་སྟེ། རིགས་འདྲ་སྔོན་སོང་གིས་སྒྲུབ་པ། ཉེར་ལེན་སྔོན་སོང་གིས་སྒྲུབ་པ། གོམས་པ་སྔོན་སོང་གིས་སྒྲུབ་པ། མྱོང་བ་སྔོན་སོང་གིས་སྒྲུབ་པའོ། །དང་པོ་ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།ཞེས་གསུངས་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་བ་མེད་པར་དབུགས་འབྱུང་རྔུབ་སོགས་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས་ཧ་ཅང་ཐལ་བ་དང་། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་ཡིན། སློབ་དཔོན་དཔའ་བོས། སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན།།འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན།།མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི།།དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ།།ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས། མངལ་གནས་སྔོན་རོལ་བློ་ལ་ནི།།མདུན་རོལ་ཁོ་ནར་འགགས་བློ་ཡོད།།ཡང་ན་བློ་ཕྱིར་དེ་འོག་བཞིན།། ཞེས་གསུངས་སོ། །གཉིས་པ་ཉེན་ལེན་སྔོན་སོང་གིས་སྒྲུབ་པ་ནི། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཞེས་པ་ལྟར་དཔེར་ན། ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་བར་དགོས་པ་ལྟར་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་བར་དགོས་པས་ཚེ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་དགོས་པའི་རྒྱུ་མཚན་སྔར་ལྟར་རོ། །སློབ་དཔོན་ཞི་འཚོས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི།།རང་གི་ཉེར་ལེན་སྟོབས་ལས་བྱུང་།།ཞེས་གསུངས་པ་ལྟར་རོ། །གསུམ་པ་གོམས་པ་སྔོན་སོང་གིས་སྒྲུབ་པ་ནི། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར།།མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ།།རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ།།ཞེས་པ་ལྟར་རང་རྒྱུད་ལ་ཡོད་པའི་ཆགས་སྡང་སོགས་གོམས་པའི་རྗེས་སུ་འབྲངས་བར་མྱོང་བས་གྲུབ་པ་དཔེར་བྱས་ནས། བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་སོ། །བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར་རང་གི་ངང་གིས་ཤེས་པའི་རིགས་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་བར་བྱ་བ་གསུངས་སྟེ། སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར།།ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་།།ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང་།།དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས།།ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས། བེའུ་མང་སྔོན་ཆད་གོམས་བྱས་པས།།བྱུང་མ་ཐག་ཏུ་ཟས་ཚོལ་བྱེད།།ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར།།དཔེར་ན་དབང་པོ་སྨིན་པ་བཞིན།།ཞེས་སོ། །རང་ཅག་རྣམས་ཀྱིས་དགེ་བའི་བསམ་པ་འདོད་ཀྱང་སྐྱེ་དཀའ་བ་དང་ལན་རེ་སྐྱེས་ཡང་རྒྱུན་མི་བརྟན་པ་དེ་ལྟར་ལ། ཆགས་སོགས་མི་དགེ་བའི་བསམ་པ་བཀག་ཀྱང་མི་ཁོགས་པར་ངམ་ངམ་ཤུགས་ཀྱིས་སྐྱེས་འོངས་ཤིང་སྐྱེས་པ་དེ་ཡང་ཡུན་རིང་ལ་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་དེ་ལྟར་རོ། །བཞི་པ་མྱོང་བ་སྔོན་སོང་གིས་སྒྲུབ་པ་ནི། སྐྱེས་རབས་ལས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས།།ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད།།འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ཞེས་པ་ལྟར་ཇི་སྐད་བཤད་པའི་རིགས་པ་རྣམས་ཀྱིས་ཚེ་སྔ་མ་ཡོད་པར་གྲུབ་ཅིང་དེ་གྲུབ་པ་ན་ཚེ་ཕྱི་མ་ཡོད་པར་ཡང་དོན་གྱིས་གྲུབ་སྟེ། ཚེ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་བཤད་དུ་མེད་པའི་གནད་ཀྱིས་སོ། ། རྣམ་འགྲེལ་ལས། མཚམས་སྦྱོར་བར།།ནུས་ལྡན་མཐོང་བ་གང་དེ་ལ།།ཅི་ཞིག་ཡོད་གྱུར་གང་མེད་པ།།གང་གིས་ཕྱི་ནས་མཚམས་སྦྱོར་མེད།།ཅེས་པ་ལྟར་སྦྱོར་ངག་ཏུ་བཀོད་ན། ཚེ་འདིའི་རིག་རྒྱུན་ཐ་མ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། ཞེས་པའོ། །སློབ་དཔོན་ཞི་བ་འཚོས། འཆི་ཁའི་སྐད་ཅིག་རྣམ་ཤེས་ནི།།རང་གི་ཉེར་ལེན་སྐྱེད་ནུས་ཏེ།།ཆགས་པ་བྱས་པའི་འབྲེལ་བ་ཉིད།།སྔོན་གྱི་རྣམ་པར་ཤེས་པ་བཞིན།།ཞེས་གསུངས་སོ། །ཚེ་སྔ་མ་ཡོད་པར་བསྒྲུབ་པའི་རིགས་པ་བཞི་ནི་འབྲས་རྟགས་དང་ཕྱི་མ་ཡོད་པར་བསྒྲུབ་པའི་རིགས་པ་གཅིག་ནི་རང་བཞིན་གྱི་རྟགས་ཏེ་སློབ་དཔོན་ཀཱ་མ་ལ་ཤཱི་ལའི་དགོངས་པ་ཡིན་མོད་ཀྱང་རྟགས་ཡང་དག་ཡིན་མིན་དཔྱོད་ཚུལ་མང་། །སྔ་མའི་རྣམ་ཤེས་ཕྱི་མའི་རྣམ་ཤེས་སུ་ཉིང་མཚམས་ཇི་ལྟར་སྦྱོར་བ་ནི། བླ་མའི་ཁ་ཏོན་སློབ་མས་ཤེས་པའི་དཔེ་ལྟར་དང་། ཉིང་མཚམས་སྦྱོར་བ་རྟག་ཆད་དུ་མི་འགྱུར་བ་ནི། མར་མེ་གཅིག་ལས་གཉིས་པར་ཆད་པའི་དཔེ་ལྟར་དང་། སྔ་མ་ཡོད་པའི་སྒོ་ནས་ཕྱི་མའང་ཡོད་པ་ནི། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་འབྱུང་བའི་དཔེ་ལྟར་དང་། ལས་བཟང་ངན་ཇི་ལྟར་བསགས་པ་དང་མཐུན་པར་སྐྱེ་བ་ལེན་པ་ནི། རྒྱ་ལ་ཡོད་པའི་རི་མོ་ཇི་འདྲ་བ་བཞིན་རྒྱའི་འབུར་ལ་འབྱུང་བའི་དཔེ་ལྟར་དང་། རིས་མི་མཐུན་པ་ནས་རིས་མི་མཐུན་པར་སྐྱེ་བ་ལེན་པ་ནི། མེ་ཤེལ་ལས་མེ་འབྱུང་བའི་དཔེ་ལྟར་དང་། སྐྱེ་བ་ཕྱི་མ་ལེན་དུས་སྔ་མའི་གང་ཟག་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བ་ནི། མྱུ་གུ་སྐྱེས་ཚེ་ས་བོན་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བའི་དཔེ་ལྟར་དང་། སྐྱེ་བ་ལེན་དུས་སྐྱེད་བྱེད་ཀྱི་ལས་འགགས་ནས་མེད་ཀྱང་དེ་ལ་བརྟེན་ནས་སྐྱེ་བ་ལེན་པ་མི་འགལ་བ་ནི། སྐྱུར་མོ་མྱོང་ཟིན་མ་བརྗེད་པའི་མི་ལ་སྐྱུར་མོ་ཞེས་བརྗོད་ན་ད་ལྟ་ཁ་ནང་སྐྱུར་མོ་མེད་ཀྱང་འགྲམ་ཆུ་ལྡང་བ་མི་འགལ་བའི་དཔེ་ལྟར་དང་། ལས་ཉོན་སོགས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཙམ་ལ་བརྟེན་ནས་སྐྱེ་བ་ལེན་ཀྱང་དོན་དམ་པར་གཅིག་ཐ་དད་གང་དུའང་མེད་པར་བསྟན་པ་ནི། མིས་བརྗོད་པའི་སྒྲ་ལས་བྲག་ཅ་འབྱུང་ཡང་དཔྱད་ན་མི་བརྙེད་པའི་དཔེ་ལྟར་རོ། །སེམས་ཅན་རྣམས་ཀྱིས་སྐྱེ་བ་ཇི་ལྟར་ལེན་པའི་ཚུལ་བཅོམ་ལྡན་འདས་ཀྱིས་དཔེ་བརྒྱད་དང་སྦྱར་ནས་གསུངས་པ་ནི་སྐྱེ་བ་སྔ་ཕྱི་གོ་བྱེད་ཀྱི་དཔེ་མཚོན་ཡིན། གཞན་ཡང་ཡིད་ཆེས་པའི་ལོ་རྒྱུས་ཀྱི་སྒོ་ནས་ཀྱང་ཤེས་དགོས་ཏེ། བདག་ཅག་གི་སྟོན་པ་སྔོན་སློབ་པ་ལམ་གྱི་དུས་སུ་དག་མ་དག་གི་སྐུའི་སྐྱེ་བ་ཇི་ལྟར་བཞེས་པ་དང་དེ་བཞིན་སངས་རྒྱས་བྱང་སེམས་རྣམས་ཀྱི་འཁྲུངས་རབས་ལས་བརྩམས་པའི་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་སྦྱར་ཆོག་ལ། དེར་མ་ཟད་མཁས་གྲུབ་གོང་མ་རྣམས་ཀྱིས་ཚེ་རབས་སྔ་ཕྱི་གསལ་བར་དྲན་པའི་རྣམ་ཐར་མཐའ་ཡས་པ་དང་། གང་ཞག་འགའ་ཞིག་ཤི་ནས་འདྲེས་སྐྱེས་སོ་བྱ་བ་ལ་སོགས་པའི་གཏམ་རྒྱུད་ཀྱང་སྦྱར་རུང་བས་དེང་སང་གི་དུས་སུའང་སྐྱེ་བ་སྔ་མ་དྲན་མཁན་མང་པོ་ཡོད་པ་གོ་དགོས་པ་ཡིན། ཚེ་སྔ་ཕྱི་ལ་ཡིད་ཆེས་བྱེད་པ་བྱུང་ན་ལས་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པ་འོངས་ལ། དེ་ལྟར་མ་ཡིན་ན་ཕྱི་མའི་དོན་གཉེར་ཙམ་ཡང་མི་སྐྱེ་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ངེས་ལེགས་ཐར་བ་བསྒྲུབ་པ་ལྟ་ཅི་སྨོས། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། ཇི་སྲིད་སྐྱེ་བ་སྔ་ཕྱི་ཡོད་པར་རིགས་སྟོབས་ཀྱིས་མ་ངེས་པ་དེ་སྲིད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ཐམས་ཅད་ཀྱི་སྒོ་འགགས་ཏེ་འདུག་པ་ཡིན་ནོ། ཞེས་གསུངས་སོ། །རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མི་འཐད་དེ། བློ་ལུས་ལ་བརྟེན་ཚུལ་ནི་དཔེར་ན་སྒྲོན་མེ་ལ་སྒྲོན་འོད་ལྟར་སེམས་ནི་ལུས་ལ་འབྲས་བུའི་ཚུལ་དུ་བརྟེན་པ་དང་། མེ་ལ་ཚ་བ་ལྟར་བདག་ཉིད་ཀྱི་ཚུལ་དུ་བརྟེན་པ་དང་། རྩིག་པ་ལ་རི་མོ་ལྟར་ཡོན་ཏན་གྱི་ཚུལ་དུ་བརྟེན་པར་བཤད་ནས། སེམས་ཀྱང་ལུས་ལ་བརྟེན་ཏེ་གནས་པས་ལུས་ཞིག་ནས་རྒྱུན་ཆད་པ་ཉིད་ཀྱིས་སེམས་ཀྱང་ཞིག་ནས་རྒྱུན་ཆད་པར་འདོད་པ་ཡིན་པའི་ཕྱིར། བློ་ལུས་ལ་བརྟེན་པར་མི་འཐད་དེ། སྒྲོན་མེའི་འོད་ཀྱི་འཕེལ་འགྲིབ་སྒྲོན་མེའི་རྗེས་སུ་བྱེད་པ་ལྟར་བློའི་འཕེལ་འགྲིབ་ཀྱང་ལུས་ཀྱི་རྗེས་སུ་བྱེད་པར་འདོད་པས་མི་འཐད། ཚ་བ་མེ་དང་འབྲལ་མི་རུང་གི་བདག་ཉིད་ཡིན་པ་ལྟར་སེམས་ནི་ལུས་དང་འབྲལ་མི་རུང་གི་བདག་ཉིད་དུ་འགྱུར་བས། དེ་ལྟར་ན་ཤི་བའི་ལུས་ལའང་སེམས་ཡོད་པར་ཁས་ལེན་དགོས་བས་མི་འཐད། དེ་ལྟར་སེམས་ནི་ནམ་མཁའ་ཇི་སྲིད་དུ་རྒྱུན་མཐུད་དེ་འགྲོ་བས་ན་ལུས་ལྡོག་པས་སེམས་ལྡོག་པས་གོ་མི་ཆོད་པ་ཡིན་པའི་ཕྱིར། ཞེས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་གིས་མཛད་པའི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བ་ལ་གཞི་བཅོལ་ཏེ་དཔྱོད་ལྡན་རྣམས་ལ་དཔྱད་གཞིའི་ཚུལ་དུ་བཀོད་པ་ཡིན།
ལགས་སོ་འདི་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་ཡིན་ཀྱང་དང་པོ་ཁྱེད་ཀྱིས། འབྱུང་རྔུབ་དབང་པོ་བློ་དང་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུང་པའི་དབང་པོ་ཞེས་པ་དེ་གང་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་ན་ཅེས་ཞུ་འདོད་བྱུང་བས་བཀའ་ལན་གསལ་པོ་ཞིག་ཡོད་པར་མཁྱེན།
སྐྱེ་བ་སྔ་ཕྱི་ཨེ། དེ་ལྡན་མིན་ལ་གནད་འགག་དེ་ཙམ་མ་མཆིས། མི་ལུས་འདིར་འབུ་སྲིན་ནས་འགྲོ་བ་མི་རིགས་བར་ལ་འཚེ་མེད་ཞི་བདེ་སྐྲུན་རྒྱུ་དེ་ནི་རང་ཅག་རྣམས་ཀྱི་བླ་མེད་ལས་འགན་ཞིག་ཡིན་པ་མ་ཟད། ཟླུམ་གཟུགས་གོ་ལ་ཧྲིལ་པོའི་སྣོད་བཅུད་ལ་མི་གནོད་པའི་ལས་ལ་འབད་རྒྱུ་དེ་ཡང་དོར་དུ་མེད་པའི་བླ་མེད་ཀྱི་ལས་འགན་ཞིག་ལགས།
ཧཧཧ སྐྱེ་བ་སྔ་མ་མེད་ན་ང་ཚོ་འཇིག་རྟེན་ལ་ག་འདྲ་སེ་ཡོང་བ་རེད། མ་ཟད་ལོ་ངོ་སུམ་སྟོང་གི་རིང་ལ་ནང་པ་ས་ཡ་མང་པོས་ནུབ་ཕྱོགས་བདེ་ལྡན་ཞིང་དུ་སྨོན་ལམ་བརྒྱབས་པ་སྡུག་རྒྱོང་མ་རེད་པས། ཨ།
མིག་བརྒྱད་པས་ག་རེ་གསུངས་གི་ཡོད། སྐྱེ་བ་སྔ་ཕྱི་ལ་ཡིད་མི་ཆེས་པ་ཁག་མི་འདུག ཚེ་སྔོན་མ་ནས་འོངས་པའི་དཔང་རྟགས་མི་རྡོག་གཅིག་མེད་ན་སུས་ཤེས་པ་རེད།
མིག་བརྒྱུད་པ་་་་་་ཁྱེད་རང་གིས་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་ལུང་རིགས་དང་སྦྱར་ནས་གང་ཤེས་སྒྲུབ་པ་ལ་བསྔགས་བརྗོད་ཡོད། འོན་ཀྱང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་ཙམ་དུ་མ་ཟད་ཕྱི་མ་ག་འགྲོ་ཚེ་འདི་ཉིད་ལ་རག་ལས་པ་དེ་ཤེས་པར་བྱ་དགོས་པ་གལ་ཆེའོ། དེང་སང་བླ་མ་དགེ་བཤེས་ཚོས་ཁ་ནས་བཤད་པ་ཙམ་ལས་དོན་ལ་མི་གནས་པ་དུ་མ་ཞིག་མཆིས་སོ། ངས་བླ་མ་དགེབཤེས་རྣམས་ལ་ཁ་གཏོང་པ་དང་ཚིག་ངན་ལབ་པ་རྩ་ནི་མེད། ལྟོས་དང་མི་ཚེ་ཕྱེད་ཙམ་ཆོས་མཚན་ཉིད་ལ་བློ་སྦྱོང་བྱས་ནས་མཐའ་མ་ཕྱི་རྒྱལ་དུ་གཡོག་ལས་རྒྱུགས་པ་མིག་མཐོང་ལག་སོན་རེད། སྙིགས་མའི་དུས་འདིར་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད། ཡིན་ནའང་ཆོས་མཚན་ཉིད་ལ་བློ་སྦྱོང་བྱེད་པའི་དགོས་དོན་དེ་མ་འགྲུབ་པ་རེད་སྙམ།།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་ཀླད་པ་མེད་པའི་མི་ཁ་ཤས་ཤིག་ཡོད་ཚུལ་གསུངས་ཏེ། ཚན་རིག་པ་ལ་སྐྱོན་བསྟན་འདུག་པར། ངས་དགེ་བཤེས་དགྲ་འདུལ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ཚན་རིག་པས་ང་ཚོའི་སྒལ་ཚིགས་ནང་གི་རྐང་དམར་དེ་དག་གིས་ཀླད་པའི་བྱ་བ་བྱེད་ཀྱིན་ཡོད་པར་འདོད་པས། མགོའི་ཀླད་པ་མེད་ཀྱང་སྐྱོན་འབབ་ཀྱི་མ་རེད། ཅེས་གསུངས་སོང་། འདི་སྐོར་ལ་གསལ་བོ་གསུང་རྒྱུ་འདྲ་ཡོད་ན་གསུང་རོགས། དེ་ནས་སྐྱེ་བ་སྔ་མ་སྒྲུབ་བྱེད་ཅིག་ནི་སྐྱེ་བ་སྔ་མ་དྲན་མཁན་གྱི་མི་ར་འཕྲོད་ངེས་དུ་མ་ཞིག་སྔོན་དང་ད་ལྟ་གཉིས་ཀར་བྱུང་དང་འབྱུང་བཞིན་པ་དག་རེད། ཡང་གཞན་ཞིག་ནི་སེམས་ལ་ཕྲ་རགས་ཀྱི་དབྱེ་བ་མང་བོ་ཡོད་པ་དང་། ཤེས་པ་ནི་རང་གི་རིགས་འདྲ་སྔ་མའི་ཤེས་པ་ཞིག་ལས་འྦྱུང་བ་ལས་གཟུགས་ཅན་གྱི་དངོས་པོ་ཞིག་ལས་འབྱུང་མི་སྲིད་པའི་རིགས་པ་འདི་རེད། ཕྱི་མ་འདི་དངོས་་སྟོབས་རིགས་པ་ཡིན་པས་ཤིན་ཏུ་གནད་ཆེ་མོད། འོན་ཀྱང་ས་པཎ་གྱིས། ཡུང་བ་དང་ནི་ཚ་ལ་ལས། །ཁ་དོག་གཞན་ཞིག་འབྱུང་བར་འགྱུར །།
ཞེས་གསུངས་པ་ལྟར། རིགས་མི་འདྲ་བའི་དངོས་གཟུགས་གཉིས་སོགས་ཚོགས་ལས་དངོས་གཟུགས་གཞན་ཞིག་འབྱུང་བར་མངོན་སུམ་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་འདིས་གནོད་སྙམ་ན་ཇི་ལྟར་ལགས།
ཡང་ཕྲན་གྱིས་སྐུ་རྩེད་ཅིག་ཞུས་ན། དེང་སང་བདག་མེད་ཀྱི་དོན་ནི་ང་མེད་པའི་དོན་རེད། སེམས་ཀྱང་ཡོད་མ་རེད་ཟེར་མཁན་དག་ལ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་སྐུ་ཚེགས་མི་དགོས་ཏེ། ང་དང་སེམས་མེད་ན་འཁྲུལ་སྟངས་མེད་པས། ཀུན་རྫོབ་བདེན་པ་ཡོང་མི་ཤེས་ལ། དེ་མེད་ན་དམྱལ་བ་དང་དེར་སྐྱེ་མཁན་ནི་རི་བོང་རྭའི་སྤུན་
མཆེད་ཅིག་སྐྱེ་ན་མ་གཏོགས་གཞན་མེད་དོ། །ཨ་ལེ་བསྟན་བཤིག་སློང་བ་ཡིན།
རྣམ་པ་ཚོས་དགོངས་འཆར་ལྷུག་པོར་གསུངས་པར་དགའ་བསུ་ཞུ། གཞུང་ལུགས་མང་དུ་ཐོས་པ་ཅན་འདྲེ་ནག་མགོ་དགུ་པས་བཤད་པ་ལ་རོབ་ཙམ་སྤྲོས་ན། གོང་ས་མཆོག་གིས་གསུང་བཤད་ཅིག་གི་སྐབས་ལ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མཁན་གྱི་མི་དེ་ལ་བསམ་བློ་གུ་ཡངས་པོ་ཡོད་པ་དང་ཚེ་འདི་ཙམ་གཏོགས་མི་འདོད་པའི་མི་དེ་བསམ་བློ་གུ་དོག་པོ་ཡོད་ཚུལ་གསུངས་པ་དེ་གནད་འགག་ཆེན་པོ་ཞིག་མཐོང་སོང་། གུས་པས་བོད་གཞུང་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་ཚན་རིག་ཟབ་སྦྱོར་ལ་ཐེངས་འགར་བསྐྱར་མྱོང་། ཚན་རིག་གི་ལག་ཁྱེར་ཡང་ཐོབ་བྱུང་ལ། ཁ་བྱང་ལ་ཚན་རིག་ལ་མཁས་པའི་ཤཱཀྱའི་དགེ་སྦྱོང་ཞེས་པའི་མཚན་གནས་དེ་སྤྲད་པར་མ་ཟད། ནུབ་ཕྱོགས་ནས་ཕེབས་པའི་ཕུལ་དུ་བྱུང་བའི་ཚན་རིག་དགེ་རྒན་བཅུའི་ས་རྟགས་ཀྱང་བཀོད་ཡོད། ལག་ཁྱེར་རྫིག་པོ་ཡོད་པ་ཙམ་གྱིས་མི་ཆོག་པར་ངེས་བར་མིང་དོན་མཚུངས་པའི་ལག་ལེན་འདེབས་པ་གལ་ཆེ་བས་བདག་ལ་མཚོན་ན་མིང་སྟོང་བ་ཙམ་ཞིག་ཡིན་མོད། གོང་ས་མཆོག་གི་བཀའ་དགོངས་ལྟར་སློབ་གྲྭའི་གྲྭ་ཕྲུག་ཆུང་ཆུང་ཚོ་ལ་ཚན་རིག་སློབ་གི་ཡོད། ང་རང་ཆུང་དུས་ནས་སློབ་གྲྭ་འགྲོ་མྱོང་མེད་ལ་རང་གི་སློབ་གྲྭ་ངོ་མ་དེ་དཔེ་ཀློག་རྒྱག་རྒྱུ་དེ་ཡིན། ལོ་བཅུ་བདུན་བར་དུ་ཀ་ཁའི་མགོ་རྔ་ཙམ་ཡང་མི་ཤེས། དགོན་པར་ཞུགས་རྗེས་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ཉག་གཅིག་ལས་ཤེས་རིག་གི་མྱུ་གུ་འབུས་ཤིང་རྒྱ་གར་དུ་བསླེབས་རྗེས་གོང་ས་མཆོག་གི་བཀའ་དྲིན་ལས་ནང་ཆོས་ཀྱི་གོ་རྟོགས་སད་ཡོད། དེ་ལྟར་བསམ་བློ་བཏང་ན་རྣམ་འགྲེལ་ལས་གསུངས་པའི་གོམས་པ་སྔོན་སོང་གི་རིགས་པ་དེ་ཏག་ཏག་ཅིག་རེད་འདུག་སྙམ། །ཀླད་ཁམས་ཚན་རིག་པ་ཞིག་གིས་འགྲེལ་བརྗོད་བྱེད་པར་གཞིགས་ན་ང་ཚོས་ག་ཚོད་སློབ་སྦྱོང་བྱེད་ན་ཀླད་པར་སྦྱོང་བརྡར་ཐེབས་པས་ཀླད་པ་ཐང་པོ་ཡག་པོ་ཆགས་གི་རེད་ཟེར། སློབ་སྦྱོང་བྱེད་ན་ཤེས་རབ་ཇེ་གསལ་དུ་འགྲོ་བར་སྨོས་མ་དགོས། ཡིན་ཡང་ཀླད་ཁམས་ཚན་རིག་གིས་ཤེས་པའི་སྐོར་ལ་འགྲེལ་བཤད་རྒྱག་དུས་ཀླད་པའི་དབང་རྩ་དང་འབྲེལ་ནས་བརྡ་ལེན་བརྡ་གཏོང་ཙམ་ཞིག་ལས་མེད་པས་ཧ་ཅང་རགས་པ་ཞིག་རེད། རྒྱང་འཕེན་པས་ལུས་སེམས་འབྱུང་བ་འབའ་ཞིག་ལས་གྲུབ་པར་བཤད་པ་དང་བསྡུར་ན་ཧ་ཅང་ཞིབ་ཚགས་པོ་དང་རྒྱུ་མཚན་བློ་ལ་འགྲོ་ངེས་ཀྱི་བརྡ་གཏོང་གི་གཟུགས་རིས་གསོན་པོར་སྟོན་ཐུབ་ཀྱི་ཡོད་པ་རེད། ཡིན་ཡང་དེ་གཟུགས་འདས་རྣམ་ཤེས་ཤིག་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་གི་ཡོད་པ་མ་རེད།
༡ ད་ལྟ་ཚན་རིག་གིས་ངའི་ལུས་ཕུང་གི་གྲུབ་རྫས་བེད་སྤྱད་དེ་ང་འདྲ་བ་ག་ཚོད་མང་པོ་བཟོ་དགོས་ན་བཟོ་ཐུབ་པ་རེད། དེ་ནི་ངའི་འདྲ་བཟོ་མང་པོ་དེ་དག་གི་རྣམ་ཤེས་ངའི་ལུས་རང་གི་སྟེང་དུ་གྲུབ་ཡོད་པའི་བདེན་དཔང་ཞིག་མ་རེད་དམ།
༢ དགེ་བ་སྒྲུབ་ན་སྐྱེ་བ་ཕྱི་མར་ལུས་ཡག་པོ་ལེན་པ་དང་སྡིག་པ་སྒྲུབ་ན་ལུས་ངན་པ་ལེན་པའི་རྒྱུ་མཚན་ཞིག་གསུངས་དང་། དགེ་སྡིག་གི་ལས་ཀྱི་སྟོབས་ཀྱིས་རང་ཤུགས་ཀྱིས་དེ་འདྲའི་སྐྱེ་བ་ལེན་ཟེར་བ་ལྟ་བུ་རྒྱུ་མཚན་དང་གཏན་ཚིགས་ཀྱིས་མི་འདང་བའི་འགྲེལ་བཤད་མི་རྒྱག་པར་རྒྱུ་མཚན་དང་གཏན་ཚིག་ཡོད་པ། གོ་རིམ་ཡོད་པ། མི་ཡི་སེམས་ལ་ངེས་པ་སྐྱེ་ཐུབ་པ་ཞིག་གསུངས་དང་།
༣ འཚོ་བཞུགས་ཀྱི་སྐབས་སུ་སེམས་ཅན་སྟོང་ཕྲག་དུ་མའི་སྐེ་བཅད་མྱོང་བའི་ཨ་དཔོན་དེ། ཁོ་རང་ཤི་བ་དང་ལྷ་ཡུལ་ལ་མདའ་འཕངས་པ་ལྟར་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་དང་དགའ་སྣང་། སྤོབས་པ་དང་བཅས་ཤི་སོང་། ད་དེ་ལྷ་ཡུལ་ལ་འགྲོ་ཐུབ་ཀྱི་རེད་དམ། མིན་ན་མིན་པའི་རྒྱུ་མཚན་ཅི། ཡང་ན། ཁོའི་དམྱལ་བར་འགྲོ་འདོད་མེད་པའི་རྣམ་ཤེས་དེ་དམྱལ་བར་འགྲོ་དགོས་པ་རེད་དམ། དམྱལ་བར་འགྲོ་དགོས་པའི་རྒྱུ་གང་ལ་ཐུག་པ་རེད། དཀོན་མཆོག་ཟེར་ནས་འཇིག་རྟེན་བཟོ་བཀོད་མཁན་ཞིག་ཡོད་ན་ཁོ་དམྱལ་བར་འགྲོ་དགོས་པར་རྒྱུ་མཚན་མཐོང་གི་འདུག གཞན་ནི་དེ་ལྟ་མ་ཡིན་ནོ།
༤ སྲོ་མ་དང་ཤིག ས་འབུ་ཐག་ནར་སོགས་ཀྱི་རྣམ་ཤེས་ལེན་སྟངས་དང་འཕོ་སྟངས་ལ་འགྲེལ་བཤད་ཅུང་མི་རྒྱག་ག
ཀུ་ཤུའི་སྡོང་བོར་ཀུ་ཤུ་སྐྱེ་བ་དང་།། གྲོ་ནས་བཏབ་པར་གྲོ་ནས་སྐྱེ་བ་མཐོང་།། མི་ལ་མི་དང་ཁྱི་ལ་ཁྱི་སྐྱེ་བ།། མཐོ་དམན་ཀུན་གྱིས་ཤེས་པའི་ཆོད་ཉིད་རེད།། ། དེ་ལྟ་མོད་ཀྱང་རང་རང་མི་འདོད་བཞིན།། མི་ཡི་རྣམ་ཤེས་ཁྱི་ལ་འཇུག་པ་དང་། ། ཁྱི་ཡི་རྣམ་ཤེས་མི་ལ་འཕོ་བ་སོགས།། རིགས་མི་མཐུན་པའི་སྐྱེ་རྒྱུན་འདི་དག་གིས།། རིགས་པའི་གཏད་སོ་དྲང་པོ་འཆོལ་བར་བྱེད།། མ་ཎི་བགྲང་ན་མི་ལུས་ཐོབ་པ་དང་།། རྫུན་ཞིག་བཤད་ན་དམྱལ་བར་འགྲོ་བ་ཡི།། མི་ཤེས་གསང་ཚིག་དམ་པོའི་རྣམ་གཞག་འདི།། སུ་ཡིས་སུ་ལ་ཅི་ཕྱིར་བཟོས་པ་ཡིན།། འཇིག་རྟེན་འདི་རུ་དགེ་སྡིག་ཅི་བྱས་ལས།། འཇིག་རྟེན་འདི་རུ་བདེ་སྡུག་སྨིན་པ་ཡིས།། ཀུན་ཀྱང་ལེགས་པའི་ཆོས་ལ་འབད་པ་དང་།། མི་མཐུན་ཉེས་པའི་ཚོགས་ལ་གཞོལ་བར་སྐུལ།། འདི་ནི་འཇིག་རྟེན་སྤྱི་ཡི་ཆོས་ལུགས་དེ།། ལོ་ཆུང་བྱིས་པ་ཡིན་ཡང་གོ་བ་ཡིན།། སྐྱེ་བ་འདི་རུ་དགེ་སྡིག་བྱས་པ་ཡིས། ཕྱི་མ་ཕྱི་མར་བདེ་སྡུག་མྱོང་བ་དེ།། འཇིག་རྟེན་སྤྱི་ཡི་ཆོས་དང་མི་མཐུན་ཡང་།། རང་རིགས་རྣམས་ཀྱི་ཐུན་མིན་ཆོས་ལུགས་ཉིད།།
སྐྱེས་ཕྱིན། རྒྱུ་མེད་པ་ལས་སྐྱེས་པ་མིན། རྒྱུ་ཡོད་ཀྱང་། རྒྱུ་རིགས་མི་མཐུན་པ་ལས་སྐྱེས་པ་མིན། འབྲས་བུའི་སེམས་རང་དང་རིགས་མཐུན་པའི་སེམས་རིགས་འདྲ་སྔ་མ་ལས་སྐྱེས་དགོས་པས། སྐྱེ་བ་སྔ་མ་ཡོད་པར་འདོད་དགོས་ཐུག
མགོན་ཕྱག་གི་དོག་པ་དེ་དག་ལ་དགའ་བོ་མངལ་མཇུག་གི་མདོ་བཀླགས་ན་ཡག་ས་རེད་དྲན། རྣམ་འགྲེལ་གྱི་རིགས་པ་དེ་དག་གི་ནང་ནས། བེའུ་སྐྱེས་མ་ཐག་པའི་རིགས་པ་ཆོས་ཅན། རིགས་པ་སྔ་མ་སྔོན་དུ་སོང་སྟེ། སྐྱེས་མ་ཐག་ནས་ནུ་མ་ནུ་ཤེས་པའི་ཕྱིར་ལྟ་བུ་ལ། དགེ་འདུན་ཆོས་འཕེལ་གྱིས་ལྡོག་ཕྱོགས་ཀྱི་རིགས་རྩལ་འདི་འདྲ་ཞིག་ངོམས་པ་དྲན། འོ་ན་མེ་ནང་དུ་ལྷུང་མ་ཐག་པའི་ཨ་གྲད་སྐམ་པོ་ཆོས་ཅན། རིགས་པ་སྔོན་མ་སྔོན་དུ་སོང་པར་ཐལ། མེ་ནང་དུ་ལྷུང་མ་ཐག་ཏུ་རང་ཉིད་འདུས་ནས་བསྐུམས་ཤེས་པའི་ཕྱིར། འདི་འདྲ་ཞིག་བཀོད་ཡོད་པ་དྲན། དེ་བཞིན་དུ་གོང་དུ་མིག་བརྒྱད་པས་བཀོད་པའི་རྣམ་འགྲེལ་གྱི་རིགས་པ་བཞི་འམ་ལྔ་ཀ་ལ། ལྡོག་ཕྱོགས་ནས་རིགས་པ་དེ་ལྟར་བཀོད་རྒྱུ་ཡོད་ཀྱི་རེད།
རྣམ་འགྲེལ་གྱི་རིགས་པ། དེས་ན་སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ལ་བཞི་སྟེ། རིགས་འདྲ་སྔོན་སོང་གིས་སྒྲུབ་པ། ཉེར་ལེན་སྔོན་སོང་གིས་སྒྲུབ་པ། གོམས་པ་སྔོན་སོང་གིས་སྒྲུབ་པ། མྱོང་བ་སྔོན་སོང་གིས་སྒྲུབ་པའོ། །དང་པོ་ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།ཞེས་གསུངས་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་བ་མེད་པར་དབུགས་འབྱུང་རྔུབ་སོགས་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས་ཧ་ཅང་ཐལ་བ་དང་། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་ཡིན།
ལྡོག་ཕྱོགས་ཀྱི་རིགས་པ། ཤིང་སྡོང་སྐྱེས་པ་ཐག་པས་ས་ནས་ཆུ་འཐུང་བ་སོགས་རང་གི་རིགས་ལ་ལྟོས་པ་མེད་པར་ཆུ་འཐུང་པ་སོགས་ཤིང་སྡོར་རང་གི་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེས་པར་སོང་པས་ཧ་ཅང་ཐལ་བ་དང་། དེ་ཡི་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཆེ་སྔ་མའི་རྒྱུད་ལ་བཞག་དགོས་པར་འགྱུར། དེ་ལྟར་ན་ཤིང་སྡོང་ཆོས་ཅན། རང་གི་སྐྱེས་པ་སྔ་མ་ཡོད་པར་ཐལ། སྐྱེས་མ་ཐག་ནས་ས་ཡི་ཆུ་འཐུང་ཤེས་པའི་ཕྱིར། འདོད་མི་ནུས་དེ་རྣམ་འགྲེལ་རང་ལས་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་མི་རིགས་པར་དགག་པ་མཛད་པའི་ཕྱིར་རོ། འདི་འདྲའི་རིགས་ནི་རིགས་པ་ཐམ་བཅད་ལ་ལྡོག་ཕྱོགས་ནས་བཀོད་ཆོག་ཆོག་ཡོད་པ་འདྲ།
འོན་ཀྱང་གོང་དུ་མགོན་ཕྱག་གི་བཀོད་པའི་བསམ་ཚུལ་རྣམས་ལྟར་རྣམ་ཤེས་སྔ་མའམ། སྐྱེས་པ་སྔ་མ་མི་འདོད་པ་ཡིན་ནམ་ཟེར་ན་མ་ཡིན་དེ། དགའ་བོ་མངལ་མཇུག་གི་མདོ་ལས། དེ་གསུམ་ཚོགས་པ་ན་མངལ་འཇུག་པར་འགྱུར་རོ། གསུངས་པ་ལྟར་ཆ་རྐྱེན་གསུམ་ཚོགས་དགོས་པའི་གནད་འདི་ཤིན་ཏུ་གལ་ཆེ་བར་འདོད། མགོན་ཕྱག་ན་རེ། ༼ད་ལྟ་ཚན་རིག་གིས་ངའི་ལུས་ཕུང་གི་གྲུབ་རྫས་བེད་སྤྱད་དེ་ང་འདྲ་བ་ག་ཚོད་མང་པོ་བཟོ་དགོས་ན་བཟོ་ཐུབ་པ་རེད། དེ་ནི་ངའི་འདྲ་བཟོ་མང་པོ་དེ་དག་གི་རྣམ་ཤེས་ངའི་ལུས་རང་གི་སྟེང་དུ་གྲུབ་ཡོད་པའི་བདེན་དཔང་ཞིག་མ་རེད་དམ།༽ འདི་ད་ལྟའི་ཚན་རིགས་པ་ཙམ་མ་ཟད། ང་ཚོའི་ཕ་ཡུལ་གྱི་ར་ཕོ་ཐོད་ལིག་གཅིག་གིས་རང་གི་ལུས་ཕུང་གི་གྲུབ་རྫས་བེད་སྤྱད་དེ་ལོ་དེའི་དཔྱིད་ཀ་གཅིག་གི་རིང་ལ། རེའུ་ཕྲུག་ལྔ་བརྒྱ་ཐམ་པ་བཟོ་ཐུབ་ཀྱི་རེད། ཚན་རིགས་པ་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད་ལ། དེ་བཞིན་དུ་ཉ་གཅིག་གིས་རྒྱོ་རྒྱགས་ཐེངས་གཅིག་ལ་ཉ་ཕྲུག་ཁྲི་ཕྲག་མང་པོ་བཟོ་ཐུབ་ཀྱི་ཡོད་པ་རེད། འདི་འདྲ་ཞིག་གིས་རྣམ་ཤེས་ལུས་སྟེང་དུ་གྲུབ་པར་སྒྲུབ་པ་ནི་གད་མོ་སློང་པའི་རྒྱུ་རེད་མོད། འོན་ཀྱང་དེ་འདྲའི་དོགས་པ་ཟ་ས་གཅིག་ཡོད་པ་ནི། ར་ཕོའི་ཁུ་བ་མར་བཏོན་ནས་ཤེལ་དམ་ནང་གི་སྨན་ཆུ་ནང་དུ་བླུགས་པའི་ཚེ་ན། ཕྲ་འབུ་དེ་དག་ཕར་ཚུར་རྒྱུགས་བཞིན་པ་དེ་རེད། སྐབས་དེར་ཁུ་བ་དེའི་ནང་དུ་རྣམ་ཤེས་ཞུགས་ཡོད་པ་རེད་དམ། འོ་ན་རྣམ་ཤེས་དེ་ཁུ་བ་ཡོང་སའི་ར་ཕོ་དེའི་ལུས་སྟེང་ནས་ཡོད་པ་རེད་དམ། འོ་ན་ར་ཕོ་དེའི་སྟེང་ན་ཁུ་བ་ཁྲག་ལ་གནས་པའི་སྐབས་སུ་ཁུ་བའི་གྲངས་དང་མཉམ་པའི་རྣམ་ཤེས་གནས་ཡོད་པ་རེད་དམ། སོགས་ཟེར་ན་དེང་སང་གི་ཚན་རིགས་པ་ལྟར་ན་དོགས་པ་གཅིག་རེད། འོན་ཀྱང་མངོན་པ་མཛོད་ན་རྩང་པ་ཁ་རལ་གྱི་སྔ་མ་བཅད་པ་ན། སྔ་མ་དེ་འགུལ་བར་མ་ཟད་ལུས་པོ་ཡང་འགུལ་རྒྱུ་ཡོད་པས་རྩང་པ་ཁ་རལ་གྱི་རྣམ་ཤེས་གཉིས་སུ་འགྱུར་བ་རེད་དམ། རྣམ་ཤེས་གཅིག་རེད་ཅེས་དོགས་པ་བཀོད་ནས། ལན་ལ་རྣམ་ཤེས་གཅིག་རེད། བཅད་ཟིན་པའི་སྔ་མ་འགུལ་བ་ནི་རླུང་གི་སྟོབས་ཀྱི་རེད་ཅེས་ལན་བཏབ་པ་ལྟར། ཁུ་བ་མར་ཕྱུང་མ་ཐག་ཏུ་ཕྲ་འབུ་དེ་དག་འགུལ་བཞིན་པ་ཡང་། རྣམ་ཤེས་ཀྱི་སྟོབས་ཀྱིས་འགུལ་བ་མ་རེད། རླུང་གི་སྟོབས་ཀྱིས་འགུལ་བ་རེད་ཟེར་ན་ནང་ཆོས་ཀྱི་རིགས་པ་སྤྱི་དང་མཐུན་པར་སྣང་། འོ་ན་སྣམ་ཤེས་ག་དུས་ཞུགས་པ་རེད་དམ་ཟེར་ན། ཕྲ་འབུ་དེ་དག་མངལ་དུ་བཞག་ནས་མངལ་ནས་མ་ཡི་ཁྲག་དང་འདྲེས་ནས་ཁུ་ཁྲག་གཉིས་ཀ་རུང་པར་གྱུར་བ་ན་རྣམ་ཤེས་ཞུགས་པ་ཡིན་ནོ་ཟེར་ན་དགའ་བོ་མངལ་འཇུག་གི། དེ་གསུམ་ཚོགས་པ་ན་མ་ཡི་མངལ་དུ་བུ་ཞུགས་པར་འགྱུར་རོ་གསུངས་པ་དང་ཤིན་ཏུ་འགྲིག་པར་མ་ཟད།
མགོན་ཕྱག་གིས་གོང་དུ་བཀོད་པའི་དོགས་པ་ཐམས་ཅད་རང་ཞིག་ཏུ་འགྲོ་ལ། དེ་བཞིན་དུ་རྒྱང་འཕེན་པས་བཀོད་པའི་རིགས་པ་ཡོངས་སུ་རྫོགས་པ་རིགས་འཆལ་ཡིན་པར་ངེས་སླ་བར་འགྱུར་རོ། མགོན་ཕྱག་གི་དོན་ཚན་རེ་རེ་བཞིན་དུ་བཀོད་ནས་རིགས་པའི་རོལ་རྩལ་ཞིག་རྩེ་ན་ཡང་མི་འགྲིག་པ་མེད་མོད། ཡང་རྒད་པོ་རླུང་གིས་བསྐྱལ་ན་ཐང་བསམ་ནས། ཀུ་རེ་སྙུང་ནས་བཀོད་ཡོད་དོ།
ཡང་དེང་སང་གི་ཚན་རིག་པ་ཡིན་ན་འདྲ། སྨན་ཁང་ནང་ནས་བརྟག་དཔྱད་བཏང་ནས་ཕོ་ཁ་ཤས་ཀྱི་ཁུ་བ་ལ། lazy sporn ཡིན་ན་ཅིག་ཟེར། བུ་སྐྱེད་པའི་ནུས་པ་མེད་ཟེར། འོན་ཀྱང་ཕྲ་མཐོང་ཆེ་ཤེལ་ནས་བལྟས་ན་ཁུ་བ་དེ་ཡང་འགུལ་བསྐྱོད་བྱེད་བཞིན་པ་མངོན་སུམ་དུ་མཐོང་རྒྱུ་ཡོད་དོ། འགུལ་བསྐྱོད་བྱས་ན་ཡང་འདྲ། ཚན་རིག་པ་ཡིན་ནའང་འདྲ། སུས་ཀྱང་དེ་ལ་བུ་བསྐྱེད་པའི་ནུས་པ་ཡོད་པར་བཟོ་མི་ཐུབ་པ་གསལ་བོ་རེད། འདི་འདྲ་བརྟག་སྐབས་དགའ་བོ་མངལ་འཇུག་གི་ཚིག་རེ་རེ་ལའང་གསེར་སྲང་སྟོང་གི་རིན་ཐང་ཡོད་པ་ཤེས་ནུས། དགའ་བོ་མངལ་མཇུག་གི་མདོ་ལས། ༼ཕ་མ་རུང་ཞིང་ཟླ་མཚན་དང་ལྡན་པ༽ རུང་ཞིང་ཟེར་བའི་ཚིག་གི་ནུས་པ་དེ། དེང་སང་གི་ཚན་རིག་པ་ཚོས་བཤད་པའི་ lazy sprom དེ་རུང་པ་མ་ཡིན་པར་བསྟན་པ་ཤེས་སླའོ། ཞར་ལ་ངས་ཁྱབ་བསྒྲགས་ཞིག་བྱེད། བུ་བསྐྱེད་པའི་ནུས་པ་མེད་པའི་lazy sprom ཅན་རྣམ་ལ་བུ་བསྐྱེད་པའི་ཐབས་ཤེས་གཅིག་ཡིན། རྣམ་འགྲེལ་གྱི་རིག་པ་དེས་མི་ཕན། ཚན་རིག་གི་རིག་པས་ཀྱང་མི་ཕན། ངས་གདམས་ངག་གཅིག་གིས་ཁྱོད་ཚོ་ལ་ཕན་པར་འགྱུར་རོ། དེ་ནི་ང་དགའ་བོ་མངལ་མཇུག་གི་མདོ་ལ་ཡིད་ཆེས་ཡོད་པས་ཡིན། ཧཧཧཧཧ
སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཁྱད་པར་གང་ཡང་མེད། དོན་དངོས་སུ་མིའི་བདེ་སྐྱིད་ཟེར་བ་དེ་འཚོལ་དགོས་ངེས་རེད།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ན་མི་རྣམས་ལ་ཡན་ལག་ལྔ་དང་དབང་བོ་ལྔ་ཚད་ཚད་དག་དག་ཅིག་མ་གཏོགས་མེད་པ་ག་རེ་རེད། ཁ་ཤས་ལ་དབང་བོ་ལྔ་དང་ཁ་ཤས་ལ་དྲུག་དང་བདུན་ཡོད་ན་ཅིའི་མ་ཆོག་པ་ཡིན། འབག་བཟོ་བས་འདྲ་སྐུ་བཟོ་བ་བཞིན་མི་ཚང་མར་ཡན་ལག་དང་དབང་བོ་གྲངས་གཅིག་མཚུངས་བཟོས་སྟངས་ལ་བལྟས་ན་ཕལ་ཆེར་འཇིག་རྟེན་ཐོག་གི་སེམས་ཅན་རྣམས་ལ་ཅི་དགོས་གང་དགོས་འཆར་འགོད་དང་གྲ་སྒྲིག་བྱེད་པའི་བྱེད་པ་པོ་ཅིག་ཡོད་བཟོ་མི་འདུག་གས།
གཞོན་ནུ། གོང་གི་དོན་ཚན་གཞན་པ་༢།༣།༤ ལན་ལ་སྒུག་བསྡད་ཡོད།
༥ སེམས་ཅན་མང་པོ་ཞིག་རྩ་སྟོང་དུ་ཕྱིན་དང་འགྲོ་བཞིན་ཡོད་པ་དེ་དག་ག་འདྲ་བྱས་ནས་རྩ་སྟོང་དུ་ཕྱིན་དང་འགྲོ་བཞིན་པ་རེད། དེ་ཚོའི་ལུས་ལེན་མཁན་མེད་སོང་བ་རེད་དམ།
༦ འཁོར་བ་ལ་ཐོག་མ་མེད་པ་དང་མཐའ་མ་ཡོད་པ་དེ་ཅི་འདྲ་རེད། དེ་ནི་རྒྱུ་འབྲས་གོ་ལྡོག་གམ་རྒྱུ་མེད་པར་འབྲས་བུ་གྲུབ་པ་ཞིག་མ་རེད་དམ། འཁོར་བ་ལ་ཐོག་མའི་འགྲུབ་ཚུལ་མེད་པ་དེ་རྟེན་འབྲེལ་ལྟོས་གྲུབ་ཟེར་བའི་སྐད་གྲགས་ཅན་གྱི་རིགས་པ་དེ་དང་འགལ་བ་ལྟག་སྤྲོད་དུ་ཕྱིན་པ་ཞིག་མ་རེད་དམ།
༧ ཁྱེད་ཚོད་བཤད་བཤད་བྱས་ན། མདང་སྐྱེས་ཀྱི་བེའུས་ནུ་མ་ནུ་ཤེས་པ་ཆོས་ཅན། རིགས་རྫས་རྒྱུ་མཐུན་ཅན་གྱི་སེམས་ལྡན་ཨ་མ་ལས་སྐྱེས་པའི་ཕྱིར་ཟེར་ན་རིགས་པའི་གནོད་པ་ནི་མེད་པ་འདྲ།
ནང་བ་སངས་རྒྱས་པས་མི་ལ་འཇིགས་སྣང་སྐུལ་བྱེད་ཡང་སྙིང་གཙོ་བོ་ཞིག་སྟེ་་་་སྐྱེ་བ་སྔ་ཕྱི་ཞེས་པའི་ཚིག་འདི་རེད། ཚིག་འདིའི་བྱིན་རླབས་ལས་ནང་བའི་རྗེས་འཇུག་པ་ཚོས་ལོ་ངོ་མང་བོའི་རིང་་་ལས་འབྲས་རྩི་བཀུརདང་་་་ཞི་འཇམ་ངང་འཚོ་སྡོད་བྱས་ཡོད། དོན་ངོ་མ་་སྐྱེ་བ་སྔ་ཕྱི་ཡོད་མེད་གསལ་བོར་ཤེས་མཁན་་ནང་བའི་རྗེས་འཇུག་པ་བརྒྱ་ཆ་གོ་དགུས་ཕལ་ཆེར་ཤེས་ཀྱིན་མེད་ནའང་་་དད་པ་དང་ཡིད་ཆེས་ཀྱིས་ཁས་ལེན་གྱིན་ཡོད། ལས་འབྲས་དང་་ཡིད་ཆེས་ལ་གཞི་མི་བཅོལ་བའི་ཚན་རིག་པས་ད་དུང་ཡང་སྐྱེ་བ་སྔ་ཕྱི་ཡོད་མེད་བསྐོར་ནས་ཁ་སྐྲག་ཐུབ་ཀྱིན་ཡོད་མེད་གང་ལྟར་ཡང་་་་ང་ཚོ་ད་དུང་ཞི་འཇམ་ངང་འཚོ་དགོས་སྟབས་་་སྐྱེ་བ་སྔ་ཕྱི་ཞེས་པའི་མིག་གིས་མཐོང་རྒྱུ་དང་་་ལག་པས་འཛིན་རྒྱུ་ཞིག་དེ་བས་ཀྱང་མེད་པའི་འཇིགས་སྣང་ཅན་གྱི་ཚིག་འདི་ད་དུང་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།
རྣམ་དཔྱོད་རབ་ཏུ་ཡངས་པ་མགོན་པོ་ཕྱག་གཉིས་པས་གནད་ཆེའི་དྲི་བ་ལ་མཁས་དབང་གཞོན་ནུ་ཟླ་མེད་ཀྱིས་རིགས་པ་ཚ་ནན་ཞིག་བཀོད་འདུག །ཆོས་ཀྱི་སྤྱན་མངའ་བ་དགེ་བསྙེན་རྡོ་རྗེ་ལགས་ཀྱི་ཚིག་ཉུང་དོན་འདུས་ཀྱི་གནད་ཀྱི་དོན་པོ་དེ་ལས་མ་འདས། དཀར་མཚོ་སྐྱིད་ཀྱིས་མིའི་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞི་ལ་གསལ་བཤད་གནང་ཐུབ་མཁན་ཡོད་ན་གསུངས་རོགས། ཀླད་ཁམས་ཚན་རིག་གི་རྣམ་ཤེས་ཀྱི་གྲུབ་རྫས་འདོད་པ་དེ་དག་རྒྱང་འཕེན་པས་ཡིད་བློ་འབྱུང་བཞིའི་རྡུལ་ཕྲན་ལས་གྲུབ་པར་འདོད་པ་དང་ཁྱད་པར་མི་སྣང་བས། ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་གོམས་པ་ལས་བླ་མེད་བྱང་ཆུབ་འཐོབ་པར་འགྱུར་བ་མི་འདོད་དེ། སྐྱེ་བ་སྔ་ཕྱི་མི་འདོད་པའི་ཕྱིར། མ་ཤི་བར་དུ་བདེ་བར་འཚོ།།ཤི་ནས་དེ་ཡི་སྤྱོད་ཡུལ་མེད།།ཅེས་པ་ལྟར་སྐྱེ་བ་སྔ་ཕྱི་མི་འདོད་པས་དགེ་སྡིག་གི་རྣམ་གཞག་འཇོག་གི་མེད། བདེ་སྐྱིད་ཟེར་བ་ནི་རེག་ཚོར་བདེ་བ་དང་ཕོ་མོའི་འཁྲིག་བདེ་ཐར་བར་འདོད་པ་སོགས་ཡིན་པས་འོག་གི་ཟག་བཅས་ཀྱི་ཚོར་བ་བདེ་བ་འགའ་ཞིག་ལ་ཐར་བར་ངོས་འཛིན་པ་རེད། གྲུབ་མཐའ་རྩ་བར་འཛག་བདེ་ཐར་ཞེས་པའི་དོན་དེ་ལྟར་རེད། དོན་དག་ངོ་མ་ང་ཚོ་རྒྱང་འཕེན་པ་ཡིན་ཟེར་གྱི་མ་རེད་དེ། ང་ཚོའི་སེམས་ལ་ལྟ་བ་འདི་དག་ཏག་ཏག་བསླེབས་འོང་གི་ཡོད་པ་རེད། གཞན་ཡང་རྒྱང་འཕེན་པས། སེམས་ལུས་ཀྱི་འབྲས་བུ་ཡིན་པས་ལུས་སྐྱེས་པ་ན་སེམས་སྐྱེས། ལུས་འགག་པ་ན་སེམས་འགག་འགྲོ །དཔེར་ན། མར་མེ་དང་མར་མེའི་འོད་བཞིན། གཞན་ཡང་རྒྱང་འཕེན་པས་སེམས་ལུས་ཀྱི་ཡོན་ཏན་ཡིན། ལུས་སྐྱེས་པ་ན་སེམས་སྐྱེས། ལུས་འགག་པ་ན་སེམས་འགག་འགྲོ་བའི་ཕྱིར། དཔེར་ན་རྩིག་པ་དང་རྩིག་ངོས་ཀྱི་རི་མོ་བཞིན་ཟེར་བ་ལ་འཛམ་བུ་གླིང་གི་མི་ཕལ་མོ་ཆེས་འདི་ལ་འོས་ཤོག་འཕེན་ངེས་རེད།
སྐྱེ་བ་སྔ་ཕྱི་ཟེར་བ་མེད་ན་བཟང་། །
འཁོར་བར་ཡང་ཡང་འཁོར་རྒྱུ་མེད་ན་བཟང་། །
སངས་རྒྱས་བྱང་སེམས་སྐྱིད་ཉལ་བརྒྱབ་ན་བཟང་། །
དགེ་སྡིག་རྒྱུ་འབྲས་མེད་ན་དེ་ལས་བཟང་། །
མཁས་དབང་མགོན་པོ་ཕྱག་གཉིས་པ་ལགས། སྐུ་ཉིད་ཀྱིས་དྲི་བ་ལ་ལན་འདི་ལྟར་བཏབ་ན་ཨེ་འགྲིག། གནའ་བོའི་གཏུམ་འབྲུག་དང་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས་སེམས་ཅན་མང་པོ་ཞིག་ས་སྒང་འདིར་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པའི་རྒྱུ་མཚན་ནི། འཚོ་གནས་ཀྱི་ཁོར་ཡུག་དང་བྲལ་ནས་རྩ་སྟོང་ཕྱིན་པའམ་རིགས་རྒྱུད་ཆད་པ་ཙམ་རེད། འོན་ཀྱང་དེ་དག་གི་རྣམ་ཤེས་རྒྱུན་ཆད་ཟེར་མི་འོང་ལགས། ཊར་ཝིན་གྱིས་རང་བྱུང་འདེམས་སྒྲིག་གིས་ཚེ་སྲོག་རིམ་འགྱུར་བཤད་པ་དེ་ཡང་རྒྱུ་མཚན་འདུག་སྟེ། རིས་མི་མཐུན་པ་ལས་རིས་མི་མཐུན་པར་སྐྱེས་པ་མིའི་སྐྱེས་རབས་སྔ་མ་སྤྲ་རྒོད་ལྟ་བུའོ། །
འཁོར་བ་ལ་ཐོག་མ་མེད་པ་དང་མཐའ་མ་ཡོད་པ་དེ་ཅི་འདྲ་རེད། དེ་ནི་རྒྱུ་འབྲས་གོ་ལྡོག་པ་ཞིག་མ་རེད་ལགས་ཞུས་པ་ཡིན། ལས་ཉོན་གྱི་དབང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཁོར་བ་ཟེར་བ་ལྟར་ནམ་ཞིག་འཁོར་བ་ཟད་པ་ན་འཁོར་བའི་སྐྱེ་རྒྱུན་ཆད་པས་འཁོར་བ་མཐའ་ཡོད་ཟེར།མཐའ་ཞེས་པ་དོན་ལྔ་ལ་འཇུག་ཚུལ། རྣམ་བཤད་རིག་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང་།།ཉེ་དང་ཕྱོགས་དང་སྨད་པའོ།། ཞེས་པ་ལྟར་འཁོར་བ་ཟད་པ་ལ་འཁོར་བའི་མཐར་སོན་ཞེས་པ་ལྟ་བུ་དང་པོ་དང་། ཚེའི་མཇུག་ལ་གནས་པ་ལ་ཚེའི་མཐའ་ལ་གནས་ཞེས་པ་ལྟ་བུ་གཉིས་པ་དང་། དགེ་འདུན་གྱི་རྒན་རབས་ཤིག་གི་ཉེ་འཁོར་དུ་སྡོད་པ་ལ་རྒན་པའི་མཐའ་ལོགས་སུ་འདུག་ཅེས་པ་ལྟ་བུ་གསུམ་པ་དང་། ཕྱོགས་གཅིག་ཏུ་འཛིན་པའི་ལྟ་བ་ལ་མཐའ་གཅིག་ཏུ་འཛིན་པའི་ལྟ་བ་ཞེས་པ་བཞི་པ་དང་། སྨད་པར་འོས་པའི་མི་ལ་མི་མཐའ་མ་ཞེས་པ་ལྟ་བུ་ལྔ་པ་ཡིན་ནོ།།
སྲིད་མཐའ་ཞེས་པའི་མཐའ་ནི་ཟད་པ་དང་མཇུག་ཆ་ལའང་འཇུག་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་།།སྙིང་རྗེས་ཞི་ལ་མི་གནས་པ།། ཞེས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་མི་གནས་བ་དང་སྙིང་རྗེ་ཆེན་པོས་ཞི་བའི་མཐའ་ལ་མི་གནས་བར་བཤད་པ་ལྟ་བུའོ།།སྲིད་མཐའ་ལ་མི་གནས་ཚུལ་ནི། ལས་ཉོན་གྱིས་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པ་དེ་ཡིན་ནོ།།ཞི་མཐའ་ཞེས་པ་ལས་ཉོན་དང་སྙིང་རྗེ་གང་གིས་ཀྱང་འཁོར་བར་སྐྱེ་བ་ཆད་པའི་མྱང་འདས་ཡིན་ནོ།།འདིའི་མཐའ་ནི་སྨད་པ་ལ་བྱེད་དེ། ཞི་མཐའ་ལ་མི་གནས་ཚུལ་ནི་བྱང་སེམས་རྣམས་སྙིང་རྗེ་དབང་གིས་བསམ་བཞིན་འཁོར་བར་སྐྱེ་བ་ལེན་པ་ལ་བཤད་དོ།།
ཉལ་ཁ་དག་དག་ལ་ཁ་བརྡ་ཁ་ཕྱེས་པས། མགོན་ཕྱག་ནས་སྐུལ་མ་བྱས་འདུག ད་ཡང་མ་གཉིད་པར་དུ་ཆ་ལ་ཆོ་ལེ་ཞིག་བཤད་ཀྱི་ཉོན་ཨང་། དོན་ཚན་གཉིས་པའི་ལན། ཕ་མའི་ཁུ་ཁྲག་གཅིག་ལས་སྐྱེས་པའི་བུ་གཉིས་ལ་རིག་སྟོབས་ཡག་ཉེས་དང་། ཡ་རབས་མ་རབས་ཀྱི་ཁྱད་པར། ཕ་མར་བཀུར་སྟི་ཡོད་མེད་ཀྱི་ཁྱད་པར། མི་ཚེའི་ནང་དུ་སྟོབས་འབྱོར་དང་ཁྱིམ་ཚང་ཡག་ཉེས་ཀྱི་ཁྱད་པར། ན་ཚ་ཡོད་མེད་ཀྱི་ཁྱད་པར་སོགས་ཡོང་བཞིན་པ་ནི་མངོན་སུམ་རེད། ཚན་རིག་པར་ལྟ་ཁུ་ཁྲག་ཁོ་ན་ལ་རྟེན་ནས་འོངས་ན་ཕ་མའི་ཁུ་ཁྲག་ལ་ཁྱད་པར་ག་ལ་ཡོད། ཕ་མ་གཉིས་ཀྱིས་རྒྱོ་རྒྱག་ཐེངས་གཅིག་ལ་མངལ་དུ་བུ་ཕྲུག་གཉིས་བཟོས་པ་རེད། འདི་ནི་ཚན་རིག་པས་རྣམ་ཤེས་ཁུ་བ་ལས་འོངས་པས་དང་། རྣམ་ཤེས་སྐྱེས་པ་སྔ་མ་ལས་འོངས་པར་ཁས་མ་བླངས་པས། འགྲེལ་བཤད་རྒྱག་ཁེགས་པོ་ཆགས་པ་རེད། ཡང་བུ་སྤུན་དེ་གཉིས་ཀྱི་གཟུགས་སྟོབས་དང་ཆེ་ཆུང་སོགས་གང་ཐད་ནས་འདྲ་ན་ཡང་། གོང་གི་ཁྱད་པར་དེ་དག་འོངས་བཞིན་པ་ནི་མངོན་སུམ་ཡིན་ན། རྒྱང་འཕེན་པས་རྣམ་ཤེས་ལུས་ཀྱི་རྗེས་སུ་འགྲོ་བར་ཁས་བླངས་པས་ཁྱད་པར་དེ་དག་ལ་འགྲེལ་བཤད་རྒྱག་མི་ཐུབ། རྒྱུ་མཚན་ལུས་ལ་ཡང་ཁྱད་པར་གང་ཡང་མེད་པས་སོ། འོ་ན་ཁྱད་པར་དེ་གང་ནས་ཅི་ལྟར་ཡོང་པ་རེད་དམ་ཟེར་ན། དེ་ནི་ལས་ཀྱི་བག་ཆགས་ཀྱི་སྟོབས་ལས་འོངས་པ་རེད་ཟེར་ནས་ནང་ཆོས་ལས་གསུངས། འོ་ན་དགེ་བའི་སྟོབས་ལས་འབྲས་བུ་བདེ་བ་ཡོང་སྟངས་ཅི་འདྲ་རེད་ཟེར་ན། སྐྱེས་པ་སྔ་མར་དགེ་བ་བསགས་སྟངས་ནས་འགོ་འཛུགས་དགོས་པ་རེད། ངའི་སྐྱེས་པ་སྔ་མ་ལ་མཚོན་ནས་བཤད་ན། ངའི་སྐྱེ་པ་སྔ་མར་བཟོད་པ་སྒོམ་པས་བཟོད་པའི་ལས་དེ་བསགས་སྐབས་ཤེས་པ་ཡིན་ན་ཡང་དེའི་སྐད་ཅིག་གཉིས་པ་ནས་བགས་ཆགས་ཀྱི་ངོ་བོར་སོང་ནས་ཀུན་གཞི་རྣམས་ཤེས་ཀྱི་ངོས་སུ་བག་ལ་ཉལ། དེ་བཞིན་དུ་ཡང་བསྐྱར་ང་ལ་མགོན་ཕྱག་རྒྱག་རེས་རྒྱབ་པ་ན་ཡང་བསྐྱར་བག་ཆགས་དེ་སད་ནས་བཟོད་པ་སྒོམ། དེ་ལྟར་བཟོད་པ་སྒོམ་པའི་བགས་ཆགས་དེ་ང་ཤི་བ་ན་ཡང་རྣམ་ཤེས་ཀྱི་ངོ་བོར་འཕོས་ནས་བསྡད། ཤི་ནས་ངའི་སྐྱེས་པ་སྔ་མའི་ལུས་ཕུང་དེ་བྱ་རྒོད་ཀྱི་ཟོས་པའི་སྔ་རྗེས་སུ་རྣམ་ཤེས་དེ་མཐའ་མའི་རླུང་ཕྲ་མོ་ལ་ཞོན་ནས་སྣ་ལམ་ནས་ཐོན་པའམ། སྤྱི་གཙུགས་ནས་ཐོན་ནས་བར་དོར་འཁྱམས། ལས་ཀྱི་རླུང་དེས་དེད་ནས་ཡང་འཁྱམས་མར་འཁྱམས་པའི་མཐར་ང་ཡི་ད་ལྟའི་མ་ཡི་མངལ་དུ་འཁོར། དེ་ཡང་ཕ་མ་གཉིས་ཀ་རུང་ཞིང་ཉལ་བོ་བྱེད་པ་དང་ཕྲད་ནས་རྣམ་ཤེས་དེ་རླུང་གི་གཞོན་པ་དང་བཅས་པ་ཨ་མའི་མངལ་ལ་ཞུགས་ནས་་བསྡད། ཨ་མའི་ཟས་བཅུད་དང་ངའི་རྣམ་ཤེས་ཀྱི་གཞོན་པར་གྱུར་བའི་རླུང་དེའི་སྟོབས་ཀྱིས་ང་ཨ་མའི་ཁོག་ནས་འཚར་ལོངས་བྱུང་། ཟླ་དགུ་ཞགས་བཅུའི་རྗེས་སུ་ང་མར་སྐྱེས་པ་ན། ངའི་སྤུན་གཞན་དག་དང་མི་འདྲ་བར་སྔ་མའི་བགས་ཆགས་དེ་དང་རྗེས་སུ་མཐུན་པར་དགེ་བ་ལ་ངང་ཤུགས་ཀྱིས་དད་པ། རིགས་པ་ཡག་པའི་སྐོར་ལ་ངང་ཤུགས་ཀྱི་སྦྱང་འདོད་ཡོད་པ། ཤེས་པ་དེས་ཀྱང་གཞན་ལ་རོགས་ཕན་བྱེད་པ་ལ་འབད་པ་བྱེད་པ་ལས་གཞན་ལ་མཐོང་ཆུང་བྱེད་པར་མི་འབད་པ། རང་གི་ཕ་མ་ལ་གུས་ཞབས་ཡོད་པ། སོགས་ལས་མི་རྣམས་ཀྱིས་ཡིད་སེམས་འགུག་ནུས་པ་བཅས་ནི་སྐྱེས་པ་སྔ་མའི་བཟོད་པ་སྒོམ་སྟོབས་ལས་འོངས་པའི་ངང་ཤུགས་ཀྱིས་བཟོད་པ་སྒོམ་པ། ངང་ངང་ཤུགས་ཀྱིས་གཞན་གྱི་ཡིད་ལ་བགས་ཆགས་བཟང་པོ་འཇོག་ནུས་པ། དེའི་རྐྱེན་གྱིས་མི་མཐུན་ཕྱོགས་ཡང་ཉུང་རུ་འགྲོ་བ་བཅས་སོ། གོ་རིམ་གཙོ་བོར་བཟུང་ནས་བཤད་ཡོད། འདི་ནོ་གོམས་པའི་སྟོབས་ལས་ཟེར་བ་ལྟར་གོམས་པ་ཤུགས་ཆེ་ཆུང་ལས་འོངས་པ་ཡིན་ནོ། ལས་ངན་པའི་ཕྱོགས་ལ་ཡང་རིགས་མཚུངས་རེད།
དེ་ནས་སེམས་ཅན་སྟོང་ཕྲག་མང་པོ་བསད་མྱོང་པའི་མི་ཞིག་གིས། དཀོན་མཆོག་གིས་ལྷ་ཡུལ་ལ་བསྐྱལ་འགྲོ་སྙམ་པའི་ཡིད་ཆེས་ཀྱི་དད་པ་ཡོད་ན་ཡང་། དད་པ་དེ་ཁོ་ནས་རང་གི་རྣམ་ཤེས་ལྷ་ཡུལ་ལ་བསྐྱལ་ཐུབ་ཀྱི་མ་རེད། དཔེ་གཅིག་བཤད་ན། ད་ལོ་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་བལྟ་བྱས་པ་རེད། མེ་ཤུགས་འཕུར་མདའ་འཕེན་སའི་དམིགས་ཡུལ་ཞིག་ཡོད་པ་རེད། འཕེན་མཁན་གྱིས་ངོས་ནས་དམིགས་ཡུལ་དེའི་སྟེང་དུ་སླེབས་པའི་ཡིད་ཆེས་དང་སེམས་ཤུགས་ཆ་ཚང་ཡོད་ན་ཡང་། མེ་ཤུགས་འཕུར་མདའ་དམིགས་ཡུལ་སྟེང་དུ་འགྲོ་རྒྱུ་ཕར་བཞག ཐག་རིང་པོར་མ་སོང་པར་འཐོར་བ་རེད། དེ་ན་ཡིད་ཆེས་དང་དད་པ། སྤོབས་པ་བཅས་ངེས་པར་དུ་དགོས་ངེས་ཞིག་ཡིན་ན་ཡང་། དེ་ཁོ་ནས་དམིགས་ཡུལ་ལ་བསྐྱལ་ཐུབ་ཀྱི་མེད། ངེས་པར་དུ་དམིགས་ཡུལ་དེར་སླེབས་ཐུབ་པའི་མཐུན་རྐྱེན་མ་ཚང་པར་སྒྲུབ་དགོས་ལ། འགལ་རྐྱེན་ཡོངས་སུ་རྫོགས་པ་སེལ་དགོས། མགོན་ཕྱག་གིས་དུས་སྐབས་འདི་འདྲ་ཞིག་ལ་ཆོས་ལུགས་དང་ཆོས་ལུགས་པའི་མིང་རྨོས་ནས་དོགས་སློང་བྱེད་པ་ནི་ཡག་པོ་མ་རེད། ཁ་སང་དེ་རིང་རྒྱ་གར་ལྷོ་ཕྱོགས་ནས་བོད་པ་ཁ་ཤས་ཆོས་ལུགས་ཀྱི་རྙོག་དྲས་བསད་ཚར་བ་རེད་ལ། ད་དུང་མང་པོ་ཞིག་ལ་རྡུང་བཞིན་པ་རེད། དེ་ན་དོགས་སློང་བྱེད་སྐབས་རྙོག་དྲ་ཡོད་པའི་རིགས་ལ་མིང་མ་གསལ་བའི་ཐོག་ནས་དོག་སློང་གནང་ན་ཡག སྔ་མའི་དཔེ་ཆ་ཁག་ན་ཁ་ཅིག་ན་རེ་ཟེར་བ་སོགས་ཡོད་པ་ནི་མཁས་པ་དེ་ཚོས་མིང་འབྲི་མ་ཤེས་པ་མ་རེད། འདི་བསམ་ཚུལ་ཙམ་ཕུལ་བ་ལགས།
དོན་ཚན་བཞི་བའི་ལན། ཤིག་དང་སྲོ་མ། ས་འབུ་ཐག་ནར་སོགས་སྐབས་འགར་དྲོད་བཤེར་སྐྱེས་རེད་ལ། སྐབས་འགར་སྒོ་ང་ལས་སྐྱེས་རེད། དྲོད་བཤེར་སྐྱེས་ལ་བཤད་ན། དྲོད་རྫས་དང་བཤེར་རྫས་སོགས་ཚོགས་ནས་སྐྱེས་ཆོག་ཆོག་ཏུ་གྱུར་བ་ན། བར་སྲོད་ལ་འཁོར་བའི་རྣམ་ཤེས་དེ་ལ་ཐོགས་ནས་སྐྱེས་པ་བླངས་པ་ཞིག་རེད། སྒོ་ང་ལ་སྐྱེ་ལ་མཚོན་ན་ཡང་སྒོ་ངའི་ནང་དུ་ཕ་ཤིག་དང་མ་ཤིག་གཉིས་ཀའི་ཁུ་བའམ་ནུས་པ་དེ་ཚོགས་ནས། དུས་དང་དྲོད་སོགས་ཚོགས་པས་རྣམ་ཤེས་ཞུགས་ནས་སྐྱེས་པ་རེད། འདི་དག་ནི་གཅིག་ཤེས་ན་ཀུན་གྲོལ་བར་འགྱུར་བས་དོག་པ་ཆེན་པོ་རང་ཡོད་ཀྱི་མ་རེད། སྐྱེས་གནས་བཞི་གང་ཡིན་ན་ཡང་རང་རང་གི་ལུས་ཕུང་སྐྱེས་པའི་རྒྱུའི་སྟེང་དུ་རྣམ་ཤེས་སླེབས་པ་ན་ག་ལེ་ག་ལེར་སྐྱེས་ཡོང་གི་རེད།
སྐྱེ་བ་སྔ་ཕྱི་བསྒྲུབ་ཁ་ཡིས་ཀོ་ནོ་མ་གཏོགས་དོན་ངོ་མས་་་་་ཡར་བཤད་ཀི་མར་བཤད་དེ་འདིར་ཡོང་མཁན་ཚང་མས་སེམས་ཕུག་ནས་སྐྱེ་བ་སྔ་ཕྱི་ཁས་བླངས་ན་འདོད་ཀི་མེད་ཀི་པ ཧཧཧ་་་་་ མཁས་དབང་ཚོ།
དོན་ཚན་ལྔ་བ་དང་དྲུག་པར་ལན་དཀྱུས་གཅིག་ལ་བརྒྱབ་ན་འབྲེལ་ཆེན་པོ་ཆགས་རྒྱུ་རེད། སྲོག་ཆགས་ཀྱི་རིགས་མང་པོ་ཞིག་རྩ་སྟོང་དུ་འགྲོ་བཞིན་པ་དེ་བདེན་པ་རེད། དེ་སྲོག་ཆགས་དེ་དག་གི་ལུས་སྐྱེས་པའི་ཆ་རྐྱེན་འཛམ་བུ་གླིང་དུ་ཉུང་རུ་སོང་པ་དང་། འགལ་རྐྱེན་མང་རུ་སོང་པས་ལུས་སྐྱེས་མ་ཐུབ་པ་དང་འཚོ་མ་ཐུབ། དེ་བས་ན་རྣམ་ཤེས་ཡང་དེ་དག་གི་ལུས་སུ་ཞུགས་ས་མེད་སོང་པ་རེད། འོ་ན་རྣམ་ཤེས་དེ་དག་མེད་སོང་པ་རེད་དམ་ཟེར་ན་མ་རེད། རྣམ་ཤེས་དེ་དག་གིས་གཞན་གྱི་ལུས་བླངས་ཟིན་པ་རེད། གལ་དེ་རྣམ་ཤེས་དེ་དག་གིས་དེ་དག་དུ་སྐྱེས་པ་ལེན་པའི་ལས་བསགས་ཡོད་ན། སྲོག་ཆགས་གཞན་གྱི་ལུས་ལེན་པ་ཅི་འདྲ་ཡིན་ནམ་ཟེར་ན། མངོན་པ་མཛོད་ལས་འདི་འདྲ་གསུངས་ཡོད། སྤྱང་ཀིའི་སྐྱེས་པ་འཕེན་བྱེད་ཀྱི་ལས་བསགས་པའི་རྣམ་ཤེས་གཅིག་སྤྱང་ཀི་ཚང་ལ་མི་འགྲོ་བའི་དུས་སུ་བར་དོར་འཁྱམས་ན། ཁྱི་དང་ཝ་སོགས་ཀྱི་སྐྱེས་པ་ལེན་པར་གསུངས། འདི་དག་གི་སྐོར་ཞིབ་ཕྲ་མངོན་པ་མཛོད་ན་རྒྱས་ཐག་ཆོད་ཡོད། རྟ་ཡི་སྐྱེ་པ་འཕེན་བྱེད་ཀྱིས་བུང་བུ་སོགས་སྲོག་ཆགས་གཞན་དུ་སྐྱེས་པ་སོགས། གང་ལྟར་ན་ཡང་དེ་དག་གི་ལུས་ཀྱི་སྐྱེས་པ་འཇིག་རྟེན་ལ་ཉུང་རུ་སོང་ན་ཡང་རྣམ་ཤེས་ཀྱི་སྐྱེས་པ་ཉུང་རུ་མི་འགྲོ་བས། སྲོག་ཆགས་གཞན་དང་གཞན་གྱི་ལུས་སྐྱེས་བ་བླངས་ཡོང་གི་རེད། དེ་བས་ན་བཟང་པོ་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་བ་ཅི་ཙམ་པ། ། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ།། ཞེས་སེམས་ཅན་གྱི་སྐྱེས་པའི་མཐའ་མེད་པར་གསུངས། འོན་ཀྱང་སེམས་ཅན་གྱི་འཁོར་བའི་མཐའ་མེད་ན་གཞུང་ལུགས་ལ་ལ་ན་འཁོར་བ་ལ་ཐོག་མ་མེད་ལ་མཐའ་མ་ཡོད་པར་གསུངས་པ་ཅི་ལྟར་ཡིན་སྙམ་ན། ཁྱེད་ཀྱི་དྲི་བ་དྲུག་པ་དང་འབྲེལ་བ་དམ་ཟབ་ཡོད།
དྲི་བ་དྲུག་པའི་ལན། དེ་ལྟར་བཟང་པོ་སྤྱོད་པ་སོགས་ལས་སེམས་ཅན་སྤྱི་ཡོངས་ལ་བསམ་ནས་འཁོར་བ་ལ་མཐའ་མེད་པར་གསུངས་ན་ཡང་། གཞུང་ལུགས་ལ་ལ་ན་སེམས་ཅན་བྱེ་བྲག་པ་ལ་བསམ་ནས་འཁོར་བ་ལ་ཐོག་མ་ཡོད་ཀྱང་མཐའ་མ་ཡོད་པར་གསུངས། དེ་ཡང་མགོན་ཕྱག་ལ་ཆ་བཞག་ནས་བཤད་ན། ཁྱོད་ཀྱི་འཁོར་བ་ནི་སྡུག་བསྔལ་བདེན་པ་རེད། དེ་ཀུན་འབྱུང་བདེན་པ་ལས་སྐྱེས་པ་རེད། ཁྱེད་ཀྱིས་འཁོར་བ་དེ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་ཀྱི་ཀུན་འབྱུང་ལས་སྐྱེས་པ་ཤེས་ནས། དེ་ལྡོག་པའི་ཐབས་ལ་ལམ་བདེན་སྒོམ་ནས། ལམ་བདེན་གྱི་རྟོགས་པ་མཐར་ཕྱིན་ནས། འགོག་བདེན་རྒྱུད་ལ་སྐྱེས་པ་ན། ཁྱོད་ཀྱི་འཁོར་བའི་མཐའ་ལ་སླེབས་པ་རེད། ཡང་བསྐྱར་འཁོར་བ་ལ་འཁྱམ་རྒྱུ་མ་རེད། དེ་ནི་གང་ཟག་བྱེ་བྲག་པ་རེ་རེའི་འཁོར་བའི་མཐའ་ལ་སླེབས་སྟངས་རེད། དེ་ལྟར་བསམ་བློ་བཏང་ནས་སེམས་ཅན་བྱེ་བྲག་པ་རེ་རེའི་འཁོར་བ་ལ་མཐའ་ཡོད་པ་རེད། དེའི་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པ་ལས། རྒྱུ་འབྲས་གོ་ལྡོག་པའི་ངེས་པ་རྙེད་སྟངས་ཞིག་རྩ་ནས་མེད་དོ། དྲི་བ་ལྷག་མ་རྣམས་ནི་སང་ཉིན་ཞིག་ལ་ཡིན་ད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀླད་ཆེན་གྱི་སྐོར་དང་ཚན་རིགས་པས་སྒལ་ཚིགས་ནང་གི་རྐང་དམར་གཉིས་པོ་དེ་འབྲེལ་བ་ཅི་ཡང་མེད་དེ་ཚན་རིགས་པ་ཁ་གཅིག་གིས་མིའི་ཤེས་པ་དེ་ཀླ་ཆེན་གྱིས་ནུས་པ་ཡིན་པར་བཤད་པའི་སྐབས་ཤིག་བྱུང་བ་ཡིན། ཕྱིས་སུ་ཀླེད་ཆེན་མེད་མཁན་གྱི་མི་ཡོད་པ་མ་ཚད་དེ་དག་ནི་ཀླད་ཆེན་ཡོད་མཁན་ལས་རིགས་པ་བཟང་བ་ཡང་བྱུང་ཡོད་པས་གོང་གི་ཚན་རིགས་པས་བཤད་པ་དེ་དག་ཁུང་ལུང་མེད་པ་ཆག་སོང་བ་ཡིན་ཙམ་མི་ཡི་ཤེས་པ་ནི་ནང་ཆོས་ནས་བཤད་པའི། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས། །ཉེར་ལན་མིན་པའི་ཕྱིར་ཡང་གྲུབ། །ཞེས་པ་དེ་སྒྲུབ་བྱེད་ཇེ་གསལ་དུ་སོང་བ་ཡིན་ཚུལ་གསུང་ཡོད། གལ་སྲིད་དེང་སང་གི་ཚན་རིགས་པས་སྒལ་ཚིགས་ནང་གི་རྐང་དམར་གྱིས་ཀླད་ཆེན་འགུལ་སྤྱོད་བྱེད་ཚུལ་ལམ་ཡང་ན་སྒལ་པའི་རྐང་དམར་གྱིས་རྣམ་ཤེས་ཀྱིས་རྒྱུ་བྱེད་པ་སོགས་བཤད་པ་ཡིན་ན་དེ་ལ་རིམས་པས་རྟགས་ན་སྒལ་པའི་རྐང་དམར་མེད་མཁན་གྱི་མི་ཡོད་སྲིད་པ་རེད། དྲ྄་གྲོགས་མིག་བརྒྱད་པ་ལགས་ཁྱེད་ཀྱིས་གིང་གི་མཆན་དང་པོ་དེ་ལ་ལན་ཞིག་གནང་བ་ལ་རེ་བ་བྱེད་ཀྱི་ཡོད
ཨ་ལ་ལ། མཁས་དབང་གཞོན་ནུ་ཟླ་མེད་ཀྱིས་ཆོས་ཀྱི་ཆར་བ་ཕབ་འདུག །ངེད་ཅག་དྲ་ཁང་དུ་འཚང་ཁ་ཤིག་ཤིག་གིས་ཁྱེད་རྣམ་པའི་དགོངས་ཚུལ་ལ་མིག་ཅེར་ནས་བལྟས་བསྡད་ཡོད་ད། གཞན་དག་ཚོས་ལག་ཐོགས་ཁ་པར་ཐོག་ནས་མིག་ཅེ་རེ་འདུག་གོ །མུ་མཐུད་དུ་ཆོས་ཀྱི་ཆར་བ་འབེབས་རོགས་ཞུ་ཞུ།
དེས་ན་ལན་ཞིག་ཡོང་བ་ཞུ།
ཚོད་དཔག་ལ་མཁས་པའི་སྔོན་ཆད་ཀྱི་མི་མང་པོ་ཞིག་གིས་ཚོད་དཔག་བྱས་ནས་འཇིག་རྟེན་གི་གསང་བའི་གནད་དོན་མང་པོ་ཐག་བཅད།
གཅིག ༽ འཇིག་རྟེན་གྱི་མི་རྣམས་ནི་མཐའ་མེད་པའི་ལོ་གྲངས་མང་པོ་ཞིག་གི་ཡར་སྔོན་ནས་རྣམ་ཤེས་བརྒྱུད་དེ་དེ་རིང་བར་དུ་རྒྱུན་ཆད་མེད་པར་ཁས་བླངས།
གཉིས ༽ འཇིག་རྟེན་གྱི་མི་རྣམས་ནི་ཚད་མེད་ཀྱི་ནུས་པ་ལྡན་པའི་གང་ཟག་ཁྱད་པར་པ་ཅིག་གིས་བསམ་བཞིན་དུ་རང་གི་མི་ལུས་འཇིག་རྟེན་དུ་བཀོད་པར་ཁས་བླངས།
གསུམ ༽ ཚོད་དཔག་ལ་མཁས་པ་གཞན་དག་ལ་ལས་དེ་ལས་ལྡོག་དེ་བཤད།
ཚོད་དཔག་ལ་མཁས་པའི་མི་དེ་ཚོས་རང་གི་བལྟ་ཚུལ་བཞིན་སེམས་ཐག་རྦད་བཅད་ཀྱིས་རང་གི་གྲུབ་མཐའ་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་གང་ཐུབ་བྱས།
ཡིན་ན་ཡང་ག་ལེར་ག་ལེར་མི་རྣམས་རིག་པ་ཇེ་གསལ་ནས་ཇེ་གསལ་དུ་སོང་བས་སྔོན་ཆད་ཀྱི་ཚོད་དཔག་མི་ཉུང་བ་ཞིག་ནོར་ཡོད་པ་ཤེས་ནས་མི་རྣམས་ཀྱི་མིག་ལམ་ན་མངོན་སུམ་དུ་བསྟན། དཔེར་ན། སྔོན་ཆད་ལེབ་ལེབ་ཏུ་ཚོད་དཔག་བྱས་པ་རྣམས་དེང་སང་རིལ་རིལ་ཡིན་པ་བཞིན་རེད།
ད་རུང་མ་ཤི་ན་རིག་རྒྱུ་གོ་རྒྱུ་མང་རྒྱུ་རེད་ཡ། ཧེཧེཧེ
མགོན་པོ་ཀླུ་སྒྲུབ་ཀྱིས། སྐྲ་དཀར་གཉེར་མ་ལྷགས་དུས་སུའང་།།ཐོས་པ་མང་དུ་བསག་བྱ་སྟེ།།ཞེས་གསུངས་པ་དང་། ས་པཎ་གྱིས། ཤིན་ཏུ་རྒས་པར་གྱུར་ཚེའང་།།ཐོས་པ་མང་དུ་བསག་པར་བྱ།།ཕྱི་མར་ཐོས་པས་ཕན་པ་ཙམ།།སྦྱིན་པ་ཡིས་ཀྱང་ག་ལ་ཕན།།ཞེས་དང་། རྣམ་འདྲེན་སྐལ་ལྡན་རྒྱ་མཚོས། ཚེ་སྟོད་ལ་སློབ་གཉེར་བྱས་པ་གཅིག་བུས་མི་ཆོག་ཚེ་སྨད་ལ་ཡང་དགོས་པ་ཡིན། ལྷག་པར་སློབ་གཉེར་གྱི་བག་ཆགས་དང་འགྲོགས་ནས་སོང་ན་ཕྱི་མར་སློབ་གཉེར་དང་བསྲེ་ཐུབ་པ་འབྱུང་། ཞེས་གསུངས། ཐོས་བསམ་སྒོམ་གསུམ་རིམ་པ་བཞིན་དུ་བྱེད་དགོས་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཚུལ་ཇི་ལྟར་ཡིན་སྙམ་ན། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས། ང་ཐོས་དུས་ཙ་ན་བསམ་སྒོམ་བདོ།།ང་བསམ་དུས་ཙ་ན་ཐོས་བསམ་བདོ།།ང་སྒོམ་དུས་ཙ་ན་ཐོས་བསམ་བདོ།།དོན་རྒྱ་འབོགས་བཞིན་དུ་འཕྲུལ་ཤེས་པས།།ང་བཀའ་གདམས་ཕྱོགས་ཆར་མ་ལྷུང་བ།།ཞེས་གསུངས་སོ། །ད་འོ་ན། ཐོས་བསམ་སྒོམ་གསུམ་གྱི་བློ་རིམ་པ་བཞིན་དུ་སྐྱེ་དགོས་པ་དང་སྒྲུབ་པ་ཚེ་དང་སྙོམས་དགོས་པས་འགལ་ལོ་ཞེ་ན། ཐོས་བསམ་གཙོ་བོར་བྱེད་པའི་དུས་སུ་ཉམས་ལེན་གཙོ་བོར་མི་བྱེད་པ་ཡིན་ནམ། དེ་གཉིས་དུས་སོ་སོར་འཇོག་དགོས་ཀྱི་ཅིག་ཅར་དུ་སྐྱེ་སྟངས་ཤིག་མེད་པའི་ཕྱིར།
སློབ་དཔོན་མིག་བརྒྱད་པས། ཐུགས་སྤྲོ་བ་ཆེན་པོས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རྩོམ་ཡིག་འདིའི་སྒྲ་ཕལ་མོ་ཆེའི་ཡི་གེ་དག་ཅིང་། བོད་ཀྱི་རིག་གཞུང་སྲུང་བའི་ངོམས་ཆོག་པ་ཞིག་མཆིས་པ་བཀླགས་པས་སྤྲོ་བ་བརྟས། འོན་ཚིག་འགའ་རེ་ལ་ལྟོས་མེད་ཀྱིས་མིང་མཐའ་འདྲེན་པ་དེ་དག་བོད་སྤྱིའི་སྐད་ལ་གནོད་པ་བྲིས་པ་ནི། གཞི་རྩོམ་འབྲི་བ་པོ་དང་། མཆན་འདེབས་མཛད་པོ་ཀུན་ན་མེད་པ་མ་ཡིན་པ་མཐོང་། རང་རེ་ཡི་གེ་འབྲི་བ་པོ་ཐམས་ཅད། གཞུང་དཔེ་ལྟ་མ་མྱོང་བ་དེ་འདྲ་མ་ཡིན་པར་སྔོན་བྱོན་མཁས་པས་བྲིས་ནས་བཞག་པའི་ཡི་གེའི་དག་ཆ་རྣམས་བཀོལ་ན། དེ་དག་བཞག་པའི་བོད་ཀྱི་ཆོས་ཀྱི་གླེགས་བམ་གྱི་ཕུང་པོ་རྣམས་ལ་བདག་པོ་རྒྱབ་པའི་རྒྱུར་འགྱུར་ངེས་པས། སྔོན་བྱོན་བོད་ཀྱི་མཁས་པས་བྲིས་པའི་ཡི་གེའི་དག་ཆ་དེ་དག་བོད་ཀྱི་སྐད་དུ་བཀོལ་དགོས་པ་ཐུགས་ལ་འཇོག་པར་ཞུ་བ་ལགས།
དག་ཆ་ནོར་ཡོད་པ་འགའ་ཞིག་གླེང་བར་བྱ་སྟེ།
ངེས་བར་ འདི་ལན་མང་བྱུང་བར། ངེས་པར། ཞེས་དགོས། འབྲེལ་བ། ཞེས་པར་མིང་ཚིག་ལ། འབྲེལ་པ། ཞེས་མཐོང་། ཀཱ་མ་ལ་ཤཱི་ལའི། ཞེས་པར་ཀ་མ་ལ་ཤཱི་ལའི་། ཞེས་དགོས། སྒྲོན་མེ། ཅེས་པར་བཀའ་བསྟན་ན། སྒྲོན་མ། ཞེས་ཡོད་པ་སྔོན་མ་ནས་འགྱུར་འདུག། འོན་ཀྱང་ཁུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་སྒྲོན་མ་ཞེས་བྲིས། དགོས་བས་མི་འཐད། ཅེས་པར་དགོས་པས་མི་འཐད། ལན་རེ་སྐྱེས་ཡང་རྒྱུན་མི་བརྟན་པ་དེ་ལྟར་ལ། ཞེས་པར། ཀྱང་ ཡང་ འང་ ལྷག་བཅས་ཡིན་པ་ན། ག་ ད་ བ་ ས་ (ན་ར་ལ་གསུམ་ལ་ད་བཤུལ་ཡོད་པ་ན) ཀྱང་ཡོད་དགོས། དེ་བཞིན་དུ། ཡིན་པ་མ་ཟད་ལ་ཡིན་པར་མ་ཟད། གསལ་བོ་ལ་གསལ་པོ། མང་བོ་ལ་མང་པོ། ་ཡོང་ལ་འོང་། ལྟོས་བ་ལ་ ལྟོས་པ། གསལ་བོ་་ལ་གསལ་པ། བཞི་བ་ལ་བཞི་པ། ཞེས་དགོས། བདག་རང་ཁོམས་པ་ཞིག་མ་ཡིན་རུང་། བོད་སྐད་སྲུང་བའི་ཁུར་བླངས་པས་འདི་ལྟར་བྲིས་པ་ལ་བོད་སྤྱིའི་སྐད་མི་དགོས་པ་ཀུན་ལ་ཁོང་ཁྲོ་སྐྱེ་ཡང་སྡུག་མྱོང་ལགས་སོ།།
དོམ་ཁྲ་ལགས། སྐུ་ཉིད་ཀྱིས་དྲི་བ་ལ་ལན་འདི་ལྟར་བཏབ་ན་ཨེ་འགྲིག་གམ། སྤྱིར་ན་ཚན་རིག་པས་སེམས་ཅན་ལ་སྒལ་ཚིགས་ཡོད་མེད་ཀྱི་རིགས་གཉིས་སུ་ཕྱེ་ཞིང་སྒལ་ཚིགས་ཡོད་མེད་ཀྱིས་ཀླད་པ་ལ་རྗེས་སུ་འགྲོ་བས་མ་ཁྱབ་ལ། སྒལ་ཚིགས་ཡོད་པའི་སེམས་ཅན་རྟ་དང་བྱ། མི། རྩངས་པ་སོགས་དང་། སྒལ་ཚིགས་མེད་པ་ས་འབུ་དང་འབུ་སྲིན་ཚང་མ་སྒལ་རུས་མེད་པས་ཀླད་པ་མེད་མི་ཟེར། གྲོག་མ་ལ་ཀླད་པ་ཡོད་པ་རེད་དམ་ཟེར་བ་ལ། ལན་ལ། ཚན་རིག་པས་ཀླད་པ་ཡོད་པ་རེད། ང་ཚོའི་ཀླད་པ་ནང་བཞིན་མེད་ཀྱང་ལུས་ལ་སྟངས་འཛིན་བྱེད་མཁན་གྱི་ཀླད་པའི་དབང་པོ་ཞིག་ངེས་བར་ཡོད་པ་རེད། འབུ་རྭ་དེ་ཀླད་པར་བརྡ་གཏོང་བྱེད་ཀྱི་དབང་པོ་གལ་ཆེན་པོ་ཞིག་རེད་ཟེར། འོན་ཀྱང་མིའི་ཀླད་པ་དང་སྒལ་ནག་ལ་འབྲེལ་བ་ཆེན་པོ་ཡོད་པར་མ་ཟད་མེད་དུ་མི་རུང་བ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། ལུས་ཀྱི་ཕྱི་ནང་གི་གནས་ཚུལ་རྣམས་ཚོར་ཤེས་དབང་པོས་སྒལ་ནག་བརྒྱུད་ནས་ཀླད་པ་ལ་བརྡ་གཏོང་གི་ཡོད་པ་དང་། དབང་རྩ་ས་ཡ་མང་པོ་ལུས་ཀྱི་སྟོད་སྨད་ཀུན་ལ་ཁྱབ་ནས་ཡོད་པ་སྒལ་ནག་དང་འབྲེལ་ནས་ཡོད་སྟབས་དབང་རྩས་ཚོར་ཤེས་དབང་པོ་ནས་གནས་ཚུལ་བླངས་ནས་ཡར་ཀླད་པ་ལ་བསྐྱལ་སྐབས་ཀླད་པས་ཐག་ཆོད་བྱེད་གི་ཡོད་པ་རེད། དབང་རྩའི་མ་ལག་གི་ནང་ལ་ཀླད་པ་དང་སྒལ་ནག་དབང་རྩ་གསུམ་གཙོ་བོ་ཆགས་ཡོད་པ་རེད།
གསལ་བོ་་ལ་གསལ་པོ། ཞེས་བཅོས་ས།
ཁ་བརྡའི་དགེ་བཤིས་རྣམ་པ་ལགས།
སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ནང་བ་ཚོས་འཁོར་བ་ཐོག་མཐའ་མེད་པའི་སྒྲུབ་བྱེད་མང་བོ་ཤོད་ཀྱིན་འདུག་མོད།
འཁོར་བར་ཐོག་མཐའ་མེད་པར་ཁས་ལེན་ཐུབ་ན་་་་སྐྱེ་བ་ལ་ཡང་ཐོག་མཐའ་མེད་པར་ཁས་ལེན་ཨེ་ཐུབ་ལགས།
སྐྱེ་བ་ལ་ཐོག་མཐའ་མེད་ན་་་སྐྱེ་བ་སྔ་ཕྱི་ཟེར་བ་འདི་ཡོང་སྟངས་ཤིག་ཡོད་དམ་མེད།
སྐྱེ་བ་ཐོག་མཐའ་ཡོད་ཟེར་ན་་་་དཔེ་མི་ཡི་ཐོག་ནས་་་་མི་ཡི་སྐྱེ་བ་ཐོག་མ་དང་མཐའ་མ་རྙེད་ཐུབ་ཀྱིན་ཡོད་དམ་མེད།
རྣམ་ཤེས་ལ་འགྱུར་བ་འགྲོ་རྒྱུ་ཡོད་མེད་སྐོར་ལ་དྲི་བ་མང་བོ་སླེབས་ཡོང་གིན་འདུག་མོད་་་དེ་རིང་འདི་ཙམ་ཡིན།
སེམས་ཅན་སྤྱི་ཡི་དབང་དུ་འཁོར་བ་མཐའ་མེད་ཡིན་ཀྱང་བྱེ་བྲག་པའི་དབང་དུ་མཐའ་ཅན་ཡིན་ཟེར། སྤྱི་ནི་བྱེ་བྲག་ལས་ལོགས་སུ་མེད་ཅིང་དེ། བྱེ་བྲག་པ་ཡོངས་སུ་བསྡོམས་པར་སྤྱི་ཞེས་འབོད་པ་ཙམ་ཡིན་སྙམ། དེས་ན་སེམས་ཅན་བྱེ་བྲག་པ་ལ་འཁོར་བའི་མཐའ་ཅན་ཡིན་ན་སྤྱི་ལ་ཡང་མཐའ་ཡོད་དགོས་པར་སེམས། བརྟག་པ་མཐའ་བཟུང་གི་དབང་དུ་བཏང་སྟེ་དཔེར་བརྗོད་ན་སྣོད་ཆེན་པོ་ཞིག་གི་ནང་དུ་འབྲུ་ཡི་ཕུང་པོ་ཆེན་པོ་གྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་ཡིན་ཀྱང་། མི་ཞིག་གམ་བྱིའུ་ཞིག་གིས་ཉི་མ་རེ་རེ་ལ་འབྲུ་རྡོག་རེ་རེ་ཕྱིར་བཏོན་པའམ་ཟོས་ཤིང་དེ་ལ་སྣོན་པ་རྒྱག་མཁན་ཞིག་མེད་ན། ནམ་ཞིག་གི་ཚེ་འབྲུ་དེ་ཟད་དེ་སྣོད་སྟོང་པར་གྱུར་ངེས། དཔེ་དེ་བཞིན་འཁོར་བ་རྒྱ་མཚོ་ཆེན་པོ་དེ་ལ་སེམས་ཅན་མཐའ་མེད་པར་ཡོད་པ་ཡིན་ཀྱང་། སེམས་ཅན་རེ་རེས་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་འཁོར་བ་མཐའ་ཅན་དུ་འགྱུར་ན་ནམ་ཞིག་གི་ཚེ་འཁོར་བའི་རྒྱ་མཚོ་ཆེན་པོ་དེ་སྟོངས་པར་གདོན་མི་ཟ། གལ་ཏེ་འཁོར་བ་ནང་དུ་སེམས་ཅན་གསར་དུ་ཡོང་བ་ཡོད་པས་དེ་ལྟར་མི་འགྱུར་ཞེ་ན་དེས་ན་འཁོར་བ་ལ་ཐོག་མ་ཡང་ཡོད་པར་འགྱུར་བར་དོགས། མ་ཟད་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་རྒྱུད་ལྡན་རེད་ཟེར། དེས་ན་ནམ་ཞིག་གི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གདོན་མི་ཟ། འཁོར་བར་གསར་དུ་སྐྱེ་བ་མེད་ན་ནི་ནམ་ཞིག་གི་ཚེ་འཁོར་བ་སྟོངས་པར་ངེས་ལ། གསར་དུ་སྐྱེ་བ་ཡོད་ན་འཁོར་བ་ཐོག་མ་ཡང་ཡོད་པར་འགྱུར་པས་སེམས་ཅན་བྱེ་བྲག་པ་ལ་ལྟོས་ན་ཐོག་མ་ཡོད་ཟེར་རྒྱུ་ཡིན་ནམ།
སྐྱེ་བ་སྔ་ཕྱི་ཡོད་མེད་དེ། ལས་འབྲས་ཡོད་མེད་ལ་ཐུག ལས་འབྲས་ཡོད་མེད་དེ། བདག་འབྲས་དང་སྐྱེས་བུས་བྱས་པའི་འབྲས་བུ་སོ་སོར་འཇོག་ཤེས་མ་ཤེས་ལ་ཐུག རྒྱུ་འབྲས་ཀྱི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་གཉིས་སོ་སོར་ཡོད་པ་ལ་ཐུག མདོར་ན། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །ཞེས་གསུངས་པ་སོགས་ལ་བློ་གཏད་ནས་དཔྱད་ཤེས་པར་དགོས་འདུག་སྙམ་ལགས།
ལོ་ཙཱ་བ་ཆེན་པོ་རྒན་ལ་དྭགས་པ་ཕེབས་ནས་དག་བཅོས་གནང་བར་བློ་སྐྱེད་ཆེན་པོ་བྱུང་། གུས་པ་ཆུང་དུས་བོད་ཡིག་གི་སློབ་གྲྭ་འགྲིམས་མྱོང་མེད་པས་ལག་ཏུ་བླངས་པའི་སྐབས་སུ་ཡིད་གཟབ་མ་བྱས་པའི་སྐྱོན་ཁོ་ན་ལས་གཞན་མ་ཡིན། རྗེས་མ་ནས་འབད་བརྩོན་ཅི་ཡོང་ཞུ་གི་ཡིན་ལགས། ཁ་བརྡ་དྲ་བ་ནི་བོད་ཡིག་སྦྱོང་སའི་སློབ་ར་ཡག་པོ་ཞིག་རེད་བསམ་གི་འདུག །ཡི་གེའི་དག་ཆ་ལ་ལམ་སྟོན་གནང་མཁན་རྒན་ལ་དྭགས་པ་ལྟ་བུ་བཞུགས་པ་ཡང་ང་ཚོ་ཁ་བརྡ་ཚང་གི་བསོད་ནམས་རེད། བཀའ་དྲིན་ཆེ།
ངེས་པར། ཞེས་དགོས། འབྲེལ་བ། ཞེས་པར་མིང་ཚིག་ལ། འབྲེལ་པ། ཞེས་མཐོང་། ཀཱ་མ་ལ་ཤཱི་ལའི། ཞེས་པར་ཀ་མ་ལ་ཤཱི་ལའི་། ཞེས་དགོས། སྒྲོན་མེ། ཅེས་པར་བཀའ་བསྟན་ན། སྒྲོན་མ། ཞེས་ཡོད་པ་སྔོན་མ་ནས་འགྱུར་འདུག། འོན་ཀྱང་ཁུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་སྒྲོན་མ་ཞེས་བྲིས། དགོས་བས་མི་འཐད། ཅེས་པར་དགོས་པས་མི་འཐད། ལན་རེ་སྐྱེས་ཡང་རྒྱུན་མི་བརྟན་པ་དེ་ལྟར་ལ། ཞེས་པར། ཀྱང་ ཡང་ འང་ ལྷག་བཅས་ཡིན་པ་ན། ག་ ད་ བ་ ས་ (ན་ར་ལ་གསུམ་ལ་ད་བཤུལ་ཡོད་པ་ན) ཀྱང་ཡོད་དགོས། དེ་བཞིན་དུ། ཡིན་པ་མ་ཟད་ལ་ཡིན་པར་མ་ཟད། གསལ་བོ་ལ་གསལ་པོ། མང་བོ་ལ་མང་པོ། ཡོང་ལ་འོང་། ལྟོས་བ་ལ་ ལྟོས་པ། གསལ་བོ་་ལ་གསལ་པ། བཞི་བ་ལ་བཞི་པ། ཞེས་དགོས།
རྒན་ལགས་ལ་བཀའ་འདྲི་ཞུ་རྒྱུར། ཀ་མ་ལ་ཤཱི་ལ། བོད་སྐད་དུ་པདྨའི་ངང་ཚུལ། ཀ་ཡིག་གི་འོག་ཏུ་འ་ཆུང་མི་འདོགས་པ་ཅི་ཡིན་ལགས།
སྤྱི་ལོ་༡༩༩༠་ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཞུས་པའི་དག་ཡིག་ངག་སྒྲོན་ལས། སྒར་དུ་རྟ་སྒོས་སྒྲོན་མེ་སྒྲིབ།།ཞེས་བྱུང་འདུག་པ་དང་འགྲེལ་བར། སྒར་གུར་ཚོགས་སྟོད་སྒར་ཆོས་སྒར་དམག་སྒར་སོགས་ཀྱི་ནང་དུ་རྟ་སོགས་ལ་བསྟད་རྒྱུའི་གསེར་དང་ཀོ་བ་སོགས་ཀྱི་སྒ་ཡིས་སྒྲོན་མའི་མེ་སྣང་བྱེད་སྒྲིབ་པ་མི་མཐོང་བར་བྱེད་པ། ཞེས་པ་འདུག་པས་རྩ་འགྲེལ་གཉིས་ཀར་སྒྲོན་མའི་མེ་ཞེས་པའི་ཚིག་བསྡུས་ནས་སྒྲོན་མེ་ཟེར་བ་མིན་ནམ་དཔྱད་པར་བྱ།
རིགས་པ་སྨྲ་བ་གཡུ་འབྲུག་དཀར་པོ་ལགས་ཀྱིས་འཁོར་བ་མཐའ་ཡོད་མེད་ཀྱི་མཐའི་དོན་གསལ་བཤད་གནང་བ་དེ་ནི་གོ་རྒྱུ་ཆེན་པོ་འདུག །འཁོར་བ་ན་སེམས་ཅན་གསར་སྐྱེས་ཡོད་མེད་ཀྱི་དྲི་བ་དེ་ནི་ཧ་ཅང་དཔོག་དཀའ་བ་ཞིག་ཡིན་པས་ཁུངས་སྣེ་འདྲ་བརྙེད་ན་གསུངས་རོགས། ཚད་མ་པའི་ལུགས་ལ་དངོས་པོ་ཡིན་ན་གསར་སྐྱེས་ཡིན་པས་ཁྱབ་ཟེར་གི་ཡོད་པ་རེད། སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་འགྱུར་བའི་རང་བཞིན་བརྗོད་པ་ཡིན་ནམ་མི་རྟག་པ་ཕྲ་རགས་གཉིས་བཞག་པས། སེམས་ཅན་ཤི་བའི་ཚེ་ལུས་སེམས་བརྟེན་བརྟེན་པའི་འབྲེལ་བ་ཆད་པར་བརྟེན་ནས་སེམས་ཅན་དེ་ཞིག་ནས་མེད་པར་གྱུར་ཅིང་དེའི་རྣམ་ཤེས་ཀྱི་རྒྱུན་ཐག་ཕྱི་མ་ཡོད་དགོས་པས་ཇི་སྲིད་ལས་ཉོན་གྱི་གཞན་དབང་དུ་གྱུར་པ་དེ་སྲིད་དུ་འཁོར་བ་པ་ཡིན་ལ་འཁོར་བ་ཆད་པའི་མྱང་འདས་མངོན་དུ་བྱས་པའི་ཚེ་འཁོར་བའི་མཐར་སོན་པས་འཁོར་མཐའ་ཡོད་པ་ཞེས་བྱ་བ་ཡིན་ནམ་དཔྱད་པར་བྱ།
ངས་གོ་ཐོས་ལ་མི་ཕམ་པའི་ལུགས་ལ་འཁོར་བ་ན་སེམས་ཅན་གསར་སྐྱེས་ཡོད་པར་བཞེད་ཅེས་ཐོས། དེ་ཡང་གཞུང་གང་དུ་བྱུང་མིན་མི་ཤེས་ཏེ། མ་རིག་པའི་རླུང་གཡོས་པས་ཆོས་ཀྱི་དབྱིངས་ཉིད་ལས་འཁྲུལ་ཏེ་འཁོར་བར་སེམས་ཅན་གསར་དུ་སྐྱེ་བར་བྱེད་ཅེས་བཤད་ཚུལ་ཞིག་མཐོང་བ་དྲན་ཏེ། གང་དུ་མཐོང་བ་ཡང་མ་དྲན། གལ་ཏེ་དེ་ལྟར་གསུངས་པ་བདེན་ན་ངའི་སེམས་ལ་ད་དུང་འདི་འདྲའི་དོགས་པ་ཞིག་འཆར། མ་རིག་པའི་རླུང་གཡོས་ཚེ་ཆོས་ཀྱི་དབྱིངས་ལས་སེམས་ཅན་གསར་དུ་འཁོར་བར་འཁྲུལ་པ་ནི་སྔར་ཡེ་ནས་འཁྲུལ་མ་མྱོང་བ་ཞིག་འཁྲུལ་ལམ། སྔར་འཁྲུལ་མྱོང་བ་ཞིག་འཁྲུལ། སྔར་འཁྲུལ་མ་མྱོང་བ་ཞིག་འཁྲུལ་ན་སྔར་ཡེ་ནས་འཁྲུལ་མ་མྱོང་བ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡང་འཁྲུལ་སྲིད་དམ། སྔར་འཁྲུལ་མྱོང་བ་ཞིག་འཁྲུལ་ན་སེམས་ཅན་རྣམས་ལམ་བསྒོམས་པ་ལ་འབད་པ་དོན་མེད་དུ་འགྱུར་ཏེ། ལམ་བསྒོམས་ཏེ་སྒྲིབ་པ་སྤངས་ནས་སངས་རྒྱས་སུ་ཟིན་ཀྱང་ད་དུང་མ་རིག་པའི་རླུང་གཡོས་པའི་ཚེ་འཁྲུལ་སྲིད་པའི་ཕྱིར་རོ། །
བེའུ་མ་བཙའ་གོང་བེའུ་ཡི་བེའུ་སྣོད་ནང་ན་བེའུ་ལ་འཇིབ་རྒྱུའི་བེའུ་ནུ་ཟེར་ནིའི་སེར་བོ་རྡོག་རྡོག་དབྱིབས་མཁལ་མ་དང་འདྲ་བ་ཞིག་ཡོད་པ་རེད། དེ་ནས་བཙས་བ་དང་འབྲི་མོའི་ནུ་མའི་འོ་དྲི་ལ་སྣ་ཤེས་བེད་སྤྱད་ནས་འཚོལ་ཐུབ་པ་བྱུང་པ་རེད། སྐྱེས་མ་ཐག་ནས་ བེའུ་ནུ་མ་བཙལ་ཤེས་བ་ནི་སྐྱེ་བ་སྔ་ཕྱི་ལ་འབྲེལ་བ་མེད་པ་རེད།
འབྲོག་པ་མི་བྱེད་པར་དགོན་པ་སོང་ན་སྐྱོན་འདི་ཡོད་པ་རེད། ཧཧཧཧཧ།
སྐྱེ་བ་སྔ་ཕྱི་ཡོད་མེད་ང་ལ་བཤད་རྒྱུ་གང་ཡང་མེད། འོན་ཀྱང་། ང་ཚོའི་ནང་ལ་ངའི་ཚ་མོ་ཞིག་ཡོད། མོ་ལོ་བཞི་ལྔ་པའི་སྐབས་སུ་ཁྱོབ་གང་ནས་ཡོང་ནི་ཅེས་འདྲི་ཉན་ནི་མ་རེད། མོ་ངུ་གི་རེད། རྗེས་སུ་ངས་ཚ་མོ་ལ་ཀ་ར་འདྲ་སྤྲད་ནས་ཁྱོད་གང་ནས་ཡོང་བ་ཡིན་ཅེས་ག་ལེར་དྲིས་དུས་ཡང་ཡང་ངུ་གི་འདུག ངུ་བཞིན་ཏུ་ངའི་ཨ་མ་ཤི་སོང་ནས་ང་གྲོ་ཁོག་ལྟོག་ནས་་་་་་་་ཟེར་བཞིན་ཡང་ངུ་གི་འདུག བའི་བསམ་པར་དེ་ནི་ཕལ་ཆེར་རྒྱ་ནག་གི་༡༩༥༩ལོའི་མུ་གེ་འམ་རྒྱ་ནག་གི་རིག་གནས་གསར་བརྗེ་སྐབས་ཞིག་ལ་མོའི་སྐྱེ་བ་སྔོན་མའི་ཨ་མ་ཤི་མོ་ཡང་མུ་གེ་ཤི་སོང་བ་ཞིག་གི་རྣམ་ཤེས་ཡིན་པ་འདྲ། མོའི་ཨ་མ་ཤི་བ་དང་མོའི་གྲོ་ཁོག་ལྟོག་པ་གཉིས་ལས་གཞན་གང་ཡང་དྲན་གྱི་མེད་པ་འདྲ། དེ་མིན་ངས་མོ་ལ་ཁྱོད་ཀྱི་ཨ་མའི་མིང་ལ་གང་ཟེར། ཁྱོད་རང་གི་མིང་ལ་གང་ཟེར། ཁྱོད་རང་ས་ཆ་གང་ཡིན། ཁྱོད་ལ་ཨ་ཕ་ཡོད་མེད་སོགས་དྲིས་པ་ཡིན་དེ་བཤད་ཤེས་ཀྱི་མི་འདུག
སློབ་དཔོན་མིག་བརྒྱད་པ་ལེགས་ཀྱིས་བོད་ཀྱི་དོན་དུ་ཡི་གེ་དག་པར་འབྲི་བ་དང་། ད་དུང་ཡང་དག་པར་འབྲི་བ་ལ་བརྩོན་པ་ཡ་རབས་ཀྱི་ལུགས་ཡིན། འདི་ཡིས་ཁྱེད་སྐུ་ཁམས་བཟང་པོ་དང་། སྐུ་ཚེ་རིང་པོ་བཞུགས་པ་ལ་ཕན། རྩོམ་ཡིག་བྲིས་པ་སོ་སོ་རང་གིས་ལན་གཉིས་གསུམ་ཞུས་དག་མཛད་དགོས། ལོ་ཙཱ་བ་ཞེས་པ་འདི་དཔེ་ཆ་དག་ན་འབྲི་ཚུལ་མི་འདྲ་བ་མང་ཙམ་འདུག། དག་ཤོས་དེ། ལོ་ཙ་པ། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།
མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ།
ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
ད་ལྟ་མ་ག་དྷ་ན་མཆིས་སོ་སྐད།།
དེ་ཡང་། ལོ་ཀ་དང་ཙཀྵུ གཉིས་ཀྱི་མིང་ཡིག་དང་པོ། ལོ་ཙ་དང་བོད་ཀྱི་བདག་སྒྲ། པ་ཡིག་སྦྱར་ཏེ། ལོ་ཙ་པ། འཇིག་རྟེན་མིག་ཅན། ཞེས་གྲུབ་པར་མངོན། ཀ་མ་ལ་ ལེགས་སྦྱར་རང་ལ་དེ་འདྲ་རང་འདོན་པ་དང་འབྲི། བོད་སྐད་ལ་ཆུ་རྒྱན་ཞེས་པའི་དོན་ཡིན་པ་ཐོས། དེ་མིན། ཀཱ་མ་ལ་ཞེས་ན། འདོད་པ་ལེན། ཞེས་པའི་དོན་ཆགས་ཉེན་འདུག
སྒྲོན་མེ་ལ། སྔོན་ལོ་ཙ་པ་རྣམས་ཀྱི་དུས་ལ་སྒྲོན་མ་འདོན་པས། བོད་སྐད་དུ་གཟབ་གཟབ་མ་བྱེད་ན། ཨེ་ཡིག་ཨ་ཡིག་ཏུ་འདོན། ཨ་ཡིག་ཨེ་ཡིག་ཏུ་ཁ་སྐད་ཀྱི་ཤུགས་ཀྱི་སླེབས་འོང་གི་འདུག ཀྲིན་ཏུར་སྤར་བསྐྲུན་བྱས་པ་སྤྱོད་འཇུག་འགྲེལ་པ་ན་ཡང་། ལན་ཞེས་པ་ལ་ལེན་ཞེས་མ་དག་པ་དུ་མ་མཐོང་། ༢༠༠༩ བདག་གིས་གློག་ཀླད་དུ་བཅུག་པའི་དཔེ་ཆ་བཅུ་ཙམ་ལ་ཞུས་དག་བྱས་ཏེ། དག་པར་བྱེད་པ་ལ་ཕན་སེམས་ཀྱིས་ཁ་བརྡ་ན་བཀྲམ་པ་ལ་སྒོམ་སྡེ་ལྷ་རམས་པས་དགག་པ་བརྒྱབས། ཁོང་གི་གནས་ཚུལ་དིང་སང་ཁ་བརྡ་ན་ནི་གང་ཡང་གོ་རྒྱུ་མི་འདུག རང་རེའི་བླ་མ་མཆོག་གི་དྲུང་ཡིག་ནས་དེ་འདྲ་བྱེད་པ་ལ་ལེགས་སོ་ཞེས་ཕྱག་བྲིས་འབྱོར། དཔེ་ཆ་སྤར་འདེབས་པ་ན་ཞུས་དག་ལན་མང་བྱས་ཀྱང་མ་དག་པ་ཞིག་འཐོན་འོང་འདུག ཞུས་དག་བྱེད་པ་དང་། ཁང་པ་ལ་གད་ཕྱིས་བྱེད་པ་
འདྲ་བ་འདུག་ ཁང་པ་ལ་གད་ཕྱིས་ག་ཚོད་བྱས་ཀྱང་། གད་སྙིགས་ཤིག་འཐོང་འོང་གི་འདུག་ཅེས་སྔོན་ལོ་བཞི་བཅུ་ཙམ་སྔོན་དུ་འབར་མའི་དགེ་སློང་གནམ་གྲུ་མིང་ཅན་ཞིག་ཡོད་པ་དེ་ཡིས་གསུངས་པ་ཐོས། བདག་གིས་ཀྱང་མང་པོ་ནོར། དེ་དག་ལ་ཞུས་དག་མཛོད་ཅེས་ཞུ་བ་ལགས་སོ།
ཨོ། གནམ་རྒན་མ་མཁྱེན། ད་ཡིན་ན་ཡང་མིག་བརྒྱད་པས་རང་ངོས་ནས་དཔྱོད་པ་ཏིལ་འབྲུ་ཙམ་ཡང་མ་བྱས་པ་ ཁུངས་མ་འཁྱོལ་བའི་དཔེ་ཀློག་དཔེ་བཤུ་ལུང་པ་གང་བཀྲམ་བྱུང་།
ཁྱེད་ཀྱིས་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་དམ་པའི་གསུང་རབས་མང་པོ་ལས་བཏུས་ཏེ་ཚེ་སྔ་ཕྱི་ཡོད་པར་སྒྲུབ་ཐབས་བྱས་འདུག རིགས་པ་དེ་དག་ནི་གནད་ལ་ཐད་པ་ཞིག་དང་དོན་དངོས་དང་མཐུན་པ་གཅིག་ཀྱང་མེད་དེ། རིགས་འདྲ་སྔོན་སོང་གིས་སྒྲུབ་མི་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་མི་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་མི་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་མི་མི་ཐུབ་སྟེ། སྤྱིར་རྒྱུན་བཅས་ཀྱི་དངོས་པོ་རྣམས་ལ་རིགས་འདྲ་སྔ་ཕྱི་ཡོད་པ་བདེན་ཡང་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ལ་རིགས་འདྲ་བའི་ཡིད་བློ་སྔ་མ་ཅི་ཞིག་དགོས་ཏེ། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་པ་མངོན་སུམ་གྱིས་གྲུབ་ཟིན་པས་སོ། ཡང་རྡུལ་རིགས་ཐམས་ཅད་སྲོག་ཆགས་སུ་ཐལ་བའི་ཧ་ཅང་ཐལ་བ་བཏང་བ་ནི་དགོད་བྲོ་བའི་གཏམ་སྟེ། སྲོག་ཆགས་སུ་འགྱུར་བའི་རྫས་རྡུལ་ལ་ཁྱད་ཆོས་ལྔ་ལྡན་དགོས་པ་ཆེ་ཤེལ་ནས་མཐོང་ཟིན་པས་དེ་ལ་ཨུ་ཚུགས་བྱེད་ན་ཅི་ཕན།
གློག་རྡུལ་དང་རྫས་རྡུལ་གྱི་ནུས་པ་སྨིན་པ་ལས་ཪེག་ཚོར་བྱེད་པ་ནི་རྩི་ཤིང་དང་སྲོག་ཆགས་སོགས་དེ་བཞིན་གློག་ནུས་འཕྲུལ་ཆས་ཀུན་ལ་ཡོད་པའི་ཐུན་མོང་གི་ཆོས་ཤིག་ཡིན་པས་དེ་ལ་ཉེ་ལེན་དགོས་པ་ཡིན་ཡང་དེ་ནི་ཕུང་པོའི་གློག་རྡུལ་གྱི་ནུས་ཤུགས་སྔ་མ་རྣམས་ཡིན་པ་ལས་ཚེ་སྔ་མའི་རྣམ་ཤེས་དགོས་པ་ཇི་ལྟར་བསྒྲུབ། གོམ་པ་སྔོན་སོང་གིས་སྒྲུབ་ཁུལ་བྱས་པ་ནི་ཧ་ཅང་གིས་ཤ་ཚ་དགོས་པའི་གནས་ཤིག་ཡིན་ཏེ། བེའུ་སྐྱེས་མ་ཐག་པ་མིག་མ་འབྱེད་པ་ཞིག་མའི་ནུ་མའི་ཕྱོགས་སུ་ངང་གི་འགྲོ་ཤེས་པ་ནི་སྐྱེ་བ་སྔ་མའི་གོམ་པ་ག་ནས་ཡིན་ཏེ་མ་ཡིན་ཏེ་དེ་ནི་སྐྱེ་ལྡན་གྱི་དངོས་པོ་གང་ཡིན་ལ་རང་གི་རིགས་སྔ་མ་དེའི་གཟུགས་པོའི་རྫས་རིགས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལའང་འབྱུང་བས་ཨ་མའི་རིགས་དེ་འདྲ་ཡིན་པས་བེའུ་ཡང་དེ་བཞིན་འབྱུང་སྟེ། ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། ཁྱེད་ལྟར་ན་ཤིང་དེ་ལ་སྐྱེ་བ་སྔ་མའི་གོམ་པའི་བག་ཆགས་ཡོད་པ་བཤད་ཀྱི་ཡིན་ནམ།
དེ་ནས་ཚང་མས་ཧང་བསམ་བསམ་གྱིས་ལོ་རྒྱུས་དང་མྱང་མྱོང་གིས་ཐོག་ནས་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་ཐུབ་ཀྱི་ཡོད་མདོག་མདོག་དང་རིགས་པ་ཡག་ཤོས་ཡིན་ཚུལ་སྐད་གསང་མཐོན་པོས་སྒྲོག་བཞིན་ཡོད་ལ་རྨོངས་དད་པ་ཚོས་ཀྱང་ཡིན་ཤག་བྱེད་ཀྱི་ཡོད། དོན་དངོས་ནི་མི་འགའ་ཞིག་གིས་ད་ལྟའི་དུས་ཀྱི་རྡུལ་རིགས་ཀྱི་གློག་ནུས་འདི་ལ་རང་མ་སྐྱེས་སྔོན་གྱི་འདས་ཟིན་པའི་བྱ་བཞག་མང་པོ་མཐོང་རེག་ཡོང་བ་ལ་བརྟེན་ནས་ཚེ་སྔ་མ་དྲན་སོང་བསམ་ཡང་དེ་ནི་མཐོང་བ་ཡིན་གྱི་དྲན་པ་མིན་ལ། གནས་ཚུལ་འདི་གསལ་པོ་ཤེས་པར་དུས་གསུམ་གྱི་གནས་སྟངས་ར་འཕྲད་པ་ཞིག་དགོས་པས། དུས་ནི་ནམ་མཁའ་ལ་ལྟོས་ནས་འཇོག་དགོས་ཤིང་དེ་གཉིས་ཀྱང་དུས་གསུམ་གང་ལ་ལྟོས་ནས་འཇོག་སའི་དངོས་པོ་རང་གིས་འགུལ་བསྐྱོད་མྱུར་བུལ་ལ་རག་ལུས་ཤིང་འགུལ་བསྐྱོད་ཤིན་ཏུ་མྱུར་བའི་གློག་འོད་ཅིག་ལ་ཆ་མཚོན་ན་དུས་གཅིག་ལ་འདས་མ་འོངས་ད་ལྟ་གསུམ་གསལ་ཐུབ་ཀྱི་ཡོད་པ་གྲུབ་ཡོད་དུས་གློག་ནུས་ཀྱི་སེམས་དེའང་འདས་མ་འོངས་གཉིས་ཀ་འཆར་ཐུབ་ལ་འདས་པ་མཐོང་དུས་དེ་མྱོང་བ་སྔོན་སོང་ཡིན་ན་མ་འོངས་པ་ཡང་རྨི་ལམ་ནས་མཐོང་བས་དེས་མ་འོངས་པ་མྱངས་ནས་ཤེས་པ་དེ་མ་འོངས་པའི་དུས་ནས་ཡར་སླེབས་པ་འགྱུར་འགྲོ་བས་ཁྱེད་ཀྱིས་དེ་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡིན།།
མྱང་མྱོང་༽ ཉམས་མྱོང་ལ་བཅོས་རོགས།
ཁྱེད་ཚོའི་རིགས་པ་ཆུ་ཚགས་ལྟ་བུ་དེ་འདྲ་རྐྱང་དྲངས་བསྡད་ན་མུ་སྟེགས་པའི་རྒོལ་བ་སྒོ་ཁར་སླེབས་ཉིན་ཁ་ནང་ལ་མཛུག་གུ་བཅུག་སྡོད་རྒྱུ་ལས་མི་འདུག མི་ཚེ་གང་བོ་གྲྭ་སར་བཏང་བ་འཕྲོ་བརླག་ལ་ཕྱིན་འདུག
༡ དགེ་བས་སྐྱེ་བ་བཟང་པོ་ལེན་ཚུལ་དང་སྡིག་པས་སྐྱེ་བ་ངན་པ་ལེན་ཚུལ་ལ་འགྲེལ་བརྒྱབ་མི་འདུག གཞོན་ནུའི་མེ་ཤུགས་འཕུར་མདའ་ལ་སྦྱར་ནས་ཨ་དཔོན་ལྷ་ཡུལ་ལ་འགྲོ་མི་ཐུབ་པ་ཡོད་ཚུལ་བྲིས་པ་ལྟར་ན། སྡིག་པ་བསགས་མཁན་དེ་དམྱལ་བ་ལ་སྐྱེ་མི་ཐུབ་པའི་སྐབས་ཀྱང་ཡོད་དགོས་པ་མི་འདུག་གམ།
༢ ཀ མིག་བརྒྱད་པས། གནའ་བོའི་སེམས་ཅན་མང་པོ་ཞིག་ས་སྒང་འདིར་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པའི་རྒྱུ་མཚན་ནི། འཚོ་གནས་ཀྱི་ཁོར་ཡུག་དང་བྲལ་ནས་རྩ་སྟོང་ཕྱིན་པའམ་རིགས་རྒྱུད་ཆད་པ་ཙམ་རེད། འོན་ཀྱང་དེ་དག་གི་རྣམ་ཤེས་རྒྱུན་ཆད་ཟེར་མི་འོང་ཟེར་བ་འདིར་ཡག་པོ་དཔྱད་ཤེས་ན་ཁྱེད་ཚོས་བཤད་བཞན་པའི་དགེ་སྡིག་གི་ལས་ཟེར་བའི་སྟོབས་ཅན་སུ་དང་གང་གིས་ཀྱང་བསྒྱུར་དུ་ཟློག་ཏུ་མེད་པ་དེ་དང་སྐྱེ་བ་སྔ་ཕྱི་ཟེར་བ་དེའང་ཕྱིའི་ཁོར་ཡུག་ལ་ལྟོས་པའི་གཞན་དབང་ཅན་ཞིག་ཡིན་པ་བསྟན་པ་མ་ཡིན་ནམ།
ཁ འདི་ནི་རྣམ་ཤེས་རྒྱུན་ཆད་ཡོད་མེད་ཀྱི་སྐད་ཆ་མ་རེད། དེ་དང་དེར་སྐྱེ་བའི་ལས་བསགས་ཡོད་པ་དེ་ཁོར་ཡུག་དང་ཕྱི་རྐྱེན་ལ་བསྟེན་ནས་དེ་དང་དེར་སྐྱེ་བ་ལེན་མ་ཐུབ་པ་མ་རེད་དམ།
ག གཞོན་ནུས། སྤྱང་ཀིའི་སྐྱེས་པ་འཕེན་བྱེད་ཀྱི་ལས་བསགས་པའི་རྣམ་ཤེས་གཅིག་སྤྱང་ཀི་ཚང་ལ་མི་འགྲོ་བའི་དུས་སུ་བར་དོར་འཁྱམས་ན། ཁྱི་དང་ཝ་སོགས་ཀྱི་སྐྱེས་པ་ལེན་པར་བཤད་པ་ལྟར་ན། མི་ལུས་དང་ལྷ་ལུས་ལེན་པའི་ལས་བསགས་པ་གང་ཞིག་དེ་དང་དེའི་ལུས་ལེན་མ་ཐུབ་དུས་ངན་སོང་ལ་འགྲོ་བའམ་བར་དོར་འཁྱམ་ནས་སྡོད་དགོས་པ་མ་ཡིན་ནམ། ཕངས་པ་ལ་དགེ་བ་བསགས་པ་ཚང་མ་ཆུད་གཟན་པ་མ་རེད་དམ།
ང་། བསྐལ་བ་འདི་ནི་སྟོངས་དང་སྟོང་བཞིན་ཡོད་ལ་སྟོང་རྒྱུའང་རེད། དེ་སྐབས་དགེ་སྡིག་གི་ལས་བསགས་མཁན་ཚང་མ་ལ་ཁྱད་པར་མེད་པར་ཚང་མར་ལུས་ལེན་ས་དང་རྣམ་ཤེས་འགྲོ་ས་ཞིག་མེད་སོང་ན་ཚང་མ་གཅིག་མཚུངས་སུ་རྣམ་ཤེས་བར་དོར་འཁྱམ་དགོས་པ་མ་ཡིན་ནམ། དེས་ན་ལས་ཀྱི་དབང་གིས་སྐྱེ་བ་ལེན་ཚུལ་དེའང་ཡོངས་སུ་གཞན་དབང་ཅན་ཞིག་མ་རེད་དམ།
ཅ གལ་སྲིད་སྐྱེ་བ་ལེན་སའི་གོ་སྐབས་ཉུང་ཤས་ཤིག་ཐོབ་པའམ་འཇིག་རྟེན་གཞན་ཞིག་ཏུ་དེ་ལྟའི་གོ་སྐབས་ཡོད་པ་ཡིན་ན། སྐྱེ་བ་སྔོན་མ་ནས་བསགས་པའི་བག་ཆགས་ཀྱི་དབང་གིས་སྐྱེ་བོ་ཧམ་པ་ཅན་དང་གྲུང་པོ་རྣམས་ནི་གོ་སྐབས་དང་པོ་ལེན་མཁན་དང་ཐོབ་མཁན་གྱི་གྲས་མ་ཡིན་ནམ།
༣ གཞོན་ནུས། ཕ་མའི་ཁུ་ཁྲག་གཅིག་ལས་སྐྱེས་པའི་བུ་གཉིས་ལ་ཁྱད་པར་མང་པོ་ཞིག་ཡོད་པ་བགྲང་ནས་སྐྱེ་བ་སྔ་ཕྱི་ཡོད་མེད་སྒྲུབ་ཐབས་བྱེད་པ་དེའང་དགོད་བྲོ་བ་ཞིག་ལས་མི་འདུག ཁྱེད་ཀྱིས་མིག་གིས་གཅིག་པ་དང་ཁྱད་པར་མེད་པར་མཐོང་བ་མང་པོ་ཞིག་ངས་གནམ་ས་ལྟ་བུའི་ཁྱད་པར་མཐོང་གི་འདུག
ཕ་མ་གཅིག་པའི་བུ་ཕྲུག་ཡིན་པ་འདྲ་ནའང་། དེ་བཟོ་བའི་དུས་མི་མཚུངས་། ཁོར་ཡུག་མི་མཚུངས། ལུས་མི་མཚུངས། སྟོབས་མི་མཚུངས། དྲོད་མི་མཚུངས། ཟས་མི་མཚུངས། སྤྱོད་པ་མི་མཚུངས། བསམ་ཕྱོགས་མི་མཚུངས། གནམ་གཤིས་མི་མཚུངས། མཁའ་དབུགས་མི་མཚུངས། བདེ་བ་སྐྱེ་ཚུལ་མི་མཚུངས། ཁུ་བ་མི་མཚུངས། རྒྱོ་རྒྱགས་སྟངས་དང་རྒྱོ་ཡི་ཤུགས་ཚད་མི་མཚུངས། མི་མཚུངས་པ་རྐྱང་གི་ནང་བཟོས་ཡོང་བའི་བུ་སྤུན་གཉིས་ཀྱང་མཚུངས་པ་ཞིག་ཡོང་སྲིད་དམ།
༥ འཁོར་བ་ལ་ཐོག་མ་མེད་ཚུལ་ལ་འགྲེལ་བཤད་མེད་པར་ཐོག་མ་ཡོད་པ་གསུངས་འདུག དེས་ན་འཁོར་བའི་ཐོག་མ་ཇི་ལྟར་བྱུང་བ་རེད། རྣམ་ཤེས་གཅིག་ནས་རིམ་བཞིན་འཕེལ་འགྱུར་བྱུང་བ་རེད་དམ་ཅི།
རྒན་དྭགས་པ་ལགས།
ཁྱེད་རང་གིས་གཞན་ལ་ཞུས་དག་མང་པོ་ཞིག་བཏང་དང་གཏོང་བཞིན་པར་དགའ་སྤྲོ་འཕེལ།
འདིར་བཤད་པར་བྱ་བ་གཉིས་མཆིས་ཏེ།
༡ ངས་ལོ་ཙྰ་བ་ཟེར་བའི་དག་ཆ་འབྲི་སྟངས་འདིར་ཆེད་དུ་ཉམས་ཞིབ་ཅུང་ཟད་བྱས་པ་ཡིན། སྔོན་མའི་རྒྱལ་རབས་ལོ་རྒྱུས་དང་མཁས་དབང་གྲགས་ཆེན་ཁག་གི་གསུང་རྩོམ་བཅུ་གྲངས་ཤིག་ཁ་ཕྱེ་ནས་བལྟས་པ་ཡིན། ཕལ་ཆེ་བ་གཅིག་མཚུངས་སུ་ལོ་ཙྰ་བ་བྲིས་འདུག དགེ་ཆོས་ཀྱི་གསུང་འབུམ་དེབ་གསུམ་གྱི་བདག་ཉིད་ཅན་དེའི་མགོ་ནས་མཇུག་བར་ལོ་ཙྰ་བ་ཞེས་པའི་ཚིག་འདི་ཁོ་ན་བྲིས་འདུག སྐབས་གཅིག་ཁོ་ན་ལ་ཙ་སྲོག་མེད་བྲིས་འདུག
སྦ་བཞེད། དབའ་བཞེད། བཀའ་ཆེམས་ཀ་ཁོལ་མ་སོགས་དཔེ་རྙིང་རེ་ཟུང་ནང་ལོ་ཙྪ་བ་ཞེས་བྲིས་འདུག་པ་དང་ལོ་ཙྰ་བ་ཞེས་བྲིས་པའང་རེ་ཟུང་རེ་མཐོང་།
༢ ཁྱེད་ཀྱིས་ལགས་དང་ལེགས་གཉིས་ཀྱི་ཚབ་ལེགས་ཁོ་ན་འབྲི་བཞིན་པ་རེད། དེ་དག་པ་ཡིན་པར་ཁྱེད་ལ་ཁོང་ཡོད་སྲིད་ན་ཐང་མོད། མིའི་སྐད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཐ་སྙད་དང་མིང་ཚིག་དག་ཀྱང་སྲོག་ཆགས་དང་སྐྱེ་དངོས་ཀྱི་འཕེལ་ཁ་བཞིན་གཅིག་ནས་གཉིས་སུ་མཆེད་དེ་ཁྱབ་ཁོངས་ཆེ་རུ་དང་མང་དུ་འགྲོ་བཞིན་པ་དེ་ནི་སྐད་ཡིག་འཕེལ་རིམ་གྱི་ཆོས་ཉིད་རེད། དེ་ལྟར་ཐ་སྙད་འདྲ་བོ་འདྲ་བོ་ནས་མི་འདྲ་བར་འཕེལ་བ་དེས་སྐད་ཡིག་ཡར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་རེད། ལགས་དང་ལེགས་ཀྱང་དེ་བཞིན་རེད། ད་ལྟའི་ཆར་དེ་གཉིས་ཀྱི་དོན་དག་དང་སྤྱོད་ཡུལ་རྦད་དེ་ལོགས་ཀ་རེད། ཐ་སྙད་མ་འདྲ་བ་གཉིས་རེད། ལེགས་ཁོ་ན་དག་ཟེར་ནས་དེ་ཁོ་ན་བྲིས་བསྡད་ན་སྐད་ཡིག་གི་ཡར་རྒྱས་ལ་འགོག་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེ་ལ་དགོངས་པ་ཆེ་བཞེས་ཡོང་བ་ཞུ།
སྐྱེ་བ་སྔ་ཕྱི་མེད་ན།
སྐྱེ་བ་སྔ་ཕྱི་མེད་ན་ཧིཊ་ལར་གདུག་རྩུབ་ཁོ་ཡང་འཇོན་པ་རེད། །
སྐྱེ་བ་སྔ་ཕྱི་མེད་ན་མ་འོ་ཙེ་ཏུང་བྱས་ཚད་ཁེ་བཟང་རེད། །
སྐྱེ་བ་སྔ་ཕྱི་མེད་ན་ལི་ན་བྷིན་དིན་ཁོ་ལ་སྐྱབས་སོང་ནས། །
སྐྱེ་བ་སྔ་ཕྱི་མེད་ན་རྒྱ་རིགས་ཡོད་ཚད་དམར་གསོད་གཏོང་འགོ་ཚུགས།
ཧ་ཧ་ཀུ་རེ་ཡིན་ནོ་རྒྱ་རིགས་ཚོ། །
ནང་པའི་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་གྱི་ཡོད། རིགས་དྲུག་གཞན་ལ་ལྟོས་ཏེ་སྤྱིར་མི་ལུས་སྐྱེ་བ་ཤིན་ཏུ་དཀོན་པ་བཤད་ཀྱི་ཡོད།
ཡིན་ནའང་འཛམ་གླིང་གི་མི་འབོར་དེ། ལོ་རེ་བཞིན་མང་དུ་འཕེལ་གྱི་འདུག དེས་ན་རྣམ་འགྲེལ་ནས་གསུངས་པས་རྣམ་ཤེས་ཀྱི་རྒྱུ་རྣམ་ཤེས་ངེས་པར་དུ་མི་དགོས་པར་རྒྱོ་ག་ཚོད་མང་དུ་རྒྱབ་ན་མི་རིགས་རང་བཞིན་གྱི་འཕེལ་བ་མངོན་སུམ་ཚད་མ་རེད།
སྐྱེ་བ་སྔ་ཕྱི་མེད་འགྱུར་ན། །
དགྲ་བོ་རྒྱ་མི་གསོད་འདོད་ཀྱང་། །
སྐྱེ་བ་སྔ་ཕྱི་ཡོད་པའི་ཕྱིར། །
འབུ་སྲིན་གཅིག་ཀྱང་སྲོག་འདོད་མེད། །
སྐྱེ་བ་སྔ་ཕྱི་ལེགས་སྨྲ་ཚར་གཅོད་ལགས་ཀྱིས་རིགས་པ་ལྟར་སྣང་རེ་ཁྱེར་འོངས་ཏེ་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་ལུགས་གཉིས་གང་དང་ཡང་མི་མཐུན་པ་ཞིག་སྨོས་འདུག་པས། ད་ཡིན་ན་འབྲོག་ཁྱིས་རུས་གོག་དམུར་བའི་དཔེ་ལྟར། ཁྱེད་ལ་ངོ་སྤྲད་པར་བྱ། ད་ལྟའི་དུས་སུ་རང་ཅག་གིས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཁུལ་བྱེད་ཀྱང་ཤེས་བྱེད་ཀྱི་ཁུངས་དང་སྒྲུབ་བྱེད་ཀྱི་རིགས་པ་ཙམ་ཡང་ངོས་ཟིན་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ལས་འབྲས་ལ་ཡིད་ཆེས་པའི་དབང་དུ་བྱས་ནས་སྒྲུབ་བྱེད་ཀྱི་རིགས་པ་བཞི་པོ་དེ་ནི་བཅོམ་ལྡན་འདས་ནས་བཟུང་དཔལ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས་ཡབ་སྲས་བརྒྱུད་བོད་གངས་ཅན་ཁྲོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་ཆོས་འབྱུང་ལོ་རྒྱུས་དང་། ལྷག་པར་ཚད་མ་རིག་པའི་གཞུང་ལུགས་འཆད་ཉན་གྱི་རྩོད་གྲྭ་ཐོག་མར་གསང་ཕུ་ནས་དར་བ་ནས་བཟུང་། དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ་གསང་བདེ་གུང་གསུམ་དང་དགའ་སྐྱོར་ཟུལ་གསུམ་དང་དཔལ་ལྡན་ས་སྐྱའི་ཆོས་སྡེ་ཆེན་པོ་ནས་དར་རྒྱས་ཆེན་པོ་བྱུང་བ་དེ་ཡང་སློབ་དཔོན་ཆ་བ་ཆོས་ཀྱི་སེངྒེ་དང་ཁོང་གི་སློབ་མ་སེང་ཆེན་བརྒྱད། སེང་འདྲ་བརྒྱད། ཇོ་སྲས་བཞིར་གྲགས་པའི་ནང་གི་གཙོ་བོ་འཁོན་ཇོ་སྲས་རྩེ་མོ་ཞེས་གྲགས་པ་ས་ཆེན་བསོད་ནམས་རྩེ་མོས་ཆ་བ་ཆོས་ཀྱི་སེངྒེའི་མདུན་ནས་ལོ་བཅུ་གཅིག་ཙམ་ལ་ཚད་མ་ལ་སྦྱངས་ནས་མཁས་པའི་ཕུལ་དུ་ཕྱིན་ཏེ་སློབ་བརྒྱུད་ལ་ས་པཎ་ཀུན་དགའ་རྒྱལ་མཚན་སོགས་མང་དུ་བྱུང་། དེ་མིན་གནས་རྙིང་། ངམ་རིང་། ལྷོ་ཁ་རྩེ་ཐང་ཕྱོགས་སུ་ཚད་གཞུང་དར་བ་དང་། དུས་རབས་བཅོ་ལྔ་བར་དབུས་ཀྱི་གདན་ས་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ། རྒྱལ་རྩེ། མངའ་རིས་ནུབ་ལ་དྭགས་ཚུན་ལ་ཚད་གཞུང་དར། མདོ་སྨད་དུ་ཐོག་མར་བྱ་ཁྱུང་དང་རེབ་གོང་། བླ་བྲང་བཀྲ་ཤིས་འཁྱིལ། གསར་ཁོག །དགོན་ལུང་། དྷཱིཿ་ཚ་སོགས་སུ་དར་རྒྱས་ཆེན་པོ་བྱུང་བ་དང་དེ་མཚུངས་ཁམས་ཕྱོགས་སུ་ཡང་ཚད་གཞུང་དར་རྒྱས་ཆེན་པོ་བྱུང་བ་རེད། དོན་དངོས་དང་མཐུན་མིན་ཇི་ལྟར་ཡང་འདི་ནི་ལོ་རྒྱུས་ཀྱི་བྱུང་བ་རེད། ད་ནི་ཁྱེད་ཀྱི་ལོག་རྟོག་སུན་འབྱིན་པར་བྱ་སྟེ།
སྐུ་ཉིད་ཀྱིས། རིགས་པ་དེ་དག་ནི་གནད་ལ་འཐད་པ་ཞིག་དང་དོན་དངོས་དང་མཐུན་པ་གཅིག་ཀྱང་མེད་དེ། རིགས་འདྲ་སྔོན་སོང་གིས་སྒྲུབ་མི་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་མི་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་མི་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་མི་མི་ཐུབ་སྟེ། སྤྱིར་རྒྱུན་བཅས་ཀྱི་དངོས་པོ་རྣམས་ལ་རིགས་འདྲ་སྔ་ཕྱི་ཡོད་པ་བདེན་ཡང་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ལ་རིགས་འདྲ་བའི་ཡིད་བློ་སྔ་མ་ཅི་ཞིག་དགོས་ཏེ། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་པ་མངོན་སུམ་གྱིས་གྲུབ་ཟིན་པས་སོ། ཡང་རྡུལ་རིགས་ཐམས་ཅད་སྲོག་ཆགས་སུ་ཐལ་བའི་ཧ་ཅང་ཐལ་བ་བཏང་བ་ནི་དགོད་བྲོ་བའི་གཏམ་སྟེ། སྲོག་ཆགས་སུ་འགྱུར་བའི་རྫས་རྡུལ་ལ་ཁྱད་ཆོས་ལྔ་ལྡན་དགོས་པ་ཆེ་ཤེལ་ནས་མཐོང་ཟིན་པས་དེ་ལ་ཨུ་ཚུགས་བྱེད་ན་ཅི་ཕན།
ཡང་སྐུ་ཉིད་ཀྱིས་གློག་རྡུལ་དང་རྫས་རྡུལ་གྱི་ནུས་པ་སྨིན་པ་ལས་ཪེག་ཚོར་བྱེད་པ་ནི་རྩི་ཤིང་དང་སྲོག་ཆགས་སོགས་དེ་བཞིན་གློག་ནུས་འཕྲུལ་ཆས་ཀུན་ལ་ཡོད་པའི་ཐུན་མོང་གི་ཆོས་ཤིག་ཡིན་པས་དེ་ལ་ཉེ་ལེན་དགོས་པ་ཡིན་ཡང་དེ་ནི་ཕུང་པོའི་གློག་རྡུལ་གྱི་ནུས་ཤུགས་སྔ་མ་རྣམས་ཡིན་པ་ལས་ཚེ་སྔ་མའི་རྣམ་ཤེས་དགོས་པ་ཇི་ལྟར་བསྒྲུབ། གོམ་པ་སྔོན་སོང་གིས་སྒྲུབ་ཁུལ་བྱས་པ་ནི་ཧ་ཅང་གིས་ཤ་ཚ་དགོས་པའི་གནས་ཤིག་ཡིན་ཏེ། བེའུ་སྐྱེས་མ་ཐག་པ་མིག་མ་འབྱེད་པ་ཞིག་མའི་ནུ་མའི་ཕྱོགས་སུ་ངང་གི་འགྲོ་ཤེས་པ་ནི་སྐྱེ་བ་སྔ་མའི་གོམ་པ་ག་ནས་ཡིན་ཏེ་མ་ཡིན་ཏེ་དེ་ནི་སྐྱེ་ལྡན་གྱི་དངོས་པོ་གང་ཡིན་ལ་རང་གི་རིགས་སྔ་མ་དེའི་གཟུགས་པོའི་རྫས་རིགས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལའང་འབྱུང་བས་ཨ་མའི་རིགས་དེ་འདྲ་ཡིན་པས་བེའུ་ཡང་དེ་བཞིན་འབྱུང་སྟེ། ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། ཁྱེད་ལྟར་ན་ཤིང་དེ་ལ་སྐྱེ་བ་སྔ་མའི་གོམ་པའི་བག་ཆགས་ཡོད་པ་བཤད་ཀྱི་ཡིན་ནམ།
ཟེར། རྣམ་ཤེས་བེམ་པོ་རུ་རྒྱང་འཕེན་པས་ཀྱང་མི་འདོད་ལ། སྐྱེ་བ་སྔ་ཕྱིའི་རྣམ་གཞག་བེམ་གཟུགས་རྡུལ་འདུས་ཤིག་གིས་བསྒྲུབས་པ་མ་ཡིན་པར་རྣམ་ཤེས་ཀྱི་རྒྱུན་ཐག་ནས་སྒྲུབ་པའི་གནད་འདི་ཁྱེད་ཀྱི་མ་མཁྱེན་པ་འདྲ། བྱིས་པ་འགའ་ཞིག་ཆུང་དུས་ནས་དབང་པོ་ཤིན་ཏུ་རྟུལ་བ་དང་ཕ་མས་ཉེས་སྤྱོད་ལས་བཟློག་པར་བྱེད་ཀྱང་རང་བཞིན་གྱིས་གསོད་རྐུ་རྫུན་ཕྲ་མ་སོགས་ཀྱི་བསམ་པ་མངོན་དུ་གྱུར་འོང་ལ། བྱིས་པ་འགའ་ཞིག་ཆུང་དུས་ནས་དབང་པོ་ཤིན་ཏུ་རྣོ་བ་དང་ཕ་མས་མ་བསླབས་ཀྱང་རང་བཞིན་གྱིས་གསོད་རྐུ་རྫུན་ཕྲ་མ་སོགས་མི་བྱེད་པའི་བསམ་པ་མངོན་དུ་གྱུར་འོང་བའི་རྒྱུ་མཚན་མེད་པར་ཐལ། བསམ་པ་དེ་གཉིས་རིགས་འདྲ་སྔ་མའི་ཉེར་ལེན་དང་གོམས་པ་སྔོན་སོང་ལ་ལྟོས་མི་དགོས་པས་རང་བཞིན་བཟང་ངན་འོང་བའི་རྒྱུ་མཚན་མེད་པའི་ཕྱིར། ཡང་ན་གཟུགས་པོ་འགྲུབ་བྱེད་ཀྱི་སྐྱེ་རྡུལ་ཕྲ་གཟུགས་བཟང་ངན་ལས་བྱུང་ཟེར་གྱི་ཡིན་ནམ། ཡང་མིན་ན་ཕ་མ་དང་གྲོགས་བཟང་ངན་ཕྲད་རྐྱེན་ལས་བྱུང་བ་ཡིན། དེ་གང་ཡང་མི་འཐད་དེ། ཕ་མ་རང་བཞིན་བཟང་པོ་ལ་བུ་རང་བཞིན་གྱིས་དབང་པོ་རྣོ་རྟུལ་དང་བསམ་ངན་མངོན་དུ་གྱུར་འོང་མ་འོང་ཁྱད་པར་འབྱུང་བས་གོམས་པ་སྔོན་སོང་ལ་མ་ལྟོས་བར་རྫས་རྡུལ་དང་གློག་རྡུལ་ཁོ་ནས་ལས་བརྩམས་པ་ཞིག་ཡིན་ན་གད་མོ་ཤོར་བ་མ་རེད་པས། དེ་དག་ནི་ཚེ་སྔ་མར་བསམ་པ་བཟང་ངན་དང་བྱ་བ་བཟང་ངན་ལ་གོམས་པ་སྔོན་སོང་གི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། སྤྱིར་ན་ལྐོག་གྱུར་གྱི་གནས་འདི་དག་མངོན་སུམ་རྟགས་ཀྱིས་བསྒྲུབ་དཀའ་བར་འདུག་པས་རིགས་པ་བཞི་པོ་རང་གི་མྱོང་བ་བསྐོར་ནས་དཔྱད་པ་གལ་ཆེ། ཚད་གཞུང་ལས། ཀུན་གྱིས་མ་མཐོང་ཐེ་ཚོམ་དང་།།རང་གིས་མ་མཐོང་འཁྲུལ་བ་སྟེ།།འབིགས་བྱེད་རི་ཕུག་ངུར་བ་སོགས།།མ་མཐོང་བར་ཡང་ཡོད་ཕྱིར་རོ།།ཞེས་པ་དང་། མ་མཐོང་བའི་རྟགས་ཀྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། ཞེས་པ་ལྟར་ཀུན་གྱིས་མ་མཐོང་བ་ཞིག་དང་མི་ཤེས་པ་ཞིག་འུ་ཅག་ལ་ཐེ་ཚོམ་ལས་མེད་པས་སོ། །དབུ་མ་འཇུག་པ་ལས། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི།།ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ།།དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར།།གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེའི་ཚེ་བཞིན།།ཞེས་གསུངས་པ་ལྟར་ཤེས་བྱའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་བལྟས་པའི་དབང་གིས་རྣམ་ཤེས་འབྱུང་བའི་བདག་ཉིད་དུ་སྨྲ་དགོས་བྱུང་བ་རེད།
ཡང་སྐུ་ཉིད་ཀྱིས། གནས་ཚུལ་འདི་གསལ་པོ་ཤེས་པར་དུས་གསུམ་གྱི་གནས་སྟངས་ར་འཕྲད་པ་ཞིག་དགོས་པས། དུས་ནི་ནམ་མཁའ་ལ་ལྟོས་ནས་འཇོག་དགོས་ཤིང་དེ་གཉིས་ཀྱང་དུས་གསུམ་གང་ལ་ལྟོས་ནས་འཇོག་སའི་དངོས་པོ་རང་གིས་འགུལ་བསྐྱོད་མྱུར་བུལ་ལ་རག་ལུས་ཤིང་འགུལ་བསྐྱོད་ཤིན་ཏུ་མྱུར་བའི་གློག་འོད་ཅིག་ལ་ཆ་མཚོན་ན་དུས་གཅིག་ལ་འདས་མ་འོངས་ད་ལྟ་གསུམ་གསལ་ཐུབ་ཀྱི་ཡོད་པ་གྲུབ་ཡོད་དུས་གློག་ནུས་ཀྱི་སེམས་དེའང་འདས་མ་འོངས་གཉིས་ཀ་འཆར་ཐུབ་ལ་འདས་པ་མཐོང་དུས་དེ་མྱོང་བ་སྔོན་སོང་ཡིན་ན་མ་འོངས་པ་ཡང་རྨི་ལམ་ནས་མཐོང་བས་དེས་མ་འོངས་པ་མྱངས་ནས་ཤེས་པ་དེ་མ་འོངས་པའི་དུས་ནས་ཡར་སླེབས་པ་འགྱུར་འགྲོ་བས་ཁྱེད་ཀྱིས་དེ་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡིན།། ཟེར།
ལེགས་སོ་འདི་ནི་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་འབྲེལ་བ་གཏན་ནས་མེད་པ་མིན་ཀྱང་ཚན་རིག་པ་ཨ་ཨེན་སི་ཏན་གྱིས་ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་བཤད་སྐབས་དུས་དང་བར་སྣང་གི་འབྲེལ་བ་ཞིག་སྟེ་དུས་ནི་གཡོ་འགུལ་གྱི་རང་བཞིན་དང་ལོ་ཟླའི་འཁོར་སྐྱོད་དེ་ཡང་སའི་གོ་ལའི་འཁོར་སྐྱོད་དང་འབྲེལ་ཞིང་། ང་ཚོའི་ཚེ་སྲོག་གི་དར་རྒུད་ནི་དེ་དང་འབྲེལ་བ་གཏན་ནས་མེད་པ་མིན་ཡང་འཛམ་བུའི་གླིང་གི་མིའི་ཚེ་ལ་རིང་ཐུང་ཡོད་པ་དང་གཙོ་བོར་ལས་ཀྱིས་གོ་སྒྲིག་བྱས་ནས་འོངས་བ་དང་དེ་ཡང་བསམ་པ་བཟང་ངན་དང་བྱ་བ་བཟང་ངན་ལ་བརྟེན་ནས་ཡོང་གི་ཡོད་པ་མངོན་སུམ་རྟགས་ཀྱིས་བསྒྲུབ་ཐུབ་པོ། །
གསོད་འདོད་ལ། འབུ་སྲིན་གཅིག་ཀྱང་སྲོག་འདོད་མེད། །ཅེས་པའི་ཡིག་ནོར་ལ་དགོངས་དག་ཞུའོ། །
འ་ཡ། ཡིག་ནོར་གཅིག་བྱུང་པ་དེ་ཚིག་སྒྲུབ་ལ་ལྟོས་ན་ཡང་ཡིག་ནོར་ཡིན་པ་ཤེས་བཞིན་དུ་འཁོར་བའི་ཐོག་མ་ཡོད་པར་བཤད་འདུག་ཟེར། གང་ལྟར་དེ་ནི་ཡིག་ནོར་རེད། འཁོར་བ་སྤྱི་དང་བྱེ་བྲག་གང་ལ་བསམ་བློ་བཏང་ན་ཡང་ཐོག་མ་མེད་ཟེར་དགོས། ཡིན་ན་ཡང་འཁོར་བ་བྱེ་བྲག་པ་ལ་བཤད་ན་ཐོག་མ་མེད་ཀྱང་མཐའ་མ་ཡོད་ཟེར་དགོས། གོང་གི་ཐོག་མ་ཡོད་ནི་ཐོག་མ་མེད་ཟེར་ནས་བཅོས་རོགས། དེ་ཡིག་ནོར་རེད།
གཞན་དག་ཚང་མ་རིག་པ་དང་གཞུང་ལུགས་ཚང་མ་ནོར་མེད། དེའི་སྟེང་དུ་ད་དུང་སྣོན་པ་ཞིག་རྒྱབ་ན་མ་གཏོགས་ད་དུང་མགོན་ཕྱག་མགོ་བོ་མགལ་མེ་ལྟར་འཁོར་བསྡད་འདུག མངོན་པ་མཛོད་ནས་བཤད་པའི་སེམས་ཅན་སྤྱང་གི་ལྟ་བུའི་སྐྱེས་པ་འཕེན་བྱེད་ཀྱི་ལས་ཀྱིས་ཁྱི་དང་ཝ་སོགས་སུ་སྐྱེས་པ་ནི། རིགས་འདྲ་ཡིན་པའི་རྒྱུ་མཚན་རེད། དེས་ལྷ་སོགས་སུ་སྐྱེས་པ་འཕེན་པའི་དོགས་པ་འབྱུང་སྟངས་རྩ་ནས་མེད། སླར་ཡང་མངོན་པ་མཛོད་ཀྱི་བཤད་པ་ཞིག་བཀོད་ན། ང་ཚོའི་འཛམ་བུ་གླིང་འདི་འཇིག་པའི་སྐབས་སུ། འཛམ་བུ་གླིང་གི་རིགས་དྲུག་རྣམས་ཀྱི་ལས་མ་ཟད་ན་གང་དུ་སྐྱེས་པ་ལེན་ཚུལ་སོགས་ནི། དམྱལ་བ་པ་རྣམས་གླིང་གཞན་གྱི་དམྱལ་བར་སྐྱེས་པར་གསུངས། འདི་ནི་ག་མདོ་ལུ་ཁྲང་གི་བཙོན་ཁང་ཞིག་གསོ་བྱེད་སྐབས། དེའི་བཙོན་པ་རྣམས་ཐང་གར་མ་ལུ་ཁྲང་གི་བཙོན་ཁང་དུ་བསྐྱལ་བ་དང་གཅིག་པ་རེད། འདི་ལ་མགོ་འཁོར་ས་མང་པོ་མི་འདུག གླིང་འདིའི་འགྲོ་བ་གཞན་རྣམས་ཀྱང་དེ་བཞིན་དུ་རིགས་འདྲེས་ནས་དཔྱད་པར་བྱའོ།
སྤྱང་ཀིའི་ལུས་ལེན་པའི་ལས་བསགས་དེ། ཁྱི་དང་ཝར་ སྐྱེས་པ་སྲིད་པ་ལྟར། ལྷ་མིའི་ལུས་རྟེན་ལས་བསགས་དེ། ལྷ་དང་མི་ལ་སྐྱེས་མ་ཐུབ་པར། རང་དང་རིགས་མཐུན་པ་ལྷ་མིན་བཟང་བ་གཅིག་ལ་སྐྱེས་སྲིད་ཀྱང་། ལས་དེས་ངན་སོང་དུ་སྐཡེས་མི་སྲིདོ། །
བརྩེ་སྡང་གཉིས་སྐྱེས་བུ་གཅིག་ལ་དམིགས་ནས་དུས་གཅིག་ལ་སྐྱེ་མི་ཐུབ་པ་ང་ཚོ་ལ་མྱོང་བས་གྲྲབ་ཅིང་། དེ་ནི་
ང་ཚོས་འཛིན་སྟངས་འགལ་བའི་རྒྱུ་མཚན་གྱིས་ཡིན་པར་འགྲེལ་བཤད་རྒྱག་གིན་ཡོད་མོད། བརྩེ་སྡང་གཉིས་
ཀླད་རྩར་འདོད་པའི་ཚན་རིག་པས་དེ་གཉིས་རྩ་གཅིག་ཏུ་འདོད་དམ་ཐ་དད་དུ་འདོད། གཅིག་ཏུ་འདོད་ན་
བརྩེ་སྡང་གི་གནས་སྐབས་སོ་སོར་རྩ་དེར་མི་འདྲ་བའི་ཁྱད་པར་གང་ཞིག་མངོན། ཐ་དད་ཡིན་ན་བརྩེ་སྡང་གཉིས་ཡུལ་གཅིག་ལ་དུས་གཅིག་ཏུ་དེ་ལྟར་ཡོང་ཐུབ་པའི་རྒྱུ་མཚན་གང་ཡིན་དྲིས་ན་ལན་ཅི་ཞིག་འདེབས།
གཞན་ཡང་ཚན་རིག་པས་ཚོར་བ་བདེ་སྡུག་སོགས་ཤེས་པར་འདོད་མིན་ཆ་མ་འཚལ་ཡང་། རྐང་མཐིལ་ལ་ཚེར་མ་ཟུག་མ་ཐག་ན་ཟུག་རྐང་མཐིལ་གྱི་གནས་དེ་རང་དུ་འབྱུང་བ་ལས་ཀླད་པའི་ནང་དུ་ན་ཟུག་མི་ཚོར་བའི་རྒྱུ་མཚན་གང་ཡིན་ནམ། དེས་རེག་བྱ་འཇམ་རྩུབ་སོགས་ལུས་ཀྱི་ཆ་གང་ལ་རེག་པ་དེ་་ནས་མྱོང་བ་ལས་
ཀླད་རྩས་མི་མྱོང་བ་འདིས་ཅི་ཞིག་སྟོན་བཞིན་ཡོད་དམ། དེ་བཞིན་དུ་ཚན་རིག་པས་ངའམ་བདག་གི་ཐ་
ཐ་སྙད་འཇུག་ས་དེ་ཇི་ལྟ་བུ་ཡིན་པ་ཡང་བཤད་དགོས་སོ། །ཕྲན་གྱིས་བལྟས་ན་འདི་དག་ལ་ཚན་རིག་པས་ལན་
དོན་མཐུན་ཞིག་ཡོད་མེད་གསུངས་ཤིག
ནོར་བཅོས། དེ་ལྟར་ཡོང་ཐུབ་པའི་རྒྱུ་མཚན་ཞེས་པ་དེ་ལྟར་ཡོང་མི་ཐུབ་པའི་རྒྱུ་མཚན་ཞེས་པར་ནོར་བཅོས་
བྱ་རོགས།
ལུང་ཀྱང་ཀྱང་གིས་སྐྱེ་བ་སྔ་ཕྱི་སུ་ལ་བསྒྲུབ་་གི་ཡོད་ན།
གོང་དུ་གཞོན་ཟླ་ལགས་ཀྱིས་དགེ་ཆོས་ཀྱི་རིགས་པ་ཀོ་བའི་དུམ་བུ་མེར་གཡུག་སྐབས་སྐུམ་ཤེས་པའི་ཕྱིར་ཟེར་བ་སོགས་ཁ་ཤས་གསུངས་འདུག ཕྲན་གྱི་བསམ་པར་བྱ་འགུལ་ཡོད་ཚད་ལ་ཤེས་པའི་ཐ་སྣད་སྦྱར་དགོས་བྱུང་ན་ཧ་ཅང་ཐལ་བར་མི་འགྱུར་རམ་སྙམ་སྟེ། ལག་པའི་་སོར་མོ་རྣམས་ཡར་བསྒྲེངས་ཏེ་ཕར་འདེད་པའི་རྣམ་པས་མར་མེར་ཉེ་བར་གྱུར་པ་ན་མར་མེའི་དཀྱིལ་དེ་ཕར་དཀྱོག་ལྟ་བུར་སྣང་བས། མར་མེ་དེས་ཕར་དཀྱོག་ཤེས་པར་ཐལ་ཞིང་། དེ་བཞིན་དུ་ཆུ་མར་འབབ་ཤེས་ལ་ཡར་འབབ་མི་ཤེས་པ་སོགས་འབྱུང་བ་གཞན་ལ་འདྲ་བས་དེ་དག་ཐམས་ཅད་ལ་ཤེས་པ་ཡོད་པར་མི་ཐལ་་ལམ། རྐྱེན་གཞན་དང་འཕྲད་པའི་སྟོབས་ཀྱིས་བྱ་འགུལ་འབྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་པ་ལས་
དེ་དག་ལ་རང་དེ་ལྟ་བུའི་བྱ་བ་བྱེད་ཤེས་པའི་ཤེས་པ་ཞིག་ཡོད་དགོས་པ་ནི་གཏན་མ་ཡིན་ནོ་སྙམ་མོ། །
ཕྲན་གྱིས་བསམ་པར་རང་བྱུང་ཁམས་ཆེན་པོའི་ཁྲོད་ན་རང་བྱུང་ཆུང་ངུ་་རེར་ཡོད་པས། ང་ཚོ་མིས་དེ་དག་གི་གསང་བ་འགའ་ཤས་ཙམ་ལས་ཤེས་ཐུབ་ཀྱིན་མེད་ལ། དེ་དག་ལ་ང་ཚོས་མ་ཤེས་པའི་གསང་བ་མཐའ་ཡས་
ཤིག་ཡོད་ཆོག་ཅིང་། དེ་བཞིན་ནང་སེམས་ཀྱི་སྐོར་འདི་ཡང་རང་རང་གི་མྱོང་ཚོར་ཞིག་གིས་གྲུབ་པ་ལས་གཞན་གཟུགས་ཅན་གྱི་དངོས་པོ་ལྟར་ཤེས་ཐབས་བྲལ་བ་རེད་སྙམ།
འགྲིག་གི་ཡ། གཅིག་ལས་གཅིག་རིག་པ་ཚ་བོ་དང་སྟོབས་ཅན་རེད། མུ་མཐུད་ནས་ཡིན་ད། རྒན་པོ་ཕྱག་གཉིས་བ་ལ་རྒུམ་ཆང་དམར་རོ་ཤེལ་དམ་གཅིག་ཡོད་ད།
གཞོན་ནུ་ཟླ་མེད་ལ་སྟོད་འགག་སེར་བོ་གཅིག་གྲ་སྒྲིག་བྱས་ཡོད། མིག་བརྒྱད་པའི་སེམས་ཕྱོགས་འདི་གལ་ཆེན་པོ་རེད་བསམ་ཡོད།
ད་ཁྱེད་ཚོས་སྔོན་མའི་རྒྱ་གར་ས་དྷུ་ཁ་ཤས་ཀྱི་ལུང་ཆལ་ཆོལ་རེ་དྲངས་ཁ་བྱས། དེ་ལ་རིགས་པ་ཆུ་ཚགས་ལྟ་བུ་རེས་གསོས་བཏབ་ཏེ་གང་ཞིག་སྒྲུབ་མི་ཐུབ་ཀྱང་སྒྲུབ་ཁུལ་བྱེད་པའི་ངལ་བ་བསྟེན་པ་ནི་སྐུ་ལུས་ཁག་རོགས་རེད། དེ་བས་སངས་རྒྱས་ཀྱི་གསུང་གི་སྙིང་བོ་བཀའ་གསུང་གསེར་ལྟ་བུ་རྣམས་ཏེ། མི་རྟག་དུ་ཁ་སྟོང་བ་བདག་མེད་པ་ཟེར་བ་ལྟ་བུ། ཉེ་ཉོན་ཉི་ཤུ་རྩ་ཉོན་དྲུག་ཟེར་བ་ལྟ་བུ། དེའི་གཉེན་པོ་བསྟེན་ཚུལ། ཉོན་མོངས་ཀྱིས་བསྐྱེད་པའི་སྡུག་བསྔལ། དེ་བྱུང་སྟངས་དང་འགོག་སྟངས། བདེན་འཛིན་དང་ངར་འཛིན་བཤིག་ཐབས། རྣམ་རྟོག་འདྲ་མིན་གྱིས་རང་སེམས་རང་གིས་བཅངས་ཏེ་སྡོད་པའི་སེམས་གུ་དོག་པོ་དེ་ལས་གྲོལ་ཐབས་ལ་སོགས་བཞུ་སྦྱངས་ལན་སྟོང་དུ་བྱས་པའི་གསེར་ས་ལེ་སྦྲམ་གྱི་ཡང་ཞུན་ལྟ་བུའི་བཀའ་གསུང་དང་ཆོས་ཀྱི་སྙིང་པོ་དེ་ཚོ་འཆད་བྱའི་གཙོ་བོར་བཟུང་ན་དེ་ལེགས་པ་འདྲ།
ལོག་སྨྲ་ཚར་གཅོད་ཀྱིས་རང་གིས་རང་ཚར་གཅོད་ཡོད་པ་ལྟོས་ཤིག ད་ལྟ་བླ་རྒན་ལག་པས་ཁྱོགས་ཚད་དུ་གྱུར་པའི་མདུན་གྱི་དམ་བཅའ་བའི་ཀླད་རྩ་ཆོས་ཅན། རྒྱུན་བཅས་མ་ཡིན་པར་ཐལ། དེ་ཁྱོད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ད་་ལྟ་ཁྱོད་ཀྱི་རྒྱུད་ལ་ཡོད་བཞིན་པའི་ཤེས་པ་ཞེས་པའི་ཐ་སྙད་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་ཀླད་རྩ་དེ་ཁྱོད་ཀྱིས་སྐྱག་གཅིན་གཏོང་མི་ཤེས་པའི་བྱིས་པའི་དུས་ནས་བརྒྱུད་ནས་ཡོང་བ་མ་ཡོང་བ་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན་མངོན་སུམ་དང་འགལ། ཁོའི་
འདོད་པ་དེ་མིན། མའི་མངལ་དུ་ཆགས་མ་ཐག་པའི་ཤེས་པ་ལ་རང་གི་རིགས་འདྲ་མ་སྔ་མ་སྔོན་ལ་འགྲོ་མི་དགོས་པར་འདོད་པ་ཡིན་ཟེར་ན། གཡག་ཞར་གྱིས་རྩྭ་ཟ་བ་མཚུངས་པའི་རིགས་པ་འདི་ལྟ་བུ་ཚན་རིག་པས་
ཁས་ལེན་ནམ། མངལ་དུ་ཆགས་མ་ཐག་པའི་བྱིས་པའི་རྣམ་པར་རྟོག་པ་མཐའ་དག་ཆེ་ཤེལ་གྱིས་མཐོང་ཐུབ་པར་ཐལ། དེ་དག་བེམ་གཟུགས་ཀྱི་དབྱིབས་བཀོད་ཙམ་གཞན་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བེམ་གཟུགས་ཀྱི་བཀོད་པ་མཐའ་དག་ཆེ་ཤེལ་གྱིས་མཐོང་ནུས་པ་ཁྱོད་ཀྱིས་འདོད་པའི་ཕྱིར། འདོད་ན། ཀླད་རྩའི་
དབྱིབས་བཀོད་མཐའ་དག་ལ་མཚུངས་པས། ང་ཚོའི་རྣམ་རྟོག་གི་གསལ་བའི་དབྱེ་བ་མཐའ་དག་མཐོང་བར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་ན་དེང་སང་ཚན་རིག་པས་ནང་པའི་སེམས་ཁམས་རིག་པར་དོ་སྣང་དང་ཤེས་འདོད་ཞུགས་པ་དང་འགལ་བར་འགྱུར་ཏེ། ཤེས་ཟིན་པ་ལ་སླར་ཡང་ཤེས་འདོད་ཞུགས་པ་མཁས་པའི་ལུགས་མ་ཡིན་པའི་ཕྱིར།
གཞོན་ནུ་ཟླ་མེད་ཤར་སྒོ་སྲུང་བའི་གྲུབ་ཆེན་པ་ཡིན། མིག་བརྒྱད་པ་ལྷོ་སྒོ་སྲུང་བའི་གྲུབ་ཆེན་པ་ཡིན། དགེ་བསྙེན་རྡོ་རྗེ་ནུབ་སྒོ་སྲུང་བའི་གྲུབ་ཆེན་པ་ཡིན། བྱང་སྒོ་སྲུང་བའི་གྲུབ་ཆེན་པ་སུ་བཟང་ངམ། རྩོད་ལ་དགའ་བ་སུ་ཞིག་འདུག
ང་མུ་སྟེགས་ཐུབ་དཀའ་ནག་པོའི་ཚུལ་དུ་ཁྱེད་ཚོ་ལ་རིགས་པ་ཉམས་སད་པའི་ཆེད་དང་རིགས་པ་གོང་དུ་སྤེལ་ཐབས་དང་རྩོད་པའི་སྦྱོང་བརྡར་སྤྲོད་ཕྱིར་ཡང་དང་ཡང་དུ་སྒོ་རེ་རེར་བསྐོར་ར་བརྒྱབ་ནས་ཡོང་ཆོག ཨ་ལ་རྩེད་མོ་ཡིན། ཚང་མ་གཟིམས་འཇགས་གནང་།
ལུང་གི་རྒྱབ་རྟེན་མེད་པའི་རིགས་འཆལ་དང་།།
རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།
གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།
ལུང་རིགས་གཉིས་མཛོད་མཁའ་ལྡིང་དབང་པོ་མཛོད།།
འཁོར་བ་ལ་ཐོག་མ་མེད་ཅེས་པའི་དོན་ནི། འཁོར་བའི་ཐོག་མ་དེ་རི་བོང་གི་རྭ་དང་འདྲ་པོ་གཏན་ནས་མེད་པ་ཡིན་པར་གསུངས་ག་ལ་ཡིན། དེའི་དོན་ནི་ད་ལྟའི་རང་གི་སྐྱེ་བ་འདི་ནས་ཡར་བརྩིས་པ་ཡིན་ན་སྐྱེ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བླངས་བའི་རྒྱུ་མཚན་གྱིས་ང་ཡི་སྐྱེ་བའི་ཐོག་མ་འདི་ཡིན་ཞེས་དམིགས་སུ་བཀར་ནས་སྟོན་པར་དཀའ་བས་ན་ཐོག་མ་མེད་ཅེས་གསུངས་པ་ཡིན་ནམ་སྙམས། དེ་ལྟར་མ་ཡིན་ན་འཁོར་བའི་ཐོག་མ་དངོས་པོ་མ་ཡིན་པར་གྱུར་བས་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་བྱུང་མ་ཡིན་པར་ཁས་ལེན་དགོས་པའི་ཕྱིར། འཁོར་བའི་ཐོག་མ་དངོས་པོ་ཡིན་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་བྱུང་དགོས་པ་དང་དེ་ལ་ཐོག་མ་ཞིག་ངེས་པར་དུ་ཡོད་དགོས་པར་སེམས། སྤྱིར་འཁོར་བ་ཞེས་བྱ་བ་འདི་ག་འདྲ་ཞིག་ཡིན་མིན་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཁ་ཤས་ཤིག་ཡོད། གསུངས་རབ་ཁག་ནས་བདག་འཛིན་དབང་གིས་སྡུག་བསྔལ་དང་བཅས་ལ་འཁོར་བ་བརྗོད་པ་དང། ཡང་ན་བདག་ཏུ་འཛིན་པའི་བདག་འཛིན་ནམ་ང་དང་ང་ཡི་བར་འཛིན་པ་དེ་ལ་འཁོར་བར་བརྗོད་པ་དང། ཡང་ན་གང་ཟག་གཅིག་གི་སྐྱེ་བ་འམ་ཚེ་ཡུན་གཅིག་མགོ་ཚུགས་པ་ནས་འཁོར་བ་བརྗོད་པ་དང་། ཡང་ན་ཁྱིམ་ཚང་དེ་ཚོ་ལ་འཁོར་བ་བརྗོད་པ་དང། དུས་རྒྱུན་མི་རྣམས་ཀྱིས་འཇིག་རྟེན་འཁོར་བ་ཟེར་དུས་དགེ་འདུན་གྱི་སྡེ་མ་ཡིན་པའི་མི་སྐྱའི་སྡེ་ཚོགས་ལ་འཁོར་བ་བརྗོད་པ་དང། ད་འཁོར་བ་ལ་ཐོག་མེད་ལབ་སའི་འཁོར་བ་དེ་ག་འདྲ་ཞིག་ཡིན་མིན་ངོས་འཛིན་ཡག་པོ་གཅིག་གནང་ནས་གསུངས་དང་། དེ་ནས་ཐོག་མ་ཡོད་དང་མེད་ང་ཚོས་ཤེས་ཡོང་། །
འདི་ན་སྐྱེ་བ་སྔ་ཕྱི་འདོད་མཁན་ཚོས། །
སྔོན་བྱུང་མཁས་པའི་གཞུང་ལ་མ་འཇུས་པར། །
རང་བློས་རྙེད་པའི་གཏན་ཚིགས་ཡང་དག་ཅིག །
ད་དུང་དུ་ཡང་མ་མཇལ་ཡིད་རེ་སྐྱོ། །
མགོན་པོ་ཕྱག་གཉིས་པ་དང་ལོག་སྨྲ་ཚར་གཅོད་པ་གཉིས་ཕེབས་ནས་ངེད་ཅག་གྲུབ་ཆེན་རྣམས་ལ་གསོལ་རས་གྱ་ནོམ་པ་རེ་རེ་སྤྲད་བྱུང་བ། བྱང་སྒོ་སྲུང་བའི་གྲུབ་ཆེན་འདྲེ་ནག་མགོ་དགུ་པ་ཚང་བསྐོ་གཞག་གནང་ན་གང་འདྲ་འདུག ། དགེའོ། དགེའོ། ཆོས་ཀྱི་དབྱིངས་ལ་ཟད་པ་མེད་དོ། །
རྗེ་ཙོང་ཁ་པས།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།བསམ་པ་ངན་ན་ས་དང་ལམ་ཡང་ངན།།ཐམས་ཅད་བསམ་པ་དག་ལ་རག་ལས་པས།།བསམ་པ་བཟང་ངན་དག་ལ་བརྟག་དཔྱད་འཚལ།།
ཞེས་པ་འདི་ནི་སྐྱེ་བ་ཕྱི་མ་སྒྲུབ་བྱེད་ཀྱི་རིགས་པ་ཡག་ཤོས་དེ་རེད། ཚེ་འདིའི་དབང་དུ་བྱས་ན་ཡང་བསམ་པ་བཟང་ངན་ལས་བྱ་བ་བཟང་ངན་འབྱུང་བ་ནི་འོས་མེད་ཀྱི་རིགས་པས་འགྲུབ་པ་ལྟར་སེམས་མེད་བེམ་པོ་གློག་རྡུལ་དང་རྫས་རྡུལ་ནས་བརྩམས་པ་ཡིན་མི་དགོས། །སྐབས་རེར་ཁ་གསངས་པོར་མེད་ཀྱང་ཆང་གིས་ར་བཟིས་བའི་སྐབས་ཁ་ནས་ལྷུག་ལྷུག་ཏུ་འོང་བ་ལྟ་བུ་སེམས་ཕུལ་བྱུང་ནི་ལུས་ཕུལ་བྱུང་ལ་ལྟོས་མེད་མ་ཡིན་ཡང་རྟེན་ལ་གནོད་པས་བརྟེན་པ་ལ་གནོད་པ་འོང་བས་འབྱུང་བའི་ལུས་དང་འབྲེལ་ནས་སེམས་ལ་ཕན་གནོད་ཡོང་པ་མྱོང་བས་ཤེས་གསལ་རེད། འདུས་བྱས་ལ་གཞན་དབང་ཟེར་བ་ལྟར་རྒྱུ་རྐྱེན་གྱིས་གཞན་དབང་དུ་འགྱུར་ཡང་ངོ་བོ་གཞན་དབང་དུ་མི་འགྱུར་བ་ཡང་ཡོད་པས་ར་བཟི་སངས་པའི་སྐབས་རྒྱུན་ལྡན་དང་འདྲ་བའི་སེམས་སླར་སོར་ཆུད་པ་ལྟ་བུ་རེད། གློ་བུར་ཆགས་སྡང་སོགས་ཀྱི་དབང་གིས་སེམས་ལ་འགྱུར་བ་ཐེབས་ཡང་སེམས་ནི་སེམས་མ་ཡིན་པ་ཞིག་ལ་འགྱུར་བ་ཐེབས་མི་སྲིད།
ལོག་སྨྲ་ཚར་གཅོད་ཀྱི་གསུང་ལ་སྣང་མེད་དུ་མ་འཇོག་པར་དཔྱད་པ་གནང་རོགས། ཁོང་གིས་གསུངས་པ་ལ་ཡང་བདེན་པའི་ཆ་ཤས་ཤིག་མཐོང་གི་མི་འདུག་གམ། དཔེར་ན་ཚེ་འདི་ལ་ནུ་ཞོ་འཚོལ་ཞིང་འཐུང་ཤེས་པ་དེ་ཚེ་སྔ་མར་གོམས་པའི་བག་ཆགས་ཀྱིས་ཡིན་ལབ་ན། ཚེ་འདི་ལ་བེའུ་ལྟ་བུ་ཞིག་ལ་ལུས་བླངས་པ་དེའི་ཚེ་སྔ་མ་སྐྱེ་བ་ལྔ་བརྒྱའི་རིང་བྱ་ཡི་ལུས་ལ་སྐྱེ་བ་བླངས་ཡོད་ན། བེའུ་དེ་ཡིས་མའི་ནུ་ཞོ་འཚོལ་མི་ཤེས་ཤིང་དེའི་ཚབ་ཏུ་བྱིའུ་ལྟ་བུ་མའི་འོག་ཏུ་འཛུལ་ནས་སྡོད་དགོས་པར་འགྱུར་ཀྱང་། བེའུས་དེ་འདྲ་ཞིག་བྱེད་སྲིད་དམ་སྙམ། ཡང་བྱིའུ་རྣམས་ཀྱིས་ནི་ཆུང་དུས་ནས་སྐད་རྒྱབ་ཅིང་ཁ་གདངས་པར་བྱེད་ལ། བེའུ་ཡིས་ནི་དེ་འདྲ་མི་བྱེད། དེ་འདྲ་ཡིན་ཙང་དེ་འདྲ་བྱེད་ཤེས་པ་ནི་རང་གི་རིགས་ཀྱིས་ཡིན་པ་ལས་ཚེ་སྔ་མའི་བག་ཆགས་ལ་འགྲོ་ས་མི་འདུག་བསམ་བསམ་ཅིག་མཐོང་གི་འདུག། མཁས་པའི་དབང་འདྲེ་ནག་དང་མགོན་ཕྱག་མིག་བརྒྱ་དང་གཞོན་ནུ་སོགས་ཀྱིས་བྱས་ན་གང་འདྲས་རེད། དེའི་སྐོར་ཞིག་གསུངས་དང་། དངོས་ནས་ཉན་འདོད་ཆེ། ལྟ་འདོད་ཆེ།
མགོན་པོ་ཕྱག་གཉིས་པ་ལེགས།
བཀའ་བསྟན་གསུང་འབུམ་དག་ན་གསལ་བའི་ཤེས་བྱ་དེ་རྣམས་བོད་ཀྱི་མི་རབས་མང་པོ་ནས་བསགས་པའི་ཁྱད་ནོར་ཛམ་གླིང་ན་ཁྱད་པར་དུ་འཔགས་པ་ཞིག་ཡིན། དེ་ཁོ་ནས་བོད་དང་བོད་ལ་བརྟེན་པའི་སྐྱེ་བོ་རྣམས་ཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་པ་ཞེས་ཡ་རབས་ཤིག་ཏུ་རྩི། ཤེས་བྱ་དེ་རྣམས་སླ་བའི་སྒོ་ནས་ཤེས་པ་ལ་བོད་སྐད་མི་ཉམས་པ་དགོས་པ་གལ་ཆེ། ཡུལ་གང་དང་གང་གི་སྐད་དེ་ལེགས་པ་ཞིག་ཡོད་ན། སྐད་དེ་ཡིས་བསྟན་པའི་ཤེས་བྱ་ཀུན་སླ་བས་ཤེས་ཐུབ། དོན་འདི་མཐོང་ནས། བློ་ལྡན་ཚང་མས་བོད་སྤྱིའི་སྐད་དེ་སྲུང་དགོས་པ་ཡིན། སྒྲ་ཡང་དག་པ་ཞིག་ཡོད་པ་དེ་བཤིགས་ཏེ། ཡར་རྒྱས་ཀྱི་སྒྲ་ཞིག་བཟོ་བསྐྲུན་མི་ཐུབ། དིང་སང་གི་ནུབ་ཕྱོགས་པའི་ཡུལ་དག་ཏུ་ཚན་རིག་གིས་དངོས་པོ་གསར་གཏོད་ཅིག་འབྱུང་བ་ན། ནུབ་ཕྱོགས་ཀྱི་སློབ་བྱང་ཡོད་པ་ཡོངས་ཀྱིས་གོ་བའི་ཆེད་དུ། གི་རིཀ་དང་ལ་ཊིན་སྐད་རྙིང་དག་ལ་བརྟེན་ནས་བཟོ་བ་ཐོས། དེ་བཞི་རྒྱ་གར་པས་ཀྱང་ལེགས་སྦྱར་གྱི་སྒྲ་བཀོལ། དོན་འདི་དང་མཐུན་པར་ཆོས་རྗེ་ས་པཎ་གྱིས། ཡི་གེ་སྦྱོར་བ་ན།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
ཞེས་གསུངས།
བོད་མིང་མཇུག་ཏུ་ཞེ་སའི་ཕྱིར་དུ་ལེགས་ཞེས་པ་བཀོད་པ་ལ་བཟང་པོ་ཞེས་པའི་གོ་བ་ཡོད། དེ་ཉིད་ཟུར་ཆག་ཏུ་གྱུར་ཏེ། ཁྱེད་ཅག་གིས་ད་ལ། ལགས། ཞེས་བཀོལ་ཀྱང་། ལགས་ལ་ཡོད་པའི་དོན་མ་གཏོགས། ལེགས་པའམ་བཟང་པོའི་དོན་མེད་པས། བོད་ཀྱི་སྒྲ་ཤེས་པ་དག་གིས་མིང་གི་མཇུག་གི་ལགས་ཞེས་པ། ལ་དྭགས་སོགས་བོད་མཐའ་མཚམས་ཀྱི་སྐྱེ་བོ་དག་གིས་སྒྲ་ཟུར་ཆག་མ་ཡིན་པར་ལེགས་ཞེས་འདོན་ཅིང་འབྲི་བ་བཞིན་དུ་ལེགས་བཅོས་འོང་བ་གདོན་མི་ཟ། དཔེར་ན། རྒྱ་གར་སོགས་ཀྱི་གྲོང་ཁྱེར་མང་པོ་ལོ་བརྒྱ་ཕྲག་ཡུན་དུ་ཟུར་ཆག་པ་འདོན་ཅིང་འབྲི་བ་སླར་གསོ་བ་ལྟ་བུ་ལགས།
ལོ་ཙ་པ། ཞེས་པ་ལ་ལོ་ཙཱ་བ་སོགས་མ་དག་རྒྱུན་འབྱམས་སུ་སོང་སྟེ། གཅིག་གིས་ནོར་པ་དེ་རང་འདྲ་བཤུས་བྱེད་པ་མ་གཏོགས་མཁས་པ་སྒྲའི་འགྲོ་སྟངས་ཤེས་པ་དགེ་འདུན་ཆོས་འཕེལ་མ་གཏོགས་ད་བར་དུ་སྒྲ་རིག་པ་མཁས་པའི་གཟིགས་རྟོག་མཛད་པ་བྱུང་མེད་པར་མཐོང་། དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་དེབ་གསུམ་ཡོད་པ་ལ་གོང་གསལ་མ་དག་པའི་ཤན་ཞུགས། མཁས་པ་དེ་ཉིད་ཀྱི་དགོངས་པ་སྒྲའི་འགྲོ་སྟངས་ཀྱི་དོན་དང་མཐུན་པ་དངོས་དེ། གོང་དུ་ཁོ་བོས་དྲངས་པའི་ཚིགས་བཅད་ན་གསལ།
ཚིགས་བཅད་དེ། ཆོས་ཀྱི་ཚིགས་སུ་བཅད་པ། ༡༩༤༥ ལོར་རྒྱ་གར་མ་ཧཱ་བོ་དྷིས་སྤར་པའི་མཇུག་བྱང་མཆིས། ཆོས་ཀྱི་ཚིགས་སུ་བཅད་པ་དེ། སྤར་འདེབས་བྱེད་པ་ལ་དེ་དུས་རྒྱ་གར་སྒོར་ཆིག་སྟོང་གི་འགྲོ་སོང་ནི། ཆེས་མང་པོར་མཐོང་། ཡིག་ནོར་དག་སུ་དང་སུས་གསུང་བ་ལ་བདག་གི་བློ་གྲོས་ལ་ཕན་པས་གུས་འདུད་ཞུ་འོས་སོ།།
འཁོར་བ་ལ་ཐོག་མ་མེད་པའི་ཚུལ་ནི། གོང་དུ་མགོན་ཕྱག་གི་འཁོར་བ་བྱེ་བྲག་པའི་མཐའ་མ་ཡོད་པར་བདེན་བཞི་ལ་སྦྱར་ནས་བཤད་ཟིན་པའི་དཔེ་དེ་ག་རང་གི་སྟེང་ནས། ཡང་བསྐྱར་ཐོག་མ་མེད་པ་བཙལ་བར་བྱ། ཐོག་མ་མེད་ཚུལ་ནི་མགོན་ཕྱག་གི་འཆི་བ་ནི་རྒས་བ་ལས་བྱུང་། རྒས་པ་ནི་སྐྱེས་པ་ལས་བྱུང་། སྐྱེས་པ་ནི་སྲིད་པ་ལས་བྱུང་། སྲིད་པ་ནི་ལེན་པ་ལས་བྱུང་། ལེན་པ་ནི་སྲེད་པ་ལས་བྱུང་། སྲེད་པ་ནི་ཚོར་བ་ལས་བྱུང་། ཚོར་བ་ནི་རེག་པ་ལས་བྱུང་། རེག་པ་ནི་སྐྱེ་མཆེད་ལས་བྱུང་། སྐྱེ་མཆེད་ནི་མིང་གཟུགས་ལས་བྱུང་། མིང་གཟུགས་ནི་རྒྱུ་འབྲས་དུས་གཉིས་ཀྱི་རྣམ་ཤེས་ལས་བྱུང་། རྣམ་ཤེས་ནི་འདུ་བྱེད་ཀྱི་ལས་ལས་བྱུང་། འདུ་བྱེད་ཀྱི་ལས་ནི་ཐོག་མའི་མ་རིག་པ་ལས་བྱུང་བ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་བ་ཡིན་ནོ། འོ་ན་དེ་ལྟར་འཁོར་བར་འཁོར་ན་འཁོར་བ་དེའི་ཐོག་མའི་མཐའ་གང་རེད་ཟེར་ན། ཤིང་རྟའི་འཁོར་ལོ་ཞིག་མདུན་དུ་བཞག་ནས་འཁོར་ལོ་དེའི་མཐའ་རྙེད་སོང་ན་ད་བཟོད་འཁོར་བའི་ཐོག་མའི་མཐའ་རྙེད་རྒྱུ་རེད། དེ་མ་རྙེད་བར་དུ་འཁོར་བའི་མཐའ་རྙེད་ཀྱི་མ་རེད། རྒྱུ་མཚན་འཁོར་ལོའི་ནི་མགོ་སྔ་མེད་པའི་གོར་གོར་གྱི་དངོས་པོ་ཞིག་ཡིན་པའི་རྒྱུ་མཚན་རེད། ནམ་ཞིག་ན་འཁོར་ལོ་དེ་བཅགས་ནས་དུམ་བུར་གཏོར་བའི་ཚེ་ན་མཐའ་མ་རྙེད་པ་རེད་མ་གཏོགས་ཐོག་མ་རྙེད་ཀྱི་མ་རེད།
ཡ་འོ་ན་རྒྱུན་ཆད་ཚར་བའི་སྲོག་ཆགས་དེ་ཚོའི་སྐྱེ་བ་ལེན་བྱེད་གི་རྒྱུ་བསགས་མཁན་གཅིག་ཀྱང་བྱུང་ཡོད་ས་མ་རེད་ད། དུས་ནམ་ཞིག་ན་དམྱལ་བའི་སེམས་ཅན་སྐྱེད་བྱེད་གི་རྒྱུ་བསག་མཁན་ཡང་ཟད་འགྲོ་ས་རེད་ ད་ནས་བཟུང་ ང་ཚོ་ཡང་དམྱལ་བ་སྐྱེ་བའི་དོགས་པའམ་སེམས་ཁུལ་མི་དགོས་ཐག་ཆོད་རེད་འདུག
སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར།།ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་།།ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང་།།དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས།།ཞེས་བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར་རང་གི་ངང་གིས་ཤེས་པའི་རིགས་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་བར་བྱ་བ་ཡིན་པ་ནི་མདོ་སྡེ་ལང་ཀར་གཤེགས་པ་དང་། ཚངས་པའི་དྲ་བའི་མདོ། རིགས་ཚོགས་དྲུག །ས་སྡེ། དུས་འཁོར་རྒྱུད་འགྲེལ། དབུ་མ་རྒྱན། དབུ་མ་སྙིང་པོ་རྩ་འགྲེལ། འཇུག་པ་རྩ་འགྲེལ། ཚད་མ་སྡེ་བདུན། ཚད་ཆེན་རྩ་འགྲེལ་སོགས་བཀའ་དང་དགོངས་འགྲེལ་མང་པོ་དང་། བོད་ཀྱི་ས་དགེ་ས་རྙིང་རིས་སུ་མ་མཆིས་པས་རིགས་ལམ་གྱི་འཕྲུལ་བསྟན་ཡོད་པས་གཞུང་དེ་རྣམས་སུ་བལྟ་དགོས་ཀྱི། འདིར་ནི་མཛུབ་མོས་ཕྱོགས་སྟོན་གྱི་དཔེ་མཚོན་ཙམ་ཡིན། གཡུ་འབྲུག་དཀར་པོ་ལགས། གཡུང་དྲུང་བོན་གཞུང་ལས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་ཚུལ་འདྲ་གསུང་རྒྱུ་ཡོད་ན་གསུང་རོགས་ཞུ།
དོམ་ཁྲ་ལགས། སྐུ་ཉིད་ཀྱི་དྲི་བ། འབྱུང་རྔུབ་དབང་པོ་བློ་དང་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུངས་པའི་དབང་པོ་ཞེས་པ་དེ་གང་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཅེས་པ་ལ་བྱིས་པ་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་དང་དབང་པོ་དྭངས་པ་བློའི་གཡེར་བག་ལ་སོགས་པ་རང་གི་རིགས་འདྲ་སྔ་མ་ལ་ལྟོས་མེད་ཅན་མ་ཡིན་པར་རང་གི་རིགས་འདྲ་སྔ་མ་ལས་སྐྱེས་པའི་ཕྱིར། འབྱུང་བའི་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན་འབྱུང་བ་ཀུན་སྲོག་ཆགས་སུ་ཐལ་བའི་ཕྱིར། རྩ་བར། ཧ་ཅང་ཐལ་ཕྱིར། ཞེས་པའི་དོན་ནོ། །རྩ་བར། མཚམས་སྦྱོར་བར། ནུས་ལྡན་མཐོང་བ་གང་དེ་ལ།།ཞེས་སྐྱེས་མ་ཐག་པའི་རིག་པ་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མར་མཚམས་སྦྱོར་བའི་ནུས་པ་དང་ལྡན་པ་མཐོང་བ་དེ་ལ་རྒྱུ་ལྷག་པོ་འབྱུང་རྡུལ་སོགས་ཅི་ཞིག་ཡོད་ཀྱང་མི་དགོས་པ་བསྟན་པ་རེད། འབའ་ཞིག་ཞེས་པ་ཡིད་བློ་འབྱུང་བ་ལས་མི་སྐྱེ་བ་ཁོ་ན་མ་ཡིན་པར་དྲོད་གཤེར་སྐྱེས་སོགས་ཡོད་པའི་ཕྱིར། རིག་པ་སྔ་ཕྱི་མཚམས་སྦྱོར་བའི་ནུས་པ་འབྱུང་རྡུལ་སོགས་ལ་མེད་པས་ངེས་པར་རང་གི་རིགས་འདྲ་སྔ་མ་ལ་ལྟོས་དགོས་པ་རེད། སྤྱིར་ན་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བཞི་ཡོད་ཀྱང་འབྱུང་བའི་ཆ་དེ་དག་རྣམ་ཤེས་ཀྱི་ངོ་བོར་འགྲོ་བ་གཏན་མི་སྲིད་པའི་ཕྱིར། ཚན་རིག་པས་ཕྱི་རོལ་གྱི་རླུང་ཁམས་ནས་དབུགས་འབྱུང་རྔུབ་བྱེད་པར་བཤད་ཀྱང་སྐབས་འདིར་དེ་ཙམ་ལ་མི་བྱེད་པར་རང་གི་རིགས་འདྲ་སྔ་མ་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་གིས་རྐྱེན་བྱས་ནས་མངལ་དུ་འབྱུང་བཞིའི་བདག་ཉིད་ཀྱི་ལུས་རགས་པ་གྲུབ་པ་ནས་མ་ཤི་བའི་བར་ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་པའི་རླུང་ཕྲ་བ་ཞིག་འཇོག་གི་ཡོད་པ་འདྲ།
རྒན་འཇམ་དཔལ་ལགས།
ཆོས་ཀྱི་ཚིགས་སུ་བཅད་པ་དེ། སྤར་འདེབས་བྱེད་པ་ལ་་་་་
ཞེས་པ་འདི།
ཆོས་ཀྱི་ཚིགས་སུ་བཅད་པ་དེ། ༼སྤར་༽པར་འདེབས་བྱེད་པ་ལ་་་་
ཞེས་འབྲི་དགོས་སམ། མི་དགོས་ཞེས་གུས་དུད་བཅས་འབྲི་བ་ལགས།
དྲ་གྲོགས་དགེ་བཤེས་སྤྱན་བརྒྱད་པ་འདི་ཕྱག་དཔེ་གཟིགས་རྒྱ་ཆེན་པོ་འདུག་པ་ལ་རྗེས་སུ་ཡི་རང་ཡོད་ལགས།
རྫས་རྡུལ་དང་གློག་རྡུལ་ལ་ཁྱད་པར་གང་ཡོད་དམ། ཡང་བགོད་བྲོ་བའི་དཀོན་མཆོག་གི་རྡུལ་ཡང་ཡོད་ཟེར།
སྐྱེ་བ་སྔ་ཕྱི་ཡོད་མེད་ལ། །
ཐེ་ཚོམ་ཟ་བ་རྒྱུན་ལྡན་རེད། །
མགོན་ཕྱག་ཐུབ་དཀའི་ཡང་སྤྲུལ་དེ། །
ཚར་གཅོད་བྱེད་མིན་ཐེ་ཚོམ་མེད། །
ཧ་ཧ་ཀུར་ཡིན་ནོ་ཀྱེ། །
གོང་དུ་ཁྱེད་ཚོས་བགྲོ་གླེང་ལྷུག་པོར་གནང་འདུག་པར་ཡི་རངས་ཡོད། འོན་ཀྱང་ཟིན་བྲིས་བདག་པོ་མིག་བརྒྱད་པ་ཁོང་ལ་མིག་མང་བས་མཐོང་རྒྱུ་མང་ཡང། གནད་ལ་ཕུག་པའི་དོན་ཞིག་རང་ངོས་ནས་བསྟན་རྒྱུ་མི་འདུག ང་ནི་ལུང་མང་པོ་ལ་མི་སྐྲག་ལ་གཏམ་རྫིག་པོ་ལ་མི་བརྩི་མཁན་ཞིག་ཡིན། དོན་དངོས་དང་མཐུན་པ་གང་ཡིན་དེའི་རྗེས་སུ་འཇུག་མཁན་ཞིག་དང་རང་སྟོབས་ཀྱིས་དངོས་པོའི་གནས་སྟངས་འཚོལ་ཞིབ་བྱེད་མཁན་ཞིག་ཡིན། ཁྱེད་ཚོས་ཡིད་ཆེས་དང་གསུང་རབས་མིའི་ཁ་ལ་ཀྱང་ཀྱང་བལྟས་པ་རེད། ང་ནི་གསུང་རབས་དང་མི་ཁ་ལ་མི་བལྟ་བ་སྐྱེ་ལྡན་གྱི་དངོས་པོ་རང་གི་གནས་སྟངས་ལ་བལྟས་ནས་ཞིབ་འཇུག་ལོ་ཉེར་དྲུག་ཙམ་བྱས་པ་ཡིན། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་འཕགས་བོད་པཎ་གྲུབ་ཚོས་གསུངས་པའི་རིགས་པ་རྣམས་ནི་ཚོད་དཔག་ཁོ་ན་ལས་དོན་དངོས་དང་མི་མཐུན་པ་མང་པོ་ཡོད་པ་གསལ་པོ་ཡིན། དཔེར་ན། མཛོད་གནས་གསུམ་པས་འཇིག་རྟེན་ཆགས་འཇིགས་དང་དབྱིབས་ཀྱི་བཀོད་པ་བཤད་པ་བཞིན་རེད། དཔལ་ལྡན་ཆོས་གྲགས་སླར་ཡང་ཕཻབས་ནས་བཟོ་བཅོས་རྒྱག་དགོས་པ་མང་པོ་འདུག ང་ཚོས་གསུང་རབས་འདི་དག་ལ་འཇུས་ནས་ཚད་ལྡན་ཡིན་ཟེར་ནས་སྣང་བ་དག་སྟེ་བསྡད་ན་ཁུངས་འཁྱོལ་ཐབས་མི་འདུག ངོ་མ་ཡིན། ང་ནི་འདིའི་སྐོར་སེམས་འཕྲལ་ཆེན་པོ་བྱེད་ཀྱི་ཡོད། དྲང་པོར་བཤད་ན་སྐྱེ་དངོས་རྩི་ཤིང་དང་སྲོག་ཆག་ཚང་མ་ལ་ཚེ་སྔ་ཕྱི་མེད་ཐག་ཆོད་རེད། རྒྱུ་ལས་འབྲས་བུ་དང་བྱ་བ་བྱས་པའི་འབྲས་བུ་ཙམ་ཡོད་ལ་བདག་འཛིན་གྱིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐུལ། དེ་ལས་ཉན་རྨོངས། དེས་ཀུན་སློང་གིས་བྱ་བ་བཟང་ངན་བྱེད་པ་ནི་རང་གིས་མྱོང་ཐོག་ནས་ཤེས་ཐུབ་ཀྱང་བྱ་བ་བཟང་ངན་བྱས་པའི་འབྲས་བུ་ཚེ་ཕྱི་མར་སྨིན་པ་བཤད་པ་ནི་ཧ་ཅང་གི་ལོག་བཤད་ཅིག་ཡིན་ཏེ། རང་གི་ད་ལྟའི་ཚོར་བ་བདེ་སྡུག་དང་ཕུང་པོ་རྣམས་དང། ཚེ་སྔ་མའི་ལས་ངག་གི་བྱ་བ་བཟང་ངན་གྱི་དབར་འབྲེལ་བ་དམ་ཟབ་ཡོད་པར་སུས་ཀྱང་བསྒྲུབ་མི་ཐུབ་པས་དེ་འདྲའི་ལས་འབྲས་ཀྱང་མེད་པ་གཏན་ནས་ཐག་གཅོད་ཐུབ། དཔེར་ན། ཁོར་ཡུག་དང་ཆ་རྐྱེན་ཚང་མ་གཅིག་པ་ཡིན་པའི་མི་གཉིས་མཉམ་དུ་གནས་ཤིག་ན་བསྡད་སྐབས་རི་མགོ་ནས་རྡོ་ཞིག་མར་ཟག་ཡོང་ནས་གཅིག་གི་མགོ་ལ་ཕོག་ནས་ཤི་བ་དང་གཅིག་ལ་ཅི་ཡང་མ་གནོད་པ་ཞིག་བྱུང་ན་དེ་ལ་ནང་པ་ཚང་མས་ཚེ་སྔ་མའི་ལས་རེད་ཟེར་ཀྱང་ཡིན། གོང་གི་མི་དེ་གཉིས་མི་མིན་པ་ཤིང་སྡོང་གཉིས་ཡིན་ན་ཤིང་སྡོང་ལ་ཚེ་སྔ་མ་མེད་པས་གཅིག་གེགས་ཆག་དང་གཅིག་ལ་སྐྱོན་མེད་པ་ལྷག་ནས་ཡོད་པས་དེ་གཉིས་ལ་ལས་ཀྱི་རྣམ་སྨིན་བཤད་ས་མེད་པས་འགྲེལ་བཤད་ཅི་ཡོད། དེ་གཉིས་ལ་ལས་འབྲས་མིན་པ་དང་གང་ཟག་ཐོག་ལ་སླེབས་དུས་ཚེ་སྔ་མའི་ལས་ཡིན་པ་སུས་ཁྲེལ་བསྐོས་པ་རེད་དམ། མི་ལ་བྱུང་ན་འདྲ་ལྗོན་ཤིང་ལ་བྱུང་ན་འདྲ་དོན་དངོས་ནི་དེ་དག་ཚང་མ་གློ་བུར་ལྟོས་དབང་གིས་རྒྱུ་རྐྱེན་གཅིག་པུ་ལས་བྱུང་བ་ཡིན་གྱི་ཚེ་སྔ་མའི་ལས་དང་འབྲེལ་བ་གང་ཡང་མེད། ཁྱེད་ཚོས་ཨེ་ཤེས། སྐྱེ་ལྡན་གྱི་དངོས་པོ་ཐ་དག་སྐྱེས་པའི་དགོས་དམིགས་ངོ་མ་ནི་རང་རང་གི་རིགས་རྒྱུད་རྒྱུན་གནས་བྱེད་རྒྱུ་འདི་ཁོ་ན་ངེས་པ་ཡིན། རང་གི་རིགས་རྒྱུད་སྤེལ་བ་ལ་རང་ཉིད་འཚོ་གནས་དགོས་ཤིང་དེ་ལའང་མཐུན་རྐྱེན་ཟས་ལ་བསྟེན་དགོས་པ་དང་འགལ་རྐྱེན་དགྲ་ལ་འགོག་སྲུང་བཅས་བྱེད་དགོས་པ་ཡིན་དུས། སྲོག་ཆག་རྩི་ཤིང་ཚང་མར་རང་ཆོས་སུ་ཡོད་པ། རིགས་རྒྱུད་སྤེལ་རྒྱུ། འཚོ་གནས་ཀྱི་ཟས་ཚོལ་རྒྱུ། དགྲ་ཡིས་ཉཻན་ཁ་སྲུང་རྒྱུྲ་གསུམ་པོ་འདི་རང་རེད། གསུམ་པོ་འདི་ནས་གཅིག་མེད་ན་རྒྱུན་གནས་ཐུབ་ཐབས་མེད། དཔེར་ན། ཚེར་མ་ལྗོན་པ་གཅིག་ལ་ཆ་མཚོན་ན། འཚོ་གནས་ཀྱི་ཆེད་ཆུ་དང་ལུད་རླུང་སོགས་སྤྱོད་ཀྱི་ཡོད། རིགས་རྒྱུ་སྤེལ་ཆེད་མེ་ཏོག་དང་འབྲས་བུ་ས་བོན་སྐྲུན་བཞིན་ཡོད། དགྲ་ལ་འགོག་རྒོལ་དང་རང་ལ་ཉེན་སྲུང་གི་ཆེད་ཚེར་མ་རྣོན་པོ་ངོམས་ཀྱི་ཡོད། འགོག་སྲུང་ཆེད་རང་རང་གི་ལག་ཆ་སྲོག་ཆག་སོ་སོར་མི་འདྲ་བ་ཡོད་དེ། ལ་ལར་མཆེ་བ། ལ་ལར་སྡེར་མོ། ལ་ལར་རྭ་ཅོ། ལ་ལར་རྒྱུགས་རྩལ། ལ་ལར་དུག་ཀྱང་ཡོད། འོན་ཀྱང་དེ་དག་ཚང་མ་དཀོན་མཆོག་གིས་བཟོས་པ་མིན་ལ། ལས་འབྲས་ཀྱིས་བྱས་པ་ནི་དེ་བས་མིན། དེ་དག་ནི་སྐྱེ་ལྡན་གྱི་དངོས་པོ་ཡི་རང་གཤིས་འབའ་ཞིག་ཡིན། བྱས་ཙ་ན་ཚེ་སྔ་ཕྱི་དང་ལས་ཀྱི་རྣམ་སྨིན་ཟེར་བ་སོགས་ནི་མི་ལྡན་པའི་གཏམ་ཁོ་ན་རེད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་ཐུབ་ན་གསལ་དུ་གསལ་དུ་འགྲོ་ཐུབ།
དྲྭ་གྲོགས་མིག་བརྒྱད་པ་ལགས་སྐུ་ཁམས་བཟང་། ཚད་མ་རྣམ་འགྲེལ་གཞི་བྱས་པའི་སྐྱེ་བོ་གང་ལ་ལ་ཞིག་སྲོག་འགག་མ་ཐག་པའི་ཤི་བའི་དུས་ཀྱི་སྐད་གཅིག་དང་པོ་དེའི་དབང་པོ་ལྔ་པོའི་རྒྱུ་སྲོག་མ་འགག་པའི་སྐད་གཅིག་མཐའ་མའི་དབང་པོ་ལྔ་པོ་དེ་ཡིན་ནམ། གལ་སྲིད་དེ་ཡིན་ན་དེ་འདྲ་བའི་དབང་པོ་ལྔ་པོ་དེ་གང་འདྲ་ཞིག་ཡིན་པ་དང་དེ་ལུས་ཀྱི་སྟོད་སྨད་གང་དུ་གནས་ཡོད་མེད་དང་དེ་བེམ་ཤེས་གང་གི་ངོ་བོར་གནས་ཡོད་མེད་གསལ་པོ་ཞིག་གསུང་རོགས་གནང་དང་ང་འདྲ་བའི་བློ་གྲོས་མི་ལྡན་པའི་གང་ཟག་དུ་མ་ཞིག་ལ་ཕན་ཐོག་ཡོད་ངེས་ལགས་སོ།།
ང་ལ་མཆན་འགོད་རྒྱུའི་གོ་སྐབས་ཙམ་ལས་ཟིན་བྲིས་ནང་འཛཱུལ ཐུབ་ཀྱི་མི་འདུག་པས་ཁྱེད་ཚོས་སུས་ངའི་གོང་གི་བསམ་ཚུལ་དེ་ཁ་བརྡའི་ཟིན་བྲིས་སུ་འགོད་རོགས་བྱེད་ན་འགོག་རོགས་དང་དེ་ལ་གདན་སའི་དགེ་བཤེས་ཚོ་དང་བཤད་གྲ་ཁག་གི་མཁན་པོ་དེ་བཞིན་བོད་ཀྱི་མཁས་པ་ཚོས་དགག་པ་ཅི་འདྲ་ཐོན་གྱི་ཡོད་ན་དེ་ལ་གསལ་བཤད་སྟེང་ཟབ་ཏུ་གཏོང་ཆོག
ལོག་སྨྲ་ཚར་གཅོད་ལགས། ལུང་དེ་དག་སྒོར་མོ་ཡིན་རྒྱུ་ན་ཁྱོད་ཀྱིས་དངབོ་ནས་བདག་པོ་བརྒྱབ་ནས་ང་ལ་སྐལ་བ་ཞིག་རག་ཡོད་རྒྱུ་མ་རེད། རིགས་པ་ག་ཚོད་བཏང་ཡང་ལ་དེ་ལ་ལན་གཅིག་ཀྱང་བརྒྱག་མི་དགོས་པར། ང་ནི་རང་སྟོབས་ཀྱིས་དངོས་པོའི་གནས་ལུགས་འཚོལ་བ་ཡིནཞེས་གྲངས་ཀ་མང་བོ་བསགས་ན་དེ་ལྟར་འགྱུར་འགྲོ་བཞིན་ཡོད་རེད་དམ། ཡ་མཚན་རེད།
་་་་། ང་ནི་གསུང་རབས་དང་མི་ཁ་ལ་མི་བལྟ་བ་སྐྱེ་ལྡན་གྱི་དངོས་པོ་རང་གི་གནས་སྟངས་ལ་བལྟས་ནས་ཞིབ་འཇུག་ལོ་ཉེར་དྲུག་ཙམ་བྱས་པ་ཡིན། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་འཕགས་བོད་པཎ་གྲུབ་ཚོས་གསུངས་པའི་རིགས་པ་རྣམས་ནི་ཚོད་དཔག་ཁོ་ན་ལས་དོན་དངོས་དང་མི་མཐུན་པ་མང་པོ་ཡོད་པ་གསལ་པོ་ཡིན། དཔེར་ན། མཛོད་གནས་གསུམ་པས་འཇིག་རྟེན་ཆགས་འཇིགས་དང་དབྱིབས་ཀྱི་བཀོད་པ་བཤད་པ་བཞིན་རེད། དཔལ་ལྡན་ཆོས་གྲགས་སླར་ཡང་ཕཻབས་ནས་བཟོ་བཅོས་རྒྱག་དགོས་པ་མང་པོ་འདུག ང་ཚོས་གསུང་རབས་འདི་དག་ལ་འཇུས་ནས་ཚད་ལྡན་ཡིན་ཟེར་ནས་སྣང་བ་དག་སྟེ་བསྡད་ན་ཁུངས་འཁྱོལ་ཐབས་མི་འདུག ངོ་མ་ཡིན། ང་ནི་འདིའི་སྐོར་སེམས་འཕྲལ་ཆེན་པོ་བྱེད་ཀྱི་ཡོད། ་་་་ ཟེར་མཁན་ལོག་པར་སྨྲ་བའི་ས་ལ་མ་སྡོད་པར་ཚར་གཅོད་ཡེ་རལ་གྲི་ད་དུང་བརྡར་དགོས་པ་མི་འདུག་གམ།
སྐྱེས་གནས་བཞི་ཡོད་པས་སྒོ་ནས་སེམས་ཀྱི་རྫས་རྒྱུན་ལ་ཐོག་མཐའ་མེད་སྟངས་ཅིག་འོང་མི་སྲིད་པ་མིན་པས་་་
སྐྱེ་བ་སྡ་ཕྱི་ཡོད་པར་སྒྲུབ་པ་ལ་རིགས་པའི་རྩ་བ་འགའ་ཞིག་དཔལ་ཆོས་ཀྱི་གྲགས་པ་སོགས་སྔོན་བྱོན་རིགས་པའི་དབང་ཕྱུག་དེ་དག་ལས་བྱུང་བ་ཡིན་མོད། འོན་ཀྱང་ཁོ་བོ་ཅག་ལ་ཡང་རིགས་ལམ་མཚོན་ཚ་ཟད་པ་མེད་པར་འཕེན་རྒྱུ་ཡོད་པས་བློ་ཆུང་རྣམས་སྐྲག་མི་དགོས་།
རྫུས་སྐྱེས་ཡོད་སྟངས་ལ་ཤོད་ཐབས་བྲལ་ཡང་། མངལ་སྐྱེས་དང་སྒོང་སྐྱེས་ཡོད་པ་ཚན་རིག་པས་ཀྱང་འདོད་དགོས་ལ། དྲོད་གཤེར་ལས་སྐྱེས་སྟངས་དཔྱད་གསར་པ་ཅིག་བྱས་ནས། དེ་མ་ཐག་རྐྱེན་དགོས་སྟངས་ཅིག་སྒྲུབ་མི་ཐུབ་མེད་སྙམ་ཡང་།
རངལ་རྣམ་དཔྱོད་མེད་ལོ་དྲུག་ཕར་ཟད་ལོ་སྟོང་ལ་ཞིབ་ལཇུག་བྱས་ཀྱང་ངལ་བ་འབྲས་མེད་དུ་འགྱུར་གྱི་རེད།
མངོན་པ་མཛོད་ནས་རི་རབ་གླིང་བཞི་གསུངས་པ་དེ་དག་ངས་སྔ་ས་ནས་དགོངས་གཞི་དགོས་པ་དངོས་ལ་གནོད་གསུམ་གྱི་སྒོ་ནས་དྲང་དོན་དུ་བསྒྲུབས་ཟིན། ཁྱེད་རང་ཉན་འདོད་ན་རྗེས་སུ་ག་ལེར་རིགས་ལམ་བདུད་རྩིའི་རིམ་པས་འཇོ་ཆོག ཚད་མ་རྣམ་འགྲེལ་སོགས་ནས་གསུངས་པའི་རིགས་པ་ཆོ་མེད་པ་དེ་དག་རེ་རེ་བྱས་ནས་སྟོན་དང་། ཁྱོད་ཀྱི་རིགས་པ་ལ་ཆོ་མེད་ཅིག་རེད་འདུག་མི་འདུག་པའི་སྲང་ལ་གཞལ་བར་བྱའོ། །
རྣམ་དཔྱོད་རིགས་ལམ་ཁྱབ་འཇུག་མདའ་ཡི་སྤུན། །རྩོད་པའི་ཚིག་རྩ་གློག་དམར་འཁྱུག་པའི་ཟླ། །
དེང་འདིར་འདྲེ་ནག་མགོ་དགུའི་ཁ་གཏད་ལ། །སུ་ཞིག་ལང་ཡང་རྨག་མེད་གཏོར་བར་ངེས། །
དགེ་བསྙེན་རྡོ་རྗེ་ལེགས།
སྤར་ཞེས་པ་ཟུར་ཆག་ནས་པར་དང་། ས་དང་དའི་སྔོན་འཇུག་དང་ས་མགོ་ཅན་མང་པོར་ད་དང་ས་ནོར་བ་ཡོད་པས། དཔར་ཞེས་པ་ཡང་འབྲི། རྩ་བའི་སྒྲ་དེ། སྤར་ཞེས་པ་ཡིན་འདུག དེ་ཡང་སྤར་ཤིང་གི་སྒོ་ནས། དཔེ་ཆའི་ཤོག་བུ་མང་པོ་སྤེལ་ཐུབ་པས་ན། སྤར་ཞེས་པ་དོན་ལ་གནས་ཤིང་། ཚད་ལྡན་དཔེ་ཆ་ཁ་ཤས་ན་སྤར་ཞེས་པ་མཐོང་མྱོང་བ་ཡིན་པས། སྤར་ཞེས་བཀོལ། འདི་ཡང་རྒྱ་གར་སྐད་ལྟ་བུ་མཚོན་ན། ལོ་སྟོང་ཕྲག་ནས་ཟུར་ཆག་པ་རྣམས་ལ་ཉམས་གསོ་བྱུང་སྟེ། ཟུར་མ་ཆག་པ་བཟོ་ཐུབ། དཔེར་ན། འཁོར་ལོ་ལ། ཅཀྐ ཞེས་པའི་ཟུར་ཆག་ཡིན་པ་ལ། སློབ་བྱང་མེད་པ་དག་གིས་བཀོལ་བ་ཡོད་ཀྱང་། སློབ་བྱང་ཡོད་པ་དག་གིས། ཅཀྲ ཞེས་འདོན་ཅིང་འབྲི། དེས་ན། བོད་སྒྲ་ཟུར་ཆག་རྣམས་བོད་མཐའ་མཚམས་ཀྱི་སྐྱེ་བོ་ཀུན་མ་གཏོགས་མང་ཆེ་བས། ཞུར་ཆག་ཁོ་ན་བཀོལ་བ་ཡོད་ཀྱང་། བདག་གིས་ནི་ད་ལྟ་རང་མ་འབྱུང་ན་ཡང་མ་འོངས་པ་ན། སླར་བོད་སྒྲ་ཟུར་ཆག་པ་རྣམས་སླར་གསོ་བའི་འདུན་པས་བོད་མཐའ་མཚམས་ཀྱི་སྐྱེས་བུ་རྣམས་ཀྱིས་འབོད་པ་བཞིན་དུ་བོད་སྒྲ་མ་ཉམས་པར་བཀོལ་བ་ལགས་སོ།།
ལོག་སྨྲ་ཚར་གཅོད་ལགས་ཀྱིས་སེམས་ཅན་གྱི་རྭ་ཅོ་དང་སྡེར་མོ་སོགས་ནི་སེམས་ཅན་དེའི་སྐྱེ་བ་ལས་འབྲས་མེད་པའི་རྟགས་སུ་བཀོད་འདུག་པ་ནི་ཅི་འདྲའི་ཡ་མཚན་ཞིག་རེད། སྤྱིར་ལས་འབྲས་ཟེར་བ་གོ་སླ་བར་བཤད་ན་ལས་ནི་བྱ་བྱེད་ལས་གསུམ་གྱི་ལས་དང་ཀརྨ་སྟེ་བྱ་བའི་ལས་འཇུག་པའི་ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་བྱ་བ་ཞིག་ལ་འདོད་པས། ཀུན་སློང་མ་རིག་པ་དང་འབྲེལ་བའི་ལས་བཟང་ངན་སྣ་ཚོགས་ཤིག་དངོས་པོའི་གནས་ཚུལ་ལ་ཡོད་པ་ཡིན་དུས་བྱ་བ་བཟང་ངན་དང་བདེ་སྡུག་གི་ཚོར་བ་སྣ་ཚོགས་མྱོང་རྒྱུ་ཡོད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་བྱུང་བ་རེད། དུད་འགྲོ་ལ་ལ་ཟ་འཐུང་ཉལ་གསུམ་མི་ལས་སྐྱིད་པ་ཡོད་པ་དང་མི་ལ་ལ་སྣ་དབུག་པ་ལ་སོགས་པའི་བཀོལ་སྤྱོད་སྣ་ཚོགས་པའི་སྡུག་བསྔལ་དུད་འགྲོ་ལས་མང་བ་ཡོད་པ་དེ་དག་ལུས་རྟེན་གྱི་ཆ་ནས་རང་ཉིད་སྲུང་སྐྱོབ་མ་ཐུབ་པའི་རྒྱུ་མཚན་ག་རེ་རེད། བདེ་སྡུག་ཆ་མི་སྙོམས་པ་ཡོང་དགོས་དོན་ཅི་རེད། དེ་དག་ཐམས་ཅད་ལས་ཀྱི་གོ་སྒྲིག་བྱས་ནས་འོངས་བ་མིན་ན་ཅི་རེད། རྩ་རྫས་ཀྱིས་གོ་སྒྲིག་བྱས་པ་ཡིན་རྒྱུ་མ་རེད། མི་ལ་ལ་ཕྱུག་པོ་འདོད་ཀྱང་ཕྱུག་པོ་ཡོང་མི་ཐུབ་པ་དང་ལ་ལ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱིས་གདུང་བ་དང་། འདོད་པ་བཙལ་ན་མི་བརྙེད་པ་དང་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་གྱི་གཉེར་མ་འདི་དག་སུས་ཀྱང་མི་འདོད་བཞིན་དུ་ཡོང་དགོས་ཅི་རེད། དེ་དག་སྐྱེ་བ་གཞན་དུ་ལས་ངན་པ་བསགས་པའི་འབྲས་བུ་མིན་ན་གང་རེད། སེམས་ཅན་གྱི་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་དོན་སྒོམ་པ་གལ་ཆེ་བས།
ལྗོན་ཤིང་ལ་དཔེ་སྦྱར་བའི་རྗེ་གུང་ཐང་བའི་གསུང་འདི་ཐུགས་ལ་སྣོམས།
སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས།།ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ།།
སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས།།ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས།།
དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི།།མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ།།
རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་།།རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས།།
ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ།།དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས།།
གནས་ལུགས་ཟབ་མོས་བག་ཆགས་ཅི་ཐེབས་ཀྱིས།།སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག།
སྐྱེས་མ་ཐག་ནས་ནུ་ཞོ་འཐུང་བ་དང་། །
གཉིད་དང་ངུ་བ་རྐང་ལག་གཡུག་པ་སོགས། །
སྔ་མའི་རྒྱུན་ལས་བྱུང་བ་སྨྲ་བ་ལས། །
ལྷན་སྐྱེས་རེད་ཅེས་གླེང་ན་ཅི་ལ་གནོད། །
ཡལ་ག་ལོ་འདབ་ལྡན་པའི་རྩི་ཤིང་ལ། །
སུ་དང་གང་གིས་ལབ་ཀྱང་མི་དགོས་པར། །
ཆུ་རླུང་ཁ་སྦུབས་ཚོད་མེད་སྤྱོད་པ་སོགས། །
འདི་ཡང་རྒྱུན་ལས་བྱུང་བ་ཅི་ལ་ཡིན། །
༨༤༽ བཀུར་འོས་ལ་དྭགས་རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས། པར་ནི། སྤར་གྱི་ཟུར་ཆག་པ་དང་། དཔར་ཡང་བྲིས་ན་འཐད་པར་འདོད་པ་འདྲ། གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུའོ། །
ད་བདག་གིས་མཐའ་མའི་གཏམ་ཞིག་གླེང་ན། ང་ཚོས་གོང་དུ་སྐྱེ་བ་སྔ་ཕྱིའི་སྐོར་ལ་གླེང་མོལ་མང་བོ་ཞིག་བྱས་ཟིན་ཅིང་། དགོངས་འཆར་མང་བོ་ཞིག་ཀྱང་བཏོན་འདུག་ལ། ཕྲན་ལྟ་བུ་ལ་མཚོན་ན་སྐྱེས་སྦྱང་གི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་མོད། འདིར་ཞུགས་ཁུལ་གྱིས་གུས་པའི་བསམ་འཆར་མང་བོ་འབུལ་བར་འདོད་ཀྱང་། བྱ་ཕོ་མེད་སར་བོང་གུས་ནམ་ཚོད་འཛན་དགོས་པའི་འགན་འཁྲི་ལྕི་མོ་ཞིག་གིས་དཔེ་ཁྲིད་སོགས་ལ་འགྲོ་དགོས་པས་ཁོམ་ལོང་མ་བྱུང་། གང་ལྟར་མིག་བརྒྱད་པ་ནས་འདི་ལྟ་བུ་དཔྱད་གཞི་མང་བོ་ཞིག་མཁོ་འདོན་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་བཞིན་ཕྲན་གྱི་གྲོགས་པོ་ལོག་སྨྲ་ཚར་གཅོད་ཚང་ལ་ཡང་གང་བྱུང་དུ་ཞུ་ཐལ་སོང་བ་སོགས་ཀུན་ལ་ཕོག་ཐུག་འདྲ་བྱུང་ཡོད་་ན་བཟོད་གསོལ་ཞུ་རྒྱུ་ཡིན།
མཁས་པའི་དབང་པོ་རྣམ་པ་ཚོ་ཕེབས་ནས་སྐྱེ་བ་སྔ་ཕྱིའི་བརྗོད་གཞི་དང་འབྲེལ་བའི་དགག་ཕྱོགས་དང་སྒྲུབ་ཕྱོགས་ཅི་རིགས་ནས་དགོངས་འཆར་ལྷད་མེད་གསེར་ལྟ་བུ་གནང་བར་དངོས་གནས་རིན་ཐང་བྲལ་བ་རེད། གལ་ཏེ་འཛམ་བུ་གླིང་གི་མི་ཚང་མ་འདོད་པ་ལ་དགའ་བ་ཡིན་སྟབས་འདོད་ཆགས་ནི་སྐྱོན་དང་བཅས་པའོ་ཞེས་བརྗོད་ན་སྐད་ཆ་དེ་དངོས་པོའི་གནས་ཚུལ་དང་མཐུན་ཡང་ཁས་ལེན་མཁན་ནི་ཤིན་ཏུ་ཉུང་ཉུང་རེད། སོ་སོ་དེ་ལ་དགའ་ཞིང་གོམས་ཤུགས་ཀྱི་དབང་གིས་རེད།
ཕྱི་མ་མེད་ལྟ་པ་རྣམས་ཕམ་པའི་རྟགས། །
ཁ་བརྡའི་ནལེནྡ་ཡི་འདུས་ཚོགས་སར། །
ཕྱི་མ་མེད་པར་སྨྲ་བའི་གྲུབ་མཐའ་པ། །
མུ་སྟེགས་ཐུབ་དཀའ་མགོན་ཕྱག་རྒྱང་འཕེན་སོགས། །
ཀླ་ཀློ་ཚན་རིག་པ་ཡང་འོང་ས་མེད། །
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བཙུགས་ཡོད་དོ། །
ཨ་ཡ་མཚན་གཞོན་ནུ། འཁོར་བ་དེ་ཤིང་རྟའི་འཁོར་ལོ་ལྟ་བུ་ཞིག་ཏུ་བཤད་ནས་དེའི་མཐའ་རྙེད་སོང་ན་འཁོར་བའི་ཐོག་མའི་མཐའ་རྙེད་ཀྱི་རེད་ཟེར་ནས་རིགས་པ་རྣོན་པོ་ཞིག་བཏང་ཡོད་པའི་ཁུལ་རེད་དེ། དེས་འཁོར་བ་ལ་ཐོག་མ་མེད་ནའང་མཐའ་ཡོད་ཟེར་བའི་མཐའ་ཡོད་པའི་རྐུབ་གཡོག་རལ་འདུག ཤིང་རྟའི་འཁོར་ལོ་དེའི་ཐོག་ཏུ་ཡོད་པའི་མཐའ་དེ་ཅིག་ཚོལ་དང་། མཐའ་ཡོད་ཟེར་བ་དེ་མཐའ་མེད་པ་ཞིག་ཏུ་བཏང་མི་འདུག་གམ།
ཤིང་རྟའི་འཁོར་ལོ་དེ་ཇི་ལྟར་བཟོས་པ་དང་གྲུབ་པ་སོགས་ཐོག་མ་ཡོད་པ་རེད་ལ་མཐར་ངེས་པར་འཇིག་རྒྱུ་ཡིན་པས་མཐའ་འང་ཡོད་པ་རེད། ཁྱེད་ཚོས་མཐའ་ཡོད་ཐོག་མ་མེད་ཟེར་བའི་དངོས་པ་དེ་ངོ་མ་དངོས་པོ་ཡ་མཚན་ཅན་ཞིག་རེད། མཐའ་ཡོད་ན་ཐོག་མའང་ཡོད་དགོས་པ་མ་རེད་དམ།
མགོན་ཕྱག ངས་ཁྱོད་ལ་བྲིས་པའི་ལན་རྣམས་ཕྱོགས་གཅིག་ཏུ་བཀོད་ཡོད། མཚོ་སྔོན་པོ་དྲ་ལམ་ལ་བཀོད་ཡོད། བསམ་འཆར་ཡོད་ན་ཐོན། དྲ་ཐག་འདི་ན་ཡོད། http://blog.amdotibet.cn/togya-gelong/archives/66103.aspx དེ་ནས་གོང་གི་བསམ་ཚུལ་རྣམས་ལ་ལན་རྒྱག་ངེས། ད་ལྟ་ཁ་འདོན་ཀྱི་དུས་ཚོད་རེད། ཁྱོད་རང་ལ་རྩད་རྒྱག་པའི་དུས་ཚོད་མ་རེད། ཁ་བཏོན་ཚར་སོང་ན་ཁ་ལ་ཟ་དགོས་ནི་རེད། དེའི་རྗེས་ནས་ཆོས་ར་ཏིང་ཏིང་རྡུང་བ་དང་མཉམ་དུ་ཁ་བརྡའི་ཆོས་ར་ནང་ལ་གདན་ཁས་ནས་ཡོང་རྒྱུ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན་ད་ལྟའི་ཆ་ལ་ཁྱེད་ཀྱི་གདན་དེ་ངའི་འོག་ལ་གཏོང་དགོས་རྒྱུ་རེད། ཅི་ལྟར་བསམ་ན་ཡང་ང་ལ་རྒྱལ་ཁབ་ཐོབ་འདུག
རེད་ཡ་རིགས་པའི་གྲོགས་མགོན་ཕྱག་ལགས། ཤིང་རྟའི་འཁོར་ལོ་དེའི་མཐའ་བཙལ་སྟངས་ལ་རིགས་མང་པོ་ཡོད་པ་རེད། འབྱུང་ཁུངས་དེད་ནས་མཐའ་བཙལ་སྟངས། དབུས་ནས་མཐའ་ལ་རྒྱུགས་ནས་མཐའ་བཙལ་སྟངས། དེ་དག་ལ་བསམ་ན་ཤིང་རྟའི་འཁོར་ལོ་ལ་ཡང་མཐའ་ཡོད་པ་རེད། ནང་པའི་གཞུང་ལུགས་ཁག་ན། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།། གསུངས་པ་ལྟར་མཐའ་བཙལ་ན་མཐའ་རྙེད་རྒྱུ་མེད་ཟེར་དགོས་པ་རེད། ང་ཚོས་དཔེ་འཇོག་ས་ཡང་དེ་རེད་མ་གཏོགས། དེའི་སྟེང་གི་མཐའ་ཡི་མཐའ་སྙད་འདོག་རུང་ཚད་ཐམས་ཅད་པོ་མཐའ་ཡོད་མེད་ཀྱི་མཐའ་ལ་ངེས་འཛིན་བྱེད་ཀྱི་མེད། དོན་གྱི་སྟེང་ནས་བཤད་ན་ཡང་མགོན་ཕྱག་གི་འཁོར་བའི་མཐའ་ཡི་ཐ་སྙད་ཐོག་ཚད་པོ་འདིར་བཙལ་བྱའི་མཐའ་དེ་མིན། དཔེར་ན་ཚེ་ཡི་མཐའ་སྟེ་འཆི་ཁ་ལྟ་བུ་ལ་མཐའ་ཡི་མཐའ་སྙད་ཐོག་ན་ཡང་འདིའི་སྐབས་སུ་བཙལ་རྒྱུའི་མཐའ་དེ་མིན། དེ་བས་ན་མཐའ་ཡི་ཐ་སྙད་འདིའི་སྐོར་ལ་གོང་དུ་མིག་བརྒྱད་པས་རྣམ་དཔྱད་རིག་པ་ཡིན་ན་ཅིག་གི་ལུང་དྲང་ནས་གསལ་བྱེད་བྱས་པ་ནང་བཞིན་རེད། མཐའ་ཡི་སྒྲ་དོན་འདི་ཅུང་ཟད་གཏིང་ཟབ་པོ་ཡོད་ནི་རེད། ད་དུང་མངོན་རྟོགས་རྒྱན་ན་ཡང་། ཤེས་པས་སྲིད་ལ་མི་གནས་ཞིང་།། སྙིང་རྗེས་ཞི་ལ་མི་གནས་པར།། གསུངས་ནས་སྲིད་པའི་མཐའ་གསུང་ཡོད་ན་ཡང་། དེའི་མཐའ་དང་ང་ཚོས་བཤད་བཞིན་པའི་འཁོར་བའི་མཐའ་གཉིས་འདྲ་གི་མ་རེད།
ད་ང་ཚོས་དཔྱད་པ་གཏོང་བཞིན་པའི་མཐའ་དེ་བཤད་པར་བྱ། ཤིང་རྟའི་འཁོར་ལོ་དེའི་འཁོར་ལོའི་རྒྱུ་ཕྱོགས་ནས་བཙལ་སྟེ། དེ་ཐོག་མའི་མཐའ་གང་ཞིག་རེད་ཟེར་ནས་སྲོག་ཆགས་གྲོག་མ་ཞིག་རྒྱུགས་པའི་དབང་དུ་བྱས་ན། འཁོར་ལོ་སྟེང་ནས་ཡང་དང་ཡང་དུ་འཁོར་བ་ནས་སྡོད་པ་ལས། མཐའ་ལ་སླེབས་རྒྱུ་མ་རེད། ཐོག་མའི་མཐའ་ལ་ཡང་སླེབས་རྒྱུ་མ་རེད་ལ། མཐའ་མའི་མཐའ་ལ་ཡང་སླེབས་རྒྱུ་མ་རེད། ནང་ཞིག་འཁོར་ལོ་དེ་བཅགས་ཟིན་ན། དེ་ནས་གཡས་སུ་སྐོར་ན་ཡང་མཐའ་ལ་སླེབས་ཀྱི་རེད་ལ། གཡོན་དུ་སྐོར་ན་ཡང་མཐའ་ལ་སླེབས་ཀྱི་རེད། དེ་བས་ན་གཡས་གཡོན་གང་དུ་སླེབས་པའི་མཐའ་དེ་མཐའ་མའི་མཐའ་རེད་མ་གཏོགས། ཐོག་མའི་མཐའ་མ་རེད།
དེ་ནས་དོན་གྱི་སྟེང་ནས་བཤད་པར་བྱ། ང་ཚོ་འཁོར་བར་འཁོར་བཞིན་པ་འདི་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བཞིན་པ་རེད། འཆི་བ་ནས་བཙལ་དེ་སོང་ན་མ་རིག་པ་བར་དུ་སླེབས་འགྲོ་གི་རེད། མ་རིག་པ་དེ་གང་ནས་བྱུང་པ་རེད་ཟེར་ནས་བཙལ་ན། ཡང་བསྐྱར་མི་དེའི་མ་རིག་པ་བརྒྱུད་ལ་སྐྱེས་སའི་ཚེ་སྔ་མའི་སྐྱེས་པའི་སྐབས་སུ་སླེབས་འགྲོ་གི་རེད། ཡང་སྐྱེས་པ་སོགས་བཙལ་དེ་སོང་ན་ཡང་མ་རིག་པར་སླེབས་འགྲོ་གི་རེད། དེ་ཡང་་་་་་་་་་་་་ འོ་དེ་ལྟར་བཙལ་ན་ཐོག་མའི་མཐའ་རྙེད་དུ་ཡོད་པ་མ་རེད།
ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་ཚུལ། ཚེ་གཉིས་ལ་རྫོགས་ཚུལ། སྐད་ཅིག་མ་གཅིག་གི་ཡུན་ལ་རྫོགས་ཚུལ་སོགས་གཞུང་ལུགས་ཁག་ན་གསལ་པར་ཡོད་པ་རེད། དེ་དག་ལ་ཞིབ་ཏུ་བསམ་ན་ད་བཟོད་རྒྱུ་འབྲས་ཀྱི་རྟེན་འབྲཻལ་འདི་ནི་སླུ་བ་མེད་པ་ཡིན་པར་ངེས་པ་རྙེད་རྒྱུ་ཟབ་མོ་ཡོད་པ་རེད། ད་དུང་ཁྱེད་ཀྱི་ལོག་རྟོག་ལྡོག་མི་ནུས་ན་ཚེ་གསུམ་ལ་རྫོགས་ཚུལ་སོགས་གཞུང་ལུགས་དང་སྦྱར་ནས་བཤད་ཀྱི་ཡིན་ད། སྐབས་དེ་མཁས་བཤད་དང་རྒྱས་བཤད་མང་དྲག་འདུག་མ་གསུངས་མ་གཏོགས། ཧཧཧཧ
ངས་གསལ་བཤད་བྱེད་ཡ་གཅིག་ལ། འདི་ནི་གཞུང་ལུགས་ཁག་ནས་བཤད་པ་ལྟར་ཡིན། རང་ངོས་ནས་འདི་དག་ལ་འགྲེལ་བཤད་ཤེས་ལ་མི་ཤེས་པ་གཅིག་རྒྱབ་ན་སུ་ལ་ཡང་ཕན་ཐོག་རྒྱུ་མ་རེད། མ་ཟད་ཆོས་ཀྱི་གཞུང་ལུགས་རིན་ཐང་བྲལ་བ་དེ་གཞན་ཞིག་ཏུ་འགྱུར་འགྲོ་བར་ཡང་སེམས། གསལ་བྱེད་འདི་མགོན་ཕྱག་ལ་མིན། གོང་དུ་ཁ་ཤས་ཀྱི་ཐོག་མའི་མཐའ་ལ་འགྲེལ་བཤད་ཚོད་ཚོད་ལ་རྒྱག་མཁན་དག་ལ་བཤད་པ་ཡིན།
ངས་ནི། མིའི་ལུས་ཀྱི་རིགས་རྒྱུན་ལ་ཐོག་མཐའ་གཉིས་ཀ་ཡོད་ཀྱང་། རྫས་རྒྱྱུན་ལ་ཐོག་མཐའ་གཉིས་ཀ་མེད་དགོས་ཏེ། དཔེར་ན། མིའི་སེམས་ཀྱི་རིགས་རྒྱུན་ལ་ཐོག་མཐའ་གཉིས་ཀ་ཡོད་ཀྱང་། སེམས་ཀྱི་རྫས་རྒྱུན་ལ་ཐོག་མཐའ་གཉིས་ཀ་མེད་དགོས་པ་བཞིན་ནོ།
དགེ་བསྙེན་རྡོ་རྗེ་ལགས་ཀྱིས། ༼མིའི་ལུས་ཀྱི་རིགས་རྒྱུན་ལ་ཐོག་མཐའ་གཉིས་ཀ་ཡོད་ཀྱང་། རྫས་རྒྱྱུན་ལ་ཐོག་མཐའ་གཉིས་ཀ་མེད་དགོས་ཏེ། ༽ གསུངས་འདུག འདི་ནི་དོགས་པ་ཆེན་པོ་ཞིག་རེད་དྲན། འདིའི་སྐོར་ལ་སྔོན་པ་ང་ཆུང་ཆུང་སྐབས་སུ་བསམ་བློ་ཞིག་ཚགས་མོ་ཞིག་བཏང་མྱོང་། ལུས་ཀྱི་རྫས་རྒྱུན་དེ་སྐྱེས་པ་ཕྱི་མར་འགྲོ་རྒྱུ་རེད་དམ་མ་རེད། ད་ལྟའི་ལུས་ཀྱི་རྫས་རྒྱུན་དེ་ལུས་རེད་དམ་མ་རེད། སྡུག་བསྔལ་བདེན་པ་རེད་དམ་མ་རེད། ཟག་བཅས་རེད་དམ་ཟག་མེད་རེད་སོགས་ནས་བསམ་བློ་བཏང་ན། དོགས་གཞི་ཆེན་པོ་ཞིག་འདུག ཁ་བརྡའི་ནང་དུ་བགྲོ་གླེང་བྱས་ན་རྫོགས་རྒྱུ་མེད་པ་ཞིག་ཡོང་བཟོ་འདུག ངས་འདིའི་སྐོར་ལ་བསམ་བློ་བཏང་བཏང་པའི་མཐར། ཐག་གཅོད་འདི་འདྲ་ཞིག་ཤར་ཡོད། སེམས་ཅན་གྱི་ཤེས་རྒྱུད་ཀྱི་བསྡུས་པའི་ཆོས་ཡིན་ཕྱིན། སྐྱེས་པ་ཕྱི་མར་འགྲོ་རྒྱུ་ཡོད་པར་ཐག་བཅད་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་གཞུང་ལུགས་ཁག་ན་ཉོན་ཡིད་ཟེར་བ་དེ་གནས་འགྱུར་ཚེ་མེ་ལོང་ཡེ་ཤེས་སུ་འགྱུར་བར་གསུངས་ཡོད། རྒྱུ་མཚན་དེ་ལ་རིགས་པས་བརྟག་ན་བརྟག་རྒྱུ་མང་པོ་ཞིག་འདུག
རིགས་འདྲ་དང་གཉེར་ལེན་གོམས་པ་མྱོང་བ་སྔོན་སྟེ་རིགས་པ་བཞི་ཡིས་སྐྱེ་བ་སྔ་མ་ཡོད་པར་བསྒྲུབས་པ་ཟེར། རིགས་འདྲ་སྔོན་སོང་གིས་སྐྱེ་བ་སྔ་མ་སྒྲུབ་ཐུབ་ན་ནས་དང་འབྲས་ལ་ཡང་སྐྱེ་བ་སྔ་མ་ཡོད་དགོས་པ་དང་། གོམས་པ་སྔོན་སོང་སྒྲུབ་སྐབས་ཀྱང་། བེའུས་སྐྱེས་མ་ཐག་ནས་འོ་ཞོ་འཚོལ་བ་དེ་གོམས་པ་སྔོན་སོང་གི་དཔེར་བཀོད་ཅིང་། དངོས་པོ་ཞིག་གྲུབ་མ་ཐག་ནས་བྱ་བ་འགའ་ཞིག་རང་ཆས་སུ་ཡོད་ན་དེ་གོམས་པ་སྔོན་སོང་གི་རྟགས་སུ་བགྲང་ཆོག་གམ། དེ་ལྟར་མི་ཆོག་ན་བེའུ་དཔེར་བཀོད་པ་དེ་དགོས་མེད་ཀྱི་ལབ་རྡོར་མ་རེད་དམ། བེའུ་མཐུན་དཔེར་འགོད་སའི་རྒོལ་བ་དེས་བེའུ་ལ་སྐྱེ་བ་སྔ་མ་ཡོད་པ་རྟོགས་ཀྱང་སྐྱེ་བ་སྔ་མ་ཡོད་པ་མ་རྟོགས་པ་རེད་དམ། ད་དུང་རིགས་འདྲ་སྔོན་སོང་གིས་སྒྲུབ་སྟངས་ལྟར་ན། འཇིག་རྟེན་འདིར་རིགས་འདྲ་་སྔོན་མ་སོང་གི་དངོས་པོ་ཞིག་མེད་པ་ཡིན་ནམ། དེ་ལྟར་ཡིན་ན། དེང་དུས་ཀྱི་འཕྲུལ་རིགས་བྱ་དངོས་གང་ཡང་གསར་བཏོད་མ་་པར་འགྱུར་ཏེ། དེ་ནི་རིགས་འདྲའི་རྒྱུ་ལས་སྐྱེས་པའི་ཕྱིར། ཤེས་པ་ལ་ཤེས་པ་རིགས་འདྲ་དགོས་ན། རྩིས་འཁོར་ལ་རྩིས་འཁོར་རིགས་འདྲ་དགོས་པ་དང་། འཕུར་མདའ་ལ་འཕུར་མདའ་རིགས་འདྲ་དགོས་པ། གནམ་གྲུ་ལ་གནམ་གྲུ་སྔ་མ་སྔོན་དུ་འགྲོ་དགོས་པས། རིགས་པ་དེ་དག་གིས་སྐྱེ་བ་སྔ་མར་གྲུབ་ན། ཤེས་མེད་བེམ་རིགས་ལ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་དམ་ཆོས་ཤིག
མཁས་དབང་གཞོན་ནུ་ཟླ་མེད་དང་རིགས་པ་སྨྲ་བ་དགེ་བསྙེན་རྡོ་རྗེས་རྣམ་གཉིས་ཀྱིས་གཟུགས་འདས་རྣམ་ཤེས་ནི་ས་རྡོ་ལས་སྐྱེས་པ་ཞིག་མིན་པར་ངོས་བཟུང་བ་དེར་ཡིད་ཆེས་འཕེར། འདིའི་སྐོར་ལ་གསུང་རྒྱུ་འདྲ་ཡོད་ན་མུ་མཐུད་དུ་གསུངས་དང་། སང་ཉིན་གཟའ་ཟླ་བ་གུང་སེང་རེད། བགྲོ་གླེང་བྱེད་ཡ། ཚན་རིག་པས་གང་ཟག་གསར་བ་བཟོ་སྐྲུན་ཐུབ་མིན་དང་བརྡ་ལེན་བརྡ་གཏོང་གི་མིའི་དབྱིབས་འདྲ་བ་བཟོ་ཐུབ་པར་བཤད་མོད། མི་ངོ་མ་ཞིག་ནམ་ཡང་བཟོ་མི་ཐུབ་པ་རེད། དེའི་རྒྱུ་མཚན་ནི་རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་ནི་རྡུལ་ཕྲན་ལས་འོངས་བ་མི་སྲིད་པའི་ཕྱིར། དེའི་ཕྱིར་དེའི་འབྲས་བུ་ཙམ་དང་དེའི་ལག་རྗེས་གཉིས་ཁ་ཁ་ནས་བཞག་དགོས་པ་འདྲ། དེའི་ཐད་སྔགས་རིམ་ཆེན་མོ་ལས། སྔོན་པོ་འཛིན་པའི་མིག་གི་ཤེས་པ་སྐྱེ་བ་ལ་རྐྱེན་གསུམ་ཚང་དགོས་པས། གསུམ་གའི་འབྲས་བུ་ཡིན་མོད་ཀྱང་གཟུགས་ལ་འཛིན་གྱི། སྒྲ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པ་ནི་དབང་པོའི་ལག་རྗེས་དང་། མྱོང་བའི་ངོ་བོར་སྐྱེས་བ་དེ་མ་ཐག་རྐྱེན་དང་། སྔོན་པོའི་རྣམ་པ་ཅན་དུ་དམིགས་རྐྱེན་གྱི་ལག་རྗེས་ཡིན་པ་དང་འདྲ་འོ། །ཞེས་རྣམ་པར་ཤེས་པ་སྐྱེས་ཚུལ་གསུངས་པ་འདི་གནད་འགག་ཆེན་པོ་ཞིག་འདུག་སྙམ་བདག་གི་ཡིད་ལ་འཆར་རོ། །ཤེས་པ་གང་ཡིན་དམིགས་རྐྱེན་དང་བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་ག་ལས་སྐྱེས་ཡང་ལག་རྗེས་སོ་སོ་ནས་འཇོག་པ་ལྟར། རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་ནི་དེ་མ་ཐག་རྐྱེན་གྱི་སྒོ་ནས་བཞག་དགོས་པ་འདྲ་བས་དཔྱད་པར་བྱ། རྣམ་ཤེས་ཀྱི་བག་ཆགས་ལྟ་བུ་རྣམ་ཤེས་ཀྱི་ཉེར་ལེན་ཡིན་ཡང་རྣམ་ཤེས་མ་ཡིན། བག་ཆགས་ཞེས་པ་ཤེས་པ་བག་ལ་ཉལ་གྱི་ངོ་བོར་ཆགས་པས་ན་བག་ཆགས་ཞེས་བརྗོད་པ་ཡིན། འདི་ནི་ལྡན་མིན་འདུ་བྱེད་དང་ཤེས་རྒྱུད་ཀྱིས་བསྡུས་པ་ཞིག་ལས་ས་རྡོ་རི་བྲག་ལ་ཡོང་ཡེ་འཇོག་ཐབས་བྲལ་ཞིང་། ཚན་རིག་པས་ཀྱང་འཇོག་གི་ཡོད་མེད་དཔྱད་པར་བྱ།
ལས་དང་ཉོན་མོངས་སྐྱེ་བ་གསུམ།།
ཤིང་རྟའི་འཁོར་ལོ་འཁོར་བ་ལྟར།།
གཅིག་རྗེས་གཅིག་མཐུད་འགྲོ་བ་འདི།།
འཁོར་བར་འཁོར་བའི་ཚུལ་ཡིན་ནོ།།
ཡིག་ནོར། སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དམིགས་རྐྱེན་གྱི་ལག་རྗེས་ཡིན་པ་དང་འདྲ་འོ།
རྣམ་ཤེས་ཀྱི་རྒྱུན་དུ་གྱུར་བའི་བག་ཆགས་དང་རྣམ་ཤེས་ཀྱི་སྟེང་དུ་བསྒོས་པའི་བག་ཆགས་ལ་ཁྱད་པར་ཕྱེ་དགོས། སྔ་མ་ནི་རྣམ་ཤེས་ཀྱི་ཉེར་ལེན་དང་ཕྱི་མ་ནི་ལས་བཟང་ངན་ཐམས་ཅད་ཀྱི་བག་ཆགས་ཡིན་པས་དེའི་རྟེན་ནི་རྣམ་ཤེས་དང་བརྟེན་པ་བག་ཆགས་ཡིན། སྤྱོད་འཇུག་ལས། ཤེས་པ་བེམ་མིན་ལོག་པ་སྟེ།།ཞེས་པ་ལྟར་ཤེས་པ་ནི་བེམ་པོ་མ་ཡིན་པ་ཞིག་དགོས་པ་རེད། དེས་ན་ཤེས་པའི་བག་ཆགས་ཤེས་པའི་སྟེང་དུ་བསྒོས་པ་ལས་ས་རྡོའི་སྟེང་བསྒོས་མི་སྲིད་པ་ཡིན།
རྩམ་འགབ་ཚང་ལགས། འདིར་སྐྱེ་བ་སྔ་མ་ཡོད་མེད་ནི་རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་སྔ་མ་ཞིག་བརྟེན་ནས་བསྒྲུབ་དགོས་པ་རེད། ཕ་མའི་ཁུ་ཁྲག་མཉམ་དུ་མཚམས་སྦྱོར་བ་ན་མངལ་གྱི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཚེ་འདིའི་ལུས་རགས་པ་དེ་འགྲུབ་ཚུལ་བཤད་པ་ན། རྣམ་ཤེས་དེའི་རིགས་འདྲ་སྔ་མ་ཞིག་ཡོད་དགོས་པ་དང་དེ་ཡོད་ན་ཚེ་སྔ་མའི་རྣམ་ཤེས་ཀྱི་རྒྱུན་ལ་བསམ་བློ་གཏོང་དགོས་པ་ལས་མི་མཐུན་པའི་རྒྱུ་ཞིག་ལས་སྐྱེས་པའམ་རྒྱུ་མེད་ལས་སྐྱེས་པ་མི་འདོད་པས། སྐྱེ་བ་སྔ་མ་མི་འཇོག་ཐབས་མེད་ཡིན་པ་རེད། རྒྱང་འཕེན་པ་དང་ཚན་རིག་པས་ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་ཚུལ་དེས་ནི་མར་མེ་དང་མར་མེའི་འོད་ལྟ་བུ་ཁ་འབྲལ་དུ་མི་རུང་བར་ལུས་འཇིག་པ་ན་སེམས་ཀྱང་འཇིག་པར་བཤད་གི་ཡོད་པ་རེད། ཚན་རིག་པས་མི་གསར་བ་ཞིག་བཟོ་མི་ཐུབ་མིན་ནི་རྣམ་ཤེས་གསར་བ་ཞིག་བཟོ་ཐུབ་མིན་ལ་ཐུག་པ་དེ་རེད། སྐྱེས་དངོས་ཡོད་ཚད་ལ་རང་གི་རིགས་འདྲའི་རྒྱུན་དང་རྫས་རྒྱུན་རེ་ཡོད། དེ་མིན་སྲོག་ལྡན་མིན་པ་ཤིང་སྡོང་སྐམ་པོ་ལའང་རང་གི་རིགས་འདྲའི་རྒྱུན་དང་རྫས་རྒྱུན་སྔ་མ་ཞིག་ལོས་ཡོད། དེ་ལ་ཡ་མཚར་དོན་མེད།
ད་ལྟ་མི་གསོན་པོ་ཝ་འཐས་པའམ་འཁྱག་ཧྲེང་ཐེབས་བཅུག་ནས་ལོ་དུ་མའི་རྗེས་སླར་གསོན་དུ་འཇུག་ཐུབ་པ་རེད། ལོ་དེ་ཚོའི་རིང་རྣམ་ཤེས་ག་པར་ཡོད་པ་རེད། རྣམ་ཤེས་གཞན་ལ་ཉིང་མཚམས་སྦྱར་མི་ཐུབ་པ་དེ་ནི་རང་གི་ལུས་སྔ་མ་ལ་སེམས་ཆགས་པ་རེད་དམ།
འཁྱག་ཧྲེང་ཐེབས་བཅུག་ནས་ལོ་དུ་མའི་རྗེས་སླར་གསོན་དུ་འཇུག་ཐུབ་པ་ཅིག་ཡོད་ན་ནི། མི་དེའི་འཆི་སེམས་མངོན་དུ་གྱུར་ཡོད་མ་རེད་ལ། དེ་ནི་དྲན་མེད་སེམས་འཚོར་མེད་པ་ཨིན་སྐད་དུ་ཀོ་མ་ལྟ་བུའི་གནས་སྐབས་སུ་ཡུན་རིང་གནས་ཐུབ་པ་གཅིག་ལ་མ་གཏོགས་ཡོང་མི་ཐུབ་པར་ངེས་སོ། །
Darwin གྱིས་འཛམ་གླིང་གི་སྐྱེ་དངོས་ཚང་མ་ཁུངས་དེད་ནས་སོང་ན་སྲོག་ལྡན་དང་སྲོག་མེད་རིགས་གཉིས་ཁོ་ན་ལ་ཐུག་པར་རིག་པས་ཤེས་རྟོགས་བྱུང་།
ས་ཆུ་མེ་རླུང་གི་རིགས་རྐྱང་བ་དག་ནི་སྲོག་མེད་དང་། རྩི་ཤིང་དང་མི་ལ་སོགས་པའི་སེམས་ཅན་རྣམས་ནི་སྲོག་ལྡན་ལ་ངོས་བཟུང་ཡོད།
མ་རེད་ཟེར་མཁན་དག་ལ་དཔེ་རིས་ཀྱི་ལམ་ནས་མིག་གིས་མཐོང་རྒྱུ་དང་རྣ་བས་ཐོས་རྒྱུ་ཡོད་པའི་གསལ་བཤད་བྱས་ཡོད།
ཕྱི་ལོ་སྔོན་གྱི་ལོ་ལོ་ས་ཡ་བདུན་བརྒྱའི་ཡར་སྔོན་དུ་འཛམ་གླིང་སྟེང་རྒྱ་མཚོ་དང་རི་བྲག་ཁོ་ན་ལས་ཅི་ཡང་མེད་པ་ཤེས་རྟོགས་ཐུབ་པ་རེད།
ཕྱི་ལོ་སྔོན་གྱི་ལོ་ས་ཡ་ལྔ་བརྒྱ་ནས་བཞི་བརྒྱ་སུམ་བཅུ་བར་དུ་སའི་གོ་ལའི་ཐོག་ཏུ་རྩི་ཤིང་སྐྱེས་འགོ་ཚུགས་པ་དང་།རྒྱ་མཚོའི་གཏིང་དུ་བཟའ་ཤ་དང་ཉ་རིགས་ཕྲ་མོ་རིམ་གྱིས་བྱུང་།
ཕྱི་ལོ་༢༠༡༢ ལོའི་ཁ་སང་དེ་རིང་གི་ང་དང་ཁྱེད་རྣམས་དང་། ཁྱེད་རྣམས་ཀྱི་ཕ་མ་དང་ཕ་མའི་ཕ་མ་རྣམས་ནི་རིགས་རྒྱུད་ཕར་དེད་ན་མི་མ་ཡིན་པའི་སྤྲ་དང་སྤྲེའུ། མི་རྒོད་དང་སྲིན་པོ་དག་ཡིན། དེ་ནས་ལོ་ངོ་ས་ཡ་སུམ་བརྒྱའི་ཡར་ལ་དེད་ན་རྒྱ་མཚོའི་ཞབས་ཀྱི་འབུ་སྲིན་ཉ་རིགས་ལ་ཐུག་འགྲོ་བ་ཡིན། ཉ་རིགས་དེ་དག་ཀྱང་ཉ་ལ་འགྱུར་བའི་ཉེར་ལེན་གྱི་ས་བོན་ནི་བཟའ་ཤ་ནས་ཆགས་པ་ཞིག་རེད།
ཤེས་པའི་རྒྱུན་ཡིན་གཅིག་ཤེས་པ་ཡིན་དགོས་ན། མིའི་རྒྱུད་པ་ཡིན་གཅིག་མི་ཡིན་དགོས་ཐུག་གི་རེད། དེས་ན་སྤྲེའུ་དང་མི་རྒོད་སོགས་ཀྱང་མི་ཡིན་དགོས་གི་རེད། ད་དུང་མིའི་རིགས་རྒྱུད་དུ་གྱུར་པའི་རྒྱ་མཚོའི་ཉ་རིགས་ཕྲ་མོ་རྣམས་ཀྱང་མི་ཡིན་པར་འགྱུར་གི་རེད། དེ་ལས་ཕར་དེད་ན་མི་རྣམས་ཀྱི་ཡ་ཐོག་གི་ཕ་མེས་ནི་རྒྱ་མཚོའི་ཞབས་གི་བཟའ་ཤ་རེད་ཅེས་ཟེར་ན་ཆོག
མི་སྐོར་ཞིག་གིས་སྐད་ཆ་འདི་འདྲ་བ་རྩ་ནས་ཁས་ལེན་ཐབས་བྲལ་ན་ཡང་ང་ཚོས་གཡོ་དུ་མེད་པའི་ཁས་ལེན་དགོས་པ་ཞིག་ནི་འགྲོ་བ་མིའི་ཐོག་མ་སྤྲེའུ་རུ་ངོས་བཟུང་ཡོད་པ་རང་རེའི་ལོ་རྒྱུས་དེབ་ཐེར་ན་གསལ་པ་བཞིན་སྤྲེའུའི་ཐོག་མའང་སེམས་ཅན་གཞན་ཞིག་ནས་བྱུང་བ་རིག་པས་རྟོགས་ཐུབ་ལ་གནོད་བྱེད་སྤུ་ཙམ་ཡང་མེད་པས་་Darwin གྱིས་དཔྱད་པའི་སྐད་ཆ་་རྣམས་མཐའ་གཅིག་ཏུ་ཁས་བླངས་རུང་བ་ཡིན།
མ་གཞི་རིགས་རྒྱུན་དང་རྫས་རྒྱུན་སྐོར་ལ་བགྲོ་གླེང་བྱེད་འདོད་ཡོད་མོད། ཡང་མགོན་ཕྱག་གིས་ང་ལ་གདན་ཁ་གང་མ་ཞིག་བཏིང་འདུག དེ་ན་ཡང་ངས་ཁོང་ལ་ལན་འདེབས་བྱ་དགོས་རྒྱུ་རེད། མགོན་ཕྱག་ན་རེད། ༼ད་ལྟ་མི་གསོན་པོ་ཝ་འཐས་པའམ་འཁྱག་ཧྲེང་ཐེབས་བཅུག་ནས་ལོ་དུ་མའི་རྗེས་སླར་གསོན་དུ་འཇུག་ཐུབ་པ་རེད། ལོ་དེ་ཚོའི་རིང་རྣམ་ཤེས་ག་པར་ཡོད་པ་རེད། རྣམ་ཤེས་གཞན་ལ་ཉིང་མཚམས་སྦྱར་མི་ཐུབ་པ་དེ་ནི་རང་གི་ལུས་སྔ་མ་ལ་སེམས་ཆགས་པ་རེད་དམ།༽ ཅེས་ཟེར་ན།
ལན་ལ་མིའི་ཚེ་གཅིག་ལ་ཆ་བཞག་ནས་བཤད་ན་སྲིད་པ་བཞི་ཐོག་མར་ཤེས་དགོས། དེ་ཡང་བར་སྲིད་ནས་མངོན་དུས་ཀྱི་སྲིད་པ་ལ་འཚམ་སྦྱོར་སྟངས། དེ་ནས་སྐྱེ་སྲིད་ལ་འཚམ་སྦྱོར་སྟངས། དེ་ནས་འཆི་སྲིད་ལ་འཚམ་སྦྱོར་སྟངས་བཅས་སོ། འཆི་སྲིད་འདི་ལ་འཆི་སྲིད་རགས་པ་དང་འཆི་སྲིད་ཕྲ་མོ་གཉིས་ཕྱེ་དགོས་པ་རེད། མི་ཞིག་ལ་ཆ་མཚོན་ནས་བཤད་ན། འཆི་སྲིད་ཕྲ་མོ་མ་གྲུབ་ན་ད་དུང་འཆི་བ་གྲུབ་ཡོད་པ་མ་རེད། འཆི་བ་མ་གྲུབ་ན་རང་གི་ལུས་དང་རྣམ་ཤེས་གཉིས་ཀའི་འབྲེལ་ཐག་ཆད་ཡོད་པ་མ་རེད། འཆི་སྲིད་ཕྲ་མོ་ཡང་སྐྱེ་པ་འདིའི་བརྒྱུད་ཀྱི་བསྡུས་པ་ཡིན་ན་ཡང་། འཆི་ཁའི་སྐད་ཅིག་མ་དེ་ཡིན་པས། འཆི་བའི་སྐད་ཅིག་མ་ཅེས་མིང་གིས་བཏགས་ན་ཡང་འགྲིག
ལུས་སེམས་རྟེན་དང་བརྟན་པའི་འབྲེལ་བ་ཆད་པ་ལ། ངེས་པར་དུ་དུས་ཡུན་དང་རྟགས་བཅས་ཉམས་མྱོང་ཅན་ཞིག་གིས་ཤེས་པ་རེད། འདིའི་སྐོར་ལ་བོད་ཀྱི་ནང་ཆོས་ལྟར་ན། བོད་ཀྱི་ལུགས་སྲོལ་ལྟར་ན། རྩིས་རིགས་ནས་འབྱུང་པ་ལྟར། ཐག་བཅད་ན་ཅུང་ཟད་ཐིག་པ་འདུག ནང་རྩིས་ལས་ཕུང་པོ་གཏོང་པའི་རིམ་པ་འདི་རེད། ཕུང་པོ་གཏོང་པའི་རིམ་པ་འདི་ལུས་སེམས་རྟེན་བརྟན་པའི་འབྲེལ་བ་ཆད་པ་ནས་ཕུང་པོ་གཏོང་དགོས་པ་རེད། ཕུང་པོ་གཏོང་པའི་རིམ་པ་ལ།། ཕྲན་ཚེགས་སོགས་ཀྱི་དགོངས་དོན་བཞིན།། ཐུགས་དམ་བཞུགས་པའི་རྣལ་འབྱོར་པ།། མ་གྲོལ་བར་དུ་བཏང་མི་བྱ།། བཤེས་གཉེན་ཡོན་ཏན་ལྡན་པའི་ཚོགས།། ཞག་བདུན་འདས་ནས་གཏོང་པ་གཅེས།། ཐ་མལ་རྣམ་ཤེས་ངེས་མེད་ཀྱང་།། ཞག་བཞི་འདས་ནས་གཏོང་པར་བྱ།། མདོར་ན་མཆོག་དམན་གང་ལའང་།། དཀར་དམར་ཁམས་ཀྱི་ཉི་ཟླའི་འགྲོས།། སྟེང་འོག་སྒོར་ཐོན་རྟགས་མེད་པར།། བསྲེག་པ་ལ་སོགས་སྤངས་པར་བྱ།། ཅེས་གསུངས་ཡོད་པ་ལས། དུས་དང་རྟགས་དེ་དག་མ་ཐོན་བར་དུ་ལུས་སེམས་རྟེན་བརྟན་པའི་འབྲེལ་བ་ཆད་ཡོད་པ་མ་རེད། ལུས་སེམས་རྟེན་བརྟན་པའི་འབྲེལ་བ་མ་ཆད་སྔ་རོལ་ཏུ་འཁྱག་པ་འཐེབ་བཅུག་ན། སྲོག་འཛིན་གསོན་པོར་གནས་ཡོད་པ་རེད། ཁོའི་ལུས་འཁྱག་པ་ཐེབས་ནས་ལོ་མང་པོ་འགོར་ན་ཡང་ཡང་བསྐྱར་གསོན་ཐུབ་རྒྱུ་རེད། འདི་འདྲ་ནི་གསར་བ་གང་ཡང་མ་རེད། གཞུང་ལུགས་ན་ཡང་འགོག་པ་ལ་སྙོམས་པར་ཞུགས་པ་སོགས་སེམས་མེད་གནས་སྐབས་ལྔ་ཟེར་ནས་ཐ་སྙད་བཏགས་ཡོང་གི་ཡོད་པ་རེད། འགོག་སྙོམས་པ་སོགས་ལོ་ཤིན་ཏུ་མང་པོར་ཟ་མ་སོགས་གང་ཡང་མེད་པར་བཞུགས་ནས། དེའི་རྗེས་སུ་ཡང་བསྐྱར་འགོག་པ་ལས་ལངས་པ་ཡོད་པ་རེད་ཅེས་གཞུང་ལུགས་རྣམས་ན་ལན་གཅིག་མ་ཡིན་པར་གསུངས་བཞིན་ཡོད། དེ་བས་ན་དགག་སྒྲུབ་གྱི་རིགས་པ་གསར་བ་གང་ཡང་མ་རེད་ལ།
ཞར་ལ་ཨ་རི་སོགས་ཀྱིས་ཕུང་པོ་གཏོང་པའི་རིམ་པ་བཤད་པར་བྱ། ཨ་རི་སོགས་ནས་མི་དེའི་དབུགས་ཀྱི་རྒྱུ་བ་རགས་པ་སྣ་སྒོ་ནས་ལེན་པ་འཚམ་བཞག་ནས་ཆུ་ཚོད་བཅོ་བརྒྱད་རྗེས་སུ་ཕུང་པོ་སྲེག་པ་ལ་སོགས་པ་བྱས་ཆོག་གི་ཡོད། དེའི་སྔ་རོལ་ཏུ་བསྲེགས་པ་ལ་སོགས་པ་བྱས་མི་ཆོག་པ་ནི་ཁྲིམས་ལུགས་ཡིན། ཁྲིམས་ལུགས་དེ་ཡང་སྨན་པ་མཁས་ཅན་དང་ཉམས་མྱོང་ཅན་ཚོས་ལྟ་བ་གཞིར་བཞག་ནས་བཟོས་པ་ཡིན། ཡིན་ན་ཡང་ཁྱད་པར་ཞིག་ཡོད་པ་ནི། ཨ་རི་སོགས་ཀྱི་སྨན་ཁང་ནས་ཤི་པོ་དེའི་ལུས་ཀྱི་ཁྲག་དང་ཆུ་སེར་ཆ་ཚང་འཐེན་འགྲོ་གི་རེད། འདི་དག་ནི་ཁྱོད་ཚོས་བཤད་བཞིན་པའི་ཚན་རིག་པ་ཚོའི་ལྟ་བ་རེད། དེ་ལྟ་ན་ཡང་ཆུ་ཚོད་བཅོ་བརྒྱད་ཀྱི་སྔ་རོལ་ཏུ་ཁྲག་དང་ཆུ་སེར་སོགས་མ་འཐེན་ན་ལུས་སེམས་རྟེན་བརྟན་པའི་འབྲེལ་བ་མ་ཆད་པར་ངེས་འཛིན་བྱེད་བཞིན་ཡོད། ཁྱོད་ཚོས་བཤད་བཞིན་པའི་ཚན་རིག་པ་ཚོའི་ལྟ་ཚུལ་ཡིན། དེའི་སྔ་རོལ་ཏུ་འཁྱག་པ་འཐེབ་བཅུགས་ན་དེ་ནས་ལོ་མང་པོའི་རྗེས་ནས་སླར་གསོན་ཐུབ་ཀྱི་ཡོད་པ་རེད།
རིགས་པའི་གྲོགས་མགོན་ཕྱག་ལགས། འདི་དག་ནི་དཔེ་ཆ་དང་དོན་དངོས་དངོས་སུ་མཐོང་པ་ཞིག་གིས་རིམ་པ་ཆ་ཚང་པ་བཤད་བཞིན་ཡོད་ན། ཞིབ་ཚགས་པོའི་སྒོ་ནས་བསམ་བློ་ཐོངས། ང་ལ་མཚོན་ན་ནད་པ་འཆི་ཁ་མ་མང་པོའི་སྔས་འགོར་སོང་ནས་རྣ་ལམ་དུ་ཆོས་སྐད་སྒྲོག་བཞིན་ཡོད། མི་ཁ་ཤས་ལྟར་དབྱིན་ཡིག་གི་དེབ་མགོ་མི་ཚོས་པ་ཞིག་ནས། མིང་ཚིག་མགོ་མི་ཚོས་པ་ཞིག་ཀློག་ནས། མགྱོགས་སུ་རང་གི་ཡིད་ལ་དམ་བཅའ་ཞིག་རྙེད་འགྲོ་བ་དེ་འདྲའི་གྲས་མིན།
ད་བར་ངའི་དྲི་བ་དག་ལ་ལན་ཏག་ཏག་བརྒྱབ་པ་ཞིག་ཕལ་ཆེར་བྱུང་མ་སོང་། ད་ཐེངས་ཀྱང་དེ་ལྟར་རེད། འགྲེལ་བཤད་མང་པོ་བརྒྱབ་པས་ཅི་ཡོང་། ངའི་དྲི་བ་ནི། རྣམ་ཤེས་ག་པར་ཡོད་པ་རེད། དེ་རེད། འཁྱག་ཧྲེང་དུ་ཐེབས་པའི་གཟུགས་པོའི་ནང་ཡོད་པ་རེད་དམ་ཕྱི་ལོགས་སུ་འཁྱམ་བསྡད་ཡོད་པ་རེད། དེ་ལ་ལན་མང་པོ་ཡོད་པ་མ་རེད།
མ་འཆི་བར་དུ་རྣམ་ཤེས་ཕྱི་ལོག་ན་ཡོད་ས་མི་འགྲོ་བ་འགྲེལ་བཤད་རྒྱག་འེ་དགོས། མ་འཆི་བར་དུ་སྲོག་འཛིན་ལུས་དེ་ལ་གནས་ཡོད་པ་རེད། འདི་ནི་རང་རང་གི་ཉམས་མྱོང་ལས་ཀྱང་ལོས་ཤེས། གཉིད་ཁུག་པའི་གནས་སྐབས་སུ་རྣམ་ཤེས་ལུས་ལ་གནས་ཡོད་པ་དང་གཅིག་པ་རེད།
སྲིད་པ་བཞིའི་མཚམ་སྦྱོར་ངོས་འཛིན་གལ་ཆེ་བར་བཤད་ཡོད། མངོན་དུས་ཀྱི་སྲིད་པའི་སྐབས་སུ་རྣམ་ཤེས་དེ་ཨ་མའི་གྲོད་ཁོག་ནང་གི་བྱིས་པ་དང་ཁ་མ་བྲལ་བར་ཡོད། སྐྱེས་སྲིད་ཀྱི་སྐབས་སུ་སྐྱེས་ཟིན་པའི་གཟུགས་པོ་དང་ཁ་མ་བྲལ་པར་ཡོད། འཆི་སྲིད་ཀྱི་སྐབས་སུ་གཟུགས་པོ་དང་ཁ་བྲལ་ཁ་མ་རེད། བར་སྲིད་ཀྱི་སྐབས་སུ་སྐྱེས་པའི་གཟུགས་པོ་དང་ཁ་བྲལ་བ་རེད། འཁྱགས་པ་ཆགས་ན་ཡང་གཅིག་པ་རེད། མ་ཤི་ན་རྣམ་ཤེས་གཟུགས་པོ་དང་ཁ་མ་བྲལ་བར་ཡོད་དང་ཡོད། འགོག་སྙོམས་པ་དང་གཅིག་རེད་ཟེར་ནས་གོང་དུ་བཤད་ཡོད་མོད། ཀ་ཁ་མ་ཤེས་ན་བཀའ་འགྱུར་སློབ་མི་ཐུབ་ཀི།
མགོན་ཕྱག་གི་དྲི་བ་ ཧ་ཧ་ཧ
ཟླ་མེད་ཀྱི་ལན་ ཧེ་ཧེ་ཧེ
ལུས་ཧྲིལ་པོ་འཁྱགས་པ་ཆགས་ཚར་རྗེས་རྣམ་ཤེས་ད་རུང་གཟུགས་པོའི་སྟེང་ཡོད་ཟེར་ཐག་བཅད་ནས་བཤད་རྒྱུ་ལས་སླ་མོ་ཞིག་ཨེ་ཡིན། རྣམ་ཤེས་རང་གི་བཞོན་པར་གྱུར་པའི་རླུང་དང་འགྲོགས་ནས་ཡོད་ཟེར་པ་ཁས་ལེན་ན་རྣམ་ཤེས་ཀྱི་གཞོན་རྟ་རྒྱུགས་སའི་ལམ་ཆེན་དེ་ལུས་ཀྱི་ཟུང་ཁྲག་ཡིན་པ་བཞིན་གལ་སྲིད་ཟུང་ཁྲག་འཁྱགས་པས་སྐག་ཚར་རྗེས་ད་རུང་རྟ་རྒྱུགས་སའི་ལམ་ཁ་ཞིག་ག་པར་ལྷག་གི་རེད། རྦད་དེ་འགག་ཟིན་པ་རེད། སྐབས་དེ་དུས་རྣམ་ཤེས་ཀྱི་གཞོན་རྟ་དང་རྣམ་ཤེས་གཉིས་ཕྱི་ལོགས་སུ་མ་ཐོན་ཀ་མེད་རེད།
རྣམ་ཤེས་ལུས་པོའི་ཕྱི་ལོགས་སུ་བུད་ཚར་བ་དང་ཆབས་ཅིག་ཤི་ཚར་བ་རེད། ཤི་མ་ཤི་དེ་རྣམ་ཤེས་དང་འགྲོགས་མ་འགྲོགས་ལ་བལྟ་དགོས་ན་རྒྱུ་མཚན་དེ་ག་རང་ཁས་ལེན་དགོས་པ་ཡིན།
མཁས་དབང་འདོད་ལྷ་ཁམས་པས་ཊར་ཝིན་གྱིས་སྲོག་ཆགས་དེ་ཚོ་རང་བྱུང་འདེམས་སྒྲིག་གིས་རིམ་པས་འགྱུར་རུང་པར་བཤད་པ་གོ་རྒྱུ་ལོས་ཡོད། ལོ་ས་ཡ་མང་པོའི་སྔོན་གྱི་སྲོག་ཆགས་དེ་ཚོ་རིམ་འགྱུར་ལས་བྱུང་བ་ཡིན་ཟེར་བའི་གཏམ་དེ་དག་དངོས་གནས་གཏན་ཚིགས་དང་མཐུན་པའི་ཡིད་ཆེས་ཕེར་བའི་གནས་ཤིག་ལོས་ཡིན། ནང་བསྟན་གྱིས་མི་དང་དུད་འགྲོ་ལ་སྐྱེས་གནས་བཞི་བཤད་པ་ཡང་དེ་དང་འབྲེལ་བའི་རིམ་འགྱུར་ལ་དགོངས་པ་ཡིན་ཞིང་བོད་ཀྱི་མི་རྒྱུད་སྤྲ་སྤྲེའུ་ལས་བྱུང་བར་རྒྱལ་རབས་ཆོས་འབྱུང་དུ་མ་ལས་བཤད་པ་དེས་ཀྱང་སྐྱེས་རབས་སྔ་མ་ཡོད་པ་བསྟན་ཟིན་པ་རེད། ཡིན་ཡང་སྐབས་འདིར་ཚེ་སྔ་ཕྱི་གཉིས་རིགས་འདྲའི་རྒྱུན་ཞིག་ལས་འོང་དགོས་པར་བསྒྲུབས་པ་དང་། དེ་ཡང་རྣམ་ཤེས་ཀྱི་རྒྱུན་ཞིག་ལས་འོང་དགོས་བར་འདོད། དེ་འདྲའི་རྣམ་ཤེས་ཀྱི་རྒྱུན་དེ་སྐྱེ་གནས་སྣ་ཚོགས་སུ་འགྲོ་ཆོག་ལ། ཐ་ན་རྩི་ཤིང་གི་རིགས་ལའང་འགྲོ་ཆོག་པ་དཔེར་ན། jellyfish་ལྟ་བུ་སེམས་ཅན་ཡིན་པ་གང་ཞིག་ལ་ལུས་ནི་རྩི་ཤིང་གི་སྐྱེ་རྡུལ་ཕྲ་གཟུགས་ལ་བརྟེན་ནས་གྲུབ་ཅིང་ཉི་འོད་ཀྱིས་སྐྱོང་དགོས་པ་དེང་སང་དངོས་སུ་མཐོང་རྒྱུ་ཡོད་པ་དེ་རེད། འབྱུང་ལུས་ཀྱི་རྫས་རྒྱུན་ལ་དེ་འདྲ་ཡོང་ཆོག་པ་རེད། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཅེས་པ་ལྟར་རྣམ་ཤེས་ཀྱི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་རྣམ་ཤེས་ཀྱི་སྟེང་དུ་ཡོད་དགོས་པ་ལས་ཕྱི་རོལ་གྱི་ས་རྡོ་རི་བྲག་སོགས་ལ་མེད་པས། །འབུ་སྲིན་ཆུང་ཆུང་དེ་ཚོ་ལའང་ངའོ་སྙམ་པའི་བློ་དང་མཉམ་དུ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། རང་གཅེས་འཛིན་བློ་ཤུགས་ཆེན་པོ་ཡོད་ཙང་བློ་དེའི་དབང་གིས་རང་གི་སྡུག་བསྔལ་སེལ་ཞིང་བདེ་བ་སྒྲུབ་པའི་ཐབས་ཤིག་འཚོལ་གྱིན་པ་དེ་རེད། དེ་ནི་རྩི་ཤིང་སོགས་ལའང་མེད་པས་རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་གྱི་སྟེང་ནས་འོངས་པའི་རྒྱུ་མཚན་མཐར་ཐུག་དེ་རེད།
ཨ་ཛི། མྱི་གསོན་པོ་ཝ་འཐས་ནས་ལོ་ཕལ་ཆེར་བཅུ་གྲངས་ཤིག་ཕྱིན་པ་དེ་འགོག་སྙོམས་ལ་ཞུགས་པ་དང་གཉིད་ཁུག་པ་དང་ག་བ་འདྲ་གི་རེད། དེ་གཉིས་མི་ད་རུང་གསོན་པོ་རེད། ཁྲག་དང་རླུང་གི་རྒྱུ་བ་ད་རུང་འགག་ཡོད་པ་མ་རེད། ཁྲག་དྲོན་པོ་རེད། གཟུགས་པོ་སོས་མ་རེད། འཁྱག་ཧྲེང་ཐེབས་དུས་ཁྲག་དང་རླུང་གི་རྒྱུ་བ་འགག་ཚར་བ་རེད། གཟུགས་པོ་འཁྱག་ཧྲེང་ཐེབས་ནས་ལོ་དུ་མ་ཕྱིན་པ་རེད། ཐ་ན་རྩ་ལམ་གྱི་ཁྲག་ཀྱང་ཝ་འཐས་པ་རེད། མགོའི་ཀླད་ཞོ་ཡང་ཝ་འཐས་པ་རེད། བྲང་ཁོག་ནང་གི་དོན་ལྔ་སྣོད་དྲུག་ཚང་མ་ཝ་འཐས་པ་རེད། འདོད་ལྷ་ཁམས་པས་བཤད་པ་ལྟར་རེད།
དགེ་བཤིས་ཚོར་དྲི་བ་ཁག་ཅིག་ཞུ་ཆོག་པ་གནང་།
མི་གསོན་པོའི་གནས་སྐབས་ཀྱི་ལུས་ཕུང་གི་ཟུངས་བཅུད་ཀྱིས་་་རྣམ་ཤེས་ལུས་ཐོག་ཏུ་འཛིན་ཐུབ་ཀྱང་་་་་མིའི་སྲོག་ཆད་ཚར་བའི་རྗེས་སུ་རྣམ་ཤེས་དེ་ཡང་རོ་ཐོ་ཞིག་ལ་གནས་ཐབས་མེད་པར་གཞན་ལ་འཕོས་ཀྱིན་ཡོད་ཚོད་འདུག་ན་་་་་་རྣམ་ཤེས་འཕོས་སའི་གཞི་དེ་མི་ཡི་ལུས་རྟེན་ཡིན་དགོས་སམ་་་ཡང་ན་སེམས་ཅན་དང་་་དངོས་པོ་གཞན་ཞིག་གི་སྟེང་ལ་འཕོས་ཏེ་འཚོ་བ་རེད་དམ།
རྣམ་ཤེས་དེ་ནི་་་་་སེམས་ཅན་གང་ཞིག་གི་ལུས་ཀྱི་ཟུངས་བཅུད་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་དམ་་་ཡང་ན་རང་སྐྱ་ཐུབ་པའི་ཚོར་བ་ཙམ་པོ་བ་ཞིག་རེད།
དཔེ་ན་་་མཆོད་མེ་ཞིག་ལ་མཚོན་ན་་་་ལུས་དང་ཟུངས་བཅུད་མར་ཁུ་ཡིན་ན་་་་་་རྣམ་ཤེས་དེ་ནི་མཆོད་མེའི་འོད་ལྟ་བུར་ཁས་བླངས་ན་གང་ལ་གནོད་ཀྱིན་ཡོད་དམ། །
འཛམ་གླིང་གི་མངོན་ཤེས་སྨྲ་བ་དང་སྐྱེ་བ་སྔ་མ་དྲན་མཁན་དག་ཚན་རིག་པས་ཐོ་གཞུང་དུ་བཀོད་ཡོད་པ་རེད་ཅེས་ཚན་རིག་དགེ་རྒན་ཞིག་གིས་བཤད་སོང་། ཡིན་ཡང་དེབ་དེ་ལག་ཏུ་རེག་ཡོང་བསམ་ནས་འབད་རྩོལ་བྱས་ཀྱང་རེག་མ་སོང་། དེའི་ནང་དུ་འཁོད་ཡོད་པར་བཤད་པ་ལྟར་ན་དུས་རབས་ཉི་ཤུ་བའི་ནང་སྐྱེ་བ་སྔ་མ་དྲན་མཁན་ལྔ་བརྒྱ་ལྷག་ཡོད་པར་བཤད་ཅིང་གོང་ས་མཆོག་སྐྱེ་བ་སྔ་མ་དྲན་མཁན་གྲས་སུ་ཚུད་ཡོད་པ་རེད་ཅེས་ཟེར། རྣམ་པ་ཚོས་དེབ་དེའི་སྐོར་ལ་མཐོང་ཐོས་འདྲ་ཡོད་ན་གསུངས་རོགས། དེབ་དེས་གཙོ་བོར་ནང་པའི་གཞུང་ལས་བཤད་པའི་སྐྱེ་བ་སྔ་ཕྱིར་ཞིབ་འཇུག་དང་སྒོམ་དང་གྲུབ་རྟགས། རླུང་སྦྱོར། རྩ་རླུང་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་ཆེད་རེད། བོད་དུ་སྐྱབས་རྗེ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་དུས་རབས་ཉེར་གཅིག་པའི་གངས་ཅན་པ་ལ་གདམས་པ་ཞེས་པའི་དེབ་ཅིག་མཇལ་མྱོང་། དེའི་ནང་དུ་སྐྱེ་བ་སྔ་མ་དྲན་མཁན་གྱི་མི་དང་ས་གནས་སོགས་མང་པོ་ཞིག་བཀོད་འདུག །
མཁས་དབང་མགོན་ཕྱག་གིས་ལུས་འཁྱགས་རེངས་སུ་ཐེབས་ནས་སླར་གསོན་དུ་འཇུག་ཐུབ་པར་བཤད་པ་དེ་རྟོགས་དཀའི་གནས་ཤིག་རེད། གཤམ་གསལ་འདི་ལ་དཔྱད་པ་གནོངས་རོགས།
42,000-year-old mammoth baby on Asian tour.
Lyuba, the 1-month old baby mammoth of the Ice Age, died 42,000 years ago and was preserved in the ice. She was found by a reindeer herder in Siberia in 2007. By far, she is the best preserved mammoth mummy in the world. Lyuba is on an Asian tour now and will be exhibited in Hong Kong from April 12 to May 10.Although her fur and toenails have disintegrated, her skin and internal organs are intact. Apparently, there were traces of her mother’s milk in her stomach. Scientists hope to gain insight into what caused Ice Age mammals, including the mammoths, to become extinct at the end of the Pleistocene era around 10,000 years ago.
རིགས་རྒྱུད་སྟོངས་ཟིན་པའི་གངས་ཀྱི་གླང་ཆེན་གྱི་ཕྲུ་གུ་མ་མོ་སླར་གསོན་ཐུབ་གི་ཡོད་ན་རིགས་རྒྱུད་སླར་གསོ་ཡོང་ཐུབ་གི་རེད་པ་ལགས།
ཨ་ཡོཡོ
མིག་བརྒྱད་པ་ལགས། ༼ བོད་ཀྱི་མི་རྒྱུད་སྤྲ་དང་སྤྲེའུ་དང་། མི་རྒོད་དང་བྲག་སྲིན་ལས་བྱུང་བ་རྒྱལ་རབས་ཆོས་འབྱུང་དུ་མ་ལས་བཤད་པ་དེས་ཀྱང་སྐྱེས་རབས་སྔ་མ་ཡོད་པ་བསྟན་ཟིན་པ་རེད། ༽ ཅེས་འོལ་ཚོད་འདི་འདྲ་གསུང་ཡག་ཨེ་ཡོད།
སྐད་ཆ་འདི་འདྲ་ཤོད་པ་སྐུ་ཉིད་གོང་བཀོད་ཡིག་ཕྲེང་དེའི་གོ་དོན་ལ་གོ་བ་ལོག་པ་རེད་དམ་ཡང་ན་གོ་བ་མ་ལོན་པ་རེད། བོད་མི་རྣམས་སྤྲ་དང་སྤྲེའུ་ལས་བྱུང་ཚུལ་ཤོད་པའི་ལོ་རྒྱུས་སྐད་ཆ་འདིའི་བརྗོད་དོན་ག་རེ་རེད། བོད་མིའི་རིགས་རྒྱུད་དང་འབྲེལ་བའི་ཁུངས་ཤོད་པ་ཙམ་ལས་རྣམ་ཤེས་དང་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཡེ་ནས་བསྟན་མི་འདུག་ཡ། ཁྱོད་ཀྱིས་དོན་དག་དེ་སྐྱེ་བ་སྔ་མ་ཡོད་པར་བསྟན་པ་རེད་ཅེས་འུར་བརྗོད་བྱ་དོན་ལ་བལྟས་ན་དོན་དག་མང་པོ་ཞིག་གི་ཐད་ལ་སྐུ་ཉིད་ནས་ལ་གོ་བ་མ་ལོན་པའམ་ཡང་ན་གོ་བ་ལོག་གི་ཡོད་པའི་བློ་དོགས་ཞིག་ང་ལ་མི་ཡོང་ཀ་མེད་རེད།
གནའ་སྔ་མོའི་རྒྱང་འཕེན་པའི་གྲུབ་མཐའ་དེ་ཚོ་རྒྱ་གར་ནས་བོད་དུ་དར་ཞིང་བོད་ཀྱི་མཁས་པ་རིམ་བྱོན་གྱིས་ད་ལྟའི་བར་དུ་གཅེས་ཉར་གྱིས་རང་གི་གྲུབ་མཐའི་དབུར་འཇོག་ཏུ་མཛད་ཡོད། རྒྱ་གར་ནང་ལའང་ད་ལྟའི་དུས་སུ་གྲུབ་མཐའ་དེ་དག་ཧ་ལམ་སྟོང་ཚར་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བཙན་པོ་སྤྲུལ་སྐུ་དང་དགེ་འདུན་ཆོས་འཕེལ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་སོགས་བོད་ཀྱི་མཁས་དབང་མང་པོ་ཞིག་གིས་རང་གི་གྲུབ་མཐའ་དང་ཚན་རིག་ལག་གདངས་སྤྲེལ་ནས་དངོས་པོའི་གནས་ལུགས་འཚོལ་སྟངས་ཀྱི་རིག་པ་ཇེ་གསལ་དུ་བཏང་ཡོད་པར་བརྟེན་བོད་ཀྱི་གྲུབ་མཐའ་འདི་ནི་འཐུས་སྒོ་ཡོངས་སུ་ཚང་བའི་གྲུབ་མཐའ་ཞིག་ཏུ་གྱུར་ཡོད་པ་རེད། ད་ཆ་གདན་ས་ཁག་གི་དགེ་ལུགས་སྤྲོད་ནང་ཚན་རིག་གི་རྒྱུགས་སྤྲོད་གཏོང་རྒྱུའི་མང་མོས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་ཟིན་པ་རེད། རང་རེའི་བོད་ཀྱི་གྲུབ་མཐའ་འདི་ནི་ཚན་རིག་གི་གླེང་གཞི་གལ་ཆེན་པོ་ཞིག་གྱུར་ཡོད་པར་བརྟེན་རང་གི་ལྟ་ལ་ཞེན་ཁོག་དང་གཞན་གྱི་ལྟ་ལ་འཁྲུག་པའི་བློ་ངན་རྒྱང་དུ་དོར་ནས་དགག་སྒྲུབ་ཀྱི་རིགས་ལམ་ཇི་ཙམ་རྣོ་བ་དེ་ཙམ་གྱིས་བོད་ཀྱི་གྲུབ་མཐའ་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོ་ཆགས་ཐུབ་ཀྱི་རེད། དེ་ལྟར་གྱུར་ན་བོད་ཀྱི་སྐད་ཡིག་གི་ལམ་ཁ་ཡང་འཐུས་སྒོ་ཇེ་ཆེ་དང་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་གྱི་ཆེད་དུ་བརྡ་དང་ཐ་སྙད་སྣ་ཚོགས་ལ་འདྲིས་དགོས་པ་རེད། གཞན་གྱི་ལྟ་གྲུབ་རྣམས་ནང་འདྲེན་བྱས་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་བོད་གྱི་གྲུབ་མཐའ་ཆེན་མོ་དར་རྒྱས་ཡོང་བར་གདོན་མི་ཟ།
ས་ཆུ་མེ་རླུང་གི་རིགས་རྐྱང་བ་དག་ནི་སྲོག་མེད་དང་། རྩི་ཤིང་དང་མི་ལ་སོགས་པའི་སེམས་ཅན་རྣམས་ནི་སྲོག་ལྡན་མ་རེད། དབུགས་ལྡན་ལ་ངོས་བཟུང་ཡོད། དེ་མིན་ན་ཤིང་བཅད་ན་སྲོག་བཅད་པའི་ཉེས་པར་མི་ཐལ་ལམ། ཧ་ཧ། ཧོ་ཧོ། ཨིན་སྐད་འདི་ནི་་་་་་་་་
ཨ་རོ། འདོད་ལྷ་ཁམས་པ། སྲོག་ཆགས་ཀྱི་སྐྱེས་རབས་སྔ་ཤོས་དེ་བསྐལ་བ་ཡ་ཐོག་གི་རྒྱ་མཚོའི་དམ་རྫབ་ནང་གི་འབུ་སྲིན་ཆུང་ཆུང་དེ་ཚོ་མ་རེད་པས། འབུ་སྲིན་དེ་ཚོ་ལོ་ས་ཡ་མང་པོའི་རྗེས་སུ་རྒྱ་མཚོའི་སྲོག་ཆགས་སུ་གྱུར་བའི་སྐྱེས་རབས་དང་། དེ་ནས་སྲོག་ཆགས་དེ་ཚོའི་གྲས་ལོ་ས་ཡ་དུ་མའི་རྗེས་སུ་སྐམ་ས་ལ་ཡོང་ནས་སྐམ་སའི་སྲོག་ཆགས་གྱུར་བའི་སྐྱེས་རབས་དང་། སྤྲ་རྒོད་དེ་ཚོ་རིགས་གཉིས་སུ་གྱེས་ནས་རིགས་གཅིག་ནི་མི་ལ་གྱུར་བའི་མིའི་སྐྱེས་རབས་དང་རིམ་འགྱུར་ཟེར་བ་མ་རེད་དམ། སྐྱེ་བ་སྔ་མ་དང་སྐྱེས་རབས་གཉིས་ནོར་མི་ཉན།
མི་རྣམས་ཆོས་ལུགས་ནང་ལ་ལྷ་ལས་མཆེད་ཚུལ་དང་། ཡང་ཚན་རིག་པས་སྤྲ་མི་ལས་མཆེད་པར་ཡིན་པར་བཤད་ཚུལ་གཉིས་ཡོད་རེད་དོ།
ཡ་དེ་ནས་རིགས་རྒྱུན་དང་རྫས་རྒྱུན་གྱི་སྐོར་ལ་བཤད། གོང་དུ་ཁྱོད་ཚོས་མི་ནི་སྲོག་ཆགས་གཞན་ལས་བྱུང་ཚུལ། མི་ཡར་དེད་ནས་སོང་ན་སྤྲ་དང་སྤྲེའུ་ལས་བྱུང་ཚུལ། དེ་ཡང་དེད་ནས་སོང་ན་རྒྱ་མཚོ་ནང་གི་སྲོག་ཆགས་ལས་བྱུང་ཚུལ་སོགས་མང་པོ་ཞིག་བཤད་བཞིན་པ་འདི་ནི། ནང་ཆོས་ནས་བཤད་ན་རིགས་རྒྱུན་འདེད་སྟངས་ཞིག་རེད། འདི་ནི་མིའི་གཟུགས་པོའི་རིགས་དེ་གང་ལས་བྱུང་པའི་འབྱུང་ཁུངས་ཙམ་དེད་པ་ལས། མི་ཡི་རྣམ་ཤེས་ཀྱི་འབྱུང་ཁུངས་རྩད་གཅོད་ཀྱི་མེད། ནང་ཆོས་ནས་བཤད་ན་མི་ལ་མཚོན་ན་གཟུགས་པོ་ནི་ཚེ་རེ་རེ་ལ་གཡར་བའི་མགྲོན་ཁང་ཙམ་རེད་མ་གཏོགས། གང་ཟག་དེའི་སྔ་མ་ནས་འོངས་པ་པོ་དང་། འདི་ནས་ཕྱི་མར་འགྲོ་བ་པོ་ནི་རྣམ་ཤེས་དེ་བཞག་རྒྱུ་ཡིན་པས། གཟུགས་པོ་ཙམ་གྱི་འབྱུང་ཁུངས་བརྩད་བཅད་ནས་བསྡད་ན་བརྩད་གཅོད་སྟངས་གཞན་ཞིག་རེད། དེ་བས་ན་ང་ཚོས་མིའི་འབྱུང་ཁུངས་བརྩད་བཅད་པ་མཐུན་ན་ཡང་། བརྩད་བཅད་ནས་རྙེད་པ་མི་འདྲ་བའི་རྒྱུ་མཚན་ནི། ཁྱོད་ཚོས་རིགས་རྒྱུན་བརྩད་བཅས། ང་ཚོས་རྫས་རྒྱུན་བརྩད་བཅད་ནས་སོང་པས་གྲུབ་དོན་མི་འདྲ་བ་ཆགས་པ་རེད།
འོན་ཀྱང་ཁ་ཤས་ཀྱིས་རྣམ་ཤེས་ཟེར་བའི་བྱ་དངོས་ཞིག་མིའི་གཟུགས་པོའི་སྟེང་ན་ཡོད་མེད་ལ་ཐེ་ཚོམ་ཙམ་ཡང་མ་ཞུགས་པ་ནས། དེ་ལ་ཐེ་ཚོམ་ཞུགས་པ། དེ་གཟུགས་པོ་རང་ལས་བློ་བུར་དུ་བྱུང་པ་ནས། ཡང་གཟུགས་པོ་རང་ལས་བློ་བུར་དུ་བྱུང་པ་མ་ཡིན་པར་གཞན་ཞིག་ནས་ཡོང་པར་བློ་ཁ་ཕྱོགས་པ་སོགས་རིམ་པ་མང་པོ་ཞིག་ཡོད་པ་རེད། ངས་ནི་དགའ་བོ་མངལ་འཇུག་ལ་རྟེན་ནས་བཤད་ན། མི་ཟེར་བ་དེ་ནི་ཉེ་བརྒྱུད་དེད་ནས་སོང་ན། ཨ་ཕའི་ཁུ་བ་དེ་ཕ་ཡི་ལས་ལས་བྱུང་། ཨ་མའི་ཁྲག་དེ་ཨ་མའི་ལུས་ལས་བྱུང་། རྣམ་ཤེས་དེ་སྐྱེས་པ་སྔ་མ་ལས་བྱུང་། དེ་གསུམ་མངལ་དུ་འཚོགས་པའམ། འཛོམས་པ་ལས་མི་ཟེར་བ་དེ་ཆགས་པ་རེད། དེ་བས་ན་རྣམ་ཤེས་ཁོ་རང་བཙལ་ནས་སོང་ན་འཁོར་པ་ལ་ཐོག་མ་མེད་ཟེར་ནས་བཤད་བཞིན་ཡོད། འོན་ཀྱང་རིང་བརྒྱུད་ནས་བསམ་བློ་བཏང་ནས་མི་ཡི་ལུས་ཙམ་པོ། སྤྲ་སྤྲེའུ་ལས་བྱུང་། དེ་དེད་ནས་སོང་ན་རྒྱ་མཚོའི་སྲོག་ཆགས་ལས་བྱུང་། དེ་ཡང་དེད་ནས་སོང་ན་རྒྱ་མཚོའི་མཚོ་ཤ་ལས་བྱུང་སོགས་ཟེར་ན་འགྲིག དེ་ནི་ང་ལ་མཚོན་ནས་བཤད་ན་མིའི་འབྱུང་ཁུངས་བརྩད་གཅོད་ཐུབ་ཀྱི་མེད། མིའི་ལུས་པོའི་འབྱུང་ཁུངས་ཙམ་བརྩད་གཅོད་ཀྱི་ཡོད་བཅས་སོ།།
http://tb.tibet.cn/2010tspd/zj/201208/t20120808_1766727.htm
གཞུང་འདིར་སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་མེ་དང་སྔོན་གནས་རྗེས་སུ་དྲན་པའི་ལོ་རྒྱུས་གཉིས།ཤི་ཡུལ་ནས་སླར་ལོག་སྟེ་མ་བུ་མཉམ་འཛོམས་བྱུང་བ།ཤི་ཡུལ་ནས་སླར་ལོག་སྟེ་བཟའ་མི་མཉམ་འཛོམས་བྱུང་བ།སྔོན་གནས་རྗེས་སུ་དྲན་པའི་བྱུང་བ་བསྙོན་མེད་སྲིད་པའི་རང་གཤིས་ཞེས་བྱ་བ།མཁས་འཇུག་གི་གསར་འགྲེལ་ལ་དཔྱད་པ།བག་ཆགས་དོང་སྤྲུག་གི་ལན།
༼ མི་ལ་མཚོན་ན་གཟུགས་པོ་ནི་ཚེ་རེ་རེ་ལ་གཡར་བའི་མགྲོན་ཁང་ཙམ་རེད་མ་གཏོགས་མི་དེ་སྔ་མ་ནས་ཕྱི་མར་འགྲོ་བའི་གང་ཟག་དེ་མ་རེད ༽ མ་བརྟག་མ་དཔྱད་པར་ཧ་རེ་ཧོ་རེར་སྐད་ཆ་རོག་རོག་འདི་འདྲ་ཤོད་པ་ལ་ཁུངས་བཙན་པོ་ཅིག་མེད་ན་ཤོད་ཐུབ་པ་འདུག་གས།
མི་རྣམས་ཀྱི་གཟུགས་པོ་མི་རྣམས་ཀྱི་མགྲོན་ཁང་ཙམ་ལས་མི་མ་རེད་ཟེར་ན་མི་རྣམས་གད་མོ་ཤོར་ནས་གཡག་འཆོར་ཉེན་མི་འདུག་གམ། ཧེཧེཧེ མི་རྣམས་ནི་མི་རྣམས་ཀྱི་རིགས་རྒྱུན་དང་གཟུགས་པོ་ལ་བརྟེན་ནས་མི་རུ་གྱུར་པ་རེད་མ་གཏོགས་གཞན་གང་ལ་ཡང་ལྟོས་མེད། མ་ཤི་གོང་ལུས་ཟུང་དུ་རྒྱུ་བའི་རླུང་སེམས་མཐོ་གང་བོ་དེ་གཟུགས་པོ་ནས་ཕྱིར་ཐོན་པ་ན་གཟུགས་པོའི་མགུལ་སྐྱོད་མཇུག་རྫོགས་པ་མ་རེད་པས།
ད་ཆ་འཛམ་གླིང་ཐོག་མི་འབོར་གྲངས་བྱེ་བ་བདུན་བརྒྱ་ལྷག་ཙམ་དང་མི་ལས་གཞན་པའི་དུད་འགྲོའི་རིགས་ནི་གྲངས་ཀྱིས་མི་ཟིན་པ་ཡོད་ན་ཡང་ལོ་ངོ་ས་ཡ་བཞི་སྟོང་ཙམ་གྱིས་གོང་དུ་སའི་གོ་ལའི་ཐོག་མི་དང་དུད་འགྲོ་རྐང་གཅིག་ཀྱང་མེད་པ་བདེན་པས་གྲུབ་པ་རེད། ཧཧཧ སྐབས་དེ་དུས་སྐྱེ་བ་སྔ་མ་ནས་ཕྱི་མར་འགྲོ་སྐབས་ལམ་བར་དུ་སྡོད་སའི་མི་ལུས་ཀྱི་མགྲོན་ཁང་གཅིག་ཀྱང་ག་ལ་ཡོད།
འོ་ན་དེ་དུས་ ད་ཡོད་ཀྱི་འཛམ་གླིང་གི་མི་གྲངས་ས་ཡ་བདུན་སྟོང་ལྷག་དང་བཅས་པའི་གྲངས་ལས་འདས་པའི་སྲོག་ཆགས་གཞན་རྣམས་ཀྱི་རྣམ་ཤེས་དག་རང་རང་སྡོད་སའི་མགྲོན་ཁང་གླ་ས་མེད་པར་ས་སྟོང་ཞིང་སྟོང་ནས་མི་ལོ་ས་ཡ་ག་ཚོད་ཅིག་ལ་ལྷག་ཡོད་ན། ཧེཧེཧེ
ཨ་རོ། མིག་བརྒྱད་པ། སྐྱེ་རབས་དང་རིགས་རྒྱུན་གཉིས་ལོག་ག་ཡིན་པ་རེད། སྐྱེ་རབས་ནི་མི་རྣམས་ཀྱི་སྐྱེ་བ་སྔ་མ་སྔ་མ་དང་ཕྱི་མ་ཕྱི་མའི་རིམ་པ་ལ་ཟེར་པ་ཡིན་པས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་སྐད་ཆ་ཅིག་རེད། རིགས་རྒྱུན་ནི་དེ་ལས་ལྡོག་དེ་སྐྱེ་བ་སྔ་ཕྱི་དང་ཡེ་ནས་མི་འདྲ། སྲོག་ཆགས་རེ་རེ་རེ་རེའི་ཕ་མའི་ཁྲག་རྒྱུན་དེད་པའི་བྱུང་རབས་ཅིག་རེད། དཔེར་ན། མི་རྣམས་ཀྱི་ཕ་མའི་ཕ་མ་སོགས་ཀྱི་ཐོག་མ་བཙལ་མཁན་བསམ་བློ་བ་ཆེན་པོ་དེ་ཚོས་ཐག་བཅད་པའི་གྲུབ་དོན་ནི་བོད་མི་ཚོས་སྲིན་མོ་དང་སྤྲེའུ་ལ་ངོས་བཟུང་བ་དང་། Darwin གྱིས་རྒྱ་མཚོའི་ཞབས་གི་ཉ་རིགས་ལ་ངོས་བཟུང་ཡོད་པ་དེ་ནང་བཞིན་རེད། དོན་དག་དེ་ཁྱེད་ཀྱིས་ཀྱང་ཁས་མི་ལེན་ཐབས་མེད་དུ་གྱུར་ནས་མཐར་མགོ་མདོགས་མ་ཞུས་ཀ་མེད་བྱུང་བ་མ་རེད་པས།
ད་དུང་དེ་ལས་ཕར་དེད་ན་ཤིན་ཏུ་ཕྲ་བའི་ཉ་རིགས་དེ་རྣམས་ཀྱང་རང་རང་སྐྱེས་སའི་ཕ་མ་འམ་ཕ་མའི་ཚབ་ཅིག་དགོས་ངེས་དུ་སོང་བས་ Darwin གྱིས་རྒྱ་མཚོའི་ཞབས་ཀྱི་བཟའ་ཤའམ་འདབ་རྫབ་མྱག་མའི་རིགས་ལས་བྱུང་བ་ཤེས་ཡོད།
འོ་ན་དོན་དག་དེ་དང་སྐྱེ་བ་སྔ་ཕྱི་གཉིས་ལ་འབྲེལ་བ་ཡོད་དམ་མེད་ཟེར་ན། ག་རེ་ཡོད་རེད། ག་འདྲ་སེ་ཡོད་རེད། ཁྱེད་ཅག་ལ་ལ་ཞིག་གིས་སྒྲུབ་བྱེད་གཙོ་བོ་དེ་མེ་ཏོག་ནི་གེ་ཏོག་གི་རྒྱུན་ལས་བྱུང་བ་བཞིན་མི་ཡང་མི་ཡི་རྒྱུད་པ་ལས་སྐྱེས་པ་རེད། དངོས་པོ་ཡོད་ཅོག་རང་རང་གི་རྒྱུན་ལས་ངེས་པར་དུ་སྐྱེས་དགོས་གི་རེད། རིགས་གཞན་ལས་སྐྱེས་སྲིད་ཀི་མ་རེད། སོང་ཙང་། སེམས་ཀྱང་སེམས་ལས་མ་གཏོགས་འབྱུང་མི་སྲིད་དོ་ཟེར་བ་མ་ཡིན་ནམ།
དེས་ན་འདམ་རྫབ་བམ་བཟའ་ཤ་མྱག་མ་ལས་ཉ་རུ་སྐྱེས་པ་དང་། སྤྲེའུ་ལས་མི་རུ་གྱུར་པའི་དངོས་ཡོད་ཀྱི་བྱུང་རབས་དེ་དག་ལ་འགྲེལ་བཤད་ག་འདྲ་སེ་རྒྱག་རྩིས་ཡིན་ནམ། མཐར་གཏུགས་ན་སྲོགས་ཆགས་ཡོད་ཚད་ཀྱི་མེས་པོ་ཐོག་མ་དེ་རྒྱ་མཚོའི་ཞབས་ཀྱི་སེམས་མེད་བཟའ་ཤ་ཁྱུ་ཅིག་རེད་ཟེར་ན་ཁས་ལེན་ཐུབ་པ་འདུག་གམ།
ཨ
འདི་ལ་རང་ཉིད་ནས་ཀྱང་འདོད་བློ་ཞིག་བརྗོད་ན་སྤྱིར་སྐྱེ་བ་སྔ་ཕྱི་ཟེར་བ་ཚིག་གི་ངོ་བོ་ཐོག་ནས་བཤད་ན་སྐྱེས་བ་གཞི་བཟུང་ནས་རང་རྒྱུ་དེ་ཡང་མཐུན་པའི་རྒྱུ་ཞིག་ལས་སྐྱེད་དགོས་པ་ནི་རྨོས་མི་དགོས།གང་ལྟར་སྒྲུབས་དགོས་ཚེ་ཕ་རོལ་པོ་བསམ་ངོ་ལ་ལྟོས་དགོས་པ་ནི་ཤིན་ཏུ་གལ་ཆེན།གང་ཡིན་ཟེར་ན་ཕ་རོལ་པོ་ལ་རྒྱུ་འབྲུས་དང་མཉམ་མྱོང་ཐོག་ནས་སྒྲུབས་ན་ལེགས་་སྙོམ།་དང་པོ་རང་ཉིད་བྱི་པའི་སྐབས་ཀྱི་དྲིན་ཤེས་དང་དེ་མིན་རྒྱུ་སྔ་མའི་འབྲུས་ཕྱི་མ་སྐྱེས་ཚུལ་སོགས་རིག་པ་སྣ་ཚོགས་བཀོད་ན་ཕ་རོལ་ར་འཕྲོད་ཤུགས་ཆེའོ།
ང་ཚོའི་སངས་རྒྱས་གྲངས་མེད་ག་དུས་བྱོན་པ་རེད། དང་པོ་འཁོར་བ་འཇིག གཉིས་པ་སྲིད་ཐུབ། གསུམ་འོད་སྲུངས་ག་དུས་བྱུང་བ་རེད། ཚན་རིག་ཁ་གཅིག་པོར་མ་བལྟས་པར། ང་ཚོའི་བསམ་ཁྱིས་མི་ཁྱབ་པ་དེ་ཚོ་ལ་ཡང་དཔྱད་ཞིབ་བྱེད་དགོས་པ་མི་འདུག་གམ།
མི་ལོ་ས་ཡ་མང་པོའི་སྔོན་ནས་རྒྱ་གར་ཛ།མ་བུ་གླིང་འདི། གླིང་ཕྲན་ཨྰཕ་རི་ཀ་ནས་ཁ་གྱེས་ནས། ཧི་མ་ལ་ཡའི་གངས་རི་མ་ཆགས་གོང་ལ། རྒྱ་མཚོས་མཐའ་བསྐོར་བའི་དསུ་སུ། སངས་རྒྱས་སུ་དང་། དེའི་སྐུ་སྐྱེ་སྔོན་མ་བྱོན་པའི་དུས་ཚོད་ཅིག་ཚོད་རྩིས་བྱེད་མི་ཐུབ་བམ།
མི་ལོ་ཚེ་ལོ་དཔག་མེད་ཡོད་མྱོང་བ་དེ། ཚན་རིག་དང་འགལ་ཡང་། འདས་པའི་སངས་རྒྱས་གྲངས་མེད་དང་། སྟོང་གི་སངས་རྒྱས་གསུམ་ཟིན་ད་ལྟའི་ཤྰཀྱ་ཐུབ་པ་དང་མ་འོངས་སངས་རྒྱས་བྱམས་པ་བྱོན་སྲིད་པ་ལ་ཚན་རིག་དང་མི་མཐུན་པ་གང་ཡང་མེད་སྙམ་ལགས།
བསམ་གྱིས་མི་ཁྱབ་པའི་གནས་བཞི་ནི། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པ། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའི་མཛད་པ་བསམ་གྱིས་མི་ཁྱབ་པ་བཞི་སྟེ། དངོས་སྟོབས་རྗེས་དཔག་གིས་ཇི་ཙམ་བསམ་པ་དེ་ཙམ་གྱིས་ཁྱབ་མི་ཐུབ་པ་ཡིན་པས་ན་བསམ་གྱིས་མི་ཁྱབ་པའོ། །དང་པོ་ནི། དཔེར་གཅིག་བཞག་ན། གདུལ་བྱ་ཐེ་བོང་ཙམ་གྱི་ནང་དུ་སངས་རྒྱས་ཁྲི་གང་ཙམ་གྱིས་ཆོས་འཁོར་བསྐོར་བའི་མཛད་པ་སྟོན་པའི་སངས་རྒྱས་ཡོད་པ་ནི་པད་དཀར་གྱི་མདོ་ལས་གསུངས། བདག་ཅག་གི་སྟོན་པས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཏེ་གང་ན་ལྟ་བ་ངན་པ་དང་བསྐལ་བ་སྙིགས་མའི་སེམས་ཅན་སྡུག་ཤོས་དེ་གདུལ་བྱ་ལ་འདེམས་པར་མཛད་དེ་ཚེ་ལོ་བརྒྱ་བའི་དུས་སུ་འཛམ་བུ་གླིང་འདིར་རྒྱལ་པོ་སྲས་གཙང་མའི་རིགས་སུ་སྐུ་བལྟམས་པས་ན། པད་དཀར་ལྟར་བསྔགས་རྣམ་འདྲེན་ཤཱཀྱའི་ཏོག །ཞེས་པའི་བསྟོད་པ་མཛད་པའི་རྒྱུ་མཚན་དེ་ལྟར་རེད།
སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པ། ལས་ཧིནཆོས་། ཇེན་ཆོས། ནང་ཆོས་དར་བར་ངེས་ཤིང་། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། ལས་དིང་གི་ཚན་རིག་འདི་དར་བ་མིན་ནམ། སངས་རྒྱས་དང་བྱང་སེམས་ཀྱི་བསམ་གྱིས་མི་ཁྱབ་པ་གཞན་གཉིས་པོ་འདི་ནི། ནང་ཆོས་ཀྱི་ཐུན་མོང་མ་ཡིན་པ་གཅིག་ལས་མ་འདས་སོ། །
མདོ་དང་། ལུང་དང་། སྒྲུང་དམ་དུམ་རྐྱང་རྐྱང་བཏུས་ཡོང་ནས་བཀའ་བསྟན་གྱི་པོ་ཏི་དང་ཨ་ཁུ་སྟོན་པའི་སྒྲུང་སོགས་ཡོད་ཚད་དྲ་ཐོག་ཏུ་ལུང་དྲངས་གི་ཡིན་པས། མིག་བརྒྱད་པ་ལགས། བོང་ཕྲུག་ལ་མཁལ་བཀལ་བ་ནང་བཞིན་ཐེག་གིན་མེད་པའི་སྐབས་དང་བསྟུན་ནས་ལམ་གྱི་གཡས་གཡོན་ལ་འཁྱོལ་འགྲོ་བའི་ལད་མོ་མ་བྱེད་ན་མི་མཛེས་སམ།
དོན་གྱི་སྡོང་བུ་ཟུར་དུ་བཞག་ནས་ཡལ་གའི་ལོ་མ་ལ་འཇུས་ན་དུས་ཚོད་ཀྱི་གྲོན་དང་ངལ་བའི་རྒྱུ་རུ་མི་འགྱུར་རམ། ་དོན་ངོ་མར་སངས་རྒྱས་ཀྱི་ལུགས་དང་ལས་འབྲས་ཀྱི་རྣམ་བཞག་ལྟར་ན་སེམས་མེད་དངོས་པོ་ནས་སེམས་ལྡན་གང་ཟག་སྐྱེ་སྲིད་དམ་མི་སྲིད། Darwin གྱིས་གསུང་བའི་སྲོག་ཆགས་ཀྱི་ཐོག་མ་རྒྱ་མཚོའི་གཏིང་གི་བཟའ་ཤ་ལ་ངེས་བཟུང་བ་དེ་བདེན་པར་གྲུབ་བམ་རྫུན་དུ་གྲུབ། ཨ
སྔགས་ལུགས་ནང་ལ། རྫས་སྔགས་ཏིང་ངེ་འཛིན་གསུམ་གསུངས་ཀྱང་་དདེ་ནས་ཕར་སྤྲོ་བར་མི་འདོད་ལགས།
སློབ་དཔོན་འདོད་ལྷ་ཁམས་པ། སྐྱེ་བ་སྔ་མ་འདོད་པ་ཞིག་གི་དབང་དུ་བྱས་ནས་བཤད་ན་ད་བར་དུ་ཡིད་ཆེས་པའི་ལུང་ལ་བརྟེན་ནས་བསྒྲུབས་ནི་རེད་གོ །རིགས་པ་རྐྱང་འདེད་ཀྱིས་བསྒྲུབ་ཐུབ་ནི་མ་རེད་གོ །དཔྱད་གསུམ་གྱིས་དག་པའི་ལུང་ཆོས་ཅན།་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། མཐོང་བ་མངོན་གྱུར་གྱི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་དང་། ཅུང་ཟད་ཀྱི་ལྐོག་གྱི་ཆ་ལ་རྗེས་དཔག་ཚད་མས་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་གྱི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་ཟེར་གི་ཡོད་པ་རེད། དོན་གྱི་སྡོང་བུ་ནི་ལུང་གི་དོན་རེད། སྒྲུབ་བྱེད་ཀྱི་རིགས་པ་ནི་ལོ་མ་ལྟ་བུ་རེད། དེ་ལྟར་ཡིན་ཏེ། ལོ་མ་ལྗང་ཁུ་ཡིན་ན་ཤིང་སྡོང་དེ་གསོན་པོར་གནས་ཡོད་པར་བསྒྲུབ་ཐུབ་པ་རེད། གལ་ཏེ་ལོ་མ་དེ་སེར་པོའམ་བསྐམས་སོང་ཡོད་ན་ཤིང་སྡོང་དེ་ཤི་བར་ངོས་འཛིན་བྱེད་ཆོག་གི་མ་རེད་དམ། སངས་རྒྱས་ཀྱི་ལུགས་ལ་སེམས་མེད་དངོས་པོ་ནས་སེམས་ལྡན་གང་ཟག་སྐྱེ་སྲིད་ཀྱི་རེད་དམ་ཟེར་ན་དྲི་བ་གནད་འགག་ཅིག་རེད། །ནང་བསྟན་གྱིས་མི་དང་དུད་འགྲོ་ལ་སྐྱེས་གནས་བཞི་བཤད་པ་ཡང་དེ་དང་འབྲེལ་བའི་རིམ་འགྱུར་ལ་དགོངས་པ་ཡིན། ཡིན་ཡང་སྐབས་འདིར་ཚེ་སྔ་ཕྱི་གཉིས་རྣམ་ཤེས་རིགས་མཐུན་གྱི་རྒྱུན་ཞིག་ལས་འོང་དགོས་པར་བསྒྲུབས་ཡོད་པ་རེད། དེ་ཡང་རྣམ་ཤེས་ཀྱི་རྒྱུན་ཞིག་ལས་འོང་དགོས་བར་འདོད། དེ་འདྲའི་རྣམ་ཤེས་རིགས་མཐུན་གྱི་རྒྱུ་དེ་སྐྱེ་གནས་སྣ་ཚོགས་སུ་འགྲོ་ཆོག་ལ། ཐ་ན་རྩི་ཤིང་གི་རིགས་ལའང་འགྲོ་ཆོག་པ་དཔེར་ན། jellyfish་ལྟ་བུ་སེམས་ཅན་ཡིན་པ་གང་ཞིག་ལ་ལུས་ནི་རྩི་ཤིང་གི་སྐྱེ་རྡུལ་ཕྲ་གཟུགས་ལ་བརྟེན་ནས་གྲུབ་ཅིང་ཉི་འོད་ཀྱིས་སྐྱོང་དགོས་པ་དེང་སང་དངོས་སུ་མཐོང་རྒྱུ་ཡོད་པ་དེ་རེད། དགེ་སློང་མ་སྐྱོང་མ་ཆུ་ཤིང་གི་སྡོང་བུ་ལས་སྐྱེས་བར་བཤད་པ་རེད། འབྱུང་ལུས་ཀྱི་རྫས་རྒྱུན་ལ་དེ་འདྲ་ཡོང་ཆོག་པ་རེད། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཅེས་པ་ལྟར་རྣམ་ཤེས་ཀྱི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་རྣམ་ཤེས་ཀྱི་སྟེང་དུ་ཡོད་དགོས་པ་ལས་ཕྱི་རོལ་གྱི་ས་རྡོ་རི་བྲག་སོགས་ལ་མེད་པས། །འབུ་སྲིན་ཆུང་ཆུང་དེ་ཚོ་ལའང་ངའོ་སྙམ་པའི་བློ་དང་མཉམ་དུ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། རང་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་ཙང་བློ་དེའི་དབང་གིས་རང་གི་སྡུག་བསྔལ་སེལ་ཞིང་བདེ་བ་སྒྲུབ་པའི་ཐབས་ཤིག་འཚོལ་གྱིན་པ་དེ་རེད། རྩི་ཤིང་སོགས་ལ་དེ་འདྲའི་ངར་འཛིན་གྱི་བློ་མེད་པས་ཚོར་བ་བདེ་སྡུག་མེད། དེ་མེད་པས་འགུལ་མེད་དངོས་པོ་ཟེར་གི་ཡོད་པ་རེད། འོན་ཀྱང་རྩི་ཤིང་གི་རྩ་བ་བསྒུལ་ན་རྩེ་མོ་འགུལ་བ་ལོས་ཡོད་ཀྱང་རང་འགུལ་གྱིས་རང་གི་སྡུག་བསྔལ་སེལ་ཞིང་བདེ་བ་སྒྲུབ་པའི་ཐབས་ཤིག་འཚོལ་གྱི་མེད། འདི་ཤེས་དགོས་པའི་འུ་གཉིས་ཀྱི་རྩོད་གཞིའི་འགག་མདོ་དེ་ཡིན། བྱས་ཙང་རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་གྱི་སྟེང་ནས་འོངས་པའི་རྒྱུ་མཚན་མཐར་ཐུག་དེ་རེད། Darwin གྱིས་གསུང་བའི་སྲོག་ཆགས་ཀྱི་ཐོག་མ་རྒྱ་མཚོའི་གཏིང་གི་བཟའ་ཤ་ལ་ངེས་བཟུང་བ་དེ་འབྱུང་ལུས་ཀྱི་རྒྱུན་ལ་བསམ་བློ་བཏང་ན་དེ་ལྟར་ཡོང་ཆོག་གི་རེད།
ཆོས་ཀྱི་སྤྱན་མངའ་བ་མིང་མེད་རྡོ་རྗེ་ལགས་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་བཞི་དང་སྦྱར་ནས་སྔགས་ལུགས་ལ་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་སྐོར་ནས་གསུང་རྒྱུ་ཡོད་པ་དེ་མུ་མཐུད་དུ་གསུངས་དང་དེ་ལ་ཤེས་འདོད་ཡོད།
མི་ནག་ཆང་གིས་མྱོས་ན་སྐྱུར་འགོང་འཆོར། །
སྒོམས་ཆེན་རླུང་གིས་ཟིན་ན་ཅི་ཡང་ཟེར། ། ཆུང་དུས་སློབ་ཆུང་གི་སློབ་ཚན་ཞིག་ན་ཚིགས་བཅད་འདི་འདྲ་ཞིག་ཡོད་པ་དྲན། མིག་བརྒྱད་པ་ཁྱོད་སྐྱུར་འགོང་འཆོར་བའི་མི་ནག་ཞིག་མིན་རུང་། རླུང་གིས་ཟིན་པའི་སྒོམ་ཆེན་ཞིག་ཡིན་ཁོ་ཐག་རེད། བསྐྱར་དུ་མཆན་ཨང་༡༣༢ པ་དེ་ཅིག་ཀློགས་དང་། ཁྱེད་ཀྱིས་ ༼ ལོ་མ་ལྗང་ཁུ་ཡིན་ན་ཤིང་སྡོང་དེ་གསོན་པོར་གནས་ཡོད་པར་བསྒྲུབ་ཐུབ་པ་རེད། གལ་ཏེ་ལོ་མ་དེ་སེརཔོ་འམ་བསྐམས་སོང་ཡོད་ཤིང་སྡོང་དེ་ཤི་བར་ངོས་འཛིན་བྱེད་ཆོག་གི་མ་རེད་དམ། ༽ ཟེར། ཁྱེད་ཀྱིས་རིག་ལམ་གྱི་ཁྱབ་མཐའ་ལ་འགལ་བ་ལྟག་སྤྲོད་དུ་སོང་བའི་ཚིག་འདི་འདྲ་ཞིག་ཤོད་པར་རང་གིས་རང་ཉིད་ཀྱི་ཆུ་ཚད་ལ་དམའ་འབེབ་དང་མཐོང་ཆུང་བྱས་པ་མ་རེད་པས།
ཁྱེད་ཀྱིས་མ་མཐར་ཡང་དབྱར་དགུན་སྟོན་དཔྱིད་ཟེར་པའི་ལོ་འཁོར་མོ་གཅིག་གི་དུས་ཚུགས་བཞི་བོ་ངེས་ཟིན་ཡོད་ཤག ཁོར་ཡུག་དང་ཡུལ་དུས་ཀྱི་དབང་གིས་རང་རེའི་གངས་ལྗོངས་ཡུལ་ལ་མཚོན་ན་རྩི་ཤིང་ཕལ་མོ་ཆེར་དཔྱིད་ཀ་ལོ་མ་འབུས་ཤིང་དབྱར་ཁ་རྒྱས་པར་བྱས་ནས་སྟོན་ཀ་སེར་པོར་གྱུར་ཏེ་དགུན་ཁ་ས་ལ་ལྷུང་འགྲོ་བ་རེད། ནུབ་ཕྱོགས་སུའང་དེ་འདྲ་རེད། ཁྱོད་ལྟར་ན་དགུན་ཁ་ནགས་ཚལ་སྟུག་པོའི་ཁྲོད་ཀྱི་ཤིང་སྡོང་ཡོད་ཤི་བར་ངོས་འཛིན་བྱེད་དམ།
ཡང་ཁྱེད་ཀྱིས་ ༼ Darwin གྱིས་གསུང་བའི་སྲོག་ཆགས་ཀྱི་ཐོག་མ་རྒྱ་མཚོའི་གཏིང་གི་བཟའ་ཤ་ལ་ངེས་བཟུང་དེ་འབྱུང་ལུས་ཀྱི་རྒྱུན་ལ་བསམ་བློ་བཏང་ན་དེ་ལྟར་ཡོང་ཆོག་གི་རེད། ༽ ཅེས་ཟེར། བདེན་དོན་གྱི་གནས་ལུགས་འདི་ལ་སེམས་གཏིང་ནས་ཁས་ལེན་མ་བྱས་ཀ་མེད་དུ་སོང་ན་ཡང་ངག་སྒོ་ནས་བདེན་ཁ་མི་སྟེར་བའི་གནད་དོན་གང་ཡིན། དེ་ལྟར་ཡོང་ཆོག་གི་རེད། སྐད་ཆ་འདི་རྟག་པ་མཐའ་བཟང་གི་ཤོད་སྟངས་ཅིག་རེད། དོན་དངོས་ཐོག་འཛམ་གླིང་ཐོག་གི་སྲོགས་ཆགས་ཡོད་ཚད་ཀྱི་ཕ་མེས་རྣམས་ལོ་ངོ་ས་ཡ་ལྔ་བརྒྱའི་ཡར་སྔོན་དུ་རྒྱ་མཚོའི་གཏིང་གི་བཟའ་ཤ་ནས་བྱུང་བ་ཞིག་རེད་དམ། ཡང་ན་མ་འོངས་འབྱུང་རྒྱུ་ལྷག་ཡོད་བསྡད་ཡོད་རེད། ཅིག་གསུངས་དང་། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་བོ་ཚད་མའི་སྐྱེས་བུ་མ་ཡིན། ཚིག་གྲུབ་འདི་གསུང་བ་བོ་གངས་ཅན་མཁས་པའི་གཙུག་རྒྱན་ཁོང་སུ་རེད།
རྫས་ཀྱི་ངོ་བོའི་ཆ་ནས་དུག་དང་སྨན། རིན་ཆེན་དང་ཕན་མེད་སོགས་ཡོད་ན་ཡང་། ནང་སེམས་ཀྱི་རྣམ་རྟོག་གི་ནུས་པའི་སྟེང་ནས་ཡུལ་སྲོལ་ཙམ་གྱིས། རྫས་ཁ་བཏགས་དཀར་ནག མེ་ཏོག་གསར་རྙིང་། ཆང་དང་འོ་མ་། ཆུ་སོགས་ལས་གཞན་གྱི་སེམས་ལ་ཕན་གནོད་འདྲེན་པ་ཐུབ་པ་དེ་ཡང་རྫས་ཀྱི་ནུས་པ་ཡིན་པར་འདོད།
སྤྱིར་སྟངས་བོད་ཀྱི་ནང་ཆོས་ནས་རྫས་ཀྱི་ནུས་པ་མང་པོ་ཡོད་ཆོག དཔེར་ན། རང་གི་རྩ་བའི་ལྷ་དང་། བླ་མ་སོགས་མཆོད་ཡུལ་ལ་དད་པ་སྟོབས་ལྡན་གྱིས་རྫས་ཁ་བཏགས་ཙམ་ཕུལ་ན་ཡང་། ལྷ་བླ་གཉེས་པ་དང་། རང་གི་འདོད་པ་ཚིམས་པ། འདོད་པའི་བསམ་དོན་གྲུབ་པ་ཡོད། དེ་ཡང་རྫས་ཁྱད་པར་གཅིག་དང་འབྲེལ་ནས་ནུས་པ་ཁྱད་པར་ཅིག་ཐོན་པ་འདོད་དགོས།
ངས་ཁ་བརྡར་སྤྲོ་མིའ་འདོད་མིོ་འདོད་པའི་ནང་ཆོས་གསང་སྔགས་ཀྱི་དབང་གི་རྫས་དང་། སྤོས་དང་ཆབ་འདྲེན་པ་དང་། ཚོགས་མཆོད་ཀྱི་རྫས་ཤ་ཆང་ཟ་བཏུང་སོགས་ཡིད་ཏིང་ངེ་འཛིན་བརྟན་པོས། ངག་གསང་སྔགས་བཟླས་བསྒྲུབ་ཀྱིས་ནུས་པས་སྦྱང་རྟོགས་འབར་ནས་མཆོད་ཤེས་ན། ཚོགས་གསོག་ཐུབ་པ་དེ་ཡང་རྗས་ཁྱད་པར་ཅིག་མེད་ན་མི་འོངས་པ་དང་།
ད་དུང་ཕྱི་ནང་ཐུན་མོང་བའི་མིག་སྨན་སོགས་དངོས་གྲུབ་ཁྱད་མཚར་པོ་བརྒྱད་ཀྱང་། གྲུབ་ཐབས་གདམས་ངག་དང་མཐུན་པའི་རྫས་ཁོ་ན་བརྟེན་ནས་གྲུབ་དགོས་པ་དག་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པ་ཡིན་པར་ཡིད་ཆེས་འོས་པའི་གནས་སུ་མཐོང་ལགས། འདི་དག་ཐམས་ཅད་ནི་ཀུན་ལ་ཡོངས་གྲགས་པ་འདི་ལས་ལྷག་པ་ང་ལ་ཅང་གསར་པ་ཤོད་ཡ་མེད་དོ། །
འདོད་ལྷ་ཁམས་པ། ཚན་རིག་དང་མཐུན་པའི་དྲིས་བ་དེར་འགལ་བ་ལྟག་སྤྲོད་གཞན་ཞིག་བྱས་སོང་བས་ཁྱད་མི་འདུག །ད་འོ་ན་དབྱིན་སྐད་ཀྱི་plant spores ཞེས་རྩི་ཤིང་གི་ས་བོན་དེ་ཚོ་ཡང་སྲོག་ལྡན་དུ་ཁས་བླངས་སོང་བས་ཁྱོད་ཀྱིས་སྔར་བཤད་པ་ལྟར་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ཡོད་པ་གང་འདྲ་བྱས་ནས་བསྒྲུབས་པ་ཡིན། ཅིག་གསུངས་དང་། གངས་ནང་གི་ཤིང་སྡོང་དེ་ཚོ་དགུན་དུས་སུ་ཤི་སོང་ཡང་དབྱར་དུས་སུ་plant spores ཡོད་པ་ཡིན་པས་སླར་ཡང་ལོ་མ་ལྗང་ཁུ་ཤར་བ་རེད། ངའི་བསམ་པ་ལ་རྩི་ཤིང་གི་རིགས་ཤི་ནས་སླར་གསོན་པོར་ཆགས་ཐུབ་པ་དེ་གཙོ་བོར་plant spores་བསྡད་ཡོད་པའི་རྐྱེན་གྱིས་མ་ཡིན་ནམ། མི་ལྟ་བུ་ཞིག་ཤི་སོང་ན་སླར་ཡང་དེ་ལྟ་བུའི་གསོན་རྐྱེན་མེད་པས་སླར་ཡང་གསོན་པོར་ཡོང་ཡེ་མེད་པ་ནི་ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པའི་སྟོབས་ཀྱིས་མིན་ན་ཅི་རེད། བྱས་ཙང་སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བའི་ནུས་པ་དེ་རྣམ་ཤེས་ཀྱི་སྟེང་དུ་ཡོད་པ་ལས་འབྱུང་ལུས་ཀྱི་སྟེང་དུ་མེད་པའི་རྒྱུ་མཚན་དེ་རེད། ཤིང་སྡོང་གི་མགོ་བོ་བཅད་ན་ཡང་སྐྱེས་ཐུབ། དུམ་བུར་གཏུབས་ནས་ས་ལ་བཙུགས་ན་ཡང་སྐྱེས་ཐུབ་པས་གཡག་མགོ་ལྟ་བུ་ལན་གཅིག་བཅད་ནས་ས་ལ་བོར་སོང་ན་དེ་ནས་གསོན་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད། འོ་རྣམ་ཤེས་ཡ་རྣམ་ཤེས་ལགས།
རྣལ་འབྱོར་བ་མིང་མེད་རྡོ་རྗེ་ལགས། རྒྱུད་སྡེ་འོག་མ་ལ་ཤ་ལྔ་བདུད་རྩི་ལྔ་ནང་མཆོད་ཕུལ་བ་གཏན་མི་སྲིད་ལ། སྔགས་བླ་མེད་ཀྱི་སྐབས་སུ་ཤ་ལྔ་བདུད་རྩི་ལྔ་མཆོད་པ་བླ་མེད་ཡིན་པ་ནི་སྦྱང་རྟོགས་སྦར་བའི་ཏིང་ངེ་འཛིན་གྱི་སྟོབས་ཡིན་ནམ། ཡང་ན་རྫས་ཀྱི་སྟོབས་ཡིན། ཅིག་གསུངས་རོགས་གནང་། རྫས་ཀྱི་ངོ་བོའི་ཆ་ནས་ཡིན་ན་རྒྱུད་སྡེ་འོག་མ་ལ་མི་རུང་བའི་རྒྱུ་མཚན་མེད་པས། འདི་དག་རྫས་ཀྱི་ནུས་པ་ལ་སྦྱར་ན་རུང་མིན་མི་ཤེས་མོད། མདོ་ལས། རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། རྫས་མ་ཡིན་པ་ལས་བྱུང་བའི་བསོད་ནམས་བདུན་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདུག་ཀྱང་རུང་རྒྱུ་ཡང་རུང་གཉིད་ལོག་ཀྱང་རུང་གཉིས་མ་ལོག་ཀྱང་རུང་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་རྣམ་པར་འཕེལ་བར་འགྱུར། ཞེས་དང་། སྐུལ་བྱེད་ཀྱི་མདོ་ལས། ཀུན་དགའ་ར་བ་གཙུག་ལག་ཁང་།།མལ་སྟན་འཚོ་བ་ནར་མ་དང་།།གློ་བུར་ནད་པ་ནད་གཡོག་དང་།།ཡུལ་ངན་བྱུང་ཚེ་སྦྱིན་པ་ནི།།རྫས་ལས་བྱུང་བའི་བསོད་ནམས་བདུན།། ཞེས་རྫས་ཀྱི་ནུས་པས་བསོད་ནམས་བསྐྱེད་པར་གསུངས་པ་དེ་ཡང་དཔྱད་པར་བྱ་བའི་གནས་ཤིག་ཡིན།
ངས་ཚན་རིག་ཡག་པོ་མི་ཤེས་ཀྱང་། འོབ་ཚོད་ཀྱིས་དཔེར་སུ་བརྗོད་ན། གློག་༡༽ཕོ་གློག ༢༽མོ་གློག དང་༣༽དེ་གཉིས་ཕྲད་དུ་འཇུག་མཁན་གསུམ་འཛོམས་ན་གློག་འོད་བྱང་བ་ལྟར། གསངས་སྔགས་སྐབས་སུ་༡༽རྫས། ༢༽སྔགས་དང་། ༣༽ཏིང་ངེ་འཛིན་གསུམ་མ་འཛོམས་ན། རྫས་ཀྱང་ཐ་མལ་དུ་ལུས་ནས་བསམ་གྱིས་མི་ཆགས་མི་ཐུབ་ལགས།
དཔེར་ན། ཤ་ལྔ་བདུད་རྩི་ལྔའི་མཆོད་པ་ནང་ནས། རྟའི་ཤ་དགོས་དོན་ནི། རྟ་དེ་སེམས་ཅན་ཤིན་ཏུ་མགྱོགས་པོར་རྒྱུག་པ་བེད་སྤྱད་དུས། གཞོན་མཁན་དང་འོག་རྟ་གཉིས་ཀའི་འདོད་པ་ལ་མགྱོགས་ཤོས་ཐོན་དགོས་པ་ལ། རྟ་དེ་ལ་ཡང་རྟ་གཞན་ལས་མགྱོགས་པར་རྒྱུག་ཐུབ་མིན་གྱི་རྟ་གཞན་དང་ཕྲག་དོག་སྐཡེས་པའི་རྐྱེན་གྱིས་རྟ་གཞན་ལས་མགྱོགས་པར་སླེབས་པ་ལ་ཕན་པས། རྣལ་འབྱོར་རང་གིས་རྟ་ཤ་སྦཡང་རྟགས་སྦར་ནས་ཕུལ་ཐུབ་ན། རང་རྒྱུད་ཕྲག་དོག་ཞི་བའི་རྐྱེན་དུ་རྡོ་རྗེ་འཆང་གིས་ཐབས་མཁས་ཀྱིས་རྟ་ཤ་རྫས་སུ་གདམས་པར་གསུངས་ཡོད་སྙམ་ལགས། མདོར་གསང་སྔགས་ཀྱི་རྫས་གསུངས་ཚད་ཉོན་མོངས་དུག་གསུམ་མམ། དུག་ལྔ་འམ། དུག་དྲུག་སྟེ།འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་དང་། སེར་སྣའི་གཉེན་པོར་སོང་བའི་ཆེད་དུ་སོང་དགོས་པའི་ཕྱིར་རོ། །
བསམ་གྱིས་མི་ཁྱབ་སྟངས་ནི། ནང་མཆོད་ཀ་ལིའི་ནང་གི་རྫས་གཅིག་ཉིད་ལ། འབྲུ་གསུམ་གྱིས་བྱིན་གྱི་བསླབས་ཚེ་དངོས་གྲུབ་རབ་གྲུབ་པའི་རྟགས་ལ་མེ་འབར་ཐུབ་པ། འབྲིང་ལ་དུ་བ་འཕྱུར་བ། ཐ་མ་ལ་ཡང་དྲོད་ཙམ་སླེབས་པར་གསུངས་པ་འདིས་མཚོན་ཐུབ་སྙམ་ལགས།
མདོད་ལས། ་་་་་། །ཡུལ་ངན་བྱུང་ཚེ་སྦྱིན་པ་ནི།།རྫས་ལས་བྱུང་བའི་བསོད་ནམས་བདུན།། གསུངས་པ་ཡང་སྔར་རྒྱལ་པོ་གཅིག་དང་བློན་གཅིག་རི་དྭགས་བརྔོན་པའི་ཚེ་རྒྱལ་པོ་ལ་ཆུ་མ་རག་ནས་ཁ་སྐོམ་འཆི་ལ་ཉེ་བའི་ཚེ་བློན་པོས་རང་ལ་ཡོདཔའི་་སྐྱུ་རུ་སྐམ་པོ་གཉིས་ལ་གཅིག་རྒྱལ་པོ་ལ་ཕུལ་ནས་རྒྱལ་པོའི་སྲོག་བསྐྱབས་པས། བློན་པོ་ལ་རྒྱལ་སྲིད་ཕྱེད་ཀ་གནང་བ་ཡང་། དུས་དང་སྐབས་ལ་བརྟེན་ན་ས་སྐྱུ་རུ་སྐམ་པོ་གཅི་པུ་དེ་རང་གི་རྒྱལ་སྲིད་ཕྱེད་དང་སྙམ་པའི་རྫས་སུ་གྱུར་པ་མིན་ནམ། འདི་ཚོ་ང་རང་གི་རྨོངས་ཚོད་ཀྱིས་དཔྱད་གཞིར་ཕུལ་བ་ལས་ཁུངས་ལུང་ཁུངས་འཁྱོལ་བ་ང་ལ་མེད་དོ། །ཡིག་ནོར་བྱུང་ཡོད་ན་དགོངས་དག་ཞུའོ། །
ཨོ་ཧོ། ཡིག་ནོར་མང་དག་ཅིག་བྱུང་འདུག་ཀྱང་། ཕར་རྒན་ང་ལ་བཅོས་ཁོམ་མེད་དོ། དགོངས་དག་གོ །
ཀུ་ཅིས་མིག་བརྒྱད་པ། ཁྱེད་ནས་ཡང་དང་བསྐྱར་དུ་རྣོ་ངར་མེད་པའི་ཤིག་གི་རྭ་ཅོ་ལྟ་བུའི་སྒྲུབ་བྱེད་དེ་དག་དངོས་ནས་དེ་ལྟར་སེམས་བཞིན་ཡོད་དམ། ཁྱེད་༼ ངའི་བསམ་པར་རྩི་ཤིང་གི་རིགས་ཤི་ནས་བསླར་གསོན་པོར་ཆགས་ཐུབ་པ་དེ་གཙོ་བོར་ Plant sprores བསྡད་ཡོད་པའི་རྐྱེན་གྱིས་མ་ཡིན་ནམ། ༽ ཞེས་ཟེར།
ལུག་རྫི་རྒད་པོ་ཡིན་ཡང་མི་ནོར་པའི་གནས་ལུགས་འདི་འདྲ་ལ་མགོ་བོ་རྨོངས་ན་སྐྱེ་བ་སྔ་མའི་དོན་དག་ཕ་རིའི་སྤངས་ལྗོངས་མ་ཡིན་ནམ། རྩི་ཤིང་ཡིན་ནའང་འདྲ། སེམས་ཅན་ཡིན་ནའང་འདྲ། ཤི་ཟིན་རྗེས་སླར་གསོན་རྒྱུ་སྲིད་མཐའ་ཙམ་ཡིན། འོན་ཀྱང་གནའ་སྒྲུང་ལ་ལ་ན་འདས་ལོག་ཟེར་པ་ཞིག་ཤོད་རྒྱུ་ཡོད་པ་འདྲ། དེ་ནི་དམིགས་བསལ་ཡིན། སྤྱིར་བཏང་ཤི་ཟེར་པའི་ཚིག་འདི་ནི་སེམས་ལྡན་གང་ཟག་ཅིག་གི་སྲོག་དབུགས་ཆད་དེ་སླར་མི་གསོན་པའི་གནས་སྐབས་ལ་ལྟར་ཟེར་པ་དང་། རྩི་ཤིང་གི་རིགས་ལ་ཤི་ཞེས་མི་ཟེར་པ་ཡིན། འོ་ན་རྩི་ཤིང་གི་ནུས་པ་ཉམས་ཏེ་སླར་སྐྱེ་མི་ཐུབ་པའི་གནས་སྐབས་སུ་དེ་ལ་ཇི་ལྟར་བརྗོད་པར་བྱེད་ཅེ་ན་ཤིང་སྡོང་བསྐམས། མེ་ཏོག་བསྐམས་ཅེས་བརྗོད་པ་ཡིན།
བསྐམས་ཟིན་པའི་རྩི་ཤིང་ཞིག་ཡིན་ན་བསླར་མི་སྐྱེ་ཞིང་སླར་མི་གསོན། དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད། འོ་ན་དགུན་དུས་ལོ་མ་ལྷུང་སྟེ་དབྱར་ཁ་ལོ་མ་འབུས་པའི་ཤིང་སྡོང་དེ་དག་ཤི་ཚར་པ་དང་བསྐམས་ཟིན་པ་མ་རེད་པས་ཟེར་ན། མ་རེད་ཟེར་གི་ཡིན། ཤིང་དེ་དག་གི་ལོ་མ་བསྐམས་པ་ལས་ཤིང་སྡོང་བསྐམས་པ་ག་ལ་ཡིན།
ཤིང་དེ་འི་རིགས་མ་བསྐམས་པ་མ་ཟད་རང་སྐྱེ་བྱེད་ཀྱི་ནུས་པ་ད་རུང་རྩ་བ་རུ་བཟུང་སྟེ་ཡོད་པ་ཡིན། Plant spores ནི་རྩི་ཤིང་གི་ས་བོན་ལ་ཟེར་པ་ཡིན་པས་ས་བོན་ནི་མྱུ་གུ་སྐྱེས་ཚར་པ་དང་དུས་མཉམ་དུ་ནུས་པ་ཡོངས་སུ་ཉམས་ཟིན་པ་ཡིན། རྗེས་མའི་ལོར་ས་བོན་གྱིས་སྡོང་བུ་ལ་ཕན་ནུས་ཅི་ཡང་མེད།
ཡང་ཁྱེད་ཀྱིས་༼ ཤིང་སྡོང་གི་མགོ་བོ་བཅད་ན་ཡང་སྐྱེས་ཐུབ། དུམ་བུར་གཏུབས་ན་ཡང་སྐྱེས་ཐུབ། གཡག་མགོ་ལྟ་བུ་ལན་གཅིག་བཅད་ནས་ས་ལ་བོར་ན་དེ་ནས་སླར་གསོན་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད། ༽ཟེར། བྱིས་པ་ལོ་བཅུ་ཙམ་ཞིག་ལ་དྲིས་ཀྱང་ཁ་ཤག་ཤག་ཏུ་འཛུམ་པའི་སྐད་ཆ་འདི་འདྲ་བ་ནི་ཡིད་ལ་ཇི་ལྟར་དྲན་པ་ཡིན་ནམ། ཧཧཧ མགོ་བོ་ཡོད་པའི་ཤིང་སྡོང་ཞིག་འཇིག་རྟེན་ན་མཐོང་མྱོང་བའི་མི་ཡོད་དམ། དྲིས་དང་། བྱིས་པ་ལོ་བདུན་ཅན་ཞིག་ལ་དྲིས་དང་། ཤིང་སྡོང་ལ་མགོ་ཡོད་དམ་ཞེས་དྲིས་དང་། ཧཧཧ ཟེར་ནས་གད་མོ་བགད་པ་ཉིད་ལས་ཅི་ཡང་ཟེར་རམ། ཡིན་ན་ཡང་ཤིང་སྡོང་གི་རྩེ་མོ་བཅད་ན་ཤིང་སྡོང་སྐེམ་པོ་མི་འགྱུར་པ་ནང་བཞིན་གཡག་གི་རྩེ་མོ་བཅད་ན་གཡག་ཀྱང་ཤི་གི་མ་རེད། འོ་ན་གཡག་གི་རྩེ་མོ་གང་རེད་ཅེ་ན་རྭ་ཡི་རྩེ་མོ་དང་རྔ་མའི་རྩེ་མོ་སོགས་རེད། གཡག་གསོན་པོའི་རྭ་རྩེ་དང་རྔ་རྩེ་བཅད་ན་གཡག་གསོན་པོར་གནས་ཐུབ་བམ་མི་ཐུབ། རྩི་ཤིང་ལ་རྩི་ལ་མཁོ་བའི་རླུང་གི་རིགས་དེ་འབྱིན་རྔུབས་བྱེད་ཀྱིན་ཡོད་པ་རེད། གཡག་དང་མི་སོགས་ལ་རང་རང་གིས་འབྱིན་རྔུབས་བྱེད་པའི་སྲོག་རླུང་ཅིག་ཡོད་པ་རེད། ཅི་སྲིད་རླུང་དེ་དང་ཁ་མ་བྲལ་བར་དུ་སྲོག་ཆད་མི་ཡོང་ལ་དབུགས་ཀྱང་ཆད་གི་མ་རེད། ཤི་ཡང་ཤི་གི་མ་རེད། གནས་ལུགས་དེ་སེམས་ལྡན་སེམས་མེད་གང་ཡིན་ཡང་འདྲ་མཚུངས་སུ་ཡོད།
མིང་མེད་རྡོ་རྗེ་ལགས། གོ་རྒྱུ་ཆེན་པོ་གསུངས་འདུག་པས་བློ་སྐྱེད་འཕེལ། ཚན་རིག་པས་འོད་ཀྱི་འབྱུང་ཁུངས་གཙོ་བོ་གསུམ་བཤད་དེ། ཉི་མ། མེ། གློག་བཅས་སོ། །ཨ་ཊོམ་རེ་རེའི་ནང་དུ་ཕོ་རྡུལ་ལམ་ཕོ་གློག་དང་མོ་རྡུལ་ལམ་མོ་གློག། མཚན་མེད་རྡུལ་གསུམ་ཡོད་པར་བཤད་ལ། མཐར་གཏུགས་ན་འོད་དང་གློག་གི་ནུས་ཤུགས་དེ་རྡུལ་ཕྲན་གྱི་འཁོར་ལམ་ནང་འཁོར་སྐྱོད་བྱེད་བཞིན་པའི་མོའི་གློག་ཁུར་ལྡན་པའི་ཕྲ་རྡུལ་དེ་ཚོས་ཕྱི་རོལ་ནས་སྤྲད་པའི་ནུས་པ་འཇིབས་འཐེན་བྱེད་བཞིན་འཕོ་རྒྱུག་གི་རང་བཞིན་དེ་ལས་ནུས་པ་དེ་ཕྱིར་འབྱིན་པ་ན་ནུས་པ་དེ་ཉིད་འོད་མདངས་སུ་འགྱུར་གྱི་ཡོད་པར་བཤད་འདུག །སྤྱིར་བཏང་ཨ་ཊོམ་རེ་རེའི་ནང་ཕོ་རྡུལ་དང་མོ་རྡུལ་གྲངས་མཉམ་ཡིན་ཡང་སྐབས་རེ་ཕྱི་རོལ་གྱི་དངོས་པོ་ཕན་ཚུན་བརྡར་བ་དང་ཚ་དྲོད་སོགས་ཀྱི་སློང་རྐྱེན་བྱུང་བ་ན་ཆ་མི་མཉམ་པར་གྱུར་བའི་དབང་གིས་གློག་ཤུགས་བསྐྱེད་པར་བཤད་འདུག །དངོས་གཟུགས་གང་འདྲ་ཞིག་ཡིན་རུང་དེ་ལ་གློག་ནུས་ཡོད་དགོས་ཟེར་བ་ལྟ་བུ་ཞིག་འདུག །རྡོ་ཁབ་ལེན་གྱི་རྡུལ་ཕྲན་དང་གློག་རྡུལ་གཉིས་པོ་ཕན་ཚུན་འདབས་འབྱར་གྱི་དབང་གིས་གློག་གིས་ནུས་པ་བསྐྲུན་པས་བརྙན་པར་ལེན་པ་དང་སྒྲ་འཇུག་བྱེད་པ་སོགས་བྱ་བ་སྣ་ཚོགས་བྱེད་པ་ལྟར། རྫས་སྔགས་ཏིང་འཛིན་གྱི་རྣལ་འབྱོར་འཕེལ་བའི་སྟོབས་ཀྱིས་ཐ་མལ་བའི་སྣང་ཞེན་བཟློག་པར་བྱེད་པས་རྫས་ཀྱི་ནུས་པ་བསྐྱེད་ཚུལ་གསུངས་པ་བདེན་པ་རེད།
ནང་ཆོས་ཀྱི་བསམ་གྱིས་མི་ཁྱབ་པའི་རྩ་བ་ནི། དད་མོས། གཞན་ཕན་དང་སྲུང་སྡོམ་རག་ལས་འདྲ།
འདུལ་བར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གསུངས། བྱང་སེམས་སྐབས་སུ་བསླབ་སྲུང་དགོས་གསུངས། གསང་སྔགས་སྐབས་ཚུལ་དང་ཚུལ་མིན། བསླབ་དང་མི་བསླབ་མེད་པས། རྩ་བ་གསུམ་གྱི་དམ་ཚིག་སྲུང་ས་ཤིག ཅེས་དམ་ཚིག་གི་མིང་གིས་གསུངས་ནས།
རྫས་སྔགས་ཏིང་ངེ་འཛིན་གྱི་རྫས་ལ་ཡང་། དམ་རྫས་དང་། དམ་ཚིག་གི་རྫས་ལ་མཁོ་གསུངས་པ་ལྟར་གོ་གོ་བས་སྔགས་ཀྱི་ཚན་རིག་འདི་ཉིད་ཕུལ་དུ་བྱུང་བ་དང་། རྨད་དུ་བྱུང་ཡིན་ཚོད་འདུག་ཀྱང་་་་་་
སྲུང་སྡོམ་ལ། བཅོས།
བསླབ་པ། ལ་བཅོས།
ཡང་། སྲུང་ས་ཤིག་འདི་སྲུངས་ཤིག་ལ།
འདོད་ལྷ་ཁམས་པ་ལགས། དགུན་དུས་ཀྱི་འབྲུ་རྡོག་སྐམ་པོ་དེ་དབྱར་དུས་སུ་གནས་ས་ཆུ་ལུད་དྲོད་གཤེར་དུས་དང་འཚམས་པར་ཞིང་ལས་མྱུ་གུ་སྔོན་པོ་འབུས་རྒྱུ་ཡོད་པ་དེ་ཁྱེད་ལ་རིགས་པས་བསྒྲུབ་མ་དགོས། ཆོས་པ་དང་འཇིག་རྟེན་པ་ཚང་མས་ཁས་ལེན། ནས་རྡོག་སྐམ་པོ་དེའི་ནང་དུ་སྲོག་ལྡན་བསྐྲུན་པའི་Plant spores ་ཡོད་པ་ཡིན་ཙང་སླར་ཡང་དེ་ལས་མྱུ་གུ་སྔོན་པོ་ཤར་བ་རེད། འདི་འུ་གཉིས་ཀས་ཁས་ལེན། བྱས་ཙང་། དབྱིན་སྐད་དུ། Living things. Non-Livingthings. Dormant things ཞེས་དངོས་གཟུགས་ལ་གསུམ་དུ་དབྱེ་ཚུལ་འདི་མ་ཤེས་ན་དབུ་བོ་འགལ་མེའི་འཁོར་ལོ་ལྟར་འཁོར་གྱི་རེད་གོ ། ཕྱི་མ་Dormant things ནི་ས་བོན་གནས་སྐབས་ཤིག་ལ་ངོས་འཛིན་དགོས་པ་རེད། རིགས་མཐུན་གྱི་རྒྱུ་ནི་བག་ལ་ཉལ་བའི་ཚུལ་ཡོད་པ་ཡིན་ཙང་སླར་ཡང་མྱུ་གུ་སྔོན་པོ་ཤར་ནས་སྲོག་ལྡན་གྱི་ངོ་བོར་ཆགས་ཐུབ་པ་རེད། རྣམ་ཤེས་ནི་བེམ་པོའི་ངོ་བོར་འགྲོ་རྒྱུ་མེད་པས་ཤི་བའི་ལུས་གསོན་ཐབས་ཁག་པོ་རེད། སེམས་ཅན་དགུན་དུས་ཀྱི་གྲང་ངར་ཆེ་བའི་ཁོར་ཡུག་ནང་གི་སྡོང་རྒན་དེ་ཚོ་ཚང་མ་སྲོག་ལྡན་ཡིན་པར་ཁས་ལེན་ཐུབ་ན། དེ་ཚོས་དབུགས་གཏོང་ལེན་ག་འདྲ་སེ་བྱེད་གི་ཡོད་པ་རེད་དམ། ནམ་རྒྱུན་ཚན་རིག་པས་བཤད་སྟངས་བྱས་ན་རྩི་ཤིང་གི་དབུགས་གཏོང་ལེན་ནི་ལོ་མ་ལྗང་ཁུའི་ཨི་ཁུང་ཆུང་ཆུང་ཡོད་པ་དེ་ཚོ་བརྒྱུད་ནས་carbon dioxide ཚུར་ལེན་པ་དང་oxygen་ཕྱི་རོལ་རླུང་ཁམས་སུ་གཏོང་བར་བཤད་པས་ལོ་མ་སྐམ་སོང་ན་དབུགས་གཏོང་ལེན་ག་འདྲ་སེ་བྱེད་ཅེས་པ་དེ་ཡིན།
དབྱིན་སྐད་དུ། Living things. Non-Livingthings.
བོད་སྐད་དུ། ལི་ཝིང་སྲོག་ལྡན་བསྒྱུར་ན་སྐྱོན་ཆ་མིའདུག་གམ། དབུགས་ལྡན་སྐྱེ་དངོས་དང་། དབུགས་མེད་སྐྱེ་ལྡན། ཞེས་བསྒྱུར་དགོས་སྙམ་ལགས།
ཀ་ཡེ་མིག་བརྒྱད་པ། ཁྱེད་ཀྱིས་ཁག་མདོག་ཁ་བོ་ཤོད་པའི་དབྱིན་སྐད་ཀྱི་དངོས་པོ་གསུམ་ལ་དཔེར་བརྗོད་འདི་ལྟར་བཞག་ན་འགྲིག་གི་འདུག་གམ།
༡ Linving things. ནི་ང་དང་ཁྱོད་ལྟ་བུའི་མ་ཤི་གསོན་པོར་གནས་པའི་སེམས་ཅན་དང་། དཀར་དམར་སེར་གསུམ་ཤར་བའི་སྐྱེད་མོས་ཚལ་གྱི་མེ་ཏོག་ལྟ་བུ་དང་།
༢ Non Living things. ནི་ཁང་བ་དང་། ཁ ང་བའི་སྒོ་དང་སྒེའུ་ཁུང་། ས་རྡོ་དང་བྲག་རི་ལྟ་བུ།
༣ Dormant things.ནི་ས་དང་ཞིང་ལ་བཏབ་ན་སྐྱེས་ནུས་ལྡན་པའི་གྲོ་དང་།ནས་དང་སྲན་མ་ལྟ་བུ། ང་དང་ཁྱོད་ཀྱང་སྐབས་ལ་ལར་ Dormant things ལ་འགྱུར་བཞིན་ཡོད། དཔེར་ན། མཚན་མོ་གཉིད་ཁུག་པའི་སྐབས་སུ་ཁྱེད་ཀྱི་ཡན་ལག་དང་དབང་བོས་སྒོ་གསུམ་གྱི་བྱེད་ལས་ཅི་ཡང་ནུས་ཀྱིན་མེད་སྟབས། མ་ཤི་ཙམ་དུ་གནས་ཡོད། ཡིན་ན་ཡང་གཉིད་ལས་སད་རྗེས་ Living things ལ་ངོ་བོ་འགྱུར་འགྲོ་བ་ཡིན།
རྩི་ཤིང་གང་མང་ཞིག་གིས་ལོ་མ་བརྒྱུད་ནས་ ཀ་རྦོན་རླུང་དང་སྲོག་རླུང་འབྱིན་རྔུབས་བྱེད་བཞིན་ཡོད་ན་ཡང་། རྩི་ཤིང་རྣམས་ཀྱང་རིགས་མི་འདྲ་བ་མང་པོ་ཡོད་ཙང་རྩི་ཤིང་ལ་ལ་ནི་རླུང་འབྱིན་རྔུབས་བྱེད་པར་ལོ་མ་ལ་བརྟེན་དགོས་པ་མེད། དཔེར་ན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྩི་ཤིང་གི་རིགས་ཁ་ཤས་ལྟ་བུ། མིའི་འགྲོ་བ་དང་སྲོག་ཆགས་གཞན་ཁ་ཤས་ཀྱང་དེ་དང་རིགས་འདྲ་བ་ཡིན། གནམ་གཤིས་ཧ་ཅང་ཚ་བའི་ཡུལ་གྱི་མི་མང་པོ་ཞིག་གྲང་ངར་ཤིན་ཏུ་ཆེ་བའི་ས་ཐོག་ཏུ་འཚོ་སྡོད་མི་ཐུབ་པ་ལྟ་བུ་རེད།
1. Living things.= ༡༽གསོན་ཤུགས་དབུགས་ལྡན་དངོས་པོ། མི་དང་སྨྱུ་གུ་ལྟ་བུ།
2.Non Living things.= ༢༽གསོན་ཤུགས་དབུགས་མེད་དངོས་པོ། ས་དང་རྡོ་ལྟ་བུ།
3.Dormant things. = ༣༽གཉིད་ཡུར་རྩོལ་མེད་དངོས་པོ། ནུས་ལྡན་ཙམ་དང་ས་བོན་ལྟ་བུ།
དཔྱར་གཞིར་ཙམ་མོ།
༣༽ མིང་མེད་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ གི་ཆུ་ཚོད་ ༢ སྐར་མ་ ༢༡
ཨིན་སྐད་དུ་ཡོད་པའི། ལི་ཝིང་ ཐིང་སེ། འདི་སེམས་ཅན་སྲོག་ལྡན་ལ་འཐད་ཀྱང་། སྲོག་མེད་མྱུ་གུ་སོགས་ལ་སྲོག་ལྡན་གྱི་མིང་འདོགས་པ་མི་རིགས་སོ་སྙམ་པས་ཡིན་ལགས།
༼བྲིས་ས་ནོར་བ་འདི་འདིར་ཡང་བསྐྱར་བཤུས་པ།༽
མཁས་དབང་འདོད་ལྷ་ཁམས་པ། ༼ རྩི་ཤིང་གང་མང་ཞིག་གིས་ལོ་མ་བརྒྱུད་ནས་ཀ་རྦོན་རླུང་དང་སྲོག་རླུང་འབྱིན་རྔུབས་བྱེད་བཞིན་ཡོད་ན་ཡང་། རྩི་ཤིང་རྣམས་ཀྱང་རིགས་མི་འདྲ་བ་མང་པོ་ཡོད་ཙང་རྩི་ཤིང་ལ་ལ་ནི་རླུང་འབྱིན་རྔུབས་བྱེད་པར་ལོ་མ་ལ་བརྟེན་དགོས་པ་མེད། ༽བྱེ་ཐང་གི་རྩི་ཤིང་ཀླུ་ཤིང་དང་ཤ་གཟན་རྩི་ཤིང་Pitcher plant དང་Sundew plant དབུགས་གཏོང་ག་འདྲ་བྱེད། སྔ་མ་ནི་ལོ་མ་མེད་པའི་རྩི་ཤིང་ཡིན་པས་ལོ་མའི་ཚབ་བྱེད་མཁན་ཞིག་མེད་ན་ཟས་སྦྱོར་ཇི་ལྟར་བྱེད། ཕྱི་མ་ནི་ཤ་བཟའ་མཁན་ཡིན་པས་plant food ཇི་ལྟར་བཟོ། ཅིག་གསུངས་དང།
༼ Dormant things ལ་འགྱུར་བཞིན་ཡོད། དཔེར་ན། མཚན་མོ་གཉིད་ཁུག་པའི་སྐབས་སུ་ཁྱེད་ཀྱི་ཡན་ལག་དང་དབང་བོས་སྒོ་གསུམ་གྱི་བྱེད་ལས་ཅི་ཡང་ནུས་ཀྱིན་མེད་སྟབས། མ་ཤི་ཙམ་དུ་གནས་ཡོད། ཡིན་ན་ཡང་གཉིད་ལས་སད་རྗེས་ Living things ལ་ངོ་བོ་འགྱུར་འགྲོ་བ་ཡིན། ༽ཧ་ཧ། རྩི་ཤིང་ལ་གཉིད་ཁུག་རྒྱུ་ཡོད་པ་དེ་རིང་མ་གཏོགས་གོ་མ་སོང་། ད་འོ་ན་གཉིད་མེད་པའི་རྒྱ་མཚོའི་ནང་གི་ཉ་དེ་ཚོ་ཀླད་པ་ཡོད་པ་མ་རེད་དམ། གཉིད་དགོས་པ་ནི་ཀླད་པ་ངལ་གསོ་བའི་ཆེད་དུ་མ་རེད་པས། བཀའ་འདྲི་ཞུ་བ་ལགས།
མཁས་དབང་མིང་མེད་རྡོ་རྗེ་ལགས་ཀྱིས།
༡. Living things.= ༡༽གསོན་ཤུགས་དབུགས་ལྡན་དངོས་པོ། མི་དང་སྨྱུ་གུ་ལྟ་བུ།
2.Non Living things.= ༢༽གསོན་ཤུགས་དབུགས་མེད་དངོས་པོ། ས་དང་རྡོ་ལྟ་བུ།
3.Dormant things. = ༣༽གཉིད་ཡུར་རྩོལ་མེད་དངོས་པོ། ནུས་ལྡན་ཙམ་དང་ས་བོན་ལྟ་བུ།
དཔྱར་གཞིར་ཙམ་མོ། ཞེས་དབུགས་ཡོད་མེད་ལ་སྦྱར་ན་རིགས་པ་དང་མི་འགལ་བར་ཁས་ལེན་ཐུབ་ས་རེད། ནས་རྡོག་ས་བོན་སྐམ་པོ་ལ་ལ་གསོན་ཤུགས་ཡོད་པ་མ་རེད་པས། རྣམ་པ་གཉིས་ཀྱིས་ད་དུང་དོན་གསལ་བོ་ཞིག་གསུངས་རོགས།
གསང་སྔགས་ཀྱི་རྫས་ཀྱི་ནུས་པ་སྟོན་པ་ལ། འདི་ཤེས་དགོས་ཏེ།
ཉན་ཆོས་སོ་ཐར་པས། ལུས་ངག་གི་ཉེས་པ་བྱེད་མི་ཆོག བྱང་སེམས་ཀྱིས། རང་དོན་ཡིད་བྱེད་སོགས་བསམ་མི་ཆོག གསངསྔགས་པས། རང་གཞན་ཐ་ཐལ་དུ་སྣང་མི་ཆོག་པ་འདི་ཡིན་ཡང་།
གཟིགས་དང་བྱེད་མི་ཆོག་པ་དང། བསམ་མི་ཆོག་པ་དང་། སྣང་མི་ཆོག་གསུམ་གང་དཀའ་སླ་འདུག་པ་འདི་ནན་ཏན་བསམ་བློ་མང་པོ་བཏང་མ་ཐུབ་ན་བོད་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་ཆོས་ལ་གོ་བ་ཆགས་པར་དཀའ་འོ་སྙམ།
དིང་སང་ཁྲི་མཐོ་བོར་བཞུགས་ནས་ཆོས་གསུང་མཁན་བླ་མ་མང་པོས་ཀྱང་གནད་གསུམ་པོ་སོ་སོར་འབྱེད་ཐུབ་མཁན་དཀོན་པོ་ཡོད་བཟོ་འདུག་སྙམ་ལགས། སྔགས་ཀྱི་རྫས་ཀྱི་ནུས་པ་སྟོན་པ་ལ་ནང་གི་འབྱུང་བ་ལ་དབང་བསྒྱུར་བ་ཐུབ་པ་ནུས་པ་ཐོབ་ནས། ཕྱི་ཡི་འབྱུང་བ་ལ་ཐོག་རྫིས་ཀྱིས་ཐོག ལམ་བགྲོད་ཚུལ་ཅིག་ཡིན་པ་འདྲ་སྙམ་ཡང་་་་་
ཉན་ཆོས་ཉན་ཐོས་དང་། ཐ་ཐལ་ཐ་མལ་ལ་བཅོས་རོགས།
ཚན་རིག་པ་སྤྱན་བརྒྱད་པ་ལགས།
1. Living things.= ༡༽གསོན་ཤུགས་དབུགས་ལྡན་དངོས་པོ། མི་དང་སྨྱུ་གུ་ལྟ་བུ།
3.Dormant things. = ༣༽གཉིད་ཡུར་རྩོལ་མེད་དངོས་པོ། ནུས་ལྡན་ཙམ་དང་ས་བོན་ལྟ་བུ།
མགོ་ས་བོན་དང་མཇུག་མྱུ་གུ་ཡིན་པ་ཡོད་དགོས་པས། དབྱར་རྩ་དགུན་འབུ་ནང་བཞིན་མིན་འགྲོ དེའི་སྐོར་ངས་གང་ཡང་གསར་པ་ཞུ་ཡ་མེད་ལགས།
སྐྱེ་བ་སྔ་མ་མེད་ཀྱང་ཚེ་འདིར་ལུས་ལེན་རུང་སྒྲུབ་པ། སྐྱེ་བ་ཕྱི་མ་མེད་ཀྱང་ཚེ་འདིར་ཕན་བདེ་སྒྲུབ་རུང་བ། ཚེ་འདི་ལས་གཞན་ཞིག་མེད་པའི་ལུང་གིས་སྒྲུབ་པ། སྐྱེ་སྔ་ཕྱི་གཉིས་ཡོད་དགོས་པའི་རྒྱུ་མཚན་མེད་པ་བཞི་ཡིས་ཁྱེད་ལ་དགག་པ་གཏོང་ཡོང་ན། ལན་ཕོགས་བསམ་པའི་ཡིད་ཆེས་དང་། ཆོད་སེམས་ཡོད་དམ།
སྐྱེ་བ་སྔ་མ་མེད་ཀྱང་ཚེ་འདིར་ལུས་ལེན་རུང་སྒྲུབ་པ།
ཡིན་དང་ཡིན་མཇེ་དང་བསྟུ་ཡིས་བཡེད་ཐུབ་པ་ཀུན་གྱིས་མཐོང་།
སྐྱེ་བ་ཕྱི་མ་མེད་ཀྱང་ཚེ་འདིར་ཕན་བདེ་སྒྲུབ་རུང་བ།
ཚེ་འདི་ལ་བདེ་སྐྱིད་དགོས་པར་སྐྱེ་ཕྱི་མ་ལྟོས་པ་སུས་ཀྱང་མིོ་འདོད།
ཚེ་འདི་ལས་གཞན་ཞིག་མེད་པའི་ལུང་གིས་སྒྲུབ་པ།
ཁྱོད་ཀྱི་ཀླ་ཀློའི་སྟོན་པ་དེ་ཡི་མིང་དང་། ལུང་དེ་དྲོངས་དང་དེ་ནས་ལྟ་ཆོག
སྐྱེ་སྔ་ཕྱི་གཉིས་ཡོད་དགོས་པའི་རྒྱུ་མཚན་མེད་པ།
རྒྱ་མཚན་ང་ཚོས་བཤད་ཚར། སྣང་བ་འགྲོ་ན་ཁེ་སང་། སྣང་བ་མ་འགྲོ་ན་སྡུག་གྱོང་རེད་དོ། །
ལོག་སྨྲ་ཚར་གཅོད་ལགས། རྣམ་ཤེས་ལས་ཟུར་དུ་མེད་པའི་གློག་རྡུལ་གྱི་ནུས་པའི་ངོ་བོ་ཇི་ལྟར་ཡིན་སྨྲ་ཞིག ཟུར་དུ་མེད་པ་མངོན་སུམ་གྱིས་གྲུབ་ཅེས་པ་ཧམ་བཤད་དེ། རྣམ་ཤེས་སུ་འགྱུར་རྒྱུའི་ནུས་པ་དེ་གློག་དང་རྫས་རྡུལ་དེ་ཉིད་ཡིན་ནམ། གཞན་ཞིག་ཡིནམ། རྣམ་ཤེས་འདི་གློག་རྡུལ་གྱི་ནུས་པ་ཙམ་ཞིག་ཡིན། དང་པོ་ལྟར་ན། གློག་རྫས་ཀྱི་རྡུལ་གྱི་ཁྱད་པར་གང་ལས་ལ་ལས་ཚེ་སྔོན་དྲན་ལ་ལ་ལས་མི་དྲན་པ་གང་ཡིན་སྨྲ་ཞིག གཉིས་པ་མི་འཐད་པ་ནི་ནུས་པ་དང་ནུས་པ་ཅན་རྫས་གཞན་ཡིན་པ་མི་འཐད་པའི་ཕྱིར། གསུམ་པ་རྣམ་ཤེས་གློག་རྡུལ་གྱི་ནུས་པ་ཙམ་དུ་ཟད་ན་རྣམ་ཤེས་ཀྱིས་ཡུལ་མཇལ་བ་ཚད་ཅན་དུ་ཐལ། གློག་རྡུལ་ནུས་པ་ཚད་ཅན་དུ་ངེས་པའི་ཕྱིར། ཚེ་རབས་དྲན་པ་མེད་ཅེས་པའང་མི་འཐད་དེ། རང་ཉིད་དེའི་བུ་ཡིན་པ་དང་དེ་རང་ཉིད་ཀྱི་ཨ་མ་ཡིན་པར་དྲན་པའི་ཕྱིར་། རྣམ་ཤེས་རྡུལ་གྱི་རང་བཞིན་ཡིན་པའང་མ་འཐད་དེ། རྡུལ་འཕེལ་འགྲིབ་མེད་པར་མྱོང་བ་འདི་ཙམ་སྟེང་ནས་བསམ་གཏན་དང་མངོན་པར་ཤེས་པ་འགྲུབ་པའི་ཕྱིར། རྣམ་ཤེས་རྡུལ་གྱི་རང་བཞིན་ཙམ་དུ་ཟད་ན་ལྷན་སྐྱེས་ཀྱི་ཡོན་ཏན་སྟེ་སྙིང་རྗེ་ཆེ་ཆུང་། རྣམ་དཔྱོད་ཆེ་ཆུང་། དྲན་པ་བརྟན་མིན་སོགས་མི་འཐད་པར་ཐལ་ལོ། །དོན་ངོ་མར་རྡར་ཝུན་གྱི་འཕེལ་འགྱུར་དང་། ཨ་ཡིམ་སི་ཐམ་གྱི་ལྟོས་གྲུབ་རིག་པ་སོགས་ད་ཡོད་ནུབ་ཕྱོགས་ཀྱི་ཚན་རིག་པ་གང་གིས་ཀྱང་རྡུལ་རྫས་འདུ་འཛོམས་ཀྱི་ཚད་གཞི་ཇི་ཙམ་ནས་རྣམ་ཤེས་འབྱུང་ཚུལ་སྐོར་གསལ་བཤད་གང་ཡང་བྱས་མེད་། མདོར་ན་རྣམ་ཤེས་ཞེས་པ་ཅི་ཞིག་ཡིན་པ་དང་ཇི་ལྟར་བྱུང་བའི་བརྒྱུད་རིམ་འདི་གཉིས་སྨྲ་མ་ཐུབ་ཚེ་རྩོད་ཚད་སྟོང་པའོ། །ཅི་སྟེ་ཁྱད་ཆོས་ལྔ་ལྡན་གྱི་རྫས་རྡུལ་དེ་ཙམ་ལས་རྣམ་ཤེས་འབྱུང་ན་ཁྱད་ཆོས་ལྔ་ལྡན་གྱི་རྫས་རྡུལ་ཁྱད་མེད་ལས་བྱུང་བའི་རྣམ་ཤེས་ལའང་ཁྱད་པར་ཡོད་མི་སྲིད་པར་ཐལ། རྒྱུ་ལ་ཁྱད་པར་མེད་པས་སོ། །འདིར་སྲོག་ཆགས་དང་སེམས་ལྡན་ལ་ཁྱད་པར་ཞིག་དགོས།
རིགས་པ་བཞི་ལས་ཆོས་ཉིད་ལ་ལས་འབྲས་བཤད་དུ་མེད། གཞན་གསུམ་ཀྱང་ལས་འབྲས་དང་འབྲེལ་མི་དགོས། རྒྱུས་འབྲས་བུ་བསྐྱེད་པ་ཆོས་ཉིད་ལས་ལས་འབྲས་མིན། ལས་འབྲས་ནི་བྱེད་པ་པོ་སྐྱེས་བུ་ཞིག་དང་འབྲེལ་ནས་མ་གཏོགས་བཤད་མི་ནུས། སྣོད་ཀྱི་འཇིག་རྟེན་འདིའི་ཁྱད་པར་སྣ་ཚོགས་པ་འདི་རང་རང་གི་རྒྱུ་ལས་ལས་འབྲས་དང་གཅིག་ཏུ་འབྲེལ་བར་མ་ངེས། གང་ཟག་སོ་སོའི་བདེ་སྡུག་གི་རྟེན་དུ་ཇི་ལྟར་འགྱུར་བ་ནི་ལས་འབྲས་དང་འབྲེལ་བ་ཡིན། ནང་པའི་དམིགས་ཡུལ་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའང་རྒྱུ་གསར་པ་བསགས་ནས་འགྱུར་ལྡོག་བཏང་ནས་སྒྲུབ་དགོས་པར་བཤད་པ་དེས་ཡོད་ཚད་ལས་དབང་རེད་ཅེས་རེ་སྟོད་རྒྱག་ནས་བསྡད་པ་ཡོངས་སུ་ནོར་བར་བསྟན་ཡོད། དེས་ན་ཁོ་བོས་ལྟར་ན་རིགས་འདྲ་སྔོན་སོང་གིས་སྒྲུབ་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་ཐུབ་པར་རྒྱས་པར་བཤད་དགོས་ཀྱང་ད་རིང་དེ་ཙམ་མོ། །བྲིས་ཁོམ་མི་འདུག རིགས་འདྲ་སྔོན་སོང་གིས་སྒྲུབ་མི་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་མི་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་མི་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་ཐུབ་སྟེ།
ཞོར་དུ་གཞན་ཞིག་ནི། རྫས་རྡུལ་ཁྱད་ཆོས་ལྔ་ལྡན་ལས་སྲོག་ཆགས་འབྱུང་ཞེས་པ་དང་། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་ རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་ཅེས་པ་འདི་ཚང་མ་ལུང་ཙམ་རེད། རང་ཡང་ཕལ་ཆེར་ལུང་ཙམ་ལ་སྐྱབས་སུ་འགྲོ་འདུག ལུང་ཙམ་ལ་མ་བརྟེན་པ་ནི་ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། །ཞེས་པ་འདི་ཙམ་རེད། མཚན་མོར་ལོ་མ་འཁུམས་ནས་ཉལ་བ་སེམས་ལྡན་དུ་སྔར་ནས་རྒྱ་གར་དུ་སྒྲུབ་མཁན་བྱུང་བ་དེ་དང་མཚུངས་སོ། །ཚེ་འདིའི་བདེ་སྡུག་སྔོན་མའི་ལས་དང་འབྲེལ་བའི་ཚུལ་ཁོ་བོས་སྐབས་གཞན་ཞིག་ཏུ་རྒྱས་པར་སྨྲ་འདོད་དོ། །ད་རིང་བྲིས་མ་ཁོམ།
གོང་དུ་ཚིག་ནོར་འདུག ལོག་སྨྲ་ཚར་གཅོད་ལགས། རྣམ་ཤེས་ལས་ཟུར་དུ་མེད་པའི་གློག་རྡུལ་གྱི་ནུས་པའི་ངོ་བོ་ཇི་ལྟར་ཡིན་སྨྲ་ཞིག ཟུར་དུ་མེད་པ་མངོན་སུམ་གྱིས་གྲུབ་ཅེས་པ་ཧམ་བཤད་དེ། རྣམ་ཤེས་སུ་འགྱུར་རྒྱུའི་ནུས་པ་དེ་གློག་དང་རྫས་རྡུལ་དེ་ཉིད་ཡིན་ནམ། གཞན་ཞིག་ཡིནམ། རྣམ་ཤེས་འདི་གློག་རྡུལ་གྱི་ནུས་པ་ཙམ་ཞིག་ཡིན། དང་པོ་ལྟར་ན། གློག་རྫས་ཀྱི་རྡུལ་གྱི་ཁྱད་པར་གང་ལས་ལ་ལས་ཚེ་སྔོན་དྲན་ལ་ལ་ལས་མི་དྲན་པ་གང་ཡིན་སྨྲ་ཞིག གཉིས་པ་མི་འཐད་པ་ནི་ནུས་པ་དང་ནུས་པ་ཅན་རྫས་གཞན་ཡིན་པ་མི་འཐད་པའི་ཕྱིར། གསུམ་པ་རྣམ་ཤེས་གློག་རྡུལ་གྱི་ནུས་པ་ཙམ་དུ་ཟད་ན་རྣམ་ཤེས་ཀྱིས་ཡུལ་མཇལ་བ་ཚད་ཅན་དུ་ཐལ། གློག་རྡུལ་ནུས་པ་ཚད་ཅན་དུ་ངེས་པའི་ཕྱིར། ཚེ་རབས་དྲན་པ་མེད་ཅེས་པའང་མི་འཐད་དེ། རང་ཉིད་དེའི་བུ་ཡིན་པ་དང་དེ་རང་ཉིད་ཀྱི་ཨ་མ་ཡིན་པར་དྲན་པའི་ཕྱིར་། རྣམ་ཤེས་རྡུལ་གྱི་རང་བཞིན་ཡིན་པའང་མ་འཐད་དེ། རྡུལ་འཕེལ་འགྲིབ་མེད་པར་མྱོང་བ་འདི་ཙམ་སྟེང་ནས་བསམ་གཏན་དང་མངོན་པར་ཤེས་པ་འགྲུབ་པའི་ཕྱིར། རྣམ་ཤེས་རྡུལ་གྱི་རང་བཞིན་ཙམ་དུ་ཟད་ན་ལྷན་སྐྱེས་ཀྱི་ཡོན་ཏན་སྟེ་སྙིང་རྗེ་ཆེ་ཆུང་། རྣམ་དཔྱོད་ཆེ་ཆུང་། དྲན་པ་བརྟན་མིན་སོགས་མི་འཐད་པར་ཐལ་ལོ། །དོན་ངོ་མར་རྡར་ཝུན་གྱི་འཕེལ་འགྱུར་དང་། ཨ་ཡིམ་སི་ཐམ་གྱི་ལྟོས་གྲུབ་རིག་པ་སོགས་ད་ཡོད་ནུབ་ཕྱོགས་ཀྱི་ཚན་རིག་པ་གང་གིས་ཀྱང་རྡུལ་རྫས་འདུ་འཛོམས་ཀྱི་ཚད་གཞི་ཇི་ཙམ་ནས་རྣམ་ཤེས་འབྱུང་ཚུལ་སྐོར་གསལ་བཤད་གང་ཡང་བྱས་མེད་། མདོར་ན་རྣམ་ཤེས་ཞེས་པ་ཅི་ཞིག་ཡིན་པ་དང་ཇི་ལྟར་བྱུང་བའི་བརྒྱུད་རིམ་འདི་གཉིས་སྨྲ་མ་ཐུབ་ཚེ་རྩོད་ཚད་སྟོང་པའོ། །ཅི་སྟེ་ཁྱད་ཆོས་ལྔ་ལྡན་གྱི་རྫས་རྡུལ་དེ་ཙམ་ལས་རྣམ་ཤེས་འབྱུང་ན་ཁྱད་ཆོས་ལྔ་ལྡན་གྱི་རྫས་རྡུལ་ཁྱད་མེད་ལས་བྱུང་བའི་རྣམ་ཤེས་ལའང་ཁྱད་པར་ཡོད་མི་སྲིད་པར་ཐལ། རྒྱུ་ལ་ཁྱད་པར་མེད་པས་སོ། །འདིར་སྲོག་ཆགས་དང་སེམས་ལྡན་ལ་ཁྱད་པར་ཞིག་དགོས།
རིགས་པ་བཞི་ལས་ཆོས་ཉིད་ལ་ལས་འབྲས་བཤད་དུ་མེད། གཞན་གསུམ་ཀྱང་ལས་འབྲས་དང་འབྲེལ་མི་དགོས། རྒྱུས་འབྲས་བུ་བསྐྱེད་པ་ཆོས་ཉིད་ལས་ལས་འབྲས་མིན། ལས་འབྲས་ནི་བྱེད་པ་པོ་སྐྱེས་བུ་ཞིག་དང་འབྲེལ་ནས་མ་གཏོགས་བཤད་མི་ནུས། སྣོད་ཀྱི་འཇིག་རྟེན་འདིའི་ཁྱད་པར་སྣ་ཚོགས་པ་འདི་རང་རང་གི་རྒྱུ་ལས་ལས་འབྲས་དང་གཅིག་ཏུ་འབྲེལ་བར་མ་ངེས། གང་ཟག་སོ་སོའི་བདེ་སྡུག་གི་རྟེན་དུ་ཇི་ལྟར་འགྱུར་བ་ནི་ལས་འབྲས་དང་འབྲེལ་བ་ཡིན། ནང་པའི་དམིགས་ཡུལ་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའང་རྒྱུ་གསར་པ་བསགས་ནས་འགྱུར་ལྡོག་བཏང་ནས་སྒྲུབ་དགོས་པར་བཤད་པ་དེས་ཡོད་ཚད་ལས་དབང་རེད་ཅེས་རེ་སྟོང་རྒྱག་ནས་བསྡད་པ་ཡོངས་སུ་ནོར་བར་བསྟན་ཡོད། དེས་ན་ཁོ་བོས་ལྟར་ན་རིགས་འདྲ་སྔོན་སོང་གིས་སྒྲུབ་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་ཐུབ་པར་རྒྱས་པར་བཤད་དགོས་ཀྱང་ད་རིང་དེ་ཙམ་མོ། །བྲིས་ཁོམ་མི་འདུག
ཞོར་དུ་གཞན་ཞིག་ནི། རྫས་རྡུལ་ཁྱད་ཆོས་ལྔ་ལྡན་ལས་སྲོག་ཆགས་འབྱུང་ཞེས་པ་དང་། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་ རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་ཅེས་པ་འདི་ཚང་མ་ལུང་ཙམ་རེད། རང་ཡང་ཕལ་ཆེར་ལུང་ཙམ་ལ་སྐྱབས་སུ་འགྲོ་འདུག ལུང་ཙམ་ལ་མ་བརྟེན་པ་ནི་ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། །ཞེས་པ་འདི་ཙམ་རེད། མཚན་མོར་ལོ་མ་འཁུམས་ནས་ཉལ་བ་སེམས་ལྡན་དུ་སྔར་ནས་རྒྱ་གར་དུ་སྒྲུབ་མཁན་བྱུང་བ་དེ་དང་མཚུངས་སོ། །ཚེ་འདིའི་བདེ་སྡུག་སྔོན་མའི་ལས་དང་འབྲེལ་བའི་ཚུལ་ཁོ་བོས་སྐབས་གཞན་ཞིག་ཏུ་རྒྱས་པར་སྨྲ་འདོད་དོ། །ད་རིང་བྲིས་མ་ཁོམ།
གོང་ས་མཆོག་གིས་གྲུབ་མཐའ་རིན་ཆེན་ཕྲེང་པའི་བཀའ་ཁྲིད་གནང་བ་ལས།
རྒྱ་གར་གྱི་ཡུལ་གྲུ་དེ་དག་ན་རང་རང་གི་ལུགས་ཀྱི་དཀོན་མཆོག་ལ་དད་པ་བྱས་ན་བསྡུག་བསྔལ་ལས་ཐར་་གྱི་རེད་ཟེར་བ་དང་། རྒྱུ་མཚན་ལས་དད་པ་གཙོ་བོར་བྱེད་པའི་ཆོས་ལུགས་མང་པོ་ཡོད་པ་དེ་དག་མི་འཐད་པ་དང་རྒྱུ་མཚན་མེད་པར། སངས་རྒྱས་ཐུགས་རྗེ་ཅན་ཁོང་གིས་ཉམས་མྱོང་ངམ་ཀུན་མཁྱེན་ཡེ་ཤེས་སྟོབས་ལས་སྡུག་བསྔལ་རྒྱུ་ལས་བྱུང་བ་ཞིག་ཏུ་གཟིགས་ཤིང་གསུངས་པས། ང་ཚོས་སྡུག་བསྔལ་གྱི་རྒྱུ་འགོག་ཐབས་མ་བྱས་པར་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ཐུབ་ཀྱི་མེད། སུས་སྡུག་བསྔལ་མི་འདོད་པ་དེ་ཡིས་སྡུག་བསྔལ་གྱི་རྒྱུ་འགོག་ཐབསབྱ་དགོས་པ་ལས་གཞན་སྡུག་བསྔལ་སེལ་བའི་ཐབས་གཉིས་པ་མེད། ཇི་ལྟར་བྱས་ནས་སྡུག་བསྔལ་གྱི་རྒྱུ་འགོག་ཐབས་བྱ་དགོས་ཤེ་ན། དཔེར་ན། གཞན་གྱི་སྲོག་བཅད་ན་མི་དགེ་པའི་ལས་ཡིན་ཞེས་ལྟ་བུ་ལ། རྒྱུ་མཚན་གང་གིས་ཡིན་ཞེས་དྲིས་ན། དེ་སངས་རྒྱས་ཀྱིས་བཀའ་ཡིན་པ་ཙམ་བཀོད་ནས་བཤད་ན་ནང་པའི་ཆོས་ལུགས་ཤིན་ཏུ་སླ་པོར་གྱུར་བ་རེད། ངེས་པར་རྒྱུ་མཚན་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཡིན། ཞེས་དང་། གཞན་ཡང་བཅོམ་ལྡན་འདས་ལ་དད་པ་ཁོ་ནས་འགྲིག་གི་ཡོད་ན་ང་རང་ཚོའི་བོད་སྐད་ནང་བསྒྱུར་པའི་བཀའ་འགྱུར་པོད་བརྒྱ་ལྷག་དེ་དགོས་པའི་རྒྱུ་མཚན་མེད་ལ། གོང་དུ་བཤད་པ་བཞིན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་སྐབས་བདེན་པ་བཞི་གསུངས་དགོས་དོན་མེད། བདེན་པ་བཞི་གསུངས་པའི་རྗེས་སུ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་གི་རྣམ་གཞག་གསུངས་དགོས་དོན་མེད། ཐེག་ཆེན་ལ་མཚོན་ན་ཤེར་ཕྱིན་གྱི་མདོ་སྡེ་དེ་དག་གི་ནང་ཕུང་ཁམས་སྐྱེ་མཆེད་དང་འགྲེས་རྐང་བརྒྱ་རྩ་ལ་སོགས་དེ་དག་ཤིན་ཏུ་མང་པོ་ཡོང་དགོས་དོན་མེད།
རིགས་པ་སྨྲ་བ། ཡང་སྟེང་མཆོག་སྤྲུལ་རིན་པོ་ཆེ་ནས་ཕེབས་ནས་འབེལ་གཏམ་གནང་བར་དགའ་བསུ་ཞུ་བ་དང་ཆབས་ཅིག །ཁྱུང་སེང་བུས་དྲིས་པ་འདི་ལ་ལན་ཞིག་གནང་རོགས་ཞུ།
སྐྱེ་བ་སྔ་མ་མེད་ཀྱང་ཚེ་འདིར་ལུས་ལེན་རུང་སྒྲུབ་པ། སྐྱེ་བ་ཕྱི་མ་མེད་ཀྱང་ཚེ་འདིར་ཕན་བདེ་སྒྲུབ་རུང་བ། ཚེ་འདི་ལས་གཞན་ཞིག་མེད་པའི་ལུང་གིས་སྒྲུབ་པ། སྐྱེ་སྔ་ཕྱི་གཉིས་ཡོད་དགོས་པའི་རྒྱུ་མཚན་མེད་པ་བཞི་ཡིས་ཁྱེད་ལ་དགག་པ་གཏོང་ཡོང་ན། ལན་ཕོགས་བསམ་པའི་ཡིད་ཆེས་དང་། ཆོད་སེམས་ཡོད་དམ།
ཡང་སྟེང་རིན་པོ་ཆེ་ལགས། ཁྱེད་ཀྱི་དགག་པ་དེ་ངས་གལ་ཆེན་གྱིས་ཞིབ་ཏུ་བཀླགས་པ་ཡིན། སྤྱིར་དཔེ་ཡག་པོ་ཞིག་འདུག ཡིན་ནའང་དགག་པ་གནང་ཕྱོགས་དེ་ནི་སྲོལ་རྒྱུན་གྱིས་འགྲོས་ཙམ་ལས་དེང་གིས་དམིགས་བཀར་རང་བཞིན་གྱིས་ར་འཕྲད་ཡ་ཡོད་པའི་རིག་གསར་དང་མཐུན་པའི་ལན་ཞིག་རྩ་ནས་མ་རེད་འདོད། དེང་གི་ལྷ་རམས་པ་ཆུད་ཚད་མཐོ་ཤོས་ཤིག་ལ་དེའི་སྐོར་དགག་སྒྲུབ་ཀྱི་རིགས་པ་གསར་པ་དེ་ཙམ་ཡིན་ན་དེས་ཐལ་མོ་རྡབ་མཁན་ཀུན་ལའང་མཚུངས་པས་ནང་བསྟན་འདི་ལ་དད་མོས་དང་ཡིད་ཆེས་ཀྱིས་སྲུང་སྐྱོབས་ཙམ་ལས་དོན་དངོས་ར་འཕྲད་པའི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པར་སྒྲུབ་བྱེད་ད་དུངཐོན་གྱི་མི་འདུག་པས་དེས་ན་གནད་འདི་ལ་ཛ་དྲག་ཇེ་ཆེ་དང་ཉེན་ཁ་ཇེ་ཐཱུ་ཡིན་པ་མཚོན་ཐུབ་པས་བདག་ལ་བློ་ཕམ་ཡང་ཚད་མེད་ཅིག་འདུག ད་ལྟ་ནང་པས་བཤད་བཞིན་པའི་ཤེས་པའི་བྱ་བ་ཀུན་གློག་རྡུལ་དང་རྫས་སྦྱོར་གྱིས་ཀྱང་བྱེད་ཀྱིན་པ་ནི་རྨོས་མེད་ཡིན་པ་དཔང་རྟགས་ར་སྤྲོད་བྱེད་པ་སྔོན་དུ་ཚང་མས་སྲོག་ལྡན་གྱི་དངོས་པོ་ནང་དུ་ཡོད་པའི་ GENE DNA. RNA. CELL. རྩ་རྫས་དང་རིགས་རྫས་ཀྱི་གྲུབ་ཆ་དེ་བཞིན་གློག་རྡུལ་དང་ཀླད་རྡུལ་གྱི་བྱེད་ལས་ཤེས་པ་གལ་ཆེ་ལ་དེ་དག་གི་གནས་ཚུལ་ཞིབ་ཕྲ་ཤེས་ན་གཞི་ནས་རྣམ་ཤེས་ཀྱི་ངོ་བོ་གློག་ནུས་ཡིན་པ་ལས་གཟུགས་ཅན་ལས་རྫས་ཐ་དད་པའི་གསལ་རིག་ཙམ་ཞིག་མིན་ཤེས་ཐུབ། དེ་མིན་སྲོལ་རྒྱན་ལྟར་རྟགས་གསལ་གཏོང་རེས་བྱས་ཀྱང་ངལ་བའི་རྒྱུ་ཙམ་ལས་དོན་དངོས་མཐོང་མི་ཐུབ་པ་ཤེས་དགོས།
རིགས་པས་སྲུང་མི་ནུས་པར་དད་མོས་གཅིག་པུས་སྲུང་དགོས་ན་རིགས་པ་སྨྲ་བས་རྗེས་སུ་འཇུག་འོས་པ་ཞིག་གཏན་ནས་མིན། ཤེས་པའི་བྱ་བ་ཀུན་གློག་རྡུལ་དང་རྫས་སྦྱོར་གྱིས་བྱེད་པ་སྨྲོས་མེད་ཡིན་ཞེས་པ་ནི་ཆེས་ཧར་སོང་གི་གཏམ་ཡིན་ཏེ། གློག་རྡུལ་དང་རྫས་སྦྱོར་གྱིས་བྱས་པའི་ཆེས་དེང་རབས་ཅན་གྱི་འཕྲུལ་ཆས་ལ་དགའ་སྐྱོ་ཆགས་སྡང་དང་སྙིང་རྗེའི་ཚོར་ཤེས་མེད་པ་ཡོངས་གྲགས་ཡིན་པའི་ཕྱིར།
སྲོག་ལྡན་གྱི་དངོས་པོ་ནང་དུ་ཡོད་པའི་ GENE DNA. RNA. CELL. གྲུབ་ཆ་འདི་དག་ལས་ད་ལྟར་མྱོང་བཞིན་པའི་ཤེས་ཚོར་ལ་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་མི་ཐུབ་ཏེ། ཐ་ན་དགའ་སྐྱོའི་མིག་ཆུ་གཉིས་ཀྱང་ཀླད་རྡུལ་ནས་ཁྱད་པར་འབྱེད་དུ་མེད་པ་ཚན་རིག་པ་རང་ཉིད་ཀྱིས་ཁས་ལེན་བཞིན་ཡོད།
གོང་དུ་མིག་བརྒྱད་པའི་རེ་དོན་ལྟར་ཅུང་ཙམ་སྨྲ་ན། སྐྱེ་བ་སྔ་མ་མེད་ན་ལུས་ལེན་པ་མི་རུང་སྟེ། ལེན་པ་ལ་ལེན་པ་པོ་ཞིག་སྔོན་དུ་སོང་དགོས་པའི་ཕྱིར་ཏེ། ལེན་ཞེས་པ་འདི་ལ་གོ་རྒྱུ་ཡོད་པས་སོ། །ཅི་སྟེ་རྣམ་ཤེས་འབྱུང་རྡུལ་ཙམ་ལས་བྱུང་བར་སྨྲ་བ་གཟུགས་ཅན་གང་ཞིག་ཤེས་པར་མི་འགྱུར་བ་མེད་པར་ཐལ། རྣམ་ཤེས་ཀུན་འབྱུང་རྡུལ་ཙམ་ལས་བྱུང་པས་སོ། །རྒྱུ་འབྱུང་བ་མཚུངས་པ་ལས་རྣམ་ཤེས་མི་མཚུངས་པ་གཉིས་སྐྱེ་མི་རུང་བར་ཐལ། རྒྱུ་འབྱུང་བ་མཚུངས་པས་སོ། ། སྐྱེ་བ་ཕྱི་མ་མེད་པར་ཕན་བདེ་སྒྲུབ་མི་རུང་སྟེ། དབང་སུ་ཆེ་བྱས་ཀྱང་སྐྱོན་མེད་པས་སོ། ། ཚེ་འདི་ལས་གཞན་མེད་པ་ལུང་གིས་སྒྲུབ་མི་དགོས་ཏེ། ལུང་དེ་གྲུབ་ཟིན་སྒྲུབ་པ་ཡིན་པས་སོ །། སྐྱེ་སྔ་ཕྱི་གཉིས་ཡོད་དགོས་པའི་རྒྱུ་མཚན་མ་མཐོང་ན་མེད་དགོས་པའི་རྒྱུ་མཚན་ཀྱང་ཁྱེད་ཀྱིས་མཐོང་མེད་པས་ཐམས་ཅད་བསྒྲུབ་བྱ་ཙམ་ཡིན་པས་ད་དུང་དཔྱོད་པའི་སྐབས་ཙམ་ལས་ཐག་གཅོད་པ་དུས་སུ་མ་སླེབས་པའི་ཕྱིར་རོ། །རྒྱས་པར་དགག་དགོས་མོད་དངོས་གནས་དུས་ཚོད་རག་གིན་མི་འདུག རིམ་པས་དགག་ཆོག་
པ་ཞུ། །
དགོངས་དག གོང་དུ། ལེན་ཞེས་པ་འདི་ལ་གོ་རྒྱུ་ཡོས་པས་སོ། །ཞེས་པའི་འོག་ཏུ་སྐྱེ་བ་ཙམ་ལས་ལེན་པ་མ་ཡིན་པའི་ཕྱིར་རོ། །ཞེས་པ་ཡོད། ཆད་འདུག
ཡང་སྟེང་པ་ཉོན་ཞིག ཤེས་པའི་བྱ་བ་ཀུན་གློག་རྡུལ་དང་རྫས་སྦྱོར་གྱིས་བྱས་པ་མིན་ན་ཤེས་པ་ལ་དགའ་སྡུག་སྐྱེས་དུས་མིག་ནས་མཆི་མ་ཅིའི་ཕྱིར་ཤོར་བ་རེད། ཁྱོད་ལྟར་ན་ཤེས་པ་ཐོགས་རེག་མེད་པས་དེ་འགྱུར་བ་འགྲོ་དུས་རྫས་GENE DNA. RNA. CELL.སོགས་ལས་གྲུབ་པའི་མིག་ལ་འགྱུར་བ་འགྲོ་དོན་ག་རེ་ཡིན་ནམ། ནུས་པ་དང་ནུས་པ་ཅན་རྫས་གཞན་ཡིན་པ་མི་འཐད་པའི་ཕྱིར་ཟེར། མི་ཐད་དོན་ཤོད། གོ་རྒྱུ་ཚོར་རྒྱུ་མེད་པའི་ལུང་དུམ་ཞིག་ག་རེ་རེད། ཨ་ཁ་ཁ། ཡང་རྣམ་ཤེས་གློག་རྡུལ་གྱི་ནུས་པ་ཙམ་དུ་ཟད་ན་རྣམ་ཤེས་ཀྱིས་ཡུལ་མཇལ་བ་ཚད་ཅན་དུ་ཐལ། གློག་རྡུལ་ནུས་པ་ཚད་ཅན་དུ་ངེས་པའི་ཕྱིར་ཟེར། དེ་ཡང་ལུང་ལོག་ཅིག་རེད། ཀློག་རྡུལ་གྱི་ནུས་པ་ཚད་ཅན་མ་རེད། ཚད་མེད་རེད། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པར་སྟོན་པ་རང་གིས་གསུངས་ཡོད། ཡང་རྣམ་ཤེས་རྡུལ་གྱི་རང་བཞིན་ཙམ་དུ་ཟད་ན་ལྷན་སྐྱེས་ཀྱི་ཡོན་ཏན་སྟེ་སྙིང་རྗེ་ཆེ་ཆུང་། རྣམ་དཔྱོད་ཆེ་ཆུང་། དྲན་པ་བརྟན་མིན་སོགས་མི་འཐད་པར་ཐལ་ལོ་ཟེར། རྡུལ་གྱིས་གྲུབ་ན་ཁྱད་པར་མེད་པ་གཅིག་ཡིན་དགོས་དོན་གང་ཡིན་ནམ། གསེར་བུམ་དང་རྫ་བུམ་གཉིས་ཡག་སྡུག་བཟང་ངན་ཁྱད་པར་མེད་པར་གཅིག་པ་ཡིན་ནམ། གཉིས་ཀ་རྡུལ་གྱིས་འགྲུབ་པས་སོ། །ཐལ་ཕྱིར་གསུང་དང་མ་གསུང་མི་འདུག དེ་ལ་ལན་གནང་དང་།
དབང་ཤེས་ལྔ་ནི་རྟེན་དབང་པོ་དང་ཀླད་རྩར་བརྟེན་པས་དབང་ཤེས་བདེ་སྡུག་གི་ཚོར་བ་རྟེན་ཀླད་རྩའི་བརྒྱུད་ནས་ཕྱིར་མངོན་པ་ཡིན་ལ། བརྟེན་པ་ཐོགས་མེད་ཡིན་ཀྱང་རྟེན་གཟུགས་ཅན་ཡིན་པ་མི་འགལ་ཏེ། མི་མ་ཡིན་མི་ཡི་ཁོག་ཏུ་བརླམས་པ་ན་རྟེན་ཡིད་ཤེས་ཐོགས་མེད་ཡིན་ཀྱང་རེ་ཞིག་མི་ཡི་ལུས་དེ་ལ་བརྟེན་པ་ལྟ་བུ་ཡིན་པའི་ཕྱིར། ནུས་པ་ཞེས་པ་ཐུབ་པ་ཞེས་པའི་དོན་ཡིན་པས་གང་གིས་ཐུབ་ན་འདིས་ཐུབ་ཅེས་ནུས་པ་ཅན་ལས་ཟུར་དུ་བཞག་མི་ནུས་པས་སོ། །གློག་རྡུལ་གྱི་ནུས་པ་དེ་ཉིད་སེམས་སུ་བཞག་ནས་ཚད་ཅན་མིན་པར་འདོད་ན་རྣམ་ཤེས་ཀྱིས་ཡུལ་མཇལ་བའི་ནུས་པ་རིམ་གྱིས་འཕེལ་བ་ཇི་ལྟར་འཐད། རྣམ་ཤེས་སུ་འདོད་པའི་གློག་རྡུལ་དང་དེའི་ནུས་པའི་ངོ་བོ་ཇི་ལྟར་ཡིན་ནམ།
རྣམ་ཤེས་འབྱུང་བ་ཙམ་ལས་སྐྱེས་ན་རྣམ་དཔྱོད་ཆེ་ཆུང་སོགས་མི་འཐད་དེ། རྣམ་དཔྱོད་ཆེ་ཆུང་གང་ལས་བྱུང་བའི་འབྱུང་བ་དེའི་ཁྱད་པར་བཤད་མི་ནུས་པའ་ཕྱིར་རོ། །
རང་དབང་ལགས། ཤེས་པའི་བྱ་བ་ཀུན་གློག་རྡུལ་དང་རྫས་སྦྱོར་གྱིས་བྱས་པ་མིན་ན་ཤེས་པ་ལ་དགའ་སྡུག་སྐྱེས་དུས་མིག་ནས་མཆི་མ་ཅིའི་ཕྱིར་ཤོར་བ་རེད། ལུས་ཀྱི་དབང་རྩ་དང་འབྲེལ་ནས་ཀླད་པའི་བརྡ་གཏོང་བརྡ་ལེན་གྱི་རྣམ་འགྱུར་ཙམ་ཞིག་རེད། དགའ་ནས་མིག་ཆུ་ཤོར་བ་དང་སྐྱོ་ནས་མིག་ཆུ་ཤོར་བ་ལ་ཁྱད་མེད་ན་དགའ་སྐྱོ་གཉིས་ལ་ཁྱད་པར་མེད་དགོས་སམ། སྤྱིར་ན་ཚོར་བ་བདེ་སྡུག་ཟེར་བ་ལུས་དབང་ཁོ་ནས་སྟེ་རེག་བྱ་འཇམ་པོ་དང་ཕྲད་ན་ཚོར་བ་བདེ་བ་དང་རེག་བྱ་རྩུབ་པོ་དང་ཕྲད་ན་ཚོར་བ་སྡུག་བསྔལ་དེ་ཙམ་ཞིག་ཡིན་ན། མིའི་བདེ་སྡུག་ཟེར་བ་གློག་རྡུལ་ཕྲད་སྟོབས་ཀྱིས་བྱུང་བ་ཡིན་པས་མ་འོངས་པའི་བདེ་སྡུག་གི་དོན་ལ་བསམ་བློ་བཏང་ནས་སེམས་ལ་སྡུག་བསྔལ་འོངས་པ་དང་འདས་དོན་ཡིད་ལ་དྲན་ནས་སྡུག་བསྔལ་འོངས་དོན་མེད་དགོས་པར་ཐལ། རང་གི་ལུས་སྟེང་གི་གློག་རྡུལ་ཕྲད་སྟོབས་ཀྱིས་བྱུང་བ་ཡིན་པའི་ཕྱིར། ཧ་ཧ། འདི་ལས་ལྐུགས་པ་ཞིག་གང་ན་ཡོད། འཛམ་བུའི་གླིང་འདིར་ཅིའི་ཕྱིར་མཐའ་མེད་པའི་སྡུག་བསྔལ་ཞིག་འོངས་དགོས་པ་རེད། འཛམ་གླིང་ན་ཆེས་སྔོན་ཐོན་གྱི་ཚན་རིག་གི་ཡང་རྩེ་སོན་པ་ཨ་རིས་གློག་རྡུལ་ཚད་འཇལ་གྱི་རིག་པས་སྦིན་ལ་ཊིན་གྱིས་ཨ་རིའི་ཁང་བརྩེགས་གཏོར་རྒྱུའི་འཆར་གཞི་བསམ་བློ་དེ་ག་རེ་བྱས་ནས་མ་ཤེས་པ་རེད། མི་ཕྱུག་པོ་རང་ཤི་རྒྱག་པ་དང་མི་དབུལ་བོ་སེམས་སྐྱིད་པོ་ཡོང་དགོས་དོན་ཅི་རེད།
དབང་ཤེས་ལྔ་ནི་དབང་པོ་དང་ཀླད་རྩར་ཐུག་རེག་མེད་པས་ཀླད་རྩའི་བརྒྱུད་ནས་ཕྱིར་མངོན་སྟངས་ག་འདྲ་རེད། གཞན་གྱི་དབང་ཤེས་ལ་བརྟེན་ནས་གཞན་གྱི་མིག་ནས་མིག་ཆུ་ཤོར་བ་ཡོད་མི་ཆོག་པ་ཅི་ཡིན་ནམ། ལར་ནས་མིག་ཤེས་ཀྱིས་བདེ་སྡུག་འབྱེད་ཐུབ་ཀྱི་ཨི་ཡོད། སེམས་བདེ་སྡུག་ལས་མིག་ཆུ་ཤོར་དོན་དྲིས་པར། དབང་ཤེས་དང་འབྲེལ་བ་ག་རེ་ཡོད་དམ། དེ་བཞིན་མི་མ་ཡིན་མི་ཡི་ཁོག་ཏུ་བརླམས་པ་ན་རྟེན་ཡིད་ཤེས་ཐོགས་མེད་ཡིན་ཀྱང་རེ་ཞིག་མི་ཡི་ལུས་དེ་ལ་བརྟེན་པ་ལྟ་བུ་ཡིན་པའི་ཕྱིར་ཟེར་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་དུ་བཀོད་པ་ཟེར་བ་དེ་འདྲ། གློག་རྡུལ་གྱི་ནུས་པ་ཚད་ཅན་རེད་ཟེར་མེད། དེར་བརྟེན་རྣམ་ཤེས་ཀྱིས་ཡུལ་མཇལ་བའི་ནུས་པ་རིམ་གྱིས་འཕེལ་བ་ཇི་ལྟར་འཐད་ཅེས་པའི་དྲི་བ་དེ་འབེན་མེད་མདའ་མོར་གྱུར། རྣམ་ཤེས་འབྱུང་བ་ཙམ་ལས་སྐྱེས་ན་རྣམ་དཔྱོད་ཆེ་ཆུང་སོགས་མི་འཐད་དེ། རྣམ་དཔྱོད་ཆེ་ཆུང་གང་ལས་བྱུང་བའི་འབྱུང་བ་དེའི་ཁྱད་པར་བཤད་མི་ནུས་པའ་ཕྱིར་རོ་ཟེར། དེ་ནི་རང་ལའང་མཚུངས་ཏེ། རྣམ་ཤེས་དེ་གང་ལས་བྱུང་བའི་རྣམ་ཤེས་དེའི་ཁྱད་པར་བཤད་མི་ནུས་པའི་ཕྱིར་རོ། །ཁྱོད་ཀྱི་རྣམ་ཤེས་ཀྱི་ཁྱད་པར་བཤད་ན་ཚན་རིག་པས་ཀྱང་འབྱུང་བའི་ཁྱད་པར་བཤད་ངེས་པ་རེད། འདིར་ཆོས་ར་མིན་པས་རྟོག་གེའི་ཐ་སྙད་བེད་སྤྱོད་མི་འཚམས་ལ། ང་དགེ་ལུགས་མ་ཡིན་པས་བཙོང་ཁ་པའི་ལུང་དྲངས་ན་མི་འཚམས། དོན་དངོས་ཀྱི་ཐོག་ནས་ར་སྤྲོད་གསལ་བཤད་དགོས་པ་རེད།
མིག་བརྒྱད་ཁྱེད་རང་གིས་ག་རེ་བརྗོད་ཀྱི་ཡོད་པ་ཤེས་ཐུབ་པ་མི་འདུག
རང་དབང་ལགས། མིག་ཆུ་ཤོར་བ་ནི་སེམས་ཀྱི་ཚོར་བ་ཞིག་གིས་རྐྱེན་བྱས་ནས་འོངས་པ་དང་མིག་ལ་འགྱུར་བ་ཐེབས་སོང་བ་ཅང་མ་རེད་གོ །སེམས་མེད་བེམ་གཟུགས་ཡོད་ཚད་གློག་རྡུལ་གྱི་ནུས་པས་འགུལ་སྐྱོད་བྱེད་རྒྱུ་ཡོད་པ་བདེན་མོད། ཚན་རིག་གི་འདོད་པ་ལྟར་གཟུགས་འདས་དངོས་པོ་སྤྱི་མཚན་པ་དེ་དག་དཔེར་ན། ཨང་གྲངས་དང་ཁ་དོག །མཛེས་སྡུག །ལྗིད་ཚད། བདེ་བ་དང་སྡུག་བསྔལ་དེ་དག་ལ་དབྱིན་སྐད་དུ་Non-material things ཟེར་གི་ཡོད་པ་རེད། གློག་རྡུལ་མེད་པའི་དངོས་པོ་གང་མང་མང་བཞག་ཆོག་པ་མ་ཡིན་ནམ།
སེམས་ཀྱི་ཚོར་བ་ཞེས་ཡིན་ཤག་བཤད་ན་གང་ཡོང་། འདིར་སེམས་ཀྱི་ངོ་བོ་ག་འདྲ་ཡིན་པ་འཚོལ་ནས་རྩོད་བཞིན་པ་མ་རེད་དམ། དེ་བཞིན་མིག་ཆུ་ཤོར་བ་ནི་སེམས་ཀྱི་ཚོར་བ་ཞིག་གིས་རྐྱེན་བྱས་ནས་འོངས་པ་དང་མིག་ལ་འགྱུར་བ་ཐེབས་སོང་བ་ཅང་མ་རེད་ན་གཞན་ག་རེ་རེད། གོང་དུ། སྤྱིར་ན་ཚོར་བ་བདེ་སྡུག་ཟེར་བ་ལུས་དབང་ཁོ་ནས་སྟེ་རེག་བྱ་འཇམ་པོ་དང་ཕྲད་ན་ཚོར་བ་བདེ་བ་དང་རེག་བྱ་རྩུབ་པོ་དང་ཕྲད་ན་ཚོར་བ་སྡུག་བསྔལ་དེ་ཙམ་ཞིག་ཡིན་ན་ཟེར་ན་ག་རེ་གོ་བ་རེད། ཚོར་བ་བདེ་སྡུག་གཉིས་པོ་ལུས་དབང་རེད་ཟེར་བ་རེད་དམ། བདེ་སྡུག་ཚང་མ་ལུས་པོར་རེག་བྱ་འཇམ་རྩུབ་འཕྲད་པ་ལས་བྱུང་བ་རེད་བ་ཡིན། དེ་འདྲ་གོ་མ་མྱོང་། བོད་ནང་གི་བོད་པའི་སེམས་ཀྱི་སྡུག་བསྔལ་དེ་ཚོ་རེག་བྱ་འཇམ་རྩུབ་ལས་བྱུང་བ་ཨ་ཡིན། དེ་བཞིན་དགའ་སྡུག་གི་སྐབས་མིག་ཆུ་ཤོར་སྟངས་གཅིག་ཡིན་པར་སུས་ཤེས་པ་རེད། སུ་པན་དང་རྡོ་ཞོ་གཉིས་ཁ་ཚ་བ་གཅིག་པ་ཡིན་ཀྱང་ཚ་སྟངས་དང་རོ་ནུས་ཁ་ཁ་རེད། བུ་རམ་དང་སྦྲང་རྩི་གཉིས་ཁ་མངར་བ་གཅིག་པ་ཡིན་ཀྱང་མངར་སྟངས་དང་རོ་ནུས་གནམ་ས་རེད། ང་ཚོའི་མིག་གི་མཐོང་མི་ཐུབ་པའི་རྡུལ་ཕྲན་ཞིག་དུམ་བུ་ས་ཡ་མང་པོ་ཆ་ཕྱེས་ནས་དེ་དག་གི་ནུས་པ་སོགས་ཁྱད་པར་འབྱེད་མཁན་གྱི་ཚན་རིག་པ་ལ། མིག་ཆུ་རྡོག་རྡོག་ལག་མཐེལ་སྦང་ཐུབ་པ་ཞིག་ཡོང་སྟངས་གཅིག་པ་མཐོང་སོང་ཞེས་རྩོད་པ་ནི་སྟབས་བདེ་ཐག་ཆོད་པ་དང་གད་མོ་ཤོར་ཡ་རེད། མིག་ཆུ་རྡོག་པོ་དེའི་ནང་རྫས་རིགས་ག་ཚོད་ཡོད་རེད། རླུང་རིགས་ག་ཚོད་ཡོད་རེད། དེ་ཚོ་རེ་རེའི་རྡུལ་སྙིང་ནང་ཕོ་རྡུལ་དང་མོ་རྡུལ་ག་འདྲ་ཡོད་རེད། དེ་དག་འགུལ་གྱི་ཡོད་རེད་དམ་སྡོད་ཀྱི་ཡོད་རེད། དེ་ཚོ་ཚན་རིག་པ་ལ་མ་བཤད། ང་ཚོ་ཕྲུ་གུ་རེད། མི་གད་མོ་ཤོར་འགྲོ་གི་རེད།
དཔེར་ན་རྒྱལ་བ་རིན་པོ་ཆེ་ལ་སྐབས་རེར་སྤྱན་ཆུ་ཤོར་བ་དེ་འདྲ་ཡང་སེ་ཡོང་གི་ཡོད་པས་དེ་ཡང་གློག་རྡུལ་གྱི་རྐྱེན་བྱས་ནས་འོངས་པ་ཡིན་པར་ཐལ། རང་གི་ཨ་མ་དྲན་ནས་མིག་ཆུ་ཤོར་བ་དེ་ཡང་གློག་རྡུལ་གྱི་རྐྱེན་བྱས་ནས་འོངས་པ་ཡིན་པར་ཐལ། བོད་རང་དབང་རང་བཙན་ཤོར་བ་དེ་ཡང་གློག་རྡུལ་གྱི་རྐྱེན་བྱས་ནས་འོངས་པ་ཡིན་པར་ཐལ། ཧ་ཧ་ཐལ་སྒྲ་འདི་དག་ལ་རྣོ་བ་འདུག་གམ་མི་འདུག །
ཐལ་ཕྱིར་འཕངས་ཡོང་ན་མི་ཤེས་ངོ་མ་ཡིན། མིག་ཆུ་ཤོར་ཡ་ནི་མིག་ནང་ཐལ་བ་འཛུལ་ན་་་མིག་ནད་ན་ན་་་ཡི་རྩི་འཛུལ་ན་་་ཕྲུ་གུས་མཛུབ་མོ་བཙུགས་ན་་་མིག་ཆུ་ཤོར་གྱི་རེད། ཆོས་ཅན་ཐལ། ཧཧཧཧ ངོ་མ་བཤད་ན་ཚན་རིག་པས་ཚང་མ་ཤེས་པ་རེད། ཁྱོད་རང་བཤའ་བཅོས་བྱས་ན་དགའ་དུས་མ་གཏོགས་སྡུག་དུས་མིག་རྩ་ནས་ཤོར་ཡ་མེད་པ་བཟོ་ཐུབ་ཀྱི་ཡོད། དེ་རྒྱུ་རྐྱེན་ཚང་མ་ཤེས་པའི་རྟགས་རེད། དེ་གཉིས་འདྲ་གི་མེད་པའི་རྟགས་རེད། ད་མང་པོ་མི་བཤད།
ནོར་བཅོས། ཐལ་ཕྱིར་འཕངས་ཡོང་ན་མི་ཤེས་ངོ་མ་ཡིན། མིག་ཆུ་ཤོར་ཡ་ནི་མིག་ནང་ཐལ་བ་འཛུལ་ན་་་མིག་ནད་ན་ན་་་ཡི་རྩི་འཛུལ་ན་་་ཕྲུ་གུས་མཛུབ་མོ་བཙུགས་ན་་་མིག་ཆུ་ཤོར་གྱི་རེད། ཆོས་ཅན་ཐལ། ཧཧཧཧ ངོ་མ་བཤད་ན་ཚན་རིག་པས་ཚང་མ་ཤེས་པ་རེད། ཁྱོད་རང་བཤའ་བཅོས་བྱས་ན་དགའ་དུས་མ་གཏོགས་སྡུག་དུས་མིག་ཆུ་རྩ་ནས་ཤོར་ཡ་མེད་པ་བཟོ་ཐུབ་ཀྱི་ཡོད། དེ་རྒྱུ་རྐྱེན་ཚང་མ་ཤེས་པའི་རྟགས་རེད། དེ་གཉིས་འདྲ་གི་མེད་པའི་རྟགས་རེད། ད་མང་པོ་མི་བཤད།
མིག་ཆུ་ཤོར་བ་ལ་རྐྱེན་མང་ནི་རེད། འོ་ཏག་ཏག་རེད། མིག་ནང་སུ་པན་སོང་ནས་མིག་ཆུ་ཤོར་བ་དེ་གློག་རྡུལ་གྱི་རྐྱེན་བྱས་ནས་འོངས་པ་རེད་དམ་ཡང་ན་སུ་པན་གྱི་རྐྱེན་བྱས་ནས་འོངས་པ་རེད། ཕྱི་རོལ་གྱི་རྐྱེན་དང་ཕྲད་ནས་མིག་ཆུ་ཤོར་བ་ཏན་ཏན་རེད། ནང་གི་སེམས་ཚོར་གྱི་ཁྱད་པར་དགའ་སྐྱོ་དབང་གིས་མིག་ཆུ་ཤོར་བ་དེ་ཡང་འདས་དོན་ཞིག་ལ་དམིགས་ནས་འོངས་པ་དང་། དུས་ཕྱིས་དྲན་པ་ཡོད་པའི་རྟགས་ཀྱིས་མྱོང་བ་སྒྲུབ་ལུགས་དེ་རེད།
གཞན་དོན་ལ་དམིགས་ནས་མིག་ཆུ་ཤོར་བ་དང་རང་དོན་ལ་དམིགས་ནས་མིག་ཆུ་ཤོར་བ། ཆུང་མ་དྲན་ནས་མིག་ཆུ་ཤོར་བ་དང་ཨ་མ་དྲན་ནས་མིག་ཆུ་ཤོར་བ་སོགས་བསམ་བློའི་ཁྱེར་སྟངས་དབང་གིས་ཡིན་པ་ལས་མིག་ཆུའི་ནང་གློག་རྡུལ་ཡོད་མེད་དང་ཀླད་པའི་ནང་གློག་རྡུལ་ཡོད་པ་ཙམ་ལ་ཐུག་མེད། འདི་ཤེས་དགོས་པའི་གནད་ཅིག་ཡིན།
གཞན་དོན་ལ་དམིགས་ནས་མིག་ཆུ་ཤོར་བ་དང་རང་དོན་ལ་དམིགས་ནས་མིག་ཆུ་ཤོར་བ། ཆུང་མ་དྲན་ནས་མིག་ཆུ་ཤོར་བ་དང་ཨ་མ་དྲན་ནས་མིག་ཆུ་ཤོར་བ་སོགས་བསམ་བློའི་ཁྱེར་སྟངས་དབང་གིས་ཡིན་ཟེར་བས་འགྲིགས་ཀྱི་ཡོད་མ་རེད། བསམ་བློ་ཟེར་བ་དེ་ག་རེ་ཡིན་མིན་ལ་རག་ལས་པ་རེད། འདིར་བཤད་རྒྱུ་བ་ངོ་མ་དེ་རེད། བསམ་བློ་དེ་གཟུགས་ཅན་གྱི་རྩ་དང་རྒྱུད་པ་ལ་ཐུག་རེག་མེད་མཁན་ཞིག་ཡིན་ན། བསམ་བློའི་ཁྱེར་སྟངས་ལས་མིག་གི་རྩ་སྦུབ་ནས་ཆུ་དོན་དོན་ཅི་ཡིན་ནམ། ཆུ་འབབ་པ་དང་རླུ་གཡོ་བ་སོགས་ཚང་མ་འགུལ་སྐྱོད་ལ་བརྟེན་པ་དང་འགུལ་སྐྱོད་ནི་འཐེན་ཤུགས་ལ་ལྟོས་ཡོད། འཐེན་ཤུགས་ཟེར་ན། ཕར་འཕུལ་བ་དང་ཚུར་འཐེན་པ་སྟེ་འགུལ་སྐྱོད་ཀྱི་འབྱུང་རྩ་རེད། བསམ་བློ་ལ་ཐུག་རེག་མེད་ན་ཕར་འཕུལ་བ་དང་ཚུར་འཐེན་པ་སོགས་ལུས་པོ་འགུལ་སྐྱོད་ཇི་ལྟར་བྱེད་ཐུབ་བམ། དོན་ངོ་མ་དེ་རེད་མ་གཏོགས་མིག་ཆུ་ནང་གློག་རྡུལ་ཡོད་མེད་མ་རེད། མིག་ཆུ་ནང་གློག་རྡུལ་ག་ཚོད་ཡོད་མེད་བཤད་པ་ནི་ཚན་རིག་པ་རྣམས་ཞིབ་ཚགས་ཡོད་པའི་དཔེར་བཤད་པ་ཡིན། རྩ་བ་བོར་ནས་ཡ་ག་མ་འཛིན་ཨང་།
ལུས་འགུལ་ལས་སེམས་འགུལ་ཤུགས་ཆེ་བར་ཡོད་པ་དེ་ཡང་ཤེས་དགོས་སོ། །
རང་དབང་ལགས། ངས་གོང་ནས་བཤད་པ་ལྟར་སེམས་མེད་བེམ་གཟུགས་ཡོད་ཚད་གློག་རྡུལ་གྱི་ནུས་པས་འགུལ་སྐྱོད་བྱེད་རྒྱུ་ཡོད་པ་བདེན་མོད། ཚན་རིག་གིས་རྡུལ་ཏུ་གྲུབ་པ་ལས་འདས་པའི་དངོས་པོ་སྤྱི་མཚན་པ་ཞིག་ཁས་ལེན་ཡོད་གི་ཡོད་པ་རེད། དེ་དག་དཔེར་ན། ཨང་གྲངས་དང་ཁ་དོག །མཛེས་སྡུག །ལྗིད་ཚད། བདེ་བ་དང་སྡུག་བསྔལ་དེ་དག་ལ་དབྱིན་སྐད་དུ་Non-material things ཟེར་གི་ཡོད་པ་རེད། ལུས་ཚོར་སྡུག་བསྔལ་དང་སེམས་ཚོར་སྡུག་བསྔལ་ལ་ཁྱད་མེད་ན། བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ལས་མི་ཕྱུག་པོ་རང་ཤི་རྒྱག་པ་དང་མི་དབུལ་བོ་སེམས་སྐྱིད་པོ་ཡོང་དགོས་དོན་ཅི་རེད།
སྤྱིར་བཏང་ཤེས་པ་རྣམས་དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་སྟེ་རྐྱེན་གསུམ་ལ་བརྟེན་ནས་སྐྱེ་གི་ཡོད་པ་རེད། ཤེས་པའི་ངོ་བོར་སྐྱེ་བ་ལ་དེ་མ་ཐག་རྐྱེན་དང་ཁ་དོག་གི་རྣམ་པ་ཤར་བ་དམིགས་རྐྱེན་དང་དེའི་ནང་གི་བདག་རྐྱེན་དབང་པོ་བཤད་པའི་སྐབས་སུ་ཀླད་པའི་གློག་རྡུལ་སོགས་ནང་གི་རྐྱེན་སྣ་ཚོགས་ཤིག་ལ་ལྟོས་པ་གཙོ་བོ་ཡིན་མོད་ཀྱང་། ཕྱིའི་རྐྱེན་ལའང་ངེས་བར་ལྟོས་དགོས་ཏེ། ལུས་འཚོ་བ་ལ་སའི་གོ་ལའི་འཐེན་ཤུགས་དེ་གལ་ཆེན་པོ་རེད། དེ་མེད་ན་ང་ཚོས་དབུགས་གཏོང་ལེན་བྱེད་ཐུབ་ཀྱི་མ་རེད་ལ། ཡར་ལངས་བ་དང་སར་སྡོད་པ་ཡོང་ཁག་པོ་རེད། གལ་ཏེ་འཐེན་ཤུགས་མེད་ན་འཛམ་བུའི་གླིང་དུ་རླུང་ཁམས་གནས་མི་ཐུབ། རླུང་ཁམས་རྣམས་སའི་འཐེན་ཤུགས་ཀྱིས་བཟུང་བསྡད་ཡོད་པ་རེད། རླུང་ཁམས་ནང་དུ་oxygen་འཚོ་རླུང་དེ་ང་ཚོའི་སྲོག་འཚོ་རྟེན་ཡོད་ན་མེད་ན་དེ་རེད། བསམ་བློའི་འགུལ་སྐྱོད་ཚང་མ་གློག་རྡུལ་གྱི་ནུས་པ་རྐྱང་ཡིན་ན་འདས་པ་དང་མ་འོངས་པའི་དོན་ལ་བསམ་བློ་བཏང་བ་ཡོང་མི་སྲིད་པ་དང་། བོད་རང་དབང་ཤོར་ནས་མིའི་ལུང་པར་སྐྱབས་བཅོལ་ལ་ཡོང་དགོས་ཐུག་པ་ཡང་གློག་རྡུལ་ལ་ཐུག་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ཡང་གློག་རྡུལ་ལ་ཐུག་པ་དང་། རྐུ་བྱེད་པ་དང་མི་གསོད་པ། སྡོམ་པ་ཤོར་བ་དང་སྡོམ་པ་སྲུང་བ་ཚང་མ་གློག་རྡུལ་ལ་ཐུག་པས། ཧ་ཅང་ཐལ་བ་མ་ཡིན་ནམ། མིའི་གཟུགས་པོའི་གློག་རྡུལ་ལ་དེ་འདྲའི་ནུས་པ་འབུར་ཐོན་ཞིག་ང་ནས་བསླེབས་པ་རེད།།
མི་ཡི་ཤེས་པ་དེ་རྒྱལ་ཁབ་ལྟ་བ་དཔེ་སྦྱར་ན། དེ་མ་ཐག་རྐྱེན་དེ་རྒྱལ་ཁྲིམས་ཀྱི་དབང་ཚད་འདྲ། བདག་རྐྱེན་དེ་རྒྱལ་པོའི་དབང་ཆ་འདྲ། དམིགས་རྐྱེན་དེ་བློན་པོའི་དབང་ཆ་འདྲ་བར་མིའདུག་གམ། རྒྱལ་ཁྲིམས་མེད་ན་རྒྱལ་ཁབ་མེད་པར་འགྱུར་བར་ལྟར། དེ་མ་ཐག་རྐྱེན་མེད་ན། ཤེས་པ་ཡང་མེད་པར་འགྱུར་བས་ཤེས་པའི་བྱེད་ལས་གཞན་རྣམས་ལྟ་ཅི་སྨོས་དགོས་པ་ལྟ་བུར་མཐོང་ལགས།
མིག་ཆུ་ཤོར་བ་དེ་བསམ་བློའི་ཁྱེར་སྟངས་དབང་གིས་ཡིན་ཟེར་ན་ཏོག་ཙམ་འགྲིགས་ས་མ་རེད། མི་ཁ་ཤས་དགའ་དུས་ཡིན་ན་ཡང་རེད། སྡུག་དུས་ཡིན་ན་ཡང་རེད། ག་དུས་ཡིན་ན་ཡང་མིག་ཆུ་གཏན་ནས་ཤོར་མ་མྱོང་མཁན་འདུག། ཡང་མི་ཁ་ཤས་དགའ་སྡུག་གང་ཡང་མེད་ཀྱང་རྟག་པར་རྒྱུན་དུ་མིག་ཆུ་ཤོར་སྡོད་མཁན་ཡང་འདུག་གོ། །
དཔེར་ན་དེང་སང་ང་ལ་དགའ་སྡུག་གང་ཡང་མེད་ཀྱང་རྟག་པར་རྒྱུན་དུ་མིག་ཆུ་ཤོར་ནས་ཟླ་གསུམ་ལྷག་ཙམ་ཟིན། སྨན་ཁང་ལ་ཕྱིན་དུས་ allergy རེད་འདུག་ཟེར།
མིག་བརྒྱད་ལགས། ད་དུང་ཁྱེད་ཀྱིས་མིག་ཁ་ཤས་མང་དུ་གཏོང་དགོས་པ་འདྲ། ཆོས་ལུགས་ནས་བཤད་པའི་ཤེས་པ་ཡོད་མེད་བཤད་སྐབས་ཆོས་ལུགས་ནས་བཤད་བདག་རྐྱེན་དང་དེ་མ་ཐག་རྐྱེན་དེ་ཚོ་བཤད་ན་འཚམས་པོ་མེད། ཤེས་པ་ཟེར་བ་གཟུགས་མེད་པ། འཐེན་ཤུགས་མེད་པ་ཞིག་པ། ཆོས་ལུགས་ནས་བཤད་པ་ལྟར་ཡོད་ན། གཞི་ནས་དེའི་བདག་རྐྱེན་སོགས་བཤད་ན་རན། དེ་མིན་ཡིན་ཤག་བྱས་ནས་དཔྱད་པ་བྱས་ན་གང་ཡང་རྙེད་མི་ཐུབ། ད་མ་འདས་གསུམ་གློག་རྡུལ་ལ་བརྟེན་ལོས་ཆོག ཁྱོས་ད་ལྟ་བོད་ནང་གཟུགས་བརྙན་མཐོང་བ་དང་སྐད་གོ་བ་སོགས་ཡུལ་ཐག་རིང་པོ་དང་། ཆེས་འདས་པའི་དུས་ཀྱི་སྐད་ཅ་མང་པོ་དེང་རིང་གོ་ཐུབ་པ་དེ་ཚོ་གློག་རྡུལ་ལ་བརྟེན་པ་མ་རེད་ན་ག་རེ་རེད།
རྣམ་འགྲེལ་ལས། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།།ཧ་ཅང་ཐལ་ཕྱིར། །ཞེས་པ་ལྟར་རྣམ་ཤེས་ནི་འབྱུང་བའི་ལུས་འབའ་ཞིག་ལས་སྐྱེས་པ་མིན་ཏེ། རང་གི་རིགས་འདྲ་སྔ་མ་ལས་སྐྱེ་བའི་ཕྱིར། ཞེས་པའི་རིགས་པ་འདི་གནད་འགག་ཆེ། དེ་ལྟར་མིན་ན་འབྱུང་རྡུལ་ཐམས་ཅད་སྲོག་ཆགས་ཀྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ་བ་འདི་ཚན་རིག་པ་ཚོ་ཡང་ལྐུགས་པ་ཆགས་ཡོད། རྣམ་ཤེས་ནི་རང་གི་རིགས་འདྲ་སྔ་མ་ལ་བལྟོས་མེད་དུ་འབྱུང་ན་ཚེ་སྲོག་ལའང་དེ་ལྟར་རིགས་མཐུན་གྱི་རྒྱུ་མི་དགོས་པར་འབྱུང་བས། གོ་ལ་གཞན་པའི་སྟེང་དུ་མི་དང་སེམས་ཅན་མི་འབྱུང་བའི་རྒྱུ་མཚན་མེད་ལ། གཞི་དེར་གློག་རྡུལ་ཡོད་ན་དེ་རུ་ཚེ་སྲོག་འབྱུང་བའི་ངེས་པ་མེད་ལ། དཔེར་ན་གཟའ་ལྷག་པ་དང་པ་སངས་སྟེང་ཚེ་སྲོག་གནས་མི་ཐུབ་པར་བཤད་པ་བཞིན། ཚེ་སྲོག་གི་རྒྱུ་རྐྱེན་མ་ཚང་བ་རེད། འབྱུང་རྡུལ་གང་ཡིན་ཐམས་ཅད་ལས་ཚེ་སྲོག་མི་འབྱུང་བའི་རྒྱུ་མཚན་དེ་རེད། དེ་ལྟར་མིན་ན་རྩི་ཤིང་ལ་ཚོར་བ་བདེ་སྡུག་ཡོད་ཟེར་ན་མ་ཆོག་པ་ཅི་ཡོད། གློག་རྡུལ་ཡོད་པ་འདྲ་མཉམ་ཡིན་པས་སོ། །མི་ཤི་བ་གསོན་མི་ཐུབ་པའི་རྒྱུ་མཚན་རྣམ་ཤེས་འཕོས་སོང་བ་རེད། གལ་ཏེ་རྣམ་ཤེས་ཕྱིར་ལུས་ལ་ཞུགས་ན་གསོན་པོའི་རེ་བ་ཡོད་པ་རེད། མིའ་རྣམ་ཤེས་ནི་གློག་རྡུལ་གཅིག་བུ་ལ་རག་ལས་པ་ཡིན་ན། མིའི་གཟུགས་པོའི་ནང་གི་གློག་རྡུལ་ནི་ནམ་ཡང་འཆི་རྒྱུ་མེད་པས་མི་ཡང་ནམ་ཡང་འཆི་རྒྱུ་མེད་ཟེར་རྒྱུ་ཡིན་ནམ། དེར་བརྟེན་འཆི་བ་ཟེར་བ་ནི་ལུས་སེམས་བརྟེན་དང་བརྟེན་པའི་འབྲེལ་བ་ཆད་དུས་འཆི་བ་ཞེས་པའི་ཐ་སྙད་འདོགས། ཚན་རིག་པས་བེམ་གཟུགས་རྣམས་རྡུལ་ཕྲན་ལ་བརྟེན་ནས་གྲུབ་པ་དང་བེམ་གཟུགས་མ་ཡིན་པའི་དངོས་པོ་ཚོར་བ་བདེ་སྡུག་རྣམས་རྡུལ་ཕྲན་གྱིས་གྲུབ་པ་མ་ཡིན་པ་ར་བཤད་པ་དེས་ཀྱང་ཤེས་ཐབ།
བསྐྱར་དུ་ཞུ་རྒྱུར། མིའི་རྣམ་ཤེས་ནི་གློག་རྡུལ་གཅིག་བུ་ལ་རག་ལས་པ་ཡིན་ན། མིའི་གཟུགས་པོའི་ནང་གི་གློག་རྡུལ་ནི་ནམ་ཡང་འཆི་རྒྱུ་མེད་པས་མི་ཡང་ནམ་ཡང་འཆི་རྒྱུ་མེད་ཟེར་རྒྱུ་ཡིན་ནམ། དེར་བརྟེན་ཚེ་འདིའི་ལུས་དང་རྣམ་ཤེས་གཉིས་ཁ་བྲལ་སོང་ན་མི་དེ་ཤི་སོང་ཟེར་གི་རེད། ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།།ཞེས་བའི་དོན་དེ་རེད། འཆི་བ་ཟེར་བ་ནི་ལུས་སེམས་བརྟེན་དང་བརྟེན་པའི་འབྲེལ་བ་ཆད་པ་ལ་འཆི་བ་ཞེས་པའི་ཐ་སྙད་འདོགས་པ་མ་གཏོགས་གློག་རྡུལ་ཡོད་ཡོད་པ་རེད། ཚན་རིག་པས་བེམ་གཟུགས་རྣམས་རྡུལ་ཕྲན་ལ་བརྟེན་ནས་གྲུབ་པ་དང་བེམ་གཟུགས་མ་ཡིན་པའི་དངོས་པོ་ཚོར་བ་བདེ་སྡུག་རྣམས་རྡུལ་ཕྲན་གྱིས་གྲུབ་པ་མ་ཡིན་པར་བཤད་པ་དེས་ཀྱང་ཤེས་ཐུབ། རྣམ་འགྲེལ་ལས། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།།ཧ་ཅང་ཐལ་ཕྱིར། །ཞེས་པ་ལྟར་རྣམ་ཤེས་ནི་འབྱུང་བའི་ལུས་འབའ་ཞིག་ལས་སྐྱེས་པ་མིན་ཏེ། རང་གི་རིགས་འདྲ་སྔ་མ་ལས་སྐྱེ་བའི་ཕྱིར། ཞེས་པའི་རིགས་པ་འདི་གནད་འགག་ཆེ། དེ་ལྟར་མིན་ན་འབྱུང་རྡུལ་ཐམས་ཅད་སྲོག་ཆགས་ཀྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ་བ་འདི་ཚན་རིག་པ་ཚོ་ཡང་ལྐུགས་པ་ཆགས་ཡོད། རྣམ་ཤེས་ནི་རང་གི་རིགས་འདྲ་སྔ་མ་ལ་བལྟོས་མེད་དུ་འབྱུང་ན་ཚེ་སྲོག་ལའང་དེ་ལྟར་རིགས་མཐུན་གྱི་རྒྱུ་མི་དགོས་པར་འབྱུང་བས། གོ་ལ་གཞན་པའི་སྟེང་དུ་མི་དང་སེམས་ཅན་མི་འབྱུང་བའི་རྒྱུ་མཚན་མེད་ལ། གཞི་དེར་གློག་རྡུལ་ཡོད་ན་དེ་རུ་ཚེ་སྲོག་འབྱུང་བའི་ངེས་པ་མེད་ལ། དཔེར་ན་གཟའ་ལྷག་པ་དང་པ་སངས་སྟེང་ཚེ་སྲོག་གནས་མི་ཐུབ་པར་བཤད་པ་བཞིན། ཚེ་སྲོག་གི་རྒྱུ་རྐྱེན་མ་ཚང་བ་རེད། འབྱུང་རྡུལ་གང་ཡིན་ཐམས་ཅད་ལས་ཚེ་སྲོག་མི་འབྱུང་བའི་རྒྱུ་མཚན་དེ་རེད།
ཁྱོས་རྣམ་འགྲེལ་གྱི་ལུང་དྲངས་པ་ང་མ་རངས། ང་ནང་པའང་མིན། ལུང་ཁས་མི་ལེན་ངོ་མ་ཡིན། ང་ལ་དགོས་པ་རྒྱུ་མཚན་ཡིན། མིའི་རྣམ་ཤེས་ནི་གློག་རྡུལ་གཅིག་བུ་ལ་རག་ལས་པ་རེད་ཟེར་མཁན་མེད། ཁྱོད་ཀྱིས་ཀྱང་རྣམ་ཤེས་རྣམ་ཤེས་ཁོ་ལ་བརྟེན་ཟེར་རྒྱུ་མ་རེད། གློག་རྡུལ་ནི་ནམ་ཡང་འཆི་རྒྱུ་མེད་པས་མི་ཡང་ནམ་ཡང་འཆི་རྒྱུ་མེད་ཟེར་དགོས་ན། ཁྱོད་ཀྱིས་རྣམ་ཤེས་ནམ་ཡང་འཆི་རྒྱུ་མེད་པས་མི་ཡང་ནམ་ཡང་མི་འཆི་བར་ཐལ་བ་མཚུངས། ང་ཚོས་ཀླད་པ་སོགས་ལུས་ཀྱི་གློག་རྡུལ་ལ་བརྟེན་པའི་འགུལ་སྤྱོད་འགག་པ་ན་འཆི་བ་ཟེར། ཁྱོད་ལྟར་ན་ཀླད་རྩའི་འགུལ་སྤྱོད་འགག་ན་རྣམ་ཤེས་འགག་དགོས་དོན་ཅི་ཡོད། ཤིང་སྡོང་སྐམ་ཡང་བྱ་བརྟེན་ཆོག་པས་སོ། །ཁྱོད་ཀྱི་རྒྱུ་མཚན་དེས་ང་རང་ཉོབ་བཅུག་བྱུང་། རྣམ་ཤེས་འབྱུང་རྡུལ་ལ་བརྟེན་ན་འབྱུང་རྡུལ་ཐམས་ཅད་སྲོག་ཆགས་ཀྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ་བ་འདི་ཚན་རིག་པ་ཚོ་ཡང་ལྐུགས་པ་ཇི་ལྟར་ཆགས་ཀྱི་རེད། བཀྲིས་ཨ་མ་ལ་བརྟེན་ནས་སྐྱེས་ན་ཡང་ཨ་མ་ཐམས་ཅད་བཀྲིས་ཀྱི་རྒྱུ་ཡིན་དགོས་དོན་མེད་པ་དང་མཚུངས། དེས་གཞི་དེར་གློག་རྡུལ་ཡོད་ན་དེ་རུ་ཚེ་སྲོག་འབྱུང་བའི་ངེས་པ་དགོས་དོན་མེད་པ་ཡང་ཤེས་ཚོད།
ཤེས་པ་ཐོག་མ་མེད་ལ་ཕྱག་འཚལ་ལོ། །
གསལ་རིག་ཐོག་མ་མེད་ལ་ཕྱག་འཚལ་ལོ། །
ཉོན་མོངས་རྒྱུན་མཐའ་ཡོད་ལ་ཕྱག་འཚལ་ལོ། །
ང་ཡི་འཁོར་མཐའ་ཡོད་ལ་ཕྱག་འཚལ་ལོ། །
རང་དབང་ལགས། མི་དེ་ཤི་བ་དང་གསོན་པོ་ཡིན་མིན་ནི་ལུས་སེམས་གཉིས་ཀྱི་འབྲེལ་བ་ཆད་མ་ཆད་ལ་བལྟ་དགོས་པ་རེད། འབྲེལ་བ་ཆད་སོང་ན་མི་དེ་ཤི་བ་རེད། བྱས་ཙང་རྣམ་ཤེས་ཡོད་པ་ཁོ་ནའི་རྗེས་སུ་འབྲངས་བ་ཡིན་པ་ནི་ང་ཚོའི་མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་འདི་ཙམ་གྱིས་ཀྱང་ཤེས་ཐུབ། དེ་ལ་རིགས་པས་བསྒྲུབ་དགོས་པའི་རྒྱུ་མཚན་འདུག་གམ། གློག་རྡུལ་ཡོད་མེད་ལ་ཐུག་མེད། རྣམ་ཤེས་ཡོད་མེད་ལ་ཐུག་ཡོད། གློག་རྡུལ་ནི་ག་དུས་ཡིན་ཡང་འགུལ་སྐྱོད་བྱེད་བཞིན་པས་མཚམས་འཇོག་གི་དུས་ཡོད་པ་མ་རེད། སྤྱིར་ན་ཚེ་སྲོག་ཡོད་པ་ལ་འཆི་བའི་ཐ་སྙད་འདོགས་པ་མ་གཏོགས་གློག་རྡུལ་སོགས་འཆི་བའི་ཐ་སྙད་འདོགས་དོན་ཡོད་པ་མ་རེད། དེར་བརྟེན་མིའི་ཚེ་སྲོག་ནི་མིའི་རྣམ་ཤེས་གསོན་པོར་གནས་པ་དེ་སྲིད་དུ་དེ་དེ་ལ་མི་གསོན་པོ་ཟེར་གི་ཡོད་པ་རེད། གལ་ཏེ་ལུས་དེ་རྣམ་ཤེས་དང་ཁ་བྲལ་སོང་ན་མི་དེ་ཤི་བ་ཡིན་པར་འཇིག་རྟེན་པ་ཚང་མས་ཁས་ལེན། དེར་བརྟེན་གློག་རྡུལ་ནི་ཚེ་སྲོག་གི་གཞི་རྟེན་གཙོ་བོ་མ་ཡིན་པའི་རྒྱུ་མཚན་དེ་རེད། གློག་རྡུལ་ཡོད་ཀྱིས་ཚེ་སྲོག་ཡོད་མེད་ཀྱི་རྗེས་སུ་འགྲོ་ན་གཟའ་ལྷག་པ་དང་པ་སངས་སྟེང་ཚེ་སྲོག་འབྱུང་མི་ཐུབ་པའི་རྒྱུ་མཚན་ཡོད་པ་མ་རེད། དཔེར་གཅིག་བཞག་ན། མི་དེ་གསོན་པོར་གནས་པ་ལ་གཙོ་བོ་རྣམ་ཤེས་གསོན་པོར་གནས་དགོས་པ་རེད། དེ་གནས་པ་ལ་རྫོགས་བྱེད་ཀྱི་ལས་ལ་བརྟེན་དགོས་པ་རེད། དབུགས་གཏོང་ལེན། ཟས་ཟ་བ། ཚ་གྲངས་སྙོམས་པོ་སོགས་རྒྱུ་དང་རྐྱེན་ཚང་དགོས་ནི་རེད། མིའི་ཚེ་ལ་རིང་ཐུང་ཡོད་པ་དང་། དབུལ་ཕྱུག །དབང་གྲགས་ཆེ་ཆུང་། སྟོབས་ཆེ་ཆུང་སོགས་ཚང་མ་གློག་རྡུལ་གྱི་འགུལ་སྐྱོད་ཙམ་ལ་ཐུག་ཡོད་པ་མ་རེད། ལས་ཀྱིས་གོ་སྒྲིག་བྱས་པ་རེད།
ཁྱོད་ལྟར་ན་ཀླད་རྩའི་འགུལ་སྤྱོད་འགག་ན་རྣམ་ཤེས་འགག་དགོས་དོན་ཅི་ཡོད། ཡོད་དང་ཡོད། རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་གནོད་པ་འོངས་པ་ཆོས་ཉིད་རེད། ལུས་ཀྱི་ཀླད་པ་དང་སྙིང་། ལྟེ་བ། གསང་སྣེའི་དབང་རྩ་རྣམས་རྣམ་ཤེས་ཀྱི་བཞོན་པའི་རླུང་འཕོ་རྒྱུག་བྱེད་ས་ཡོད་ན་མེད་ན་དེ་རེད། གལ་ཏེ་ལུས་ཀྱི་སྟོད་སྨད་ཀྱི་དབང་རྩ་དེ་དག་ལ་རླུང་འཕོ་རྒྱུག་བྱེད་མ་ཐུབ་ན། མི་དེ་འཆི་བར་ངེས་པས་དེར་བརྟེན་རྣམ་ཤེས་དང་ཁ་འབྲལ་རྒྱུ་ཉག་གཅིག་རེད།
ཤེས་པའི་ངོ་བོ་ལ་དཔྱད་པའི་སྐབས་སུ་སེམས་དང་རྣམ་ཤེས་ཟེར་བ་ཆོས་ལུགས་ནས་བཤད་པ་ལྟར་ཡོད་ཤག་གིས་ཡང་ཡང་བཤད་ཡོང་གི་འདུག ད་མང་པོ་བཤད་ཐུབ་ས་མ་རེད། མི་དེ་ཤི་བ་དང་གསོན་པོ་ཡིན་མིན་ནི་ལུས་སེམས་གཉིས་ཀྱི་འབྲེལ་བ་ཆད་མ་ཆད་ལ་བལྟ་དགོས་ཟེར། སེམས་ཟེར་བ་དེ་ལུས་དང་ཐུག་རེག་མེད་ན་འབྲེལ་ཐག་ཆད་རྒྱུ་བར་དང་པོ་ཇི་ལྟར་འབྲེལ་ཡོད་རེད། ཤིང་གི་རྩ་བ་བཅད་ན་སྡོང་པོ་ཡན་ལག་སྐམ་འགྲོ་བ་ནི་དེ་ཚོ་རྦད་དེ་འབྲེལ་ཡོད་པ་མཐོང་ཐུབ། ཤེས་པ་དེ་ལུས་ལ་མི་ཐུག་ཅིང་རེག་ཙམ་ཡང་མི་བྱེད་ན་ཇི་ལྟར་འབྲེལ། ཐུག་རེག་མེད་པར་འབྲེལ་ཆོག་གི་ཡོད། ངའི་ཤེས་པ་ཁྱོད་ཀྱི་ལུས་དང་ཅིའི་ཕྱིར་མི་འབྲེལ། ངས་ཀླད་རྩའི་འགུལ་སྤྱོད་འགག་ན་རྣམ་ཤེས་འགག་དགོས་པར་བཤད་མེད། འཆི་བ་འགྲོ་བ་བཤད་ཡོད། ཀླད་རྩ་འགག་པ་ན་རྣམ་ཤེས་འགག་པ་བཤད་ཆོག་ཀྱང་ཁྱོད་དང་ང་གཉིས་རྣམ་ཤེས་འདོད་སྟངས་མི་འདྲ། ང་ལྟར་ན་རྣམ་ཤེས་ནི་ཀླད་པའི་བྱེད་ལས་དང་གྲུབ་ཆ་ཞིག་ཡིན་པས་ཀླད་པ་འགག་ན་རྣམ་ཤེས་འགག་དང་འགག ཁྱོད་ལྟར་ན་ཁྱོད་ཀྱི་རྣམ་ཤེས་དང་ཁྱོད་ཀྱི་ཀླད་པ་གཉིས་ཕན་ཚུན་ཐུག་རེག་ཅི་ཡང་མེད་པས་གཅིག་གིས་གཅིག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་རེད། ཀླད་པ་ན་དུས་ཤེས་པས་ག་འདྲ་ཤེས་པ་རེད། ཁྱོད་ཀྱི་ཤེས་པས་གཞན་གྱི་ཀླད་པ་ན་བ་མ་ཤེས་པ་ག་རེ་རེད། ཡང་ཚེ་སྲོག་ཡོད་མེད་གློག་རྡུལ་གྱི་རྗེས་སུ་འགྲོ་ན་གཟའ་ལྷག་པ་དང་པ་སངས་སྟེང་ཚེ་སྲོག་འབྱུང་མི་ཐུབ་པའི་རྒྱུ་མཚན་ཡོད་ཟེར། འདིར་ཁ་སྔོན་ནས་དཔེ་དང་བཅས་ལན་བརྒྱབ་ཟིན།
སེམས་ནི་དབྱིབས་དང་ཁ་དོག་མེད་ལ། ཐོགས་རེག་དང་བྲལ་བའི་དངོས་པོ་ཞིག་རེད། ལུས་སེམས་ལ་འབྲེལ་བ་ཡོད་ཀྱང་སེམས་ནི་ལུས་ལ་ཐོགས་རྒྱུ་ཡོད་ཅིང་ལུས་ལ་དབང་སྒྱུར་བྱེད་མཁན་དེ་རེད། ལུས་ནི་སེམས་ཀྱི་བྲན་འོག་ལྟ་བུ་རེད། དཔོན་པོ་དང་བྲན་གཡོགས་གཉིས་ཕན་ཚུན་ཐུག་རྒྱུ་ལོས་ཡོད། ཡིན་ཡང་ག་དུས་ཡིན་ཡང་ཐུག་ཐུག་ལ་བསྡད་ཡོད་པ་མ་རེད། རེག་ཚོར་ལྟ་བུ་ཡུལ་དང་ཡུལ་ཅན་ཕྲད་པ་ལས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་སོགས་འཇོག་གི་ཡོད་པ་རེད། དཔེར་ན་ཕུང་པོའི་གསེབ་ན་རྣམ་ཤེས་ཟེར་བ་ཧྲང་ཧྲང་བ་ཞིག་ཡོད་པ་མ་ཡིན་ཡང་རྣམ་ཤེས་དང་འབྲེལ་ནས་བདེ་སྡུག་སྣ་ཚོགས་འོངས་པ་དེ་ཡང་ཡུལ་དང་འབྲེལ་ནས་ཡོད་པ་དང་བདག་གི་ལག་པ། ཁྱོད་ཀྱི་ཕོ་མཚན་ལ་ལག་པས་ཐུག་རྒྱུ་ཡོད་པས་ཕོ་མཚན་ནི་བདག་གམ་རྣམ་ཤེས་མ་ཡིན་ཡང་དེ་ལ་བརྟེན་ནས་ཚོར་བ་སྣ་ཚོགས་འདྲེན་རྒྱུ་ཡོད་པ་མངོན་གསལ་རེད། ཁྱོད་ཀྱི་མགོ་ལ་ལག་པས་ཐུག་རྒྱུ་ཡོད་པས་རྣམ་ཤེས་ལ་ལག་པས་ཐུག་པ་ཨེ་ཡིན། སེམས་ཀྱི་སྡུག་བསྔལ་ཐོགས་བཅས་དང་བེམ་པོ་ཡིན་ན་སེམས་ཚོར་སྡུག་བསྔལ་ཐམས་ཅད་delate་གཏོང་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡོད། ཁྱོད་ཀྱི་ལག་པ་དང་མགོ་ནི་རྣམ་ཤེས་མིན་པས་འོ་ན་རྣམ་ཤེས་ཟེར་བ་གང་འདྲ་ཞིག་འཇོག་གམ། རིང་པོ་ཞིག་ཡིན་ནམ། ཐུང་ངུ་ཞིག་ཡིན། ཅིག་ཤོད་དང་། ཁྱོད་རང་ཨ་མའི་མངལ་ནས་སྐྱེས་མ་སྐྱེས། གལ་ཏེ་སྐྱེས་ན་ཨ་མའི་མངལ་དང་འབྲེལ་བ་ཡོད་པས་ཨ་མའི་མངལ་དང་ག་དུས་ཡིན་ཡང་ཐུག་རེག་ཡོད་དགོས་ཟེར་བ་ལྟ་བུ་འདུག་པས་ཧ་ཅང་ཐལ་བ་མ་ཡིན་ནམ། བྱས་ཙང་འབྲེལ་བ་ཡོད་ན་ཐུག་རེག་དགོས་པའི་ངེས་པ་མེད།
རང་དབང་ལགས། ད་བྱས་ན་ཀློག་ཀླད་དུ་གློག་རྡུལ་གྱི་ནུས་པ་ལ་བརྟེན་ནས་ save དང་delete ་གཉིས་ཀ་གཏོང་རྒྱུ་ཡོད་པས། གལ་ཏེ་སེམས་ཚོར་རྣམས་གློག་རྡུལ་ལས་གྲུབ་པ་ཡིན་ན་ང་ཚོའི་ཀླད་པའི་ནང་གི་Negative emotion་དེ་ཚོ་delete་གཏོང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད།
ཧཧཧ མིག་བརྒྱད་པའི་དགེ་ཕྲུག་ཅིག་ཡིན་པ་འདྲ། བཤད་སྟངས་འདྲ་པོ་འདུག སེམས་ནི་དབྱིབས་དང་ཁ་དོག་མེད་ལ། ཐོགས་རེག་དང་བྲལ་བའི་དངོས་པོ་ཞིག་རེད་ཅེས་པ་དང་། ཡང་སེམས་ནི་ལུས་ལ་ཐོགས་རྒྱུ་ཡོད་ཅིང་ལུས་ལ་དབང་སྒྱུར་བྱེད་མཁན་དེ་རེད་ཅེས་པ་གཉིས་འགལ་འདུ་མ་རེད་དམ། གློག་རྫས་དང་བེམ་པོ་ཡིན་ཚད་delete གཏོང་རྒྱུ་ཡོད་དགོས་དོན་ཅི་ཡོད་དེ། གཟུགས་པོ་ནང་གི་cancer ན་ཚ་རྣམས་delete གཏོང་ཐུབ་ཀྱི་མེད་པ་དང་མཚུངས། རྣམ་ཤེས་རིང་ཐུང་གི་དྲི་བ་དེ་ཁྱོད་ལ་འོས། རྣམ་ཤེས་ལུས་ལ་ཐུག་ན་ཕྱོགས་ཡོངས་ནས་ཐུག་དང་ཆ་ཤས་ཤིག་ཐུག གཏན་དུ་ཐུག་དང་བར་བར་དུ་ཐུག མ་ཐུག་པའི་གནས་སྐབས་སུ་ཇི་ལྟར་གནས། དེ་སོགས་དྲི་བ་མང་། ངས་ཤེས་པ་ནི་ཀླད་པའི་བྱེད་ལས་རེད་ཅེས་ཉིན་གསུམ་བཞིའི་སྔོན་ལས་བཤད་ཟིན། ཤིང་ལ་རིང་ཐུང་ཡོད་ཀྱང་ཤིང་བཅད་པའི་བྱ་བ་དེ་ལ་རིང་ཐུང་བཤད་རྒྱ་མེད་པ་དང་མཚུངས།
ཧཧཧ
བཟོད་པའི་ཉམས་ལེན་ལ་བརྟེན་ནས་ཞེ་སྡང་གི་ Emotion delet གཏོང་གིན་ཡོད་པ་རེད།
ཞེ་སྡང་ནི་ཀླད་པའི་ནང་གི་ Negative ཅིག་རེད།
རང་ཡུལ་རང་སྟོབས་ཀྱིས་རིག་པའི་ནུས་པ་སེམས་དང་སེམས་བྱུང་ལ་བཤད་པ་ལས་བེམ་པོ་སོགས་ལ་མེད། ཡུལ་དེའི་ངོ་བོ་རིག་པ་སེམས་དང་། ཁྱད་པར་རིག་པ་སེམས་བྱུང་གཙོ་ཆེ། ཤེས་པ་ཡུལ་ལ་ཐོགས་པ་ཡོད་ཀྱང་ཐོགས་བཅས་ཡིན་མི་ཟེར། དཔེར་ན་བུ་མོ་མཛེས་མའི་འདྲ་པར་ཞིག་ཁྱིའི་སྔུན་དུ་བཞག་ན་སྣང་རྟགས་གང་ཡང་བསྟན་གི་མ་རེད། ཕོ་འདོད་ཆགས་ཅན་ཞིག་གི་སྔུན་དུ་བཞག་ན་ལམ་སེང་སྣང་རྟགས་བསྟན་གི་རེད། མི་དང་ཁྱིའི་མིག་ཤེས་ནི་མིག་ཤེས་ཡིན་པར་མཚུངས་ཀྱང་ནང་གི་སེམས་ཀྱི་འཆར་སྒོ་ལས་བྱུང་བ་རེད། མིག་གིས་གཟུགས་མཐོང་བའི་གྲོགས་སུ་རྣམ་ཤེས་ངེས་བར་དགོས་པ་རེད། མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རམ་ཞེ་ན། མ་ཡིན་ཏེ། རྣམ་ཤེས་ནི་ཐོགས་མེད་ཡིན་པས་རྩིག་པས་བར་དུ་ཆོད་པའི་ཕར་ངོས་ཀྱི་གཟུགས་རྣམས་མི་མཐོང་བ་བཞིན་ནོ། །བྱས་ཙང་མིག་ཤེས་དེ་རྩིག་པ་ལ་ཐོགས་པ་རེད། དངོས་ཁམས་ཚན་རིག་ལྟར་འགུལ་ཤུགས་དང་བེམ་པོའི་འབྲེལ་བ་གཙོ་བོ་མ་ཡིན་པར་ཡུལ་དང་ཡུལ་ཅན་ཕྲད་པའི་རྟེན་འབྲེལ་གཙོ་བོར་བཤད་གི་ཡོད་པ་རེད། དེ་ལ་བརྟེན་ནས་ད་ལྟའི་བདེ་བ་དང་སྡུག་བསྔལ་དེ་གང་ལས་བྱུང་གང་དུ་འགགས་ཟེར་ན། ཡུལ་དང་ཡུལ་ཅན་ཕྲད་སྟོབས་ཀྱིས་སེམས་ལ་བདེ་བ་འོངས་བ་དང་སྡུག་བསྔལ་འོངས་བ་ནི་སེམས་ལྡན་གྱི་ཁྱད་ཆོས་རེད།
ཤེས་པའི་རིགས་རྒྱུན་དབང་ལུས་ལ་བརྟེནད་ཀྱང་། །
རྫས་རྒྱུན་ལུས་ལ་བརྟེན་པའི་ངེས་པ་མེད། །
དབང་ཤེས་བདག་རྐྱེན་དབང་པོར་བརྟེན་དགོས་ཀྱང་། །
རྫས་རྒྱུན་དབང་པོས་བྱས་པའི་དབང་ཤེས་མེད། །
མིག་རྣའི་དབང་པོ་དག་གིས་ཡུལ་དང་མ་ཕྲད་པར་ཡུལ་འཛིན་པ་ཡང་ཡོད་དེ། ཐག་རིང་པོ་ན་གནས་པའང་མཐོང་བ་དང་ཐོས་པའི་ཕྱིར། ཡུལ་རེ་འགའ་ཤིན་ཏུ་ཆེ་བ་དང་རེས་ཆུང་བ་དག་ཀྱང་འཛིན་པའི་ཕྱིར། འོན་ཀྱང་ཡུལ་ད་ལྟ་བ་འཛིན་པ་ལས་འདས་མ་འོངས་གཉིས་མི་འཛིན། ཡིད་ཀྱིས་དུས་གསུམ་ག་ཡུལ་དུ་བྱེད་པ་ཡིན། སྣ་ལྕེ་ལུས་གསུམ་གྱི་དབང་པོ་རྣམས་ཀྱིས་ཡུལ་དང་ཕྲད་ནས་འཛིན་པ་ཡིན་ཏེ། དབང་པོ་དང་ཆེ་ཆུང་མཉམ་པ་འཛིན་པ་ཡིན་ཏེ། ལུས་ཀྱི་མཆན་ཁུང་དུ་རེག་ཚེ་ཕྱོགས་དེའི་ལུས་དབང་གིས་འཛིན་གྱི། ཕྱོགས་གཞན་གྱི་ལུས་དབང་་གིས་མི་འཛིན་པ་བཞིན་ནོ། །དབང་པོའི་རྡུལ་ཕྲ་རབ་དང་ཡུལ་གྱི་རྡུལ་ཕྲ་རབ་ཀྱི་བར་དུ་རྡུལ་ཕྲ་རབ་གཞན་གྱིས་བར་མ་ཆོད་པར་འདབས་ཆགས་པར་གནས་པ་ལ་ཡུལ་དང་དབང་པོ་ཕྲད་ཟེར་གི་ཡོད་པ་རེད། ཕན་ཚུན་ཐུག་པ་ཙམ་རེད། དངོས་སུ་རེག་པ་མིན་ཏེ། རྡུལ་ཕྲ་རབ་ཆ་ཤས་བསིལ་རྒྱུ་མེད་པས་ཕྱོགས་གཅིག་ནས་རེག་ན་ཆ་བཅས་སུ་ཐལ་བ་དང་ཕྱོགས་ཐམས་ཅད་ནས་རེག་ན་འདྲེས་བར་འགྱུར་བས་མི་འགྲིག་གོ །སྣ་དབང་གིས་ཐག་རིག་གི་དྲི་སྣོམ་པ་ནི། དྲི་རླུང་གིས་ཁྱེར་ནས་སྣ་དབང་དང་ཕྲད་པར་བྱས་པ་རེད། སྣ་བུག་ནས་རླུང་རྔུབ་པའི་ཚེ་དྲི་སྣོམ་ལ་ཕྱིར་དབྱུང་བའི་ཚེ་མི་སྣོམ་པའི་རྒྱུ་མཚན་དེ་རེད། དཔེར་གཅིག་བཞག་ན། ཤོག་སྒམ་ཨི་ཁུང་མེད་པ་གཉིས་ཀྱི་ནང་སྤོས་དང་སྒོག་པ་རེ་རེ་ནས་བཞག། དེ་ནས་རེ་རེ་ཨི་ཁུང་ཕུག་ནས་སྣ་རྩེ་ཨི་ཁུང་ལ་གཏད་ནས་སྣོམས་དང་། སྒོག་པ་དང་སྤོས་དྲི་སོ་སོ་ནས་ཧ་གོ་གི་རེད། སྤྱིར་ན་ཕྲད་མ་ཕྲད་དང་རེག་མ་རེག་ཟེར་བ་དཔྱད་དཀའ་བ་ཞིག་རེད།
ཧཧཧ ལེགས་བཤད།
བཤད་ཀིན་བཤད་ཀིན་ཉོག་བཤད་མ་གཏོགས་མེད་ནོ་ག་རེ་རེད། མིག་དང་རྣ་དབང་སོགས་ཀྱིས་རང་གི་ཡུལ་དང་མ་འཕྲད་ན་ཡང་ཡུལ་འཛིན་པ་ཡོད་དེ། ཐག་རིང་ན་གནས་པའང་མཐོང་ཞིང་ཐོས་པའི་ཕྱིར་ཟེར་ན་། འདི་ལས་ལྷག་གི་དགྱོག་ཚ་བོ་ཞིག་གང་ན་ཡོད། ད་དུང་དེ་ལས་ཀྱང་དགྱོག་ཚ་བ་ནི་ཡུལ་རེས་འགའ་ཤིན་ཏུ་ཆེ་བ་དང་རེས་འགའ་ཧ་ཅང་ཆུང་བ་དག་ཀྱང་འཛིན་པའི་ཕྱིར་ཟེར། སྐད་ཆ་འདིས་ད་དུང་ཁྱོད་ལ་ཤེས་པ་རང་ཡུལ་དང་འཕྲད་ཚུལ་ཇི་ལྟར་ཡིན་པ་ར་སྤྲོད་གསལ་པོ་ཞིག་བྱུང་མེད་པ་འདྲ། དབང་པོ་སོ་སོ་གིས་ཡུལ་འཛིན་ཚུལ་དང་འཇིག་རྟེན་གྱི་དངོས་པོ་དག་གི་ཚད་རྣམས་ནི་ལྟོས་ས་ལྟོས་འཇོག་ཡིན་པ་མ་མཁྱེན་པ་ག་ལ་ཡིན། མཚན་མོ་ཁ་གནམ་ལ་ཕྱོགས་ཏེ་མིག་གིས་བར་སྣང་ཁམས་ལ་བལྟས་ན་འོད་ཚེར་ཚེ་གྱི་སྐར་མ་གྲངས་མེད་ཅིག་མིག་ལམ་དུ་འཆར་ཐུབ་པ་རེད། དེ་དག་གི་ཆེ་ཆུང་ལ་ང་ཚོས་མིག་ཤེས་འདིས་རིལ་མ་དང་མཐེ་བོང་ཙམ་ཞིག་ལས་དཔག་ཐུབ་པ་མིན། འོ་ན་འོད་ཚེར་ཚེར་གྱི་སྐར་མ་དེ་དག་དོན་དངོས་ཐོག་མཐེ་བོང་ཙམ་ལས་མེད་པ་རེད་དམ། མ་རེད། དོན་དངོས་ཐོག་སྐར་མ་ལ་ལ་ནི་སའི་གོ་ལྡབ་བཅུ་གྲངས་ལས་ཆེ་བ་དང་། ལ་ལ་ནི་སའི་གོ་ལའི་ལྡབ་བརྒྱ་ཡིན། ལ་ལ་ནི་སྐར་མ་མ་ཡིན་པར་ཉི་མ་ཡིན་པ་ཡང་ཧ་ཅང་མང་། འོན་ཀྱང་ང་ཚོ་དང་དབར་ཐག་ཤིན་ཏུ་རིང་པས་ན་སྐར་མའི་བོང་ཚད་ཆུང་ཆུང་རིལ་མ་ཙམ་ཞིག་ལས་སྣང་ཐུབ་ཀི་མེད།
ཨ་རོ་འདོད་ལྷ་ཁམས་པ། མིག་གིས་ཐག་རིང་གི་སྐར་མ་འོད་ཐིག་ཙམ་ཞིག་ལས་མ་མཐོང་བ་དེ་ཁྱོད་ཀྱི་མིག་དང་སྐར་མ་གཉིས་ཀྱི་བར་རྒྱང་ཐག་ཧ་ཅང་རིང་པའི་རྒྱུ་མཚན་གྱིས་ཡིན་ནི་རེད་གོ །དཔེར་ན་ཉི་མ་ལྟ་བུ་ང་ཚོ་དང་བར་ཐག་ག་ཚད་རིང་བ་ཡོད། ཉི་མའི་འོད་འཛམ་གླིང་དུ་བསླེབ་རེག་གི་བར་འོད་ལོ་བཞི་ཙམ་འགོར་དགོས་པར་བཤད་ཡོད་པ་རེད། དེ་འདྲས་ཐག་རིང་པའི་ཉི་མ་དེ་ང་ཚོའི་མིག་དབང་དང་ཕྲད་སོང་ཟེར་ན་ག་འདྲ། གང་ལྟར་ཕྲད་སོང་ཟེར་ན་ཉི་མ་དེ་ང་ཚོ་དང་ཐག་ཉེ་ས་ཞིག་ན་ཡོད་ལོས་དགོས། བྱས་ཙང་ང་ཚོའི་མིག་གི་དབང་པོའི་རྡུལ་ཕྲ་རབ་དང་ཉི་མའི་ཚོགས་པ་ན་ཡོད་པའི་རྡུལ་ཕྲ་རབ་ཀྱི་བར་དུ་རྡུལ་ཕྲ་རབ་གཞན་གྱིས་བར་མ་ཆོད་པར་འདབས་ཆགས་པར་གནས་པ་ལ་ཉི་མ་དང་མིག་གི་དབང་པོ་ཕྲད་སོང་ཟེར་གི་ཡོད་པ་རེད། གལ་ཏེ་ཉི་མ་དང་ཕྲད་ན་མེ་ལ་འཚིག་རྒྱུ་ཡིན་པ་ཁྱེད་ལ་རིགས་པས་བསྒྲུབ་མ་དགོས། ས་རིས་ཐང་གསལ་རེད། ལྕགས་གོང་དམར་ལམ་པ་དང་ལག་པ་གཉིས་ཕན་ཚུན་ཕྲད་ན་ཨ་ཚ་ཚ་ཟེར་རྒྱུ་ཡིན་པ་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་ཧ་གོ་ངེས་རེད། མིག་གིས་ལྕགས་གོང་མེ་འབར་བ་རྒྱང་ནས་འཛིན་ཅིང་དེ་ལ་བརྟེན་ནས་ཡིད་ལ་ངེས་ཤེས་འདྲེན་པ་ནི་མྱོང་བས་ཀྱང་གྲུབ་པོ། །ལུས་ཀྱིས་རེག་པ་དང་མིག་གིས་མཐོང་བ་གཉིས་ཡུལ་དང་ཕྲད་མ་ཕྲད་ལ་ཁྱད་ཡོད་པ་དེས་ཤེས་ཐུབ་པ་ཡིན། ལུས་ཤེས་ཀྱིས་ཡུལ་དང་མ་ཕྲད་པར་ཡིད་ལ་ངེས་བ་འདྲེན་མི་ཐུབ་པ་དང་མིག་ཤེས་ཀྱིས་ཐག་རིང་གི་ཟླ་བ་མཐོང་ནས་ཡིད་ལ་ངེས་པ་འདྲེན་པ་ལྟ་བུའོ། །
ནང་པས་སྐྱེ་བ་སྔ་ཕྱི་ཡོད་མེད་དེ། དེ་མ་ཐག་རྐྱེན་ཡོད་དགོས་མེད་ལ་ཐུག་པ་དེ་གནད་དོན་ཆེ་ཤོས་དེ་རེད་སྙམ།
ཨ་རོ། ལེགས་བཤད་ལོ་ལོ། ཉོག་བཤད་དེ་འདྲ་ཤོད་ཕོད་པ་ག་འདྲ་སེ་དྲན་སོང་། ཇོ་བོ་རིན་པོ།
མིག་དང་སྣ་དང་རྣ་བ་གསུམ་ནི་རང་གི་འཛིན་བྱའི་ཡུལ་དང་ཕྲད་པའི་དུས་སུ་ལུས་ཀྱིས་རེག་བྱ་ལ་ཐུག་པ་ནང་བཞིན་དང་མཇེ་རྙ་མ་དང་ཐུག་པ་ནང་བཞིན་དངོས་སུ་ཡུལ་དེ་དང་ཤ་གཏུགས་ཐོད་གཏུགས་རྒྱག་དགོས་པ་དེ་འདྲ་ཨེ་ཡིན་ན། ངས་བསམ་ན་རྩ་བ་ཉིད་ནས་ཡིན་རྒྱུ་མ་རེད་པ། དེ་འདྲ་ཡིན་ན་མིག་གིས་གཟུགས་ལ་བལྟ་བའི་སྐབས་སུ་བལྟ་བྱའི་ཡུལ་གྱི་དངོས་པོ་རེ་རེ་བཞིན་མིག་དང་ཐོད་ཐུག་རྒྱག་དགོས་ངེས་དུ་སོང་བ་མི་ཐལ་ལམ། དེ་བཞིན་དུ་སྣ་དང་རྣ་བ་གཉིས་ཀྱང་དྲི་སྣོམ་པ་དང་སྒྲ་ཐོས་པ་གཉིས་ཤིན་ཏུ་ནས་ཀྱང་མཚུངས་པ་མ་ཡིན་ནམ།
ཡུལ་དེ་དང་ཕྲད་ན་དབང་པོས་དངོས་སུ་ཐུག་དགོས་པ་ནི་ལུས་ཀྱི་དབང་པོ་ཁོ་ན་འོ་ཟེར་ན་མི་ཆོག་པ་ག་ལ་ཡོད། དཔེར་ན། རྫོང་ཐོག་གི་ཟྭ་ལར་ཟ་ཁང་སྒོ་ཁར་ཐོན་མ་ཐག་ཟ་མའི་དྲི་མ་སྣ་ལམ་དུ་དྲི་ཐིལ་ལི་ལི་འོངས་ཚེ་ནང་དུ་མི་འགྲོ་ཀ་མེད་ཡིན་པ་དེ་ཡང་དྲི་མ་སྣ་དང་འཕྲད་པའི་རྟགས་རེད། ལང་ཚོ་དར་ལ་བབ་པའི་ན་ཆུང་མཛེས་མའི་བརླ་ཤ་མཐོང་བ་ན་ཨེན་ཙམ་རྗེས་ལ་མི་ལྟ་དབང་མེད་ཡིན་པ་དེ་ཡང་གཟུགས་མིག་དང་འཕྲད་པའི་རྟགས་རེད་ཡ།
ངས་ཉིན་ལྟར་རེ་བཞིན་མཚན་མོ་གནམ་ལ་སྐར་མ་ཤར་བ་ན་དྭངས་ཤིང་གཡའ་དག་པའི་མཁའ་དབྱིངས་ལ་བལྟས་ནས་ང་ཚོ་རྒྱང་ཐག་ལེ་དབར་དུང་ཕྱུར་ཡོད་པའི་སྐར་ཚོགས་མང་པོའི་དཀྱིལ་ནས་སྐར་མ་པ་སངས་དང་ཕུར་བུ་སོགས་མཐོང་ཐུབ་པར་བྱས་པ་ཡིན། འོན་ཀྱང་དུས་དང་ཡུལ་འཕྲད་པ་ན་ངའི་མིག་གིས་མཐོང་ཐུབ་པ ་ཡིན་པས་ང་རང་དངོས་སུ་གཟའ་སྐར་ཐོག་འགྲོ་དགོས་པ་མི་འདུག་ལགས། ཧཧཧ
ཀརྡོ་གཉེར་ཕྱག་པས་གསུངས་པ་ལྟར་སེམས་ཀྱི་དེ་མ་ཐག་པ་ཅན་དང་། སེམས་ཀྱི་དེ་མ་ཐག་རྐྱེན་གཉིས་ལ་ཁྱད་པར་ཡོད། དང་པོ་ནི་སེམས་སྐད་ཅིག་དང་པོའི་སྐྱེ་འགག་ལྟ་བུ། གཉིས་པ་ནི་སེམས་ཀྱི་མཚུངས་བ་དེ་མ་ཐག་པ་ཅན་ནམ་སེམས་སྐད་ཅིག་གཉིས་པ་ཕན་ཆད་ནས་ཐ་མའི་བར་དུ་འཇོག་གོ །རྐྱེན་བཞི་འཇོག་ཚུལ་ཤེས་དགོས་པ་རེད། དཔེར་ན། བ་ལང་ལ་དམིགས་ནས་སེམས་ཤིག་སྐྱེས་པ་ན་སེམས་དེའི་རིགས་འདྲའི་རྒྱུན་སྔར་ནས་ཡོད་ཀྱང་བ་ལང་གི་རྣམ་པ་ཅན་གྱི་སེམས་དེ་བ་ལང་གིས་དམིགས་རྐྱེན་བྱས་ནས་སྐྱེས་པ་རེད། མཛེས་མ་ལ་དམིགས་ནས་འདོད་ཆགས་སྐྱེས་པ་ན་འདོད་ཆགས་ནི་སེམས་ཡིན་ཟེར་མི་རུང་ཡང་སེམས་དང་དམིགས་པ་གཅིག་མཚུངས་ཡིན། དམིགས་པ་ནི་མཛེས་མ་རེད། དེ་གཉིས་ཁྱད་པར་ནི་མཛེས་མའི་ངོ་བོ་རིག་པ་དེ་ལ་སེམས་དང་ཁྱད་པར་རིག་པ་དེ་ལ་སེམས་བྱུང་ཟེར་གི་ཡོད་པ་རེད། འདོད་ཆགས་ནི་སེམས་ཀྱི་འཁོར་ན་ཡོད་པ་རེད། ཡུལ་གང་དང་གང་གི་རྣམ་པ་ཅན་དུ་སྐྱེས་པ་དེ་གཙོ་བོ་དམིགས་རྐྱེན་གྱི་ལག་རྗེས་རེད། སྒྲ་ཐོས་པའི་རྣ་ཤེས་ཀྱིས་གཟུགས་མི་འཛིན་པ་ནི་རྣ་དབང་གི་ལག་རྗེས་རེད། འོ་ན་རྣ་དབང་མེད་པ་བྱ་དང་སྦྲུལ་ལ་སོགས་པས་སྒྲ་ཇི་ལྟར་ཐོས་ཞེ་ན། སྦྲུལ་གྱིས་མིག་གིས་ཐོས་བར་བཤད་ཅིང་བྱ་ཡིས་ལུས་དབང་གིས་ཚོར་པ་མིན་ནམ། འདི་དག་ལ་ཚན་རིག་པ་ཚོ་མགོ་འཐོམས་ནས་ཡོད།
ཨ་རོ་འདོད་ལྷ་ཁམས་པ། ན་ཆུང་མཛེས་མའི་བརླ་ཤ་མཐོང་བ་ན་ཡིད་ལ་ཚོར་བ་མངར་མོ་འདྲེན་པ་དེ་མིག་གིས་བལྟ་པའི་ལག་རྗེས་རེད་གོ །མཛེས་མ་མིག་གི་ཉེ་འཁྲིས་སུ་ཡོད་ཀྱང་མིག་གིས་མ་བལྟས་ན་ཚོར་བ་རྣོག་རྣོག་དེ་འདྲ་ཡིད་ལ་འཆར་རྒྱུ་ཅང་མེད་ག། མིག་གིས་བལྟ་རྒྱུ་མང་ན་དྲན་རྒྱུ་མང་། དྲན་རྒྱུ་མང་དྲགས་ན་བསྣོག་རྒྱུ་མང་ཟེར་བ་ལྟར། དགེ་སློང་དང་དགེ་ཚུལ་རྣམས་ལ་བཅོམ་ལྡན་འདས་ཀྱིས་དབང་པོ་སྡོམ་དགོས་གསུངས་པའི་གནད་འགག་དེ་རེད་གོ །
ཁྱེད་རྣམ་པས་འདི་རབཤད་པ་དེ་ཚོ་ནི་དུས་རབས་བདུན་པའི་ནང་གི་རྒྱ་གར་དང་། དུས་བར་བའི་ནང་གི་བོད་ནང་གི་ཆོས་རྭ་ཁག་ནང་གི་སྐད་ཅ་དེ་རང་རེད་འདུག ཡིན་ཤག་དང་ཡོད་ཤག་གིས་རྣམ་གཞག་རྙིང་པ་ཞིག་གཞི་ལ་བཞག་པ་ལས་ཡུལ་ཁོ་རང་རང་ངོས་ནས་དཔྱད་དེ་བཤད་པ་ཉུང་བའི་ཚོར་སྣང་བྱུང་། ང་ནི་དེ་ཚོ་ལ་ཉོབ་ཐག་ཆོད་ཡོད། བླ་རྒན་མགོ་མཁྲེགས་དེ་ཚོར་བཤད་ཐུབ་ས་མ་རེད།
གློག་རྡུལ་ཕོ་མོ་ཕྲད་པ་ལས་ཡུལ་གསལ་བའི་གློག་འོད་གློ་བུར་དུ་འབྱུང་བ་ལྟར་མིག་ཤེས་ཀྱང་དེ་དང་མཚུངས་བར་ནང་གི་དབང་པོ་གཟུགས་ཅན་དྭངས་པ་དང་དེ་ཡིད་ལ་བྱེད་པ་གཉིས་ཚོགས་པ་ལས་གློ་བུར་སྐྱེས་པ་ཞིག་ལས་བག་ལ་ཉལ་བ་དང་ལྐོག་གྱུར་པ་ཞིག་མ་རེད། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་པ་ལྟར་མིག་དབང་གིས་བདག་རྐྱེན་དང་གཟུགས་ཀྱིས་དམིགས་རྐྱེན་བྱས་བྱས་ནས་མིག་ཤེས་སྐྱེ་བར་གསུངས་པ་ལྟར་ཚན་རིག་པས་ཀྱང་མིག་དབང་དང་མིག་ཤེས་གཉིས་ལ་ཁྱད་པར་འབྱེད་པ་ལྟར་མིག་དབང་ནི་camera་ལྟ་བུ་ཕྱི་རོལ་གྱི་གཟུགས་བརྙན་པར་རྒྱག་མཁན་དང་གཅིག་མཚུངས་སུ་ཁས་ལེན་པ་ལྟར། camera་ཡི་ནང་གི་དྭངས་ཤེལ་དེ་ལ་བརྟེན་ནས་གཟུགས་བརྙན་འཆར་བ་རེད། ཡིད་ལ་བྱེད་པ་ཟེར་བ་དེ་ཀླད་པ་ལ་བརྡ་གཏོང་མཁན་དེ་དང་མཚུངས། དེ་ནས་ཀླད་པའི་དབང་པོ་བརྒྱུད་ནས་ཐག་ཆོད་བྱུང་བ་ནི་མིག་ཤེས་དང་མཚུངས། ཚན་རིག་པས་ཤེས་པ་ནི་དབང་པོའི་ནུས་པ་ཞིག་ཏུ་འདོད་པ་ལས་རྡུལ་ཕྲན་གྱི་ངོ་བོར་མི་འདོད་དོ། །ནང་བསྟན་གྱིས། ཤེས་པ་ནི་གསལ་རིག་གི་ངོ་བོར་འདོད་པ་དང་རང་གི་ངོ་བོ་སྣང་ཡུལ་ལ་མི་བསླུ་ཞིང་དྲན་ཤེས་ཀྱི་ཡུལ་དུ་གསལ་བའི་རིག་པ་ཙམ་ལ་འཇོག །དེ་ཡང་མྱོང་བའི་སྟེང་ནས་ཤེས་དགོས་པ་རེད།
སྤྲིན་པ་གཉིས་བརྡབས་ནས་གློག་ཐོན་པ་སྔར་ནས་ཡོད་པ་ལ། ཚན་རིག་པས་དེ་ལ་ཕོ་གློག་མོ་ཀློག་གི་མིང་བཏགས་ནས་རང་ཁྱིམ་ལ་ཡང་གློག་འོད་ཡོད་པར་བཟོས་པ་རེད། དེ་བཞིན་དུ། ཚན་རིག་པས་དབང་པོ་དང་དབང་རྡུལ་ལ་བརྟེན་ནས་དབང་ཤེས་སྐྱེས་པ་ཡིད་ཆེས་བྱས་པ་ཙམ་ལས། དབང་ཤེས་སོགས་ཤེས་པ་རྣམས་རང་གི་རྫས་རྒྱུན་སྔ་མའི་ཤེས་པ་སྔོན་དུ་སོང་བ་དེ་དུས་ནམ་ཡང་ཤེས་མི་ཐུབ། དེ་ལ་ཚན་རིག་པ་ཐ་མལ་པ་དེས་སྒོམ་བརྒྱབས་ནས་ཤེས་པར་བྱ་དགོས་པ་ཁོ་ནའོ། བདག་གིས་སྨྲའོ། །
རྣམ་ཤེས་ཡོད་པ་ཡིན་ན་དེ་ནི་མི་རྟག་པ་ཡིན་པར་བསྟན་བཅོས་རྣམས་སུ་ཤེས་པ་རང་མཚན་ཞེས་གྲགས་སུ་འདུག་པས། དེ་ལྟར་ཡིན་རང་མཚན་ལ་རྒྱུ་འབྲས་ཀྱི་དག་ཉིད་ཡིན་དགོས་ན། ཤེས་པ་སྐད་ཅིག་དང་པོ་དེའི་རྒྱུ་གང་འཇོག་སམ།