(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
གངས་དཀར་རྒྱལ་སྲས།
མཚམས་མཚམས་ལ་ཁྱི་ཚོགས་ཀྱི་ཟུག་སྐད་རེ་ཟུང་ལས་རྩེ་གཞུང་རྫོང་མཁར་ཧ་ཅང་ཁུ་སིམ་མེར་གནས། ནམ་ད་རུང་གསལ་མེད་མོད། ཤར་མཐའ་ནས་སྐྱ་རེངས་དང་པོ་འགྱོག་བཞིན་འདུག རང་ལོ་སུམ་ཅུ་སོ་ལྔ་ལ་ཐོན་པའི་དར་རྒྱས་ཀྱི་ཆུང་མ་ལ་བྱིས་པ་སྐྱེ་རྒྱུ་ཡོད་པས་ན་ཟུག་བར་མེད་དུ་རྒྱག་བཞིན་ཡོད་ནའང་མོའི་སེམས་ལ་ཁོག་གི་བྱིས་པ་འདི་བུ་ཞིག་ཡིན་ན་ཅི་མ་རུང་སྙམ་ལ་ལྷག་པར་དུ་བྱིས་པ་འདི་དབང་བོ་སྐྱོན་ཅན་དེ་འདྲ་མ་ཡིན་པར་ཁ་མིག་ཡན་ལག་ཚང་བའི་བྱིས་པ་སྤྱི་མཚུངས་ཤིག་ཡིན་པར་སྨོན་ཞེས་སེམས་ནས་སྨོན་བཞིན་ཡོད། ཟུག་གཟེར་མང་པོ་ཞིག་བརྒྱབ་མཐར་། བཟོད་བསྲན་ལས་བརྒལ་བའི་ཟུག་གཟེར་མང་པོ་ཞིག་བརྒྱབ་མཐར་བྱིས་པ་ཞིག་གི་ཨག་སྐད་ཀྱིས་རྫོང་མཁར་འདིའི་ལྷིང་འཇགས་དཀྲོགས་བཞིན་འཇིག་རྟེན་དཀར་ངོགས་འདིར་ཐོན། དར་རྒྱས་ཀྱི་ཆུང་མར་བྱིས་པ་སྐྱེས་པའི་སྡུག་བསྔལ་གྱིས་ཁ་ཡང་གྲགས་མི་ཐུབ་མོད། “ངའི་བྱིས་པ་་་ངའི་བྱིས་པ་ཞི་ལི་ཞིག་རེད་དམ་འདིར་ཁྱེར་ཤོག་”ཅེས་སྐད་ཟ་ཟུར་ཞིག་གིས་བཤད་པས་སྒྲོལ་དཀར་གྱིས་ད་སོ་མ་སྐྱེས་པའི་བྱིས་པ་དེ་མོའི་སྔས་འགྲམ་ལ་འཇོག་བཞིན་”བྱིས་མོ་ཞིག་རེད་”ཅེས་བཤད།
མོས་ཡང་བསྐྱར་སྐད་ཤུགས་འདོན་བཞིན་”སྟེང་ན་ཆད་ལྷག་འདྲ་འདུག་གམ་”ཅེས་དྲིས་བྱུང་བས། སྒྲོལ་དཀར་གྱིས་”མི་འདུག་བྱིས་པ་གཙང་མ་ཞིག་རེད་ཁྱོད་ཀྱིས་ལྟོས་དང་འདི་འདྲའི་སྙིང་རྗེ་མོ་ཞིག་”ཅེས་བྱིས་པ་དེ་ཕར་མོ་ལ་གླན་ཙམ་བྱས། དར་རྒྱས་ཀྱིས་ཆུང་མ་ལ་”ད་ཁྱོད་ཀྱིས་ངལ་གསོ་བྱོས་བྱིས་པ་བདེ་ལེགས་ངང་སྐྱེས་སོང་བ་འདི་རེད། འདི་སྨན་འདི་འཐུང་”ཅེས་མོ་ལ་སྨན་སྟེར་སྐབས་མོས། “དར་རྒྱས་འུ་གཉིས་ཀྱི་བྱིས་པར་བདག་ཡག་པོ་ཞིག་རྒྱོབ། ཁྱོད་ཅིག་གསལ་”ཟེར་བཞིན་མོ་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང།
དར་རྒྱས་ཀྱིས་བྱིས་པ་དྭ་ཕྲུག་དེ་གཉོར་བཞིན་ཁྱིམ་ཚང་འདི་བསྐྱངས་ནས་མི་ལོ་བདུན་འགོར་བའི་ལོ་དེར་བུ་མོ་སློབ་གྲྭར་བསྐྱལ་ཏེ་ཁོ་རང་བཤད་སྒྲུབ་དར་རྒྱས་གླིང་དགོན་པར་སོང་ནས་ཆོས་སྒོར་ཞུགས་ཤིང་ཆོས་མིང་ལ་བློ་གྲོས་རྒྱ་མཚོ་ཞེས་བཏགས། ཁོའི་བུ་མོའི་མིང་ལ་ཆོས་སྒྲོན་ཟེར་ཞིང་སློབ་སྦྱོང་ལ་ཧ་ཅང་བཟང། བློ་གྲོས་ཀྱིས་ཀྱང་མཚམས་མཚམས་ལ་ཆོས་སྒྲོན་ལ་སྐོར་རེ་རྒྱག་ལ་ཁོའི་ངོ་ཤེས་དང་གཉེན་ཉེ་དེ་ཚོས་ཀྱང་མོ་ལ་བཟུང་བའི་ཡིད་ཆེས་སོགས་ལྟ་སྟངས་ཧ་ཅང་བཟང་བས་མོ་ལ་དཀའ་ངལ་དམིགས་བསལ་བ་ཅང་མེད། དེ་ལྟར་མོ་སློབ་གྲྭའི་སྐས་ཐེམ་རིམ་བརྒྱུད་ཀྱིས་སློབ་འབྲིང་གི་སྒོ་ཐེམ་ལས་བརྒལ་ནས་ལོ་གཉིས་འགོར་བའི་ཉིན་ཞིག་མོའི་ཨ་ཕས་སྐྱ་ཆས་ཤིག་གོན་ནས་མོ་ལ་སྐོར་རྒྱག་ཏུ་སླེབས་བྱུང་། ཁོའི་མགོ་ལའང་སྐྲ་སོར་ཕྱེད་ཙམ་སྐྱེས་འདུག་ལ་སྐྲ་འདབས་དག་ཏུ་སྐྲ་དཀར་མང་པོ་སྐྱེས་འདུག་པས་དཔྲལ་བའི་རི་མོ་དེ་དག་ཀྱང་ཧ་ཅང་གསལ་བའི་སྣང་བ་སྟེར། མོ་ལ་ཡུད་ཙམ་ལ་ཅི་ཡང་ཟེར་རྒྱུ་མེད་པར་ཨ་ཕའི་བྱད་གཟུགས་ལ་ཅེར་ནས་སྡོད་སྐབས་ཁོས་”ད་ནས་བཟུང་ང་རྫོང་མཁར་ནས་འདུག་རྒྱུ་ཡིན་”ཟེར། རྒྱུ་མཚན་གསལ་ཁ་མེད་པའི་ཁོའི་སྐད་ཆ་དེས་ཆོས་སྒྲོན་ལ་འདང་རྒྱག་དང་ཚོར་བ་འདྲ་མིན་མང་བོ་ཞིག་བྱིན་མོད། མོས་ཨ་ཕའི་རང་དབང་ལ་ཐེ་གཏོགས་མི་བྱེད་པས་ཅི་ཡང་མ་དྲིས། མོས་”དེས་ན་ང་སློབ་གྲྭ་གྲོལ་རྗེས་ནང་ལ་ཡོང་ངེས་ཡིན”། “ཡ་ཡ་དེ་ཆོག་གི་”ཟེར་བློ་གྲོས་ཕྱིར་བུད་སོང།
ཆོས་སྒྲོན་ནང་ལ་སླེབས་སོང། བློ་གྲོས་ཕྱིར་རང་ཁྱིམ་ལ་ཡོང་ནས་ཕ་བུ་གཉིས་ཀྱིས་ལྷིང་འཇགས་ཀྱི་འཚོ་བ་ཞིག་གི་འགོ་བཙུགས་པ་དང་ཆོས་སྒྲོན་ཡང་ཨ་ཞང་མགོ་བྷེ་ཚང་ནས་ཕྱིར་རང་གི་ཨ་ཕའི་འཁྲིས་ལ་ལོག བློ་གྲོས་ཚང་གི་ཁྱིམ་མཚེས་དོན་གྲུབ་བཟའ་བ་གཉིས་ཀས་ལོ་བཅུ་དྲུག་ལ་སོན་པའི་བུ་མོ་ཆོས་བྷེ་བློ་གྲོས་ཚང་ལ་བཅོལ་ནས་ཁོ་གཉིས་བྱང་གི་དགོན་ཆེན་བཞི་ལ་གནས་མཇལ་ལ་འགྲོ་སོང། ཆོས་བྷེ་ནི་བཅུ་དྲུག་ལང་ཚོ་དར་ལ་བབ་ཅིང་སྐྱེ་གཟུགས་དྲང་ཞིང་བཞིན་རིས་དྭངས་བ། མིག་ལ་དཀར་ནག་གི་དབྱེ་མཚམས་གསལ་ཞིང་སྐྲ་ལོ་ནག་ཅིང་འཇམ་ལ་རིང་བ། སྲབ་འཇམ་མཆུ་སྒྲོས་ཀྱི་འགྲམ་དུ་རྨེ་བ་ཞིག་ཡོད་པ་དེས་ལྷག་ཏུ་མོའི་ཡིད་དུ་འོང་བའི་བཞིན་རིས་ལ་མཛེས་པ་ཞིག་བརྣན་པ་དང་འདྲ་བས་འདོད་ལྡན་སྟག་ཤར་གང་མང་གི་སེམས་ལ་འདོད་པའི་ན་ཟུག་ཆེས་ཆེར་བཞག་མྱོང། མོ་སློབ་འབྲིང་གི་སློབ་རིམ་དང་པོའི་སློབ་མ་ཡིན་པས་ཆོས་སྒྲོན་དང་འཛིན་གྲྭ་གཅིག་ཡིན་མོད། ཆོས་སྒྲོན་ལས་ལོ་གཅིག་གི་ཆུང། མོ་ལ་དགའ་བོ་ཞིག་ཡོད་ལ་ཁོའི་མིང་ལ་སྐལ་བཟང་ཟེར་ཞིང་ཁོ་རྫོང་དཔོན་གཅོད་པ་ཚང་གི་བུ་གཉིས་པ་ཡིན། གཅོད་པ་ཚང་ནི་རྫོང་མཁར་འདིའི་དབང་མཐོ་ཤོས་ཀྱི་ཁྱིམ་ཚང་ཞིག་དང་རྒྱུ་ཕྱུག་ཤོས་ཀྱི་ཁྱིམ་ཚང་ཞིག་ཡིན། སྐལ་བཟང་གིས་ཆོས་བྷེ་ལ་ཕྱོགས་གང་གི་ཐད་ནས་ཀྱང་རོགས་རམ་བྱེད་ལ། ལྷག་པར་དུ་གུང་གསེང་གི་ཉི་མ་ཞིག་ལ་སླེབས་དུས་ཁོས་མོ་ཚོང་ཁང་གང་ཡག་གི་ནང་ལ་ཁྲིད་ནས་མོ་ལ་དེང་རབས་ཀྱི་དར་ཁྱབ་ཅན་གྱི་གྱོན་པ་དང་ལྷམ་སོགས་འདྲ་མིན་ཉོ་བ་ནི་ཁོ་གཉིས་ལ་མཚོན་ན་ནམ་རྒྱུན་གྱི་ལུགས་སྲོལ་ཙམ་དུ་ཆགས་འདུག དེའི་རྐྱེན་གྱིས་ཆོས་བྷེ་ནི་སྐབས་དེའི་སློབ་འབྲིང་དེའི་ནང་ནས་རྣམ་པ་མཛེས་ཤོས་ཡིན་ལ་གྱོན་པ་ཡག་ཤོས་གྱོན་མཁན་ཡང་ཡིན། སློབ་གྲྭ་འདིིའི་ཁོར་ཡུག་གི་བུ་མོ་མང་ཆེ་བ་མོའི་གྲོགས་མོ་ཡིན། མོས་ནམ་རྒྱུན་སྐལ་བཟང་གིས་སྤྲད་པའི་བརྔན་པ་དེ་ཚོ་རང་གིས་ཁེར་བཟའ་མི་བྱེད་པར་ཆོས་སྒྲོན་དང་མཉམ་དུ་བཟའ་ངེས་ཡིན། མོ་དང་ཆོས་སྒྲོན་གཉིས་མཉམ་འགྲོ་མཉམ་འདུག་གི་འདྲིས་གཤིབ་ཁྲོད་ནས་བློས་ཐུབ་གྲོགས་མོར་གྱུར་བས་གྱོན་པ་དང་སྒོར་མོ་སོགས་ཅི་ཞིག་ཡོད་ན་ང་དང་ཁྱོད་ཞེས་མེད་པར་སུ་ལ་དགོས་མཁོ་ཡོད་ན་དེས་ལོངས་སུ་སྤྱོད་པའི་གོམས་གཤིས་ཆགས། མོས་དར་ཁྱབ་ཅན་གྱི་གྱོན་པ་དེ་དག་ཀྱང་ཆོས་སྒྲོན་དང་མཉམ་དུ་གཉིས་ཀྱིས་རེས་མོས་ཀྱིས་གྱོན་པར་བྱེད། གུང་གསེང་ཞིག་ལ་ཐོན་དུས་ཆོས་བྷེས་གང་ཞིག་ནས་སྒོར་མོ་ཞིག་བཙལ་དེ་ཆོས་སྒྲོན་ལ་སྟེར་ཞིང་ཆོས་སྒྲོན་ཡང་རྐྱེན་དེ་དག་གིས་མ་ཡིན་པར་མ་གཞི་ནས་ཆོས་བྷེ་ལ་ཧ་ཅང་དགའ། དེ་ལྟར་ཆོས་བྷེ་ནི་རྒྱལ་བོ་ཚང་གི་སྲས་མོ་ཞིག་དང་འདྲ་བར་གང་ལ་སོང་ཡང་གྲོགས་དང་གྲོགས་མོ་མང་ལ་དེ་དག་ཀྱང་སྙིང་ཉེ་བ་ཏག་ཏག་ཡིན་པ་འདྲ་སྟེ། འཚམས་འདྲི་དང་མཛུམ་མདངས་སོགས་སྙིང་ཉེ་བའི་སྐད་ཆ་དང་བྱ་སྤྱོད་སྣ་ཚོགས་ཀྱི་བསུ་བ་ལ་རྒྱུན་ཆད་མེད།
ཆོས་བྷེའི་ཕ་མ་གཉིས་ཀྱང་སྐལ་བཟང་ལ་ཧ་ཅང་བཟང་། དེའི་རྒྱུ་མཚན་ཕལ་ཆེར་ཁོའི་ཁྱིམ་ཚང་གི་གནས་བབ་བཟང་བས་ཡིན་ལ་སྐལ་བཟང་ཁོ་རང་ཡང་མི་ཡག་པོ་ཞིག་ཡིན་པས་ཡིན་པ་འདྲ།
དོན་གྲུབ་བཟའ་མི་གཉིས་ཀ་མཇལ་སྐོར་ལ་སོང་ནས་ཕྱིར་སླེབས་སོང། དོན་གྲུབ་བློ་གྲོས་ཚང་ལ་ཡོང་ནས་”ཡ་དྲིན་ཅན་པོ་ཆོས་བྷེས་ཁྱོད་ལ་དཀའ་ངལ་འདྲ་བཟོས་མ་སོང་ངམ། མོ་སློབ་གྲྭ་ལ་ཡག་པོ་འགྲོ་གི་འདུག་གམ་”ཞེས་གཅིག་འཕྲོར་གཅིག་དྲིས་བྱུང་བས། བློ་གྲོས་ཀྱིས་བྱེད་སྟངས་མ་ཤེས་པའི་རྣམ་འགྱུར་ཞིག་དང་ལྷན་”ཆོས་བྷེ་ཁ་ལ་ཉན་པོ་འདུག མོ་སློབ་གྲྭ་ལ་ཏག་ཏག་འགྲོ་གིའདུག་གཅིག་ཀྱང་ཆད་མ་མྱོང་”ཞེས་བཤད་པས། དོན་གྲུབ་ཀྱིས་”ཡ་ཡ་དེས་ན་བཟང་གི་འདི་ཁྱོད་ལ་ཉོས་པ་ཡིན་”ཞེས་རྗེ་རིན་པོ་ཆེའི་ཐང་ཀ་ཞིག་དང་བོད་སྤོས་ཤོག་སྒམ་ཞིག་བློ་གྲོས་ལ་སྤྲོད་བཞིན་”ང་ནང་ལ་འགྲུལ་བ་ཁ་ཤས་ཡོད་རྗེས་ནས་ཡོང་”ཞེས་བྲེལ་འཚབ་ངང་ཕྱིར་བུད་སོང། བློ་གྲོས་བཤད་མི་ཤེས་པའི་དཀའ་ངལ་ཞིག་དང་ཚོར་བ་མང་བོ་ཞིག་གི་ནང་ལ་ལྷུང་ནས་ཅི་བྱེད་འདི་བྱེད་མེད་པར་ཁྱིམ་ན་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག
(ཀློག་པ་པོ་ལགས། ཁྱོད་ཀྱིས་བལྟས་ན་རྒད་པོ་བློ་གྲོས་ལ་ཅི་བྱུང་བ་ཡིན་ནམ། ཁྱོད་ཀྱིས་ཨེ་ཤེས།)
དོན་གྲུབ་བཟའ་མི་གཉིས་མཇལ་སྐོར་ནས་ཕྱིར་ཐོན་རྗེས་ནས་བཟུང་བུ་མོ་ཆོས་བྷེ་ནམ་རྒྱུན་དང་མི་འདྲ་བར་བློ་གྲོས་ཚང་ལ་ཡང་ཡང་འགྲོ་བཞིན་པའི་ཚོར་སྣང་ཞིག་བྱུང། ཁོ་ཚོ་ཁྱིམ་མཚེས་འགྲིག་མཐུན་ཅན་ཞིག་ཡིན་པས་ཕན་ཚུན་ལ་ཡིད་ཆེས་དང་འགྲོ་འོང་ཧ་ཅང་མང། ཡིན་ནའང་ཆོས་བྷེ་ནམ་རྒྱུན་བློ་གྲོས་ཚང་ལ་མི་འགྲོ་ལ་ལྷག་པར་དུ་སློབ་གྲྭ་གྲོལ་ནས་རང་གི་ཁྱིམ་ལ་ཡོང་མོད། ད་ལྟ་མོ་སློབ་གྲྭ་གྲོལ་ནས་ནང་ལ་ཡོང་བ་ལས་བློ་གྲོས་ཚང་ལ་འགྲོ་བ་མང།
དོན་གྲུབ་ཀྱི་ཆུང་མ་འབྲུག་མོས་ཐབ་ཚང་དུ་དགོང་ཟས་ཤིག་བཟོ་བཞིན་ཡོད་ལ་དོན་གྲུབ་ཀྱིས་བརྙན་འཕྲིན་ལ་བལྟ་བཞིན་ཡོད། འབྲུག་མོས་དགོང་ཟས་བཟོས་ནས་མདུན་ཅོག་སྒང་ལ་བཞག་ནས་ཅུང་ཙམ་བསྒུག་ནའང་ཆོས་བྷེ་ད་དུང་མ་སླེབས་པས། དོན་གྲུབ་ཁོང་ཁྲོ་ཞིག་ལངས་ཏེ་”བུ་མོ་འདིས་ནང་གི་ལས་ཀ་མི་བྱེད་པར་ས་རུབ་རྗེས་བློ་གྲོས་ཚང་ན་ཅི་ཞིག་བྱེད་བཞིན་ཡོད་དམ་”ཞེས་ཡར་ལངས་ཏེ་བློ་གྲོས་ཚང་ལ་བུ་མོ་འབོད་དུ་སོང། ཁོ་བློ་གྲོས་ཚང་གི་སྒོ་འགྲམ་ལ་སླེབས་དུས་རྣ་ལམ་ལ་ཆགས་སྲེད་ཀྱི་འཁུན་སྒྲ་ཞིག་ཐོས་པས་ཁོ་ཡ་མཚར་ཏེ་སྒེའུ་ཡོལ་གྱི་གསེབ་ནས་ནང་ལ་བལྟས་དུས་ཆོས་བྷེ་དང་བློ་གྲོས་གཉིས་ཀྱིས་འཁྲིག་སྲེད་ཀྱི་འཁུན་སྒྲ་སྒྲོགས་བཞིན་ཉལ་ཁྲིའི་སྒང་ན་གཉིས་སྦྱོར་གྱི་བདེ་བའི་ལོངས་སྤྱོད་ལ་རོལ་འདུག་པས། དོན་གྲུབ་ཧང་སངས་ནས་ཅི་བྱེད་འདི་བྱེད་མེད་པར་ཁོང་ཁྲོའི་ངར་ཤུགས་ལ་བསྟེན་ནས་སྒོ་གཏོར་ཏེ་ནང་ལ་འཛུལ། ཁོ་ནང་ལ་འཛུལ་ནས་ཡར་ལྟ་མར་ལྟ་ཞིག་བྱས་ནས་དབྱུག་དུམ་ཞིག་བཟུང་ཏེ། “ཨ། ཁྱི་ཁྱི་མོ་གཉིས་ཀ ངོ་ཚ་མེད་པའི་དུད་འགྲོ་གཉིས་ཀ་”ཞེས་བུ་མོ་དང་བློ་གྲོས་གཉིས་ཀར་ལག་ལ་གང་ཐེབས་ལ་གཅར་རྡུང་བྱས། བློ་གྲོས་ཀྱིས་པུས་མོ་སར་བཙུགས་ནས་ཞུ་བ་བྱེད་ཅིང། བུ་མོས་”ཨ་ཕ་འདི་ནི་ངའི་འདོད་པ་ཡིན། ཁོ་ལ་ཉེས་པ་མེད་”ཅེས་བློ་གྲོས་ཀྱིིས་ཕྱོགས་བྱས་ནས་ཞུ་བ་བྱས་པས་དོན་གྲུབ་ཀྱིས་”ཨ་འདྲེ་རྒན། ཁྱི་རྒན་ཁྱོད་ལ་རྗེས་ནས་རྩིས་རྒྱག་”ཅེས་བུ་མོ་ལ་གཅར་རྡུང་བྱེད་བཞིན་རང་གི་ནང་ལ་དེད།
དོན་གྲུབ་ཀྱིས་བུ་མོ་ལ་གཅར་བཞིན་ཁང་སྒོ་ཁྲོག་སེ་ཕྱེ་བ་ན་འབྲུག་མོ་བརྒྱུག་ཡོང་ནས་དོན་གྲུབ་ཀྱི་ལག་པར་འཇུས་ནས་”ཅི་བྱུང་སོང་དེ་འདྲའི་ཁོང་ཁྲོ། དེ་འདྲེའི་གདུག་རྩུབ་ཁྱོད་ལ་འདྲེ་ཞུགས་པ་ཡིན་ནམ། འདི་ཁྱོད་ཀྱི་བུ་མོ་རེད་ཡ”། ཞེས་ཁྱོ་གར་གཤེ་བ་ན། “ཁྱོད་ཀྱིས་བསམ་ན་འདིས་ཅི་ཞིག་བྱས་ཡོད་རྒྱུ་རེད། ཁྱོད་ཀྱིས་བསམ་ན་འདིས་ཅི་ཞིག་བྱས་ཡོད་རྒྱུ་རེད། “ཅེས་སྐད་་མགོ་ཇེ་མཐོར་བཏང་ནས་ངར་ངར་བྱས་པས་འབྲུག་མོའི་སེམས་ལ་ཅི་ཡང་འཆར་རྒྱུ་མེད་པར་ཡུད་ཙམ་ལ་གཤེ་མཚམས་ཀྱང་ཆད། “ངོ་ཚ་རྒྱུ་མེད་པའི་ཁྱི་མོ་འདིས་རྒད་པོ་བློ་གྲོས་ཀྱི་རུམ་ན་དམར་ཧྲེང་དུ་་་་་འདི་སྨྱོས་འདུག འདི་འདྲའི་དཔེ་ཞིག་གང་ན་ཡོད་དམ། བློ་གྲོས་ལོ་ལྔ་བཅུ་རེད་ཡ། དེའི་མི་ཚད་ཕོ་ཡུགས་ཤིག་རེད་ལ་གྲྭ་ལོག་ཅིག་ཀྱང་རེད། འདིའི་སེམས་ལ་་གདོན་ཞུགས་པ་ཡིན་ནམ། དོན་དག་འདི་ཚང་མས་གོ་བ་ཡིན་ན་གཏམ་དང་མྱི་ཁ་གང་ལ་འཇོག ཁྱི་མོ་ཁྱོད་ད་ནས་བཟུང་ཁོ་ཚང་ལ་འགྲོ་རྒྱུ་ཞིག་ཡོད་དུས་ངས་ཁྱོད་ཀྱི་རྐང་བ་བཅག་མི་འཇོག་ན་དཀོན་མཆོག་གསུམ་”ཞེས་སྙིང་རླུང་སྟོད་ལ་འཚང་བཞིན་བཤད་པས། འབྲུག་མོ་ཧ་ལས་ནས་འདི་འདྲ་ཅི་བྱུང་བ་ཡིན་ནམ་དེ་འདྲའི་དཔེ་ཞིག་གང་ན་ཡོད་དམ། “ཆོས་བྷེ་འདི་ག་རེ་བྱས་པ་རེད། འདི་བདེན་ནམ་”ཞེས་དྲིས་པས་མོས་བདེན་པའི་བརྡ་ལ་མགོ་བོ་གུག་བཞིན་མུ་མཐུད་དུ་ངུས་ནས་བསྡད་པས་འབྲུག་མོའང་ཅི་བྱེད་འདི་བྱེད་མེད་པར་ངུས་སོང།
དེ་ནས་བཟུང་ཆོས་བྷེ་ཉིན་རྒྱུན་སློབ་གྲྭ་གྲོལ་ནས་ཐད་ཀར་ནང་ལ་ཡོང་ཞིང་མཚན་མོའང་ཟ་མ་བཟས་རྗེས་ལས་བྱ་འདྲ་མེད་ཚེ་སྔ་མོ་ཉལ་བའི་གོམས་གཤིས་ཤིག་ཆགས། དེ་ལྟར་ལོ་གཅིག་ཙམ་སོང་བའི་སྐབས་ཤིག་ལ་མོའི་འཛིན་གྲྭ་འཕར་མ་ཐུབ་པར་ལུས། དོན་དག་དེའི་རྐྱེན་གྱིས་དོན་གྲུབ་སློབ་གྲྭའི་ནང་ལ་སོང་ནས་བུ་མོའི་གནས་ཚུལ་རྒྱུས་ལོན་ཞིག་བྱས་དུས་མོ་ལོ་གཅིག་གི་ནང་ལ་ཉིན་ཕྱེད་དྲུག་ཅུ་ཐམ་པ་ལ་སློབ་གྲྭར་ཡོང་མི་འདུག་དེ་ནི་འཛིན་གྲྭ་ཚོགས་ཐེངས་ཉིས་བརྒྱ་བཞི་བཅུ་རེད། དོན་གྲུབ་ཀྱི་སེམས་ལ་ཐད་གར་བསྟན་པ་དང་རང་གི་བུ་མོའི་འཐམ་འཁྱུད་ཀྱི་འཁུན་སྒྲ་དང་དེའི་རྣམ་པ་དྲན་ཞིང་ཁོང་ཁྲོ་གཏིང་ནས་ལངས་ཏེ་ཕྱིར་ནང་ལ་ཡོང་དུས་ཆོས་བྷེས་སྒོ་རྭའི་ནང་ན་མགོ་སྐྲ་བཀྲུ་བཞིན་འདུག་པས་སྲབ་ལ་འཇམ་པའི་སྟོད་གོས་དཀར་པོ་དེ་ལས་བྲང་ངོས་ཀྱི་མཁྲེང་ལ་ཟླུམ་པའི་འོ་འཛིན་མིག་གི་ལམ་དུ་གསལ་བར་མངོན་འདུག རབ་ཏུ་རྒྱས་པའི་འོ་འཛིན་དེ་མཐོང་དུས་དོན་གྲུབ་དེ་བས་ཀྱང་ཁོང་ཁྲོ་ལངས་ནའང་ཅི་ཡང་མ་བཤད་ལ་ཅི་ཡང་ཚོར་དུའང་མ་བཅུག་པར་ཡར་ཁང་བའི་ནང་ལ་བུད་སོང།
བདུན་ཕྲག་གཅིག་ཙམ་འགོར་བའི་ཉིན་ཞིག་ཕྱི་རོལ་ན་ཆར་བ་ཤག་ཤག་འབབ་བཞིན་འདུག དོན་གྲུབ་ཀྱི་སེམས་ལ་མོ་བློ་གྲོས་ཚང་ལ་འགྲོ་བཞིན་ཡོད་ན་དེ་རིང་འགྲོ་ངེས་རེད་བསམ་སྟེ། “ང་ལས་ཀར་འགྲོ་གི་ཡིན”། ཞེས་སྒོར་བུད་དེ་ཐད་གར་བློ་གྲོས་ཚང་ལ་བུད་སོང། བློ་གྲོས་སྐྲག་དངངས་ཀྱིས་ཅི་བྱེད་མེད་པར་ཡར་ལངས་བྱུང། དོན་གྲུབ་ཀྱིས་”ཁྱོད་སྐྲག་མི་དགོས། ང་ཁྱོད་ལ་དོན་དག་ཅིག་འདྲི་རྒྱུ་ཡོད། ན་ནིང་གི་དོན་དག་དེ་བྱུང་རྗེས་ཆོས་བྷེ་འདིར་ཡོང་ཨེ་མྱོང་། དེའི་རྗེས་ལ་ཁྱོད་གཉིས་ལ་འབྲེལ་བ་ཡོད་དམ”། ཞེས་དྲིས་བྱུང། བློ་གྲོས་ཀྱིས་”མོ་ཡོང་མ་མྱོང། ངེད་གཉིས་ལ་འབྲེལ་བ་མེད། འབྲེལ་བ་མེད”་ཅེས་ལན་བརྒྱབ། དོན་གྲུབ་ཀྱིས་”འོ་ན་དང་ཐོག་ཁྱེད་གཉིས་ཅི་ལྟར་བྱས་ནས་འབྲེལ་བ་ཆགས་པ་ཡིན་” “ངས་དྲང་མོར་བཤད་ན་ཁྱོད་བཟའ་མི་གཉིས་མཇལ་སྐོར་ལ་སོང་རྗེས་མོ་འདི་ནས་བསྡད་པའི་དགོང་མོ་གསུམ་པ་དེར་མོས་ང་སྐྲག་གི་ཨ་ཀ་བློ་གྲོས་ང་ཁྱོད་དང་མཉམ་དུ་ཉལ་ན་འགྲིག་གམ་ཞེས་དྲིས་བྱུང་། ངས་ཆོག་གི་དེས་ན་འདིར་ཤོག་འདི་ནས་ཉོལ་ཞེས་མོ་ཚུར་འཁྲིས་ལ་སྐད་བཏང་ནས་ཉལ་བཅུག་པ་ཡིན། དེ་ནས་ངེད་གཉིས་ཀའི་སྐད་ཆ འདྲ་མིན་ཁ་བརྡ་བྱས་པ་ཡིན།་འཚམས་ཤིག་ནས་ངའི་སེམས་ལ་གདོན་ཞུགས་ཏེ་མོ་ལ་འཐམ་པ་ཡིན། དེ་ནས་བཟུང་ངེད་གཉིས་དེ་འདྲར་ཆགས་པ་རེད”། ཅེས་ཁོ་གཉིས་ཀྱིས་འདས་དོན་དེ་གླེང་བཞིན་པའི་སྐབས་ཆོས་བྷེ་གང་ཞིག་ནས་བརྒྱུགས་ཡོང་སྟེ་མྱུར་ཏུ་ནང་སྒོ་གཏད་ནས་བློ་གྲོས་ཀྱི་་སྐེ་ལ་འཐམ་བྱུང། “ངས་ཁྱོད་དྲན་བྱུང་། ངས་ཁྱོད་དྲན་བཞིན་སློབ་གྲྭར་སོང་ན་ངས་ངོ་མ་དཀའ་གི”། “བློ་གྲོས་ཀྱིས། ཁྱོད་སྡོད་ཁྱོད་སྡོད་དོན་གྲུབ་ཁྱོད་ཀྱི་ཨ་ཕ་”ཞེས་བཤད་བཞིན་པུས་མོ་གཉིས་ཀྱི་སྒང་ལ་ཤུགས་ཀྱིས་ལྷུང། “ཆོས་བྷེ་ཧོན་འཐོར་ནས་འདར་སིག་རྒྱག་བཞིན། ཨ་ཕ། ཨ་ཕ་ཁྱོད་ལས་ཀར་བུད་སོང་བ་མིན་ནམ་”ཞེས་འདར་བཞིན་བཤད། བློ་གྲོས་ཀྱིས་”དོན་གྲུབ། ད་གང་ལྟར་དོན་དག་འདི་ལྟར་ཉིན་ཞིག་མཇུག་མི་འཁྱོངས་པ་ངས་ཤེས་ཀི ངས་ནམ་རྒྱུན་མོ་ལ་བཤད་མྱོང་ཡོད། འུ་གཉིས་ཀ་ཕྱོགས་མང་པོ་ཞིག་ནས་མི་མཚམ་གི། འདི་ལྟར་བྱས་ན་ཁྱོད་ཀྱི་སློབ་སྦྱོང་ལ་ཡང་བར་ཆད་ཆེ་གི། ཁྱིམ་ཚང་གཉིས་ཀའི་འབྲེལ་བ་ལའང་གནོད་པ་ཡོད་པས་འུ་གཉིས་ཀས་འཚམས་འཇོག་རན་འདུག འུ་གཉིས་ཀྱི་ཆེད་དུ་ཁྱིམ་ཚང་གཉིས་ཀའི་ཆེད་དུ་མང་བོ་ཞིག་གི་ཆེད་དུ་ཞེས་བཤད་ཀྱང་མོས་ཉན་གྱི་མི་འདུག་ལ་ངས་ཀྱང་སེམས་བསམ་པའི་གཏིང་ནས་དཀའ་གི། དེ་རིང་ཁྱོད་ཀྱིས་ང་གཅར་ན་འདྲ་གཏུབ་ན་འདྲ་ངས་ཁྱོད་ལ་འཁང་ར་མི་བྱེད། ཚིགས་པ་མི་ཟ། ཁྱོད་ཀྱིས་ང་གཅར་ན་ངའི་སེམས་བདེ་གི་”ཞེས་བཤད་བྱུང། ཆོས་བྷེ་ཧོན་འཐོར་ནས་དངངས་སྐྲག་གིས་མིག་ཆུ་བཞུར་བཞིན་”ཨ་ཕ་དགོངས་པ་མ་འཚོམས། རེད། ཁོས་བཤད་པ་བདེན་པ་ཡིན། ཚང་མ་ངས་བྱས་པ་ཡིན། དང་པོ་ངས་ཁོ་ལ་ཨུ་ཚུགས་བྱས་པ་ཡིན། ངས་ཁོ་ལ་མགོ་སྐོར་བཏང་ནས་ང་ཁེར་རྐྱང་དུ་ཉལ་རྒྱུར་སྐྲག་གི་ཞེས་ང་ཁོའི་འཁྲིས་ལ་སོང་ནས་ཉལ་བ་དང་ཁོ་ལ་འདྲ་མི་འདྲ་བཤད་དེ་ང་ཁོའི་རུམ་ལ་འཛུལ་བ་ཡིན། ངོ་མ་ཡིན། སྐད་ཆ་འདི་དག་འདི་ལྟར་བཤད་སྲོལ་མེད་ནའང་དེ་རིང་མི་བཤད་རང་བཤད་རེད། མ་བཤད་ན་གོ་ནོར་ཐེབས་ཀྱི་རེད་དོན་དག་འབྱུང་གི་རེད་ང་ཁོ་ལ་དགའ་གི་ཨ་ཕ་ལགས། ངས་ཁྱོད་ལ་ཞུ་བ་བྱེད། ཁྱོད་ཀྱིས་རང་གི་བུ་མོའི་བདེ་སྐྱིད་བསམ་ན་ངའི་འདོད་ཐོག་ལ་འཇོག་རོགས། “ཞེས་སྐྲག་དངངས་དང་མཉམ་དུ་སེམས་ཀྱི་འདོད་པ་བཤད་བྱུང། དོན་གྲུབ་ནི་མགོ་རྨོངས་པའི་ཁྲིམས་དཔོན་ཞིག་དང་འདྲ་བར་ཅི་བྱེད་མེད་པར་བློ་གྲོས་ཀྱི་བྲང་སྟེང་ལ་རྡོག་པས་གཅིག་གཞུས་ཏེ་གན་རྐྱལ་དུ་གཡུགས་པ་ན་ཆོས་བྷེས་མྱུར་ཏུ་བློ་གྲོས་སྐྱོར་བཞིན་”ཨ་ཕ་ཁོ་ལ་ཉེས་པ་མེད་ཁྱོད་ཀྱིས་ང་ལ་གཅོར་ང་ལ་རྡུང་། ཁྱོད་ཀྱིས་ངའི་རྐང་བ་གཅོག་རྒྱུ་ཟེར་བ་མིན་ནམ་ངའི་རྐང་བ་བཅག་ན་ང་གང་ལའང་འགྲོ་ཐུབ་ནི་མ་རེད། ང་ནང་ལའང་འགྲོ་ཐུབ་ནི་མ་རེད་ང་ནམ་ཡང་འདི་ནས་བསྡད་ན་ཆོག་ནི་རེད། ང་འདི་ནས་འདུག་རྒྱུ་དེ་ངའི་མི་ཚེའི་རེ་བ་ཡིན”། ཞེས་ངུ་བཤད་བྱས་པས། དོན་གྲུབ་དེ་བས་ཀྱང་ཁྲོས་ཏེ་”ངས་ཁྱོད་གསོད་རྒྱུ་”ཞེས་རྡུང་བ་ན། “ང་བསད་བཏང་ན་བཟང་གི་ང་བསད་བཏང་ན་ཁྱོད་ཀྱིས་ང་རིག་ནི་མ་རེད། ང་འདིར་ཡོང་ན་ཁྱོད་ཀྱིས་ཤེས་ནི་མ་རེད་། ང་ལྷོད་ལྷོད་བྱས་ནས་བསྡད་ན་ཆོག་ནི་རེད། ཨ་ཕ་ང་སོད། ང་སོད། ང་གསོན་པོར་ཁོ་དང་ཁ་འབྲལ་བ་ལས་ཤི་སོང་ན་བཟང་གི”ཞེས་ཞུ་བ་བྱས། ཁོས་རང་གི་བུ་མོ་གཅིག་པོའི་རྐང་བ་གང་ནས་གཅོག་ཐུབ་དེ་བས་གསོད་ག་ལ་ཕོད། ཁོང་ཁྲོའི་སྐད་ཆ་ནི་ཁོང་ཁྲོའི་སྐད་ཆ་རང་རེད།
དོན་གྲུབ་ཀྱིས་ཡང་བུ་མོ་རྡུང་བཞིན་ནང་ལ་དེད་ཡོང། འབྲུག་མོས་ངང་ཚུལ་དེ་མཐོང་བས་ན་ནིང་གི་དོན་དག་དེ་གློ་བུར་དུ་དྲན་ཞིང། བརྒྱུགས་ཡོང་ནས་”ཡང་ཅི་ཞིག་མ་འགྲིག་ཐལ་”ཞེས་ཁྱོ་གའི་གདུང་ལ་ཅེར་བཞིན་དྲིས། དོན་གྲུབ་ཁོང་ཁྲོ་གཏིང་ནས་ལངས་བཞིན་”མོ་ལ་དྲིས་འདིས་ངོ་མ་ང་འཆི་གི་འཇུག་རྒྱུ་མ་རེད”། ཅེས་འུ་ཐུག་པའི་ངང་ཐ་མག་ཅིག་རྔམ་འཐེན་བྱེད་བཞིན་”སང་ཉིན་ནས་བཟུང་མོ་སློབ་གྲྭར་གཏོང་མི་དགོས། གང་ལའང་གཏོང་མི་དགོས་”ཅེས་ཆོས་བྷེ་སློབ་གྲྭ་ནས་འཐེན་ཏེ་ནང་ལ་ཉར།
འབྲུག་མོས། “ཨ་མའི་ལོ་ལོ་ངས་ཁྱོད་ཞུ་བ་ཞིག་བྱེད། ད་ཁྱོད་ཀྱིས་འུ་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་འདི་མ་དཀྲུགས་རོགས། ཁྱོད་ད་རུང་ལོ་ཆུང་གི་ཁྱོད་ཀྱིས་བསམ་ཤེས་ཀྱི་མི་འདུག་བློ་གྲོས་ཀྱི་ཞི་མོ་ཁྱོད་ལས་ཆུང་གི་རེད། ཁྱོད་མོའི་མ་ཡར་ཅི་ལྟར་བྱེད་དགོས་པ་རེད། ཁྱོད་ངོ་མི་ཚའམ། སྡེ་བས་གོ་ན་ཅི་ཟེར་རེད། མྱི་ཁ་ལ་མི་སྐྲག་གམ། སྐལ་བཟང་། སྐལ་བཟང་དང་ཁྱེད་གཉིས་ལ་ཅི་བྱུང་སོང། སྐལ་བཟང་ཁྱོད་ལ་གང་ནས་མི་བཟང་གི། རྫོང་མཁར་འདི་ན་ཁོའི་ཕོ་སྒོ་ལྟ་བུ་ཞིག་གང་ན་འདུག།ཁོའི་མི་གཞི་ཁོའི་ཁྱིམ་ཚང་གང་གི་ཆ་ནས་ཀྱང་ཀུན་གྱིས་ཡིད་སྨོན་བྱེད་ཡུལ་ཞིག་ཡིན་པ་མ་ཤེས་སམ། མི་ཚང་མས་རེ་སྙེག་བྱེད་ས་ནི་བདེ་སྐྱིད་ཡིན། ཁྱོད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ན་མི་འདོད་དམ”། ཞེས་ཁོང་མ་བུ་གཉིས་ཀྱིས་ནང་མོལ་གྱིས་ཚུལ་དུ་བཤད་པས། བུ་མོས། “ཨ་མ་ཁྱོད་ཀྱིས་ཀྱང་ང་ལ་རྒྱབ་སྐྱོར་ཞིག་མི་བྱེད་པར་འདི་འདྲ་བཤད་སྲོལ་གང་ན་ཡོད། རེད། མི་ཚང་མས་བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱེད་བཞིན་ཡོད་པ་བདེན་པ་རེད། ངས་ཀྱང་བདེ་སྐྱིད་ལ་རེ་སྙེག་བྱེད་བཞིན་ཡོད། ཨ་མ་འདི་ངའི་བདེ་སྐྱིད་རེད་ཡ། སྐལ་བཟང་ང་ལ་མི་བཟང་བ་གང་ཡང་མེད། ཁོ་ལ་ཕོ་སྒོ་ཡོད་རྒྱབ་རྩ་བཟང་རྒྱུ་ནོར་མང་། ད་དུང་མི་གཞི་བཟང་ཡིན་ནའང་། ངས་ཀྱང་བཤད་མི་ཤེས་པ་ཞིག་ལ་ང་བློ་གྲོས་ལ་དགའ་གི། ང་ཁོའི་བུ་མོ་ལས་ཀྱང་ཆུང་ལ་ཁོ་ངའི་ཨ་ཕ་ལས་ཀྱང་རྒན་ནའང་ང་ཁོ་ལ་དགའ་གི། ང་ཁོའི་འཁྲིས་ནས་བསྡད་ན་ངའི་སེམས་སྐྱིད་ཀི། ང་ཁོའི་བུ་མོ་ལ་ཧ་ཅང་དགའ་གི་ངེད་གཉིས་སྤུན་ལྟར་མཐུན་ལ་བརྩེ་འདང་ཆེ། ངས་ཀྱང་དོན་དག་འདི་དག་གི་རྒྱུ་རྐྱེན་མི་ཤེས་ལ་ཤེས་འདོད་ཀྱང་མེད། ང་མ་གཞི་ནས་ཁོང་ཚང་གི་མི་ཞིག་ཡིན་པའི་ཚོར་བ་འདུག གང་ལྟར་ང་ཁོ་ཚོ་དང་ནམ་ཡང་མི་འབྲལ་”ཞེས་བསམ་ཡུལ་ལས་འདས་པའི་སྐད་ཆ་དེ་དག་བཤད་པས་འབྲུག་མོ་ལའང་ཅི་ཡང་བཤད་རྒྱུ་མེད་པར་གྱུར།
དེ་ལྟར་བློ་གྲོས་དང་ཆོས་བྷེའི་ཐུག་འཕྲད་ལ་བཀག་འགོག་བཟོ་ཆེད་ཆོས་བྷེ་སློབ་གྲྭ་ནས་འཐེན་པ་དེ་དོན་གྲུབ་ཁོང་ཁྲོ་ལངས་པའི་སྐབས་སུ་ཐག་བཅད་པ་ཙམ་ལས་བྱེད་ཐབས་ཡག་པོ་ཞིག་རྩ་བ་ནས་མིན་མོད། ཡིན་ནའང་ཆོས་བྷེ་དེ་ལ་འགྱོད་པ་གཏན་ནས་སྐྱེ་གི་མེད་པར་མོའི་སེམས་ལ་ཁ་སང་ཨ་ཕས་བློ་གྲོས་ལ་གཞུས་པ་དེ་དེ་འདྲའི་གདུག་རྩུབ་ཆེ་བ་ལ། ད་ཁོ་ན་གི་ཡོད་དམ། ཁོའི་གནས་སྟངས་ག་འདྲ་ཡིན་ནམ་སོགས་བསམ་བློ་བཏང་ནས་བསྡད་ཡོད། དེ་ལྟར་ཟླ་བ་ཁ་ཤས་ཤིག་བསྡད་པའི་རིང་ལ་ཁོ་གཉིས་ཀྱི་ཐུག་འཕྲད་ནི་སྔོན་མ་ལས་སྟབས་བདེ་སྟེ་སྐར་མ་ལྔའི་དུས་ཚོད་ཡོད་ན་ཁོ་གཉིས་ཐུག་ཐུབ་ལ་མཚམས་ལན་རེར་ཕ་མ་གཉིས་ཀ་དོན་དག་རེ་བྱུང་ནས་གང་ཞིག་ལ་འགྲོ་དགོས་བྱུང་དུས་ཆོས་བྷེ་བསྟན་པ་ཚང་ལ་རྒྱུགས་རྐྱང་བྱེད་བཞིན་ཡོད། དུས་ཡུན་རིང་བོའི་ཁྲོད་ཀྱི་བྱ་བ་ཞིག་གཞན་གྱིས་མི་ཤེས་པ་ཅི་ཡོད། ལྷག་པར་དུ་ཁོ་གཉིས་ལ་མཉམ་འཇོག་བྱེད་མཁན་གཡས་གཡོན་ན་གསང་ཉུལ་བ་བཞིན་མི་མངོན་པའི་ངང་ན་མང་བ་ཁོ་ཐག་ཡིན། གནས་སྟངས་དེའང་ཨ་ཕས་ཚོར་ནས་མོ་འབྲོག་ཁུལ་དུ་བསྐྱལ། དོན་གྲུབ་ཀྱིས་དབང་ཚད་སྒེར་གཅོད་སྲོལ་ངན་གྱིས་མག་པ་ཁ་ཤས་ཤིག་བཙལ་མོད་མོས་གཅིག་ཀྱང་དང་ལེན་མ་བྱས་པ་མ་ཟད་མག་པ་ཞིག་གི་མིང་གོ་དུས་ཆོས་བྷེ་སྨྱོ་བ་ལྟར་ཕ་མ་གཉེན་ཉེ་སུ་ལ་ཐུག་ཀྱང་ཁ་འཛིང་དང་རྙོག་དྲ་སྣ་ཚོགས་བྱེད་པས་ཚང་མར་བྱེད་ཐབས་ཟད་སོང། ཐེངས་ཤིག་དོན་གྲུབ་ཀྱིས་བཙལ་བའི་མག་པ་ཞིག་མཚན་མོར་མོ་ཡོད་སར་ཡོང་དུས་མོའི་སྔས་འོག་ནས་གྲི་ཆུང་ཞིག་བླངས་ཏེ་ཕོ་སར་དེའི་གདོང་དང་ལུས་ཀྱི་གང་ཟིན་ལ་གྲི་བཙུགས་པས་སྡེ་བ་དེ་ནས་ཆོས་བྷེས་གྱོད་ཅིག་གི་ཁ་ཕྱེ་སོང། དོན་དག་དེ་ཐག་བཅད་པས་དོན་གྲུབ་ཚང་གི་སྒོར་ལྔ་སྟོང་དང་མཛོ་མོ་ཞིག་གི་འཇལ་ཤོར་སོང། སྐབས་དེ་ནས་བཟུང་ཆོས་བྷེ་ཡོད་སར་མཚན་མོར་འགྲོ་ཕོད་པའི་ཕོ་སར་སུ་ཡང་མེད། སྐབས་དེ་ཤེད་ཅིག་ལ་ཆོས་བྷེ་ནི་རྐང་ཐང་གིས་འདུག་བཤད་དང་སྐྱ་མིས་འགྲོ་བཤད་དུ་གྱུར་ཞིང་མོའི་སྐད་གྲགས་སྡེ་བ་ཡོངས་ལ་ཁྱབ།
དོན་གྲུབ་ཀྱིས། “ད་འདི་ལྟར་བྱས་ནས་རྒྱུན་བསྲིངས་ཐུབ་ས་མ་རེད། མོ་འབྲོག་ཁུལ་དུ་བསྐྱལ་བ་ནི་ནོར་འཁྲུལ་ཞིག་རེད། གཅིག་ནས་འུ་ཚང་གི་ནང་ལས་ཚང་མ་ཁྱོད་གཅིག་པོས་ལས་བསྡད་ན་དེའང་དཀའ་གི། མོ་འབྲོག་ཁུལ་དུ་བསྐྱལ་བ་ནས་ངའི་སེམས་ཤིག་བདེ་མ་མྱོང་ལ་དོན་དག་ཀྱང་དེ་འདྲའི་འཇིགས་སུ་རུང་བ་ཉེན་ཁ་ཅན་དེ་འདྲ་བྱུང་བ་རེད། ད་འདི་ལྟར་བཞག་ན་འདིས་ཉིན་ཞིག་འུ་གཉིས་ཀ་འགྱོད་པ་རྟས་མི་ཐེགས་པ་ཞིག་འཇོག་རྒྱུའི་ཉེན་ཁའང་འདུག དེ་ལས་ཁྱོད་ཀྱིས་བལྟས་ན་”ཞེས་འབྲུག་མོའི་བསམ་ཚུལ་ལ་ཉན། འབྲུག་མོས། “ངས་མི་ཤེས་ཀི། བླ་བྲང་ལ་སོང་ནས་དོན་དག་འདིའི་སྒང་ལ་རྩིས་ཤིག་བརྒྱབ་ན་ཟློག་ཐབས་རེའང་ཡོད་མི་སྲིད་པ་མ་རེད་ཅེས་གཅིག་བྱས་ན་ཕན་ཐོགས་ཡོད་རྒྱུ་རེད་”ཅེས་ལན་བརྒྱབ་པས། དོན་གྲུབ་ཀྱི་སེམས་ལ་དེ་དངོས་གནས་ཐབས་བཟང་པོ་ཞིག་རེད་བསམ་སྟེ་ཕྱི་ཉིན་བླ་བྲང་ལ་སོང་ནས་མིང་གྲགས་ཅན་གྱི་རྩིས་པ་ཡོན་ཏན་རྒྱ་མཚོ་ཡོད་སར་སོང་ནས་བློ་གྲོས་དང་ཆོས་བྷེའི་སྐོར་ལ་རྩིས་འཇོག་ཏུ་བཅུག ཡོན་ཏན་རྒྱ་མཚོས་”འདི་ནི་ཚེ་སྔོན་ལས་ཀྱི་ཞིང་ས་ལ་ཚེ་འདིའི་རྐྱེན་དབང་འབྲུ་རིགས་འཐོར་བས་འབྲས་བུ་མི་ཐོགས་ཅི་ལ་སྲིད། རྡོ་གནམ་འཕང་ས་ལ་ལྷུང་བ་བཞིན། སྲོག་གིས་མ་གཏོགས་ཟློག་ཏུ་མེད་ཅེས་བཤད་དེ། རྩིས་དཔྱད་ཀྱི་ཚིག་དེ་འདྲ་ཞིག་རེད། ཁ་སྐད་དུ་བཤད་ན་རྡོ་གནམ་ལ་འཕང་ན་ཕྱིར་ས་ལ་མ་གཏོགས་གང་ལའང་ལྷུང་ས་མེད་པ་བཞིན་གཅིག་འདྲ་རེད། དེ་སུས་ཀྱང་ཟློག་ཐབས་ཡོད་ནི་མ་རེད། ཟློག་ཐབས་གཅིག་ཡོད་པ་ནི་བུ་མོའི་སྲོག་འདོར་རྒྱུ་དེ་རེད”། ཅེས་གསུང་བྱུང་བས། “དོན་གྲུབ་ཀྱིས་འདང་ཞིག་བརྒྱབ་སྟེ་གློ་བུར་ཏུ་ཅི་ཞིག་དྲན་པ་ལྟར་བློ་གྲོས་ཤི་སོང་ན་”ཞེས་ནན་འདྲི་ཞིག་བྱས་པར། “བློ་གྲོས་ཤི་སོང་ན་མོའང་འཇིག་རྟེན་ནས་འདུག་ནི་མ་རེད། ཁག་མེད་ཀི་ཡ། ཆོས་བྷེ་ཟེར་བ་འདི་བློ་གྲོས་ཀྱི་ཆུང་མའི་རྣམ་ཤེས་རེད་”ཅེས་གསུངས་བྱུང་བས། དོན་གྲུབ་ཀྱིས་”ཁྱོད་ཀྱིས་བློ་གྲོས་ཀྱི་ཆུང་མ་ཤི་ཚར་བ་ཅི་ལྟར་ཤེས་”ཞེས་ནན་འདྲི་ཞིག་བྱས་པ་ན་ཁོང་གིས་”རྩིས་ནང་ལ་བབ་སོང་ཁྱོད་ཀྱིས་དོན་དག་དེར་ངོ་རྒོལ་བྱེད་པ་ནི་ངལ་བ་འབྲས་མེད་རེད། འདི་ནི་ལས་དང་རྐྱེན་གཉིས་ཀ་འདུས་པའི་དོན་དག་ཅིག་ཡིན་པས་དེར་བཀག་འགོག་བྱས་ན་ཚེ་སྲོག་གི་ཆག་སྒོའང་འབྱུང་གི་རེད། ཡུན་རིང་བཀག་འགོག་བྱས་ན་འགྱོད་ངོ་དྭངས་མེད་ཅིག་འདུག་པས་མྱུར་ཏུ་བུ་མོའི་འདོད་པ་དང་བསྟུན་རྒྱུ་གལ་ཆེན་པོ་འདུག་ཅེས་མངག་བཅོལ་གནང།
དོན་གྲུབ་ནང་ལ་འབྱོར་ཏེ་འབྲུག་མོ་ལ་དེ་ལྟར་བཤད་པས་འབྲུག་མོའང་ཡ་མཚར་ནས་རེ་ཞིག་ཅི་ཡང་བཤད་རྒྱུའང་མེད་མོད། རེ་ཞིག་ནས་མོས་”བུ་མོ་ཕྱིར་རྫོང་ཐོག་ལ་ལེན། གང་མགྱོགས་ཀྱིས་མ་གཏོགས་་་་་་”ཟེར་བཞིན་གྲོས་ཁ་བྱས། ཕྱི་ཉིན་དོན་གྲུབ་ཀྱིས་སྦག་སྦག་ཞོན་ནས་འབྲོག་ཁུལ་དུ་ཆོས་བྷེ་ལེན་དུ་བུད་སོང།
རྫོང་མཁར་འདིར་ས་རུབ་ནས་ཅང་འགོར་མེད་མོད་རྒྱང་མིག་ཡོངས་སུ་ཆད་འདུག་པས་ཁྱི་ལྡོམ་རེ་ཟུང་གི་ཟུག་སྐད་མ་གཏོགས་ཧ་ཅང་ལྷིང་འཇགས་ཡིན། ཁྱིམ་ཚང་མང་ཆེ་བས་རང་རང་གི་ཁང་ཁྱིམ་ན་ནམ་རྒྱུན་གྱི་ཁ་བརྡ་སྣ་ཚོགས་བྱས་ནས་བསྡད་འདུག་ནའང་བློ་གྲོས་དང་ཆོས་བྷེ་གཉིས་ཀ་སྔ་མོ་ནས་ཉལ་ཚར་འདུག
བློ་གྲོས་ཚང་གི་ཁང་བ་ལས་ན་ནིང་གི་འཁྲིག་སྲེད་ཀྱི་འཁུན་སྒྲ་དེ་སྐྲག་དངངས་མེད་པར་ལྷོད་ཀྱིས་གྲགས་འོང་བས་ཉེ་འཁོར་གྱི་ཁྱི་ཚོགས་ཀྱང་ཁ་རོག་གེར་བཟོད་བསྲན་ལས་བརྒལ་བའི་འཁུན་སྒྲ་དེའི་དབྱངས་རྟ་སྣ་ཚོགས་ལ་ཉན་ནས་འདུག
སྙན་པོ་འདུག་ཀླུ་སྨྱོན་གྱི་བྱ་དགའ་དེ་ཁྱེད་ལ་ཐུབ་པའི་སྨོན་འདུན་ཡོད།