རྔ་བ་རྒྱལ་ཁམས་པ།
ང་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་སྐོར་ལ་དོགས་པ་དང་ཐེ་ཚོམ་མེད། ནམ་རྒྱུན་ནས་སྔར་བྱས་ལས་ངན་སྡིག་སྒྲིབ་དག་ཅིང་། ཕྱི་མའི་དལ་རྟེན་བཟང་བོ་ཞིག་ལ་ཡིན་སྨོད་བྱེད་བཞིན་པ་ཡིན། འོན་ཏེ། ངས་རང་ཉིད་ཀྱིས་སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་ཐད་བསམ་བློ་མང་བོ་གཏོང་གི་ཡོད། དེའི་སྐོར་གྱི་དཔེ་ཆའང་མང་བོ་ཞིག་བཀླགས་པ་ཡིན། ང་ཚོ་ཕལ་ཆེར་གྱིས་སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཁ་ཅིག་གིས། ང་ཚོས་སྐྱེ་བ་སྔ་མའི་འཇིགས་ཞིམ་གྱི་གནས་སྟངས་དྲན་ན། ལུས་སེམས་མྱ་ངན་གྱི་གདུང་བ་དྲག་པོས་མནར་བར་འགྱུར་བས། དཀོན་མཆོག་གིས་སྐྱེ་བ་སྔ་མ་དྲན་དུ་མ་བཅུགས་པ་ཡིན་ཟེར། འགའ་ཞིག་གིས། ང་ཚོའི་རྣམ ་ཤེས་མའི་མངལ་དུ་ཟླ་ངོ་མང་བོའི་རིང་བརྒྱལ་སོང་བས། དེ་དྲན་མ་ཐུབ་པ་ཡིན་ཟེར། ལ་ལས་ལུས་གློ་བུར་བ་ལས། སེམས་གློ་བུར་དུ་བྱུང་བ་ཡིན་པས་སྐྱེ་བ་སྔ་མ་ཟེར་ནི་ཞིག་དྲན་རྒྱུ་ཡོད་པ་མ་རེད་ཟེར། དྲ་གྲོགས་ཚོའི་ནང་སྐྱེ་བ་སྔོན་མ་དྲན་མཁན་ནམ། ཡང་ན། དེ་སྐོར་ཉམས་མྱོང་གསལ་བོ་ཡོད་མཁན་འདྲ་ཡོད་དམ། ང་ཚོ་སྲིད་པའི་ཆུ་བོ་རྣམ་བཞིར་སྐྱེ་བ་གྲངས་མེད་ལེན་མཁན་ཞིག་ཡིན་པའི་ཆ་ནས། མ་མཐའ་ཡང་ཚེ་འདིའི་ལུས་དང་ལོངས་སྤྱོད། ཁོར་ཡུག་སོགས་དང་གཏན་མ་འདྲ་བའི་སྐྱེ་བ་དེ་འདྲ་རེ་བླངས་ཡོད་ཆོག་པ་ཞིག་ཏུ་མ་ཟད། ད་ལྟའི་སེམས་ནང་དེའི་ཟུར་ཙམ་རེ་དྲན་རྒྱུ་ཡོད་དགོས་མོད། ཅིའང་དྲན་ཐུབ་ཀི་མི་འདུག ངས་རྨི་ལམ་ཚུན་ཆད་ལའང་བརྟག་པ་བྱས་ནས སྐྱེ་བ་འདི་དང་གཏན་ནས་མི་འདྲ་བའམ། ཡང་ན། སྐྱེ་བ་འདིར་མཐོང་ཐོས་མྱོང་བ་གང་ཡང་མེད་པའི་གནས་ཚུལ་དེ་འདྲ་ཡོད་མེད་མཉམ་འཇོག་བྱེད་བཞིན་པ་ཡིན། འོན་ཏེ། ཚེ་འདིའི་མྱོང་བ་ཙམ་ལས། གནས་ཚུལ་མ་འདྲ་བའི་བག་ཆགས་དེ་འདྲ་ཕལ་ཆེར་མཐོང་གི་མི་འདུག དྲ་གྲོགས་ཚོའི་ནང་འདི་སྐོར་གྱི་ཤེས་བྱ་ངོ་མཚར་ཅན་འདྲ་ཡོད་ན། ཅིག་གསུང་རོགས། མ་གསང་། ང་ཚོ་ལ་གསང་རྒྱུ་མང་དྲགས་ན་ནམ་ཞིག་སྐྱེ་བ་སྔ་ཕྱིའང་བརླག་འགྲོ་གི་རེད་ད། རྩེད་མོ་ཡིན། ཐུགས་རྗེ་ཆེ།
སྐྱེ་བ་སྔ་མ་དྲན་མཁན་ཚོར་སྐྱེ་བ་སྔ་མ་ཡོད་པ་རེད་ལ་དེ་ཚོའི་རྣམ་ཤེས་དེ་རྣམ་ཤེས་རྙིང་པ་རེད། མི་དྲན་མཁན་ཚོར་སྐྱེ་བ་སྔ་མ་ཡོད་པ་མ་རེད་ལ་དེ་ཚོའི་རྣམ་ཤེས་དེ་དག་གསར་སྐྱེས་རེད་ལབ་ན་ག་འདྲ་འདུག རྙིང་མའི་རྫོགས་ཆེན་ལུགས་ལ་གཞོན་ནུ་བུམ་སྐུའི་རྒྱ་རལ་སྟངས་དང་བོན་པོའི་ལུགས་ལ་རིགས་དྲུག་སྲིད་པའི་སྒོ་ང་ལས་བྱུང་སྟངས་ལ་དཔྱད་ན་རྣམ་ཤེས་གསར་སྐྱེས་ཁས་ལེན་དགོས་པ་འདྲ་བོ་ཞིག་འདུག ངས་རྙིང་ལུགས་དང་བོན་ལུགས་འདི་གཉིས་སེམས་ལ་དྲན་ཐེངས་རེར་སྦྲང་མ་འབུམ་ཕྲུག་སྦྲང་ཚང་ནས་འཕུར་བའི་སྣང་བརྙན་ཞིག་མིག་ལམ་དུ་འཆར་ཡོང་གི་འདུག རྙིང་མའི་ལུགས་དེ་ཤེས་འདོད་ན་ཞབས་དཀར་བའི་ལྟ་བ་མཁའ་ལྡིང་གཤོག་རླབས་ལ་གཟིགས་པར་ཞུ།
སྐྱེ་བ་སྔོན་མ་མི་དྲན་པའི་རྒྱུ་མཚན་གང་ཡིན་ཟེར་ན།་མ་ཡི་མངལ་གྱི་དྲི་མས་སྐྱོན་ཡིན་ཟེར་སྲོལ་འདུག
མ་ཟད་སྐྱེས་དུས་སྐྱེ་བའི་བསྡུག་བསྔལ་ཆེ་དྲག་པས་ཀྱང་རེད་ཟེར།
འགའ་ཞིག་ལ་དམིགས་བསལ་སྐྱེ་བ་སྔ་མ་དྲན་པའང་ཡོད་འདུག་པ་རྣམས་ལ་སྤྲུལ་སྐུ་རེད་ཟེར་སྲོལ་འདུག
མ་གཞི་ནི་ང་ཚོ་ཚང་མ་སྤྲུལ་སྐུ་ཡིན་དགོས་ཀྱི་རེད་།
སྐྱེ་བ་སྔོན་མའི་རྒྱུན་མེད་པར་སྐྱེ་བ་ཕྱི་མ་ཞིག་ག་ནས་འབྱུང་ངེས་པར་དུ་ཡོད་དགོས་པའང་རིགས་པས་སྒྲུབ་པའོ།
བོན་གྱི་ལུགས་ལ་བཅུད་ཀྱི་འགྲོ་བ་རྣམས་གོང་ང་ལས་བྱུང་རེད་ཟེར་བ་ཞིག་གོ་བྱུང་འོན་ཀྱང་དཔེ་གཞུང་ག་ནས་གསུང་པ་ཤེས་མ་བྱུང།
ཀླུ་སྨྱོན་གྱིས་ཀྱང་མཁྱེན་མི་འདུག་དྲྭ་གྲོགས་ཚོས་མཁྱེན་ན་ལུང་དེ་གསུང་རོགས་གནང་ངོས་རང་བལྟ་འདོད་འདུག
དགོང་དག་ཀླུ་སྨྱོན་མ་རེད་ཞག་རྔ་བ་རྒྱལ་ཁམས་པ་རེད་འདུག
དག་བཅོས་གནང་རོགས།
དེ་རིང་། སྐབས་ཐོག་གི་་་རྔ་བ་རྒྱལ་ཁམས་པའི་་རྩོམ་ཡིག་འདི་དང་འབྲེལ་བའི་སྒོ་བའི་སྐད་ཆ་ཚིག་འགའ་བཤད་ན་འདོད་སོང་། སྐད་ཆ་འདི་དག་སེམས་བསམ་པའི་གཏིང་གི་སྐད་ཆ་ཡིན།
སྔོན་ཆད་ཅིག་ལ་་་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་བསམ་བློ་རྩ་ནས་བཏང་མྱོང་མེད། ཡོད་ཤག་གིས་དད་པ་དང་ཡིད་ཆེས་བྱས་པ་ཡིན།
དེ་ནས་རང་ཚོད་ཀྱིས་དོགས་འདྲི་བྱེད་ཁུལ་བྱས་པ་ཡིན། ཡོད་པའི་སྐོར་ཏག་ཏག་ལ་བསམ་བློ་བཏང་ནས་ཡོད་པའི་ཡིད་ཆེས་རྙེད་ཐབས་ཁོ་ན་བྱས་པ་ཡིན།
དེ་ནས་་་་ ཨ་་་ ཕྱོགས་ཚང་མ་ལ་བསམ་དགོས་འདུག་ཨ་བསམ་ནས་དངོས་གནས་དོགས་དཔྱོད་བྱས་པ་ཡིན། བསམ་བློ་བཏང་ནས་སྐད་ཆ་བཤད་པ་ཡིན་ན། སྐྱེ་བ་སྔ་ཕྱི་ཟེར་བ་མེད་པ་ལས་ཡོད་པའི་སྒྲུབ་བྱེད་མང་དུ་རྗེད་ཐུབ་པ་འདྲ། (བོད་མིའི་སེམས་ཁམས་ཀྱི་རྨང་གཞིའི་ཐོག་ནས་བལྟས་ན)
ད་གང་ལྟར། སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཏན་ཏན་ཡོད་མེད་ཧ་གོ་གི་མི་འདུག རྒྱང་འཕེན་པ་ཕར་ཕུད་པའི་འཛམ་གླིང་ཐོག་གི་ཆོས་ལུགས་མང་པོ་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འཚོལ་གྱིན་ཡོད་པ་རེད་མོད། དེ་རིང་བར་དུ་སུ་ཞིག་གིས་ཀྱང་འདི་དང་འདི་རེད་ཟེར་ནས་ཅིག་བསྟན་མ་སོང་། ད་དེ་འདྲ་ཞིག་རེད།
འདྲེ་རིག་ལྡན།
༼དེ་རིང་བར་དུ་སུ་ཞིག་གིས་ཀྱང་འདི་དང་འདི་རེད་ཟེར་ནས་ཅིག་བསྟན་མ་སོང་།༽ ཟེར་བ་དེ་ཁྱོད་ཐོས་པ་ཧ་ཅང་ཉུང་དྲགས་པ་རེད། ནམ་ཡིན་རུང་ཁྱོད་ཚོ་ཡར་མཁས་པའི་གྲལ་ལ་བསྙེགས་མ་ཐུབ། མར་ཡིག་རྨོངས་པའི་གྲྭལ་ན་ཡང་མ་བསྡད་པའི་ཡར་མར་གང་ལ་ཡང་མ་ཐེ་བའི་གང་ཟག་སྐོར་ཞིག་གིས་རང་གིས་གང་མ་མཐོང་ན་དེ་འཇིག་རྟེན་འདིར་མེད་པའི་ཐག་གཅོད་བྱེད་ཀྱི་འདུག ངོ་ཚ་མེད་པའི་ཁ་ཤོམས་དེ་འདྲ་དཔེ་རེད་དཱ། ལོ་རེ་རེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་ཚགས་པར་དང་དུས་དེབ་བརྙན་འཕྲིན་ཁག་གི་ནང་དུཚན་རིག་པས་ངོས་ལེན་ཐོབ་པའི་སྐྱེ་བ་སྔ་ཕྱི་དྲན་མཁན་ག་ཚོད་མང་པོ་བསྟན་ཡོང་གི་འདུག དེ་ཚོ་ལ་བལྟ་མ་ཐུབ་ན་བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཟེར་བའི་དེབ་དེ་གཅིག་པོ་ཙམ་ལ་ལྟོས་དང་། འཛམ་གླིང་ཤར་ནུབ་ཀུན་ན་སྐྱེ་བ་སྔ་ཕྱི་དྲན་མཁན་ག་ཚོད་བྱུང་བ་འདྲ་པར་དང་དུས་ཚོད། ཚན་རིགས་པས་ཇི་ལྟ་ངོས་ལེན་བྱས་ཚུལ། ད་སྐབས་གང་ན་ཡོད་པ་སོགས་མིག་གིས་མཐོང་བ་དང་འདྲ་བར་བཤད་འདུག་གཱ ད་བར་སུས་ཀྱང་ཅི་ཡང་བསྟན་མ་སོང་ཟེར་བ་དེ་ཅི་རེད། སྐད་ཆ་ག་རེ་བཤད་རུང་ཚོད་ཟུངས་ལ་གཟབ་ཙམ་གྱིས་མ་གཏོགས་སྐྱག་ལངས་ལ་ཤོར་ན་རང་ཉིད་ཀྱི་ཤེས་རབ་འཕྲོ་བརླག་ལ་འགྲོ་གི་རེད་དཱ།
སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་ས་རེད། ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཚང་མས་བརྩི་ཐུབ་ན་མི་སྤྱི་ཚོགས་ལ་ཕན་ཡ་ཕན་ས་རེད། འོན་ཀྱང་དཀའ་ངལ་གཙོ་བོ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའི་དཀའ་ངལ་མ་རེད། ལས་རྒྱུ་འབྲས་དང་སྐྱི་སྔ་ཕྱི་བརྩི་མཁན་མེད་པས་དཀའ་ངལ་རེད། མཐའ་ན་ལས་འབྲས་དང་སྐྱེ་བ་ཕྱི་མ་གསུངས་མཁན་གྱི་བླ་མ་ཚོས་ཀྱང་བཤད་པ་མ་གཏོགས་བརྩི་གི་མེད་པ་འདི་དཀའ་ངལ་རེད།
སྐྱེ་བ་སྔ་མ་དྲན་མཁན་སྐོར་ཞིག་གི་ལོ་རྒྱུས་འདི་ན་ཡོད་ཀི
http://www.youtube.com/watch?v=_EWwzFwUOxA
སྐྱེ་བ་སྔ་ཕྱི་མ་ཡོད་ཀི། ཡིན་ནའང་སྐྱེས་པ་ཕྱི་མ་བརྩི་མཁན་མི་འདུག
སྤྱིར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་བརྩི་མཁན་མང་པོ་ཡོད་མེད་མི་ཤེས།
སྐར་མ་གང་གི་སྔ་ཕྱི་ཡིན་ནི་རེད།
ཚད་མ་རྣམ་འགྲེལ་ན།། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པས།། གསུངས་འདུག དེ་བས་ན་སྔར་མ་སྐྱེ་མ་མྱོང་བའི་སེམས་ཅན་ཞིག་གསར་དུ་སྐྱེ་པ་ཡོད་ཀྱི་མ་རེད། བོན་པོའི་སྲིད་པའི་སྒོ་ང་ཟེར་བ་དེ་འཇིག་རྟེན་ཁམས་འདི་ཟླུམ་པོ་ཡིན་པའི་སྒྲུབ་བྱེད་དུ་བཀོད་འདུག དེ་ན་སྲིད་པའི་སྒོ་ང་ལས་སྐྱེ་པ་ཟེར་ན་འཇིག་རྟེན་ཁམས་ལས་སྐྱེ་པ་ཟེར་བ་དང་གཅིག་པ་རེད་འདུག དེས་ཁོང་ཚོས་སྔར་སྐྱེས་མ་མྱོང་བའི་སེམས་ཅན་བློ་བུར་དུ་སྐྱེས་རྒྱུ་ཡོད་པར་འདོད་པར་སྒྲུབ་མི་ནུས། དེ་མིན་སྐྱེ་པ་སྔ་ཕྱི་སེམས་ཅན་ཚང་མས་ག་ལ་དྲན། ཚང་མས་དྲན་སོང་ན་ཚང་མ་ལ་སྐྱེས་པ་སྔ་ཕྱི་སྒྲུབ་དགོས་པ་མ་རེད། ད་སྔོན་གྱི་ལུགས་སྲོལ་ལྟར་གཞུང་ལུགས་ནས་གསུངས་པ་ལ་ཡིད་མི་ཆེས། དེང་སང་སྐྱེ་པ་སྔ་ཕྱི་དྲན་མཁན་ཡོད་པ་མཐོང་གི་མཐོང་གི་ད་དུང་ཡིད་མི་ཆེས་ན། ད་བྱེད་ཐབས་གང་ཡང་ཡོད་པ་མ་རེད། སྦང་འཐུང་ནས་བསྡད་དགོས་པ་རེད།།
རྫོགས་ཆེན་པས་ཀྱང་སྟོང་ཉིད་ཉི་ཤུའི་ནང་གི་ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞི་ཁས་ལེན་ནི་རེད། དེ་བས་ན་སེམས་ཅན་ཡིན་ན་རང་ཉིད་ཀྱི་འཁོར་བ་ལ་ཐོག་མ་མེད་ཟེར་རྒྱུ་རེད། དེ་བས་ནས་སེམས་ཅན་ཡིན་ན་ཐོག་མ་མེད་པ་ནས་འཁོར་བར་འཁོར་ནས་ཡོང་པར་ཁས་ལེན་རྒྱུ་རེད། དེས་ན་སེམས་ཅན་སྔར་འཁོར་བ་འཁོར་མ་མྱོང་བ་གསར་དུ་སྐྱེས་པ་དེ་འདྲ་ཁས་ལེན་རྒྱུ་མ་རེད།
དཔེར་ན་ངས་ང་སྐྱེ་བ་སྔ་མ་དྲན་མྱོང་མཁན་ཞིག་ཡིན་ལབ་ནས་གལ་སྲིད་དེ་བདེན་པ་ཡིན་ན་ཡང་ངས་མྱོང་ཐོག་ནས་འགའ་ཤས་སྐྱེ་བ་སྔ་མ་དྲན་ཐུབ་ལ་ཕལ་ཆེ་བས་དྲན་མི་ཐུབ་པའི་རྒྱུ་མཚན་ཤོད་ཐུབ་ཨ་ཡོང་སྙམ། སྐྱེ་བ་སྔ་མ་དྲན་མི་དྲན་དེ་ཆོས་ཡང་དག་པ་ཅིག་བྱས་མ་བྱས་ཙམ་མ་ཡིན་པར་སྐྱེ་བ་སྔ་མའི་མྱོང་ཚོར་དྲག་པོ་དེ་དང་བྲག་ནས་དྲན་དགོས་རེད་སྙམ།
རང་གི་སྐྱེ་བ་སྔ་མར་བསམ་བློ་ཞིག་བཏང་། གཞན་གྱི་སྐྱེ་བ་སྔ་མར་བསམ་བློ་ཞིག་བཏང་།
སངས་རྒྱས་ཀྱི་གསུང་ལ་ཉན།་ཚད་མའི་གཞུང་ལབལྟས།
དེ་ནས་སྒྲར་ཝིན་གི་འཕེལ་འགྱུར་ལྟ་གྲུབ་ལ་ཡང་ཅིག་བལྟས།
དེ་ནས་NASAདང་EESAགཉིས་ཀྱིས་བསྟན་པའི་འཇིག་རྟེན་དང་སྟོང་ཁམས་ཆེན་མོའི་གྲུབ་ཚུལ་སོགས་ལ་ཡང་ཡང་བལྟས་རྗེས་ད་གཟོད་རང་གི་བསམ་བློ་ལ་འཁོར་བ་ནི་གཏམ་དཔེར།
མཁས་པའི་བཤད་ན་ཅི་ཡང་བདེན་ཟེར་བ་དེ་དང་འདྲ་བོ་འདུག་པས། འདི་རེད་དང་། འདི་མ་རེད་ཟེར་བ་ཞིག་བཤད་དཀའ་བས། ད་ལྟ་དཔྱད་ཞིབ་ཀྱི་དུས་ཡིན་པ་ལས་ཐག་གཅོད་ཀྱི་དུས་མ་རེད་བསམ་སོང་།
ཀླུ་སྨྱོན་ལགས། ཁྱེད་ཀྱི་མཆན་མང་བོ་ཞིག་ལ་ལན་རྒྱག་སྟབས་མ་ལྡན་པས། སྤོ་ལངས་མི་ཉན་གོ རེད། གོང་དུ ཁྱོད་ཀྱིས་གསུངས་པ་དེའང་རྒྱུ་མཚན་ཞིག་ཡིན་སྲིད། བུམ་སྐུའི་རྒྱ་རལ་མ་རལ་དེ་འཁོར་འདས་གཉིས་ཀྱི་སོ་མཚམས་ཤིག་རེད། བུམ་སྐུའི་རྒྱ་རལ། འོད་གསལ་གྱི་རྩལ་རྣམ་ཤེས་སུ་ཤར་ནས། སེམས་སམ་འཁོར་བ་འགྲུབ་ཡོང་གི་ཡོད་པ་རེད། འདི་དང་ཕལ་ཆེར། སེམས་ཀྱི་རང་བཞིན་འོད་གསལ་བ།། དྲི་མ་རྣམས་ནི་གློ་བུར་བ།། ཞེས་པ་སོགས་དོན་གཅིག་ཏུ་འདོད་དགོས་པ་འདྲ། དེ་བཞིན་རྫོགས་ཆེན་གྱི་ཆོས་སྐོར་ན། འཁོར་འདས་གང་གིས་ཀྱང་མ་བསྡུས་པའི་རྣམ་ཤེས་ཀྱི་ཁམས་ལྟ་བུ་ཞིག་ཀྱང་ཡོད་ཚུལ་གསུང་གི་འདུག་ག འདི་ཚོ་བློ་ཡུལ་དུ་ཤོངས་དཀའ་མོ་ཞིག་རེད་འདུག ཉེ་ལམ་ཚན་རིག་གི་གསར་འགྱུར་ཞིག་ན། ཕལ་ཆེར་མེག་སི་ཁོ་ཡིན་ནམ་སྙམ། ས་རིམ་པ་མང་བོའི་འོག་ན་ལོ་ངོ་ས་ཡ་མང་བོའི་ཡར་སྔོན་གྱི་བྲག་རིིའི་དཀྱིལ་དུ་རྣམ་པ་རྡུལ་ཕྲན་ཡིན་པ་ལ། ངོ་བོ་རྣམ་ཤེས་ཀྱི་རང་བཞིན་ཅན་ཞིག་ཡིན་ཚུལ་བཤད་ཅིང་། རྐྱེན་དང་འཕྲད་ན་རགས་པའི་སྲོག་ལྡན་དུ་འགྱུར་རྒྱུ་ཡིན་ཚུལ་བཤད་ཀྱིན་འདུག ངའི་སེམས་ལ་ལམ་སེང་གོང་གི་འཁོར་འདས་ཀྱིས་མ་བསྡུས་པའི་རྣམ་ཤེས་འདི་འདྲ་ཞིག་ལ་ཟེར་གི་ཨེ་ཡོད་སྙམ་ནས་དོགས་པ་ཞིག་སྐྱེས་སོང་། འདི་སྐོར་ངས་དེང་རབས་ཀྱི་སེམས་ཁམས་རིག་པ་དང་། གསོ་རིག་གི་ཐབས་ལམ་ལ་བརྟེན་ནས་སྐྱེ་བ་སྔ་མ་དྲན་དུ་བཅུགས་པའི་བདེན་དཔང་མང་བོ་ཞིག་ཡོད་པ་དངོས་སུ་མཐོང་སོང་། འདི་སྐོར་ནས་རིམ་པས་ཁ་བརྡ་རེ་བྱེད་ཡ།
རྔ་བ་རྒྱལ་ཁམས་པ་ཟེར་བ་དེས། དངོས་གནས་ཡིན་ནམ་ཚོད་དཔག་ཡིན་ག་ལ་ཤེས། གལ་སྲིད་ཁོའི་བཤད་ཚུལ་དེ་ཁོ་རང་གི་བསམ་བློ་གཏོང་སྟངས་ཡིན་ན་དངོས་འགལ་རེད། སྐྱེ་བ་སྔ་མ་མ་དྲན་པ་ལ་ཧ་ལས་རྒྱུ་ག་ལ་ཡོད། ཚེ་འདིར་ཡང་ཆུང་དུས་ནས་བཟུང་ལོ་རེ་རེ་དང་ཟླ་བ་རེ་རེ་ཉི་མ་རེ་རེ་དུས་ཚོད་རེ་རེ་བཞིན་ཁྱོད་ཀྱིས་གསལ་པོ་ཞིག་དྲན་པ་ཡིན་ནམ། དེ་མ་དྲན་ན་སྐྱེ་བ་སྔ་མ་མི་དྲན་པའི་རྒྱུ་མཚན་དེ་རེད། ངོ་མའི་ཚེ་སྔ་ཕྱི་དྲན་པའི་མངོན་ཤེས་འདོད་ན། མངོན་ཤེས་ཏིང་འཛིན་ལས་བྱུང་ཞིང་། །དེ་རྒྱུ་ཚུལ་ཁྲིམས་ལ་རག་ལས། གསུངས་པ་ལྟར་རྨང་ཡོད་པའི་ཐོག་བྱོས་དང་དེ་ག་ལགས། དེ་མིན་ཡི་གེ་བྲི་ཤེས་པ་ཙམ་དང་ཁ་ལྕེ་བདེ་བ་ཙམ་ལ་བེད་སྤྱད་ནས་འཚོལ་འདོད་ན་དྲན་པ་ཕར་ཟད་དྲན་པ་ལས་གཡོལ་ཐབས་བྱེད་པ་དང་ཁྱད་པར་ཅི་ཡོད། དགོངས་པ་མ་འཚོམས་རོགས།
སྐབས་རེར་ངས། རང་ཉིད་ལ་བརྟག་དཔྱད་འདྲ་བྱེད་དུས། ངའི་སེམས་ཁམས་ཀྱི་ངོས་སུ། ཁྱི། ཕག བྱ་སོགས་དུད་འགྲོ་གྲངས་མེད་ཅིག་གི་ཆ་ཤས་ཡོད་པ་ཚོར་ནས། དུད་འགྲོའི་སྐྱེ་བ་མང་བོ་བླངས་ཡོད་རྒྱུ་རེད་བསམས། སྐབས་རེར། ངའི་སེམས་ངོགས་ན་ལྷ་འདྲེ་མི་སོགས་མང་བོ་ཞིག་གི་སེམས་ཡོད་པར་རྟོགས་ནས། དེ་དག་ཀྱང་ངའི་ཚེ་རབས་སྔོན་མ་ཞིག་དང་འབྲེལ་བ་ཡོད་རྒྱུ་རེད་བསམས། འོན་ཏེ། སྐྱིད་སྡུག་གི་འཁོར་ཡུག་འདི་ཚོའི་སྦྱོང་བསྡར་ཞིག་གཞི་ནས་མ་སྤྲད་པར། གནས་ཚུལ་འདི་དག་རང་དགར་དྲན་མི་ཐུབ་པར་བསམས་དུས། ཚེ་རབས་ནས་ཚེ་རབས་སུ་བསགས་བསགས་པའི་བག་ཆགས་ཟེར་ནོ། སྐྱེ་བ་སྔ་ཕྱིའི་དར་གྱི་ཡོལ་བ་སྲབ་མོ་ཞིག་གིས་ཀྱང་བསྒྲིབས་ཐུབ་པའི་གནས་ལུགས་འདིར་ཁོང་ཁྲོ་གཏིང་ནས་སྐྱེས།
ཨ་ཙི་ཨ་ཙི། ཁྱེད་ཚོས་སྐྱེ་བ་སྔ་མ་དྲན་མི་དྲན་གྱི་སྐད་ཆ་བཤད་བསྡད་ཡོད་དམ། ང་ལ་མཚོན་ན་སྐྱེ་བ་འདིའི་འདས་དོན་མང་པོ་ཞིག་ཀྱང་དྲན་གྱི་མི་འདུག ད་ལྟ་རང་དངོས་པོ་ཞིག་གང་ལ་བཞག་ཡོད་མེད་ཀྱང་དྲན་གྱི་མི་འདུག ཁ་སང་བསླབས་པའི་ཚིག་གསར་པ་དེ་ཚོའང་བརྗེད་འདུག
མཚམས་རེར་དྲན་པ་གསལ་བོ་ཡོད་སྐབས། བརྗེད་ནས་ཡུན་རིང་ཕྱིན་པའི་དོན་དག་དེ་འདྲའང་དྲན་ཡོང་གི་འདུག ཆུང་ཆུང་ཡིན་སྐབས་ཀྱི་བྱ་བ་དེ་འདྲའང་དྲན་སོས་ཀྱི་འདུག
ཧ་ཅང་ཆུང་ཆུང་ཆུང་ཆུང་མིན་པའི་དོན་དག་ཅིག་ཆུང་ཆུང་སྐབས་ནས་ཡང་ཡང་དྲན་གྱི་འདུག ད་ལྟ་ད་རུང་སེམས་ངོ་ན་འདུག ཆུང་ཆུང་སྐབས་ཀྱི་བྱ་བ་གཞན་པ་ཚོ་ནང་བཞིན་ས་ཆ་གང་ཡིན་དང་རོགས་པ་སུ་ཡིན། ཕ་མ་སོགས་ངོ་ཐག་ཆོད་ཀྱི་མི་འདུག ཤེས་པ་ནི་འབྲོག་སྡེ་ཞིག་ཡིན་པ་དང་། ཇག་པས་རྟ་དེད་ནས་མང་པོ་ཞིག་ར་མདར་རྒྱུག་གི་ཡོད་པ་དང་། མེ་མདའི་སྐད་གོ་བ་འདྲ་ཞིག་རབ་རིབ་ཤིག་ལས་མི་འདུག
ལོ་འགའ་ཤས་ཀྱི་སྔོན་ཞིག་ནས་དོན་དག་དེར་བསམ་བློ་བཏང་བཏང་གི། དེ་གཅིག་བྱས་ན་སྐྱེ་བ་སྔོན་མ་འདྲ་ཞིག་མིན་འགྲོ་བསམ་པ་ཡང་ཡང་ཤར་གྱི་འདུག མིའི་རྣམ་པར་ཤེས་པ་དང་རྨི་ལམ་དེ་ཚོ་མཚམས་རེར་ཡ་མཚན་པོ་འདྲ་ཞིག་རེད། བརྟག་རྒྱུ་དང་དཔྱད་རྒྱུ་རེ་ཡོད་ན་ཐང་གི
སྒྲིབ་བྲལ་ཤེས་རབ་རྡོ་རྗེ་ནས་ང་ལ་སྡིག་མཛུབ་དང་བཅས་དེ་སྐད་ཆ་ཁ་ཤས་བཤད་འདུག ཧ ཧ ཧ ངས་ང་རང་གིས་གང་དྲན་པ་ཁ་སྲོང་པོར་བཤད་པ་ཙམ་ལས། མི་ཞིག་ལ་གོ་རྒྱུ་གཏོང་འདོད་ནས་བྲིས་པ་གང་ཡང་མིན། ད་གང་ལྟར། ལོ་སྔོན་མ་ཞིག་ལ་ཡང་ཅིག་གིས་སྐྱེ་བ་སྔ་ཕྱིའི་སྐོར་རམ་ཡང་ན་རྣམ་ཤེས་ཀྱི་སྐོར་ལ་སྐད་ཆ་ཞིག་གླེང་སོང་། སྐབས་དེར་ངས་ཀྱང་གནད་དོན་དེར་བསམ་བློ་ཤུགས་ཆེན་པོ་གཏོང་བཞིན་པའི་སྐབས་ཤིག་ཡིན། དབང་རྩའི་ཚན་རིག་པ་(neuro scientist) དང་དགེ་རྒན་ཆེན་མོའི་གོ་གནས་པའི་གྲོགས་པོ་ཞིག་ཡོད། ངེད་གཉིས་ཉིན་གུང་ཟ་མ་བཟའ་ཐེངས་རེ་ཟུང་ལ་ཕྱིན་པ་ཡིན། གནས་སྐབས་དེ་དག་ཏུ་ངས་ཁོ་ལ་ནན་ཏན་གྱིས་སྐད་ཆ་དྲིས་པ་ཡིན། འོན་ཀྱང་ཁོས་་་་ ཀླད་རྡུལ་དང་དབང་རྩ་ཕྲ་རགས་ཀྱི་བྱེད་ལས་ཙམ་ལས་་་་་ རྣམ་ཤེས་ཟེར་བ་ཞིག་ཡོད་པའི་རྟགས་སམ་ཡང་ན་རྩ་འཛིན་རུང་བའི་དོགས་པ་དེ་འདྲ་ཁོ་ལ་མཚོན་ན་མེད་ཟེར། མ་ཟད། ཚན་རིག་གིས་ད་བར་དུ་སྐྱེ་བ་སྔ་ཕྱི་ཡོད་མེད་ཁས་ལེན་པ་ཞིག་ངས་ནི་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་ན་དྲ་གནས་ཤིག་བསྐུར་རོགས། ཁ་ནས་སྟོང་གཏམ་བཤད་ནས་ཕན་ཐོག་གི་མ་རེད།
དེ་ནས། གསེར་རྟ་བླ་རུང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྙིང་གཏམ་སྤྲིན་གྱི་རོལ་མོར་ཡང་གཟབ་ནན་གྱིས་ཐེངས་ཤིག་བལྟས་པ་ཡིན། ད་དུང་དོན་ལས་མིང་རིང་བའི་མི་གཞན་པ་ཁ་ཤས་ཤིག་གིས་ཀྱང་འུར་སྒྲོག་གི་དེབ་རེ་ཟུང་བྲིས་ཡོད་པ་མཐོང་སོང་། དེ་དག་ཚང་མས་་་་ ཁོས་དྲན་པ་རེད། ཅ་ལག་དེ་དང་དེ་ངོ་འཕྲོད་པ་རེད། མི་འདི་དང་དེ་ངོས་ཟིན་པ་རེད་་་སོགས་ལས། ཚན་རིག་བརྟག་དཔྱད་ཀྱི་རྩ་འཛིན་རུང་བའི་སྐད་ཆ་ནི་ཚིག་གཅིག་ཀྱང་མི་འདུག དེ་འདྲ་ཞིག་ཡུལ་གང་གི་ཚན་རིག་པ་སུ་ཞིག་གིས་ཁས་བླངས་ཡོད་མེད་ངས་མི་ཤེས།
དེ་ནས་གོང་སྟག་སྨྱོན་གྱིས་གསུངས་པ་དེ་རེད། སྐྱེ་བ་སྔ་ཕྱི་ཡོད་མེད་དང་ལས་རྒྱུ་འབྲས་ཡོད་མེད་གཙོ་བོ་མ་རེད། དེ་བརྩི་སྲུང་བྱེད་མིན་དེ་གཙོ་བོ་རེད་ཟེར་བ་ཐུགས་བདེན། དེང་སང་ཞིག་ལ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་བཤད་མཁན་ཚོ་ནང་ལ་མི་གསོད་མཁན་ཡང་འདུག་པ་ཀུན་གྱིས་མཐོང་ཡོད་པ་དེ་རེད། ད་ཡོད་མེད་ཞེན་ཁོག་གིས་རྩོད་རྒྱུ་ལས། གནས་ལུགས་དང་རྒྱུ་མཚན་ཡང་དག་གིས་སྒྲུབ་ཐབས་དང་། དེ་ལས་ཀྱང་ལག་ལེན་ལ་ཅིག་འཁེལ་རྒྱུ་ན་དེ་ཧྲ་རྒྱུ་རེད་འདོད། ད་ཐེངས་འདི་ཙམ་ཡིན། ད་དུང་རྩོད་འདོད་ན་ཡུན་གྱིས་རྩོད་ཆོག་གི་རེད། ང་ལ་ཡང་དྲི་བ་མདེའུ་འདྲ་བ་ཏག་ཏག་ཡོད། རང་གིས་བསམ་པ་རྣམ་དག་གིས་ཅིག་ཨེ་ཤེས་བསམ་ནས་དྲིས་མྱོང་ཡང་། ལྷ་རམས་དགེ་བཤེས་དང་མཁན་པོ་ཆེན་པོ་དག་གི་ཞལ་རས་དམར་ལམ་མེར་གྱུར་བ་དང་དུས་མཉམ་དུ་ལྟ་ལོག་བལྟས་ངན་ཟེར་ནས་དམོད་ཀྱིན་འདུག ད་གང་ལྟར། ཡུན་གྱིས་བཤད་ཡ།
སྒྲིབ་བྲལ་ཤེས་རབ་རྡོ་རྗེ་ནས་ང་ལ་སྡིག་མཛུབ་དང་བཅས་དེ་སྐད་ཆ་ཁ་ཤས་བཤད་འདུག ཧ ཧ ཧ ངས་ང་རང་གིས་གང་དྲན་པ་ཁ་སྲོང་པོར་བཤད་པ་ཙམ་ལས། མི་ཞིག་ལ་གོ་རྒྱུ་གཏོང་འདོད་ནས་བྲིས་པ་གང་ཡང་མིན། ད་གང་ལྟར། ལོ་སྔོན་མ་ཞིག་ལ་ཡང་ཅིག་གིས་སྐྱེ་བ་སྔ་ཕྱིའི་སྐོར་རམ་ཡང་ན་རྣམ་ཤེས་ཀྱི་སྐོར་ལ་སྐད་ཆ་ཞིག་གླེང་སོང་། སྐབས་དེར་ངས་ཀྱང་གནད་དོན་དེར་བསམ་བློ་ཤུགས་ཆེན་པོ་གཏོང་བཞིན་པའི་སྐབས་ཤིག་ཡིན། དབང་རྩའི་ཚན་རིག་པ་(neuro scientist) དང་དགེ་རྒན་ཆེན་མོའི་གོ་གནས་ཡོད་པའི་གྲོགས་པོ་ཞིག་ཡོད། ངེད་གཉིས་ཉིན་གུང་ཟ་མ་བཟའ་ཐེངས་རེ་ཟུང་ལ་ཕྱིན་པ་ཡིན། གནས་སྐབས་དེ་དག་ཏུ་ངས་ཁོ་ལ་ནན་ཏན་གྱིས་སྐད་ཆ་དྲིས་པ་ཡིན། འོན་ཀྱང་ཁོས་་་་ ཀླད་རྡུལ་དང་དབང་རྩ་ཕྲ་རགས་ཀྱི་བྱེད་ལས་ཙམ་ལས་་་་་ རྣམ་ཤེས་ཟེར་བ་ཞིག་ཡོད་པའི་རྟགས་སམ་ཡང་ན་རྩ་འཛིན་རུང་བའི་དོགས་པ་དེ་འདྲ་ཁོ་ལ་མཚོན་ན་མེད་ཟེར། མ་ཟད། ཚན་རིག་གིས་ད་བར་དུ་སྐྱེ་བ་སྔ་ཕྱི་ཡོད་མེད་ཁས་ལེན་པ་ཞིག་ངས་ནི་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་ན་དྲ་གནས་ཤིག་བསྐུར་རོགས། ཁ་ནས་སྟོང་གཏམ་བཤད་ནས་ཕན་ཐོག་གི་མ་རེད།
དེ་ནས། གསེར་རྟ་བླ་རུང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྙིང་གཏམ་སྤྲིན་གྱི་རོལ་མོར་ཡང་གཟབ་ནན་གྱིས་ཐེངས་ཤིག་བལྟས་པ་ཡིན། ད་དུང་དོན་ལས་མིང་རིང་བའི་མི་གཞན་པ་ཁ་ཤས་ཤིག་གིས་ཀྱང་འུར་སྒྲོག་གི་དེབ་རེ་ཟུང་བྲིས་ཡོད་པ་མཐོང་སོང་། དེ་དག་ཚང་མས་་་་ ཁོས་དྲན་པ་རེད། ཅ་ལག་དེ་དང་དེ་ངོ་འཕྲོད་པ་རེད། མི་འདི་དང་དེ་ངོས་ཟིན་པ་རེད་་་སོགས་ལས། ཚན་རིག་བརྟག་དཔྱད་ཀྱི་རྩ་འཛིན་རུང་བའི་སྐད་ཆ་ནི་ཚིག་གཅིག་ཀྱང་མི་འདུག དེ་འདྲ་ཞིག་ཡུལ་གང་གི་ཚན་རིག་པ་སུ་ཞིག་གིས་ཁས་བླངས་ཡོད་མེད་ངས་མི་ཤེས།
དེ་ནས་གོང་སྟག་སྨྱོན་གྱིས་གསུངས་པ་དེ་རེད། སྐྱེ་བ་སྔ་ཕྱི་ཡོད་མེད་དང་ལས་རྒྱུ་འབྲས་ཡོད་མེད་གཙོ་བོ་མ་རེད། དེ་བརྩི་སྲུང་བྱེད་མིན་དེ་གཙོ་བོ་རེད་ཟེར་བ་ཐུགས་བདེན། དེང་སང་ཞིག་ལ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་བཤད་མཁན་ཚོ་ནང་ལ་མི་གསོད་མཁན་ཡང་འདུག་པ་ཀུན་གྱིས་མཐོང་ཡོད་པ་དེ་རེད། ད་ཡོད་མེད་ཞེན་ཁོག་གིས་རྩོད་རྒྱུ་ལས། གནས་ལུགས་དང་རྒྱུ་མཚན་ཡང་དག་གིས་སྒྲུབ་ཐབས་དང་། དེ་ལས་ཀྱང་ལག་ལེན་ལ་ཅིག་འཁེལ་རྒྱུ་ན་དེ་ཧྲ་རྒྱུ་རེད་འདོད། ད་ཐེངས་འདི་ཙམ་ཡིན། ད་དུང་རྩོད་འདོད་ན་ཡུན་གྱིས་རྩོད་ཆོག་གི་རེད། ང་ལ་ཡང་དྲི་བ་མདེའུ་འདྲ་བ་ཏག་ཏག་ཡོད། རང་གིས་བསམ་པ་རྣམ་དག་གིས་ཅིག་ཨེ་ཤེས་བསམ་ནས་དྲིས་མྱོང་ཡང་། ལྷ་རམས་དགེ་བཤེས་དང་མཁན་པོ་ཆེན་པོ་དག་གི་ཞལ་རས་དམར་ལམ་མེར་གྱུར་བ་དང་དུས་མཉམ་དུ་ལྟ་ལོག་བལྟས་ངན་ཟེར་ནས་དམོད་ཀྱིན་འདུག ད་གང་ལྟར། ཡུན་གྱིས་བཤད་ཡ།
སྐྱེ་བ་སྔ་ཕྱི་ཡོད་ཟེར་མཁན་མང་གི་ལག་ཏུ་ལེན་མི་ཉུང་གི་ཡ།
རྒྱང་འཕེན་པ་ལ་དགག་པ་རྒྱབ་མཁན་མང་གི་ཡ།་་་་་་་་རང་རྒྱུད་ལ་སྒྲུབ་མཁན་ཉུང་གི་ཡ།
མ་གཞི་ནས་དྲྭ་རྒྱའི་ནང་རྩོད་པ་རྐྱང་ལ་དགའ་མཁན་དེ་ཚོའི་རིགས་སྔར་ལྷ་མིན་དུ་སྐྱེས་པའི་རིགས་ཞིག་ཏུ་སེམས།་་་ལྷ་མིན་རྣམས་ནི་རྟག་ཏུ་འཐབ་རྩོད་ལ་དགའ་མཁན་ཞིག་ཡིན་པར་ལུང་གིས་གྲུབ་འདུག
དེ་ཚོ་ནི་ལྷ་མིན་གྱི་སྤྲུལ་སྐུ་རང་རེད། སྐྱེ་བ་སྔ་མའི་ལས་སྤྱོད་སོགས་མི་དྲན་པའི་སྤྲུལ་སྐུ་ཡིན་པར་འདོད་ན་མི་འགྲིག་པ་གང་ཡང་མི་འདུག་སྙམས།
ལུང་ལས་འདི་ལྟར་གསལ་བ་ཞིག་གོ་བྱུང།
སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས།
ཕྱི་མ་གར་སྐྱེས་ད་ལྟའི་ལས་ལ་ལྟོས། ཟེར་བ་ཞིག་གོ་ཐལ།
དེ་ལྟར་བྱས་ན་སྐྱེ་བ་སྔ་ཕྱི་ཡོད་པ་ཤིན་ཏུ་གསལ།
དྲན་མི་དྲན་གྱིས་དབང་དུ་བྱས་ན་ཨ་མའི་མངལ་ནས་སྐྱེ་དུས་སྐྱེ་བའི་སྡུག་བསྔལ་ཡོད་པ་ཐག་ཆོད་ཡིན་ནའང་ང་ཚོས་ད་ལྟ་དེ་ཡི་སྡུག་བསྔལ་རྣམས་ད་ལྟ་གང་ཡང་དྲན་མི་ཐུབ་པས་དེ་ཡི་སྡུག་བསྔལ་མེད་པ་ག་ལ་ཡིན།
ད་སྐྱེ་་སྔ་ཕྱི་ཡོད་པ་བདེན་ནའང་སྐྱེ་བ་སྔ་ཕྱི་བརྩི་མཁན་ཤིན་ཏུ་ཉུང་འདི་ནི་ང་ཚོའི་སྐྱོན་ཞིག་ལས་སྐྱེ་བ་སྔ་ཕྱི་མེད་པ་ག་ལ་ཡིན།
མ་གཞི་ནས་ནང་པས་རྒྱང་འཕེན་པ་ལ་དགག་པ་རྒྱབ་པ་དེ་ཚོར་སྐྱར་ཞིབ་ཞིག་བྱེད་ན་ག་འདྲ་འདུག
སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཡོད་མེད་མི་ཤེས་ཀྱང་གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་དེ་དྲན་རྒྱུ་མིན་པ་དེ་ཕལ་ཆེར་གསལ་པོ་མ་རེད་པས། དེ་ལ་བགྲོ་གླེང་ཞིག་བྱེད་དགོས་ཀྱི་འདུག་གམ།
མི་འཆི་མཁན་མང་ཆེ་བ་རྒས་པ་དང་ན་ནས་འཆི་གི་ཡོད་པ་རེད། དྲན་པ་རབ་རིབ་དང་ཟ་ཟི་ཆགས། རང་རང་གི་གཉེན་ཉེ་ཚོའི་ངོ་ཡང་ངོས་མི་ཟིན་པར་ཤི་འགྲོ་གི་ཡོད་པ་མ་རེད་དམ། ཚེ་སྟོད་ཅི་བྱས་ཚེ་སྨད་ལ་བརྗེད་ནས་ཤི་འགྲོ་གི་ཡོད་པ་མ་རེད་དམ།
མི་སྐྱེ་དུས་ཀྱང་གཟུགས་གཞི་སོགས་ལ་བརྟེན་ནས་ཆུང་ཆུང་ཤ་རྡོག་འདྲ་བ། ཤེས་པ་གསལ་ལ་མ་གསལ་བ་ཞིག་བྱས་ནས་སྐྱེ་ཡོང་བ་དང་། སྐྱེས་པའི་ཉི་མ་དང་པོ་ནས་བཟུང་འཇིག་རྟེན་འདིའི་བྱ་ལས་བྱེད་ལས་དང་འུར་ཟིང་གི་ནང་ཐིམ་སྟེ་ཤེས་པ་དང་བག་ཆགས་མ་ལུས་དེ་ཡིས་བཟུང་བ་མ་ཡིན་ནམ།
ད་ང་ཚོ་ཚང་མར་ཉམས་མྱོང་ཞིག་ཡོད་པ་ནི། ག་ཚོད་ཀྱིས་རྙོག་ཟིང་ནང་ཕྱིན་ན་དེ་ཚོད་ཀྱིས་དྲན་ཤེས་གསལ་པོ་མེད་པ་དང་། ག་ཚོད་ཀྱིས་དྲན་ཤེས་གསལ་པོ་མེད་ན་དེ་ཚོད་ཀྱིས་སྔོན་བྱས་རྣམས་བརྗེད་པར་འགྱུར་བ་མ་ཡིན་ནམ། ག་ཚོད་ཀྱིས་བྱ་ཉུང་དོན་ཉུང་དང་ལུས་སེམས་གཙང་མར་ཉར་ན་དེ་ཚོད་ཀྱིས་དྲན་ཤེས་གསལ་པོ་དང་སྔོན་བྱས་མང་པོ་དྲན་ཐུབ་པ་མ་ཡིན་ནམ། དེས་ན་འདི་དག་གིས་ཀྱང་རིགས་འདེད་ཅིག་བྱེད་ཐུབ་པར་སྙམ།
དྲན་ཤེས་གསལ་མི་གསལ་ལ་ནུབ་ཕྱོགས་ཀྱི་འུར་ཟིང་ཁྲོད་ན་བྱ་བ་མང་པོའི་ལས་ཁུར་གྱིས་བྲེལ་བ་ཞིག་དང་། བོད་ནང་གི་མི་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་ང་ལ་དོ་སྣང་བྱུང་། གྲོང་ཁྱེར་དུ་འཚར་བ་ཞིག་གི་བྱིས་པའི་སྐབས་ཀྱི་དྲན་པ་དང་བོད་ནང་དུ་འཚར་བ་ཞིག་གི་བྱིས་པའི་སྐབས་ཀྱི་དྲན་པ་གཉིས་ལ་ཁྱད་པར་འདུག མི་བདེན་ན་ ཁྱོད་ཚོས་རང་ངོས་ནས་འདྲི་རྟོག་ཅིག་བྱོས་དང་ཤེས།ཆུང་ཆུང་ལོ་ག་ཚོད་ཅིག་གི་བར་དྲན་གསོས་ཐུབ་ཀྱི་འདུག་ཕན་ཚུན་ཕྱོགས་གཉིས་ལ་ཅིག་དྲིས་དང་ཤེས་འོང་།
རེད་རེད། མགོན་ཕྱག་གི་བཤད་པ་དེ་དོན་ཐོག་ན་འགྲོ་གི་འདུག དེ་མིན་ད་ཚན་རིག་གི་ཐག་བཅད་ཡོད་མེད་དང་། ནུབ་ཕྱོགས་གི་ག་གེ་མོ་ཞིག་གི་གསུངས་ཡོད་མེད་བཙལ་ནས་སྡོད་པ་དེ་གཡམ་རྒྱུགས་རིང་ལུགས་པ་རེད་ཟེར་ན་འདོད། ཡང་ཨ་གསར་རིང་ལུགས་པ་ཡིན་ན་ཡང་ཐང་། མགོན་ཕྱག་གི་དཔྱད་པ་འདི་ངོ་ནས་དོན་ལ་གནས་པ་ཞིག་རེད་འདོད།
རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པའི་ལུང་དོན་ནི། རྣམ་ཤེས་མ་ཡིན་པའི་དངོས་པོ་ཞིག་རྣམ་ཤེས་སུ་འགྱུར་མི་ཐུབ་ཅེས་པའི་དོན་ཡིན་གྱི། རྣམ་ཤེས་གསར་སྐྱེས་མེད་ཅེས་པའི་དོན་ག་ལ་ཡིན། རྣམ་ཤེས་ཆོས་ཅན། ཁྱོད་སྔར་མེད་གསར་སྐྱེས་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། །ཁྱབ་པ་ཡོད་དེ་ཡིག་ཆའི་དགོངས་པ་ཡིན་པའི་ཕྱིར་ཟེར་ན་ཅི་ཟེར། བུམ་འཛིན་མིག་ཤེས་ཆོས་ཅན། ཁྱོད་སྔར་མེད་གསར་སྐྱེས་ཡིན་པར་ཐལ། ཁྱོད་བུམ་པ་མཐོང་བའི་རྗེས་སུ་སྐྱེས་པའི་ཕྱིར། དངོས་པོ་ཞིག་གསར་དུ་སྐྱེ་བ་དང་དངོས་པོ་ཞིག་མི་མཐུན་པའི་རྒྱུ་ལས་མི་སྐྱེ་བ་གཉིས་ནི་རྣམ་པ་ཀུན་ཏུ་ཐ་དད་ཡིན་པ་ལོས་ཤེས།
སྐྱེ་བ་སྔོན་མ་དྲན་མཁན་བརྒྱ་ཕྲག་མང་པོ་ཡིན། འདི་ལ་ལྟོས།http://www.youtube.com/watch?v=OarxB-dsK8U&feature=related
འདི་ལ་ཡང་http://www.youtube.com/watch?v=_EWwzFwUOxA&feature=related
http://www.youtube.com/watch?v=5965wcH2Kx0&feature=related
འདི་ན་ཡང་འདུགhttp://www.youtube.com/watch?v=cdmMEKPFDTY&feature=related
དྲན་པ་དང་ཀླད་རྩའི་བར་ལ་འབྲེལ་བ་ཆེན་པོ་ཡོད་པ་མྱོང་བས་གྲུབ། དེ་ཡང་སྙིང་པོ་བཤད་ན། ལུས་འདི་དང་ལུས་རྟེན་འདི་ཐོག་ལ་བྱུང་བའི་མྱོང་བ་རྣམས་འབྲེལ་བ་ཆེན་པོ་རེད། གཤག་བཅོས་ཆེན་པོ་བྱེད་སྐབས་དང་། བརྡབ་སྐྱོན་ཆེན་པོ་བྱུང་བ། སྨན་ཤུགས་ཆེན་པོ་དེ་འདྲ་རྒྱུན་མཐུད་དུ་ཟོས་ཚེ། ཚེ་སྟོད་ཀྱི་གནས་ཚུལ་ཡོངས་རྫོགས་སམ་ཆ་ཤས་གཏིང་བརྗེད་དུ་འགྲོ་བ་ཧ་ཅང་མང་། དེར་བརྟེན། དྲན་པ་ཞེས་པ་དེ་ལ་ཏན་ཏན་རིམ་པ་ཁ་ཤས་ཡོད་ས་རེད། དེ་ལ་ཡང་ལུས་ཚོར་དང་འབྲེལ་བའི་དྲན་པ་དང་སེམས་ཚོར་དང་འབྲེལ་བའི་དྲན་པ་སོགས་མང་ཙམ་ཡོད་པ་འདྲ། དེ་བཞིན་དྲན་པ་ཆེ་བས་ཆུང་བ་ཟིལ་གྱིས་གནོན་པ་ཞིག་ཀྱང་འདུག དཔེར་ན། ང་རང་རི་ལ་འཛེགས་པར་དགའ་བ་ཞིག་གི་ངོས་ནས་བཤད་ན། རི་མཐོན་པོར་འཛེགས་བཞིན་པའི་སྐབས་སུ། དཀའ་ཚེགས་ཧ་ཅང་ཆེན་པོ་རེད། འོན་ཀྱང་རི་རྩེར་སླེབས་པའི་དགའ་སྣང་དེས་རི་ལ་འཛེགས་པའི་དཀའ་ངལ་དེ་ཚོ་ཟིལ་གྱིས་གནོན་ཐུབ་ཀི་འདུག ངའི་རོགས་པ་ཁ་ཤས་ཀྱིས་རི་ལ་འཛེགས་བཞིན་པའི་སྐབས། རྗེས་མ་རི་ལ་འཛེགས་ཀི་མིན་ཞེས་བཤད་ཀི་རེད། ཟླ་བ་ཁ་ཤས་རྗེས་སུ་ཁོང་ཚོས་རིའི་སྒང་ལ་སྐྱིད་པོ་བྱུང་བ་དེ་མ་གཏོགས་དཀའ་ངལ་མྱངས་པ་དེ་ཚོ་བརྗེད་ནས་ཡང་བསྐྱར་འཛེགས་ཀི་རེད། རི་ལ་འཛེགས་པའི་དཀའ་ཚེགས་དེ་གཙོ་བོ་ལུས་ཀྱི་ཚོར་བ་དང་འབྲེལ་ཆེ་བ་འདུག རི་ལ་འཛེགས་པའི་སྤྲོ་སྣང་དང་མཐོང་རྒྱ་ཡངས་པོ། སྐྱིད་པོར་ཚོར་བ་དེ་ཚོ་སེམས་དང་འབྲེལ་ཆེ་བ་རེད། དེར་བརྟེན། སེམས་ལ་བཞག་པའི་བག་ཆགས་དེ་ཚོ་ཟབ་པ་དང་ཟིལ་ཆེ་བ་ཡོང་གི་ཡོད་པ་གསལ་པོ་རེད་འདུག
ངེད་ཚོའི་དྲན་པའི་ཁོངས་སུའང་། ལུས་དང་འབྲེལ་ཆེ་བའི་རིམ་པ་ཞིག་དང་སེམས་ཀྱི་བག་ཆགས་དང་འབྲེལ་ཆེ་བའི་རིམ་པ་གཅིག་བཅས་ཏན་ཏན་གཉིས་ཡོད་རེད། ཉམས་ལེན་པ་རྟོག་པ་མཐོན་པོར་སོན་པ་དེ་ཚོར་སེམས་ཚོར་དང་འབྲེལ་བའི་བག་ཆགས་ཟབ་མོ་དང་བརྟན་པོ་ཡིན་ཙང་ཁོང་ཚོས་སྐྱེ་བ་དྲན་པ་འདྲ། དེ་མིན་དེང་སྐབས་སྐྱེ་བ་དྲན་མཁན་ཕལ་ཆེ་བ་སྐྱེ་བ་སྔ་མར་བརྩེ་དུང་སོགས་སེམས་ལ་དཀའ་ངལ་དང་བག་ཆགས་ཆེན་པོ་བྱུང་བ་ཡིན་འདུག་པས། དེས་ཀྱང་གནད་འགག་ཅིག་མཚོན་གྱི་འདུག རང་ཅག་མང་ཆེ་བའི་མྱོང་བ་ནི་ལུས་ཚོར་དང་འབྲེལ་བ་ཆེ་བ་སོང་ཙང་ལུས་རྟེན་བརྗེ་བའི་སྐབས་སུ་སྔོན་གྱི་དྲན་པ་བརྗེད་ཀི་མེད་དམ་སྙམ།
འདྲེ་རིག་ལྡན་གྱིས་ཚན་རིག་ལ་རྒྱུས་ཡོད་མདོག་གིས་གཅིག་བཤད་འདུག ཚན་རིག་གི་ཐོག་ནས་ད་ཕན་སྐྱེ་བ་སྐྱེ་ཕྱི་འདུག་ཅེས་ཐག་བཅད་པ་མེད་ལ་མི་འདུག་ཅེས་ཐག་བཅད་པའང་མེད།
བཅོས། འདྲེ་རིག་ལྡན་གྱིས་ཚན་ རིག་ལ་རྒྱུས་ཡོད་མདོག་གིས་གཅིག་བཤད་འདུག ཚན་རིག་གི་ཐོག་ནས་ད་ཕན་སྐྱེ་བ་སྔ་ཕྱི་འདུག་ཅེས་ཐག་བཅད་པ་མེད་ལ་མི་འདུག་ ཅེས་ཐག་བཅད་པའང་མེད།
འདྲེ་རིག་གིས་མི་ཤེས་མདོག་མ་བཤད། ངས་དྲ་ཐོག་ནས་རྩོད་པ་མི་བྱེད་པའི་བཅའ་བཞག་ཡོད། ཁྱེད་ཅག་ལ་སྐྱེ་བ་སྔ་ཕྱིའི་སྐོར་ཉམས་ཞིབ་བྱེད་འདོད་ཡོད་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་༼སྐྱེ་བ་སྔ་ཕྱིའི་རྣམ་གཞ་ག་སྲིད་པ་གསལ་བའི་མེི་ལོང་༽དུ་གཟིགས་དང་བློ་རྐྱེད་ཡོང་ངེས་ཡིན།
དངོས་པོ་ཡིན་ན་རིགས་རྒྱུན་ནམ་རང་གི་ངོ་བོ་གསར་སྐྱེས་སུ་་གྲུབ་པའི་ཁྱབ་ཀྱང་། རྫས་རྒྱུན་རྙིང་སྐྱེས་ཡོད་པའི་ཁྱབ་ཟེར་ན་རིགས་པའི་གནོད་པ་ཡོད་དམ།
dd
ཁང་གསར་རྒད་པོས་ང་ལ་ཚིག་གིས་རྒྱག་འདོད་ཀྱིས་་་་་ འདྲེ་རིག་ལྡན་གྱིས་ཚན་ རིག་ལ་རྒྱུས་ཡོད་མདོག་གིས་གཅིག་བཤད་འདུག ་་་ ཟེར་བ་དང་། ཡང་་་་ཚན་རིག་གི་ཐོག་ནས་ད་ཕན་སྐྱེ་བ་སྔ་ཕྱི་འདུག་ཅེས་ཐག་བཅད་པ་མེད་པའང་མེད་་་་་་་་ཟེར། ཁོས་བཤད་སྟངས་དེར་བལྟས་ནས་ཚན་རིག་ཟེར་བ་དེ་ཁོ་ཚང་གི་གཉེན་ཚན་ཅིག་ལོས་ཡིན་འདོད།
ད་དུང་་་་ སྐད་ཆ་དེར་བལྟས་ནས་་་་ ཁྱེད་རང་གིས་བོད་ཡིག་ཡག་པོ་ཞིག་གོ་གིན་ཡོད་ས་མ་རེད། ངས་གོང་དུ་་་་ ཚན་རིག་གིས་ཡོད་མེད་ཐག་གིས་བཅད་པ་ངས་མཐོང་མ་སོང་ཟེར་ཡོད།
འཇམ་དཔལ་རྣོན་པོས་བཤད་པ་དེ་ངས་ཏག་ཏག་ཅིག་གོ་མ་སོང་། གང་ལྟར། སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཟེར་བ་དེ་ཚོ། རྣམ་རྟོག་གི་གྲིབ་ནག་ལ་དད་པའི་དང་ཚོན་རྩི་བྱུག་པ་ཙམ་ལས། གཅིག་གཅིག་གཉིས་གཉིས་བཅས་ནས་འགྲེལ་ཡོད་པ་ཞིག་ཡིན་རྒྱུ་རེད་འདོད་ཀྱིན་མེད། ངས་དེ་སྔོན་རེ་བ་ཆེན་པོས་རེ་ཟུང་ལ་བལྟས་པ་ཡིན།
ཚན་རིག་དུས་དེབ། ཚན་རིག་ཚགས་པར་ཟེར་བ་དེ་ཚོའི་ནང་ལ་འདི་ཚོའི་་སྐོར་ལ་བཤད་ཐུབ་ཡོད་ཀི་མ་རེད་དེ། ཆོས་དབྱངས་དུས་དེབ་དང་བསོད་རྒྱལ་རིན་པོ་ཆེའི་ཤི་དགའ་གསོན་དགའི་དེབ་ན་འདི་ཚོའི་སྐོར་འགའ་རབ་གསལ་ཡོད་དྲན།
ད་དུང་ལོ་ཤས་སྔོན་ Reincarnation ཞེས་པའི་དབྱིན་དེབ་ཅིག་བཀླགས་པ་ཡིན། དེའི་ནང་ལའང་སྐྱེ་བ་དྲན་ཚུལ་དང་དྲན་མཁན་གྱི་མི་སྣ་མང་པོའི་ལོ་རྒྱུས་འདྲ་པར་དང་བཅས་བཀོད་འདུག
བོད་ཀྱི་སྤྲུལ་སྐུ་ཚོར་མཚོན་ན། སྔོན་སྟོན་པ་ཐུབ་པའི་མདུན་ནས་འཕགས་ཅིག་ཅིག་གི་སྐྱེ་བ་ཡིན་ཚུལ་དང་། གྲུབ་ཆེན་བརྒྱ་ཅུའི་ནང་གི་ཅིག་ཡིན་ཚུལ་དང་། བོད་དུ་སློབ་དཔོན་ཆེན་པོའི་མདུན་ནས་ཡང་གྲུབ་ཆེན་རེ་ཡིན་ཚུལ་སོགས་མདོར་ན་སྔོན་གྱི་སྐྱེས་བུ་དེ་ཚོ་ད་ལྟ་བོད་ནས་ཁྲུངས་ཡོད་ལ། རྒྱ་ཡུལ་སོགས་ན་འགྲོ་དོན་དུ་བྱོན་བཞིན་པ་དེ་ཚོར་དྲི་བ་དག་འདྲི་རིགས་སོ། །
གཞན་ཡང་རྫོགས་ཆེན་ནས་ཚངས་ཆེན་གྱི་སྐལ་བ་རེ་ལ་སེམས་ཅན་གྱི་ཐོག་མཐའ་ཡོད་ཚུལ་དང་། སྤྱིར་ཐོག་མཐའ་མེད་ཚུལ་སྐོར་གསུངས་པ་ཡིན་ནམ།
གཤམ་གསལ་གྱི་དྲྭ་ཐག་དེ་གཉིས་ལ་གཅིག་གཟིགས་དང་། ང་ཚོས་གླེང་བཞིན་པ་དེ་ཚོ་དང་འབྲེལ་བ་འདུག
http://en.wikipedia.org/wiki/Repressed_memory
http://en.wikipedia.org/wiki/Past_life_regression
ང་ཚོས་འདྲི་བཞིན་པའི་དྲི་བ་དེ་དྲིས་འདུག དེ་ལ་ལན་རིང་པོ་ཞིག་བཏབ་འདུག གཟིགས་དང་།
How is it possible to remember Past Lives? A Reply to the Sceptics
http://www.rogerwoolger.com/pages/septics.html
ཁྱེད་རང་མ་ཡི་མངལ་ལས་རྩེས་ནས་ལོ་གཅིག་གི་དུས་ཀྱི་གནས་ཚུལ་ད་ལྟའི་དུས་སུ་མི་དྲན་པའི་རྒྱུ་མཚན་
ཤོད་དང་དེ་ནས་ངས་སྐྱེ་བ་སྔ་མ་མི་དྲན་པའི་གནས་ལུགས་བཤད་ཆོག། ཧ་ཧ་ཧ་ཧ་གད་མོ་ཤོར་ཡ་རང་རེད་།
ཁང་སར་རྡོ་རྗེ་ལགས་ནས་རང་ཉིད་ཀྱི་ཉམས་མྱོང་དང་སྡུར་ནས་ལུས་ཚོར་དང་སེམས་ཚོར་སོགས་ཀྱིས་ཞིབ་ཆ་ཞིག་དཔྱད་གཞིར་གནང་བ་ཐུགས་རྗེ་ཆེ།
དེ་མིན་དངོས་པོ་ཡིན་ན་རང་གི་ངོ་བོ་གསར་སྐྱེས་དང་རང་གི་རྫས་རྒྱུན་རྙིང་པ་སྐྱེས་ཡོད་པའི་ཁྱབ་མ་ཁྱབ་སོགས་ལ་བརྩད་ན་རིགས་པ་དང་ག་ལ་འགལ།
འདས་པའི་མི་ཡོད་པར་ཐལ་མི་འདས་པ་ཡོད་པའི་ཕྱིར་ན་མ་ཁྱབ་གསུངས་པ་སོགས་ལ་དགོངས་པ་ཡིན་ན་ཡང་ཁས་བླང་ཐམས་ཅད་འཇིག་པར་འགྱུར།
དེ་ཚེ་་་་་་ཞེས་པའི་མཐའ་སྐྱེལ་ན་ལོས་ཆོག
སྐྱེ་བ་སྔ་ཕྱིའི་སྐོར་བསྟན་པའི་ནང་ཆོས་ཀྱི་གཞུང་ལུགས་དེ་ཚོ་ཁ་ཟིན་སྣ་ཟིན་རེ་བལྟས་ཡོད་ཀྱང་དེ་ནི་ཚན་རིག་གི་དྲི་བ་དང་ཐུག་ན་ཆུ་ཚགས་བཞིན་ཡིད་བརྟན་འཕེར་བ་ཞིག་མི་འདུག དེ་ལས་མིའི་ཉོན་མོངས་དང་དེའི་དབྱེ་བ། ཡོང་སྟངས། དེའི་གཉེན་པོ་བསྟེན་ཚུལ་དེ་ཚོ་ངོ་མ་ངོ་མཚར་བ་དང་ཞིབ་ཚགས་པོ་འདུག
སྐྱེ་བ་སྔ་ཕྱིའི་སྐོར་ངོས་ཟིན་པ་རེད་ཟེར་བ་མང་པོ་ཞིག་ཡོང་གི་འདུག དེའི་སྐོར་མང་པོ་ཞིག་ཀློག་པ་ཡིན། མཐར་དེད་ན། དེ་སྐྱེ་བ་སྔ་མའི་དོན་དང་འབྲེལ་བ་ཞིག་ཡིན་མིན་བཤད་ཁག་པོ་རེད། མ་རེད་ཟེར་ཡང་བཤད་མི་ཐུབ།
༡ ཡེ་ཤི་མ་ཤི་ཀའི་ཆོས་པ་ཚོས། མི་ཤི་ནའང་བླ་སྲོག་མི་འཇིག་པར་བཤད། ང་ཚོ་ལྟར་ན། སྐྱེ་བ་སྔ་ཕྱི་དྲན་པ་དེ་འདྲ་ཁོ་ཚོའི་སྤྱི་ཚོགས་ནང་མང་པོ་བྱུང་འདུག ཁོ་ཚོས་མི་གྲོངས་མཁན་དེའི་བླ་སྲོག་ད་ལྟའི་མི་དེའི་ཁོག་ལ་ཞུགས་པ་རེད་ཟེར། སྔོན་མའི་གནས་ཚུལ་དྲན་ནའང་སྐབས་རེར་མ་གཏོགས་དྲན་གྱི་མེད་པ་ལྟར་རེད།
༢ དེ་ནས་འཇིག་རྟེན་འདིར་མི་མ་ཡིན་པ་ཡོད་པར་ཡིད་ཆེས་མཁན་ཞིག་ཡིན་ན། མི་དེའི་ཁོག་ལ་མི་མ་ཡིན་པ་དེ་འདྲ་ཞུགས་པ་རེད་ཟེར་ནས་འགྲེལ་བཤད་རྒྱག་ཏུ་ཡོད་པ་རེད།
༣ བྱིས་པ་ཆུང་ཆུང་ནས། མི་ཆེན་པོ་ཚོའི་ལབ་གླེང་ཁ་བརྡའི་ཤུགས་རྐྱེན་ལ་བརྟེན་ནས་སྒྲུང་རྟོགས་བཟོ་བྱེད་ཐུབ་ཀྱི་ཡོད་པ་རེད། འདི་བླ་མ་ཅིག་ཅིག་གི་སྤྲུལ་སྐུ་མིན་འགྲོ་ཟེར་བ་ལྟ་བུའི་ཁ་བརྡ་བྱེད་སྐབས། མི་ཆེན་པོ་ཚོ་ལྐུགས་པ་ཡིན་ཙང་བྱིས་པ་ཞིག་གི་གོ་ཚོར་གྱི་སྐོར་དེ་འདྲ་དོ་སྣང་བྱེད་ཀྱི་མེད་ནའང་། བྱིས་པ་ཚོ་སྤྱང་པོ་ཡིན་ཙང་དེ་ཚང་མ་ཤེས་ཀྱི་ཡོད་པ་མ་ཟད་དེ་ལས་འཕྲོས་ཏེ། ང་བླ་མ་ཅིག་ཅིག་ཡིན་ཟེར་ནས་བཤད་ཤེས་ཀྱི་ཡོད་པ་མ་ཟད་སྒྲུང་གསར་པ་བཟོ་བའི་ནུས་པའང་ཁོ་ཚོར་ཚང་ཡོད་པ་རེད།
འདི་དག་ནི་ལྡོག་ཕྱོགས་ནས་བསམ་བློ་གཏོང་བའི་ཆེད་ཡིན་མ་གཏོགས་སྐྱེ་བ་སྔ་ཕྱི་ཡོད་པ་མ་རེད་ཟེར་མི་ཐུབ་ལ་ཡོད་པ་རེད་ཀྱང་ཟེར་མི་ཐུབ།
སྐད་ཆ་འདི་དག་ལ་ཁོང་ཁྲོ་ཟ་ན་མི་དགེ་བའི་ལས་ཡིན་ཤས་ཆེ་བས་བཟོད་པ་སྒོམས། ཤི་ན་དམྱལ་བར་སྐྱེ་བའི་རྒྱུ་མ་གསོགས།
ངའི་བསར་པར།
ད་ཐེངས་གི་སྐྱེ་བ་འདིའི་རྣམ་ཤེས་ཉིད་སྐྱེ་བ་སྔོན་མའི་རྣམ་ཤེས་ཀྱི་རྒྱུན་།ཞིག་ཡིན་ན། ཆུང་ཙག་རིགས་གཡུག་ཤོག མ་མཐའ་ཡང་སྐྱེ་བ་སྔོན་མའི་སྐྱེས་ཡུལ་དང་ཕ་མ་སོགས་བརྗེད་མི་སྲིད་པ་རེད།
དེ་ཕྱིར། སྐྱེ་བ་སྔ་ཕྱི་ཟེར་བ་འདི་ཡིད་ཆེས་ཁག་ཙམ་གདའ།
ང་ལ་སྐྱེ་བ་སྔ་ཕྱི་ཡོད་མེ་ལ་ཐེ་ཚོམས་སྤུ་ཙམ་མེད། ཡོད་པ་ལ་ཡིད་ཆེས་ཐག་བཅད་ཐུབ་ཀྱང་། དྲན་མི་དྲན་སྐོར་རང་གི་ཚེ་འདིའི་ཉམས་མྱོང་ཅིག་ལབ་འདོད་བྱུང་། ང་ཆུང་ཆུང་སྐབས་རང་ལོ་བརྒྱད་དགུ་ནས་བཅུ་གཉིས་བཅུ་གསུམ་བར་ཕ་མ་དྲིན་ཅན་མཉམ་དུ་བལ་ཡུལ་སྙེ་ཤང་ལ་སྡོད་དུས། ངས་སྙེ་ཤང་ཡུལ་སྐད་དེ་ཡུལ་པའི་ཕྲུ་གུ་ཚོ་དང་མཉམ་དུ་ཆུ་རྒྱུགས་རྒྱུགས་ཤོད་ཤེས་ཀྱང་། ད་ཆ་ཚིག་ཁ་ཤས་ལས་དྲན་བགྱིད་མི་འདུག འོན་ཀྱང་དེའི་སྐབས་ལ་ཕྱི་རྒྱལ་ཡུལ་ཁག་ལ་ཡོད་པའི་ས་འོག་རི་ལི་ལྟ་བུ་ཞིག་གིས་འདེད་གཏོང་བྱས་པའི་རྨི་ལམ་འཇིགས་སྐྲག་ཅན་ཞིག་ཚར་འགའ་བཏང་ད་ལྟ་ཡང་མཐོང་བགྱིད་འདུག དེས་ག་རེ་མཚོན་ནམ་ཞེ་ན་འདས་པའམ་སྐྱེ་བ་སྔ་མའི་མྱོང་བ་འཚོར་ཤུགས་ཆེ་བའི་ལེགས་ཉེས་དང་སྦྲགས་ནས་སྐྱེ་བ་སྔ་ཕྱི་དྲན་བགྱིད་ཡོད་པ་འདྲ། འདས་པའི་ལོ་རྒྱུས་ཚང་མ་དྲན་ཐུབ་དགོས་ན། མི་ཚང་མ་མ་བསྒོམས་པའི་སངས་རྒྱས་སུ་ཐལ་བའི་སྐྱོན་མི་འདུག་གམ།
དྲ་གྲོགས་དག་གིས་ཐུགས་སྣང་དང་། བསམ་འཆར་མང་བོ་ཞིག་གནང་འདུག་པར་སེམས་དགའ་ནས་ཡོད། ཡིན་ནའང་། ད་དུང་བཤད་པ་གནད་ཐོག་ཏུ་འབབ་ཐུབ་མ་སོང་། ངས་འདི་འདྲ་ཞིག་གི་ཐོག་བསམ་བློ་གཏོང་གི་ཡོད། ལུས་སེམས་རགས་པའི་བར་ཆོས་ཉིད་ཀྱི་འབྲེལ་བ་ཕལ་ཆེར་མེད་ཀི རྣམ་ཤེས་གློ་བུར་བ་ཞིག་གིས་ལུས་གློ་བུར་བ་ཞིག་སྟིས་དབང་གིས་བླངས། ལུས་སེམས་མཉམ་འཛོམས་ཀྱི་ཆགས་འཇིགས་ཁྲོད། བགས་ཆགས་མང་བོ་ཉམས་དམོད་པའམ། ཡང་ན། གཏན་དུ་བརླགས་སོང་བ་ཞིག་ཨེ་ཡིན་བསམ་གི དཔེར་ན། ཚེ་འདིའི་ཉམས་མྱོང་གིས་བསགས་པའི་བག་ཆགས་དང་། སེམས་སེམས་བྱུང་གི་རིམ་པ་མང་བོ་ཞིག གཟུགས་པོའི་འཕྲོད་བསྟེན་དང་། ལོ་ནས་འཕོ་འགྱུར་སོགས་ལས་ཉམས་འགྲོ་གི་ཡོད་པ། གོང་དུ་དྲ་གྲོགས་འགའི་གསུང་བ་ལྟར་རེད། ལྷག་པར་འཆི་སེམས་ཕྲ་མོའི་གནས་སྐབས་ན། ལུགས་ལྡོག་གི་རྟེན་འབྲེལ་དང་། སྣང་མཆེད་ཐོབ་པའི་སྣང་བ་ཤར་སྟོབས་ཀྱིས། ཚེ་འདིའི་སེམས་ཀྱི་སྲིད་པ་ཕལ་ཆེར་ཞིག་བཤིགས་འཇོག་གི་ཡོད་པ་རེད། འདི་ཕལ་ཆེར་ང་ཚོས་རྩིས་འཁོར་ཞིག་ལ་དུག་ཅན་སྐྱེ་ལྡན་ཕྲ་རབ་ཀྱི་ནད་ཕོག་རྗེས་ཡིག་ཆ་མང་བོ་བོར་བརླག་ཏུ་སོང་བ་དང་ཆ་འདྲ་བར་སྙམ། དེ་ནས་ཚེ་འདིའི་རྣམ་ཤེས་སྙིང་དབུས་ནས་བརྒྱལ་ཅུང་ཙམ་སངས་པ་དང་ཆབས་ཅིག ལུགས་འབྱུང་གི་རྟེན་འབྲེལ་གསར་བ་ཞིག་གི་མགོ་ཚུགས་ཤིང་། དེའི་སྐབས་ཀྱི་སེམས་དེ་གཟུགས་བརྙན་འཆར་མ་མྱོང་བའི་མེ་ལོང་དངས་མ་ཞིག་གམ། མྱུག་རྩེས་རེག་མ་མྱོང་བའི་ཤོག་ངོས་དཀར་གཙང་ཞིག་དང་ཀུན་ཏུ་མཚུངས་བར་སེམས་ཤིང་། ཡང་བསྐྱར་གཞི་ནས་འཇིག་རྟེན་སྲིད་པའི་ཀུན་སྤྱོད་ཀྱི་ཐང་ག་ཡིད་དུ་འོང་མི་འོང་སྣ་ཚོགས་ཤིག་བཞེངས་དགོས་པ་ཨེ་ཡིན་སྙམ་ནས་དཀའ་སྣང་ཞིག་ཀྱང་ཤར་གྱི་འདུག དྲ་གྲོགས་ཚོས་ད་དུང་འདི་སྐོར་ནས་བགྲོ་གླེང་མུ་མཐུན་ཞུས་ན་རང་གཞན་གཉིས་གར་ཕན་ཐོགས་ཡོང་བར་སྙམ། ཐུགས་རྗེ་ཆེ།།།
ནོར་བཅོས་ལོ་ནའི་འཕོ་འགྱུར། སྟེས་དབང་། ཆགས་འཇིག་ཁྲོད།
ཁང་རྒན་གྱིས་་་་ ངའི་མི་ཤེས་པ་གང་ཡང་མེད་བསམ་གི་ཡོད་ས་རེད་དེ། ནུབ་ཕྱོགས་གཡོག་ལས་ཀྱི་ཁྲོད་ནས་ཁྱེད་རང་ནང་ཆོས་དང་ཚན་རིག་གཉིས་ཀར་མཁས་པར་གྱུར་ཡོད་ན་དེ་ཡང་ཡག་པོ་རེད། འོན་ཀྱང་། བཤད་དགོས་པ་ཞིག་ལ། ཁྱེད་རང་གི་སྐད་ཆ་དེ་ཚོར་དད་ཞེན་ལས་གནས་ལུགས་མི་འདུག ཚན་རིག་གི་རྩ་འཛིན་རུང་བའི་དཔང་རྟགས་གང་ཡང་མི་འདུག
མགོན་ཕྱག་ལགས། སྐྱེ་བ་སྔ་ཕྱིའི་གནས་ཚུལ་འདི་ཚོའི་ཐོག ཚན་རིག་གིས་བདེན་དཔང་གསལ་བོ་ཞིག་བྱ་ཐུབ་རྒྱུ་མ་རེད། དེང་སང་ཀླད་རྩའི་ཚན་རིག་པ་ཚོས་ཀྱང་། ཀླད་རྩ་ཆེ་ཆུང་གི་འགུལ་བསྐྱོད་ལ་བརྟེན་ནས་སེམས་ཀྱི་སྣང་རིས་ཐོག་ཚོད་སྒམ་བྱེད་བཞིན་ཡོད་པ་རེད། ཡང་ཅིག་བཤད་ན། ཚན་རིག་ཅེས་པ་ཕྱིའི་འཇིག་རྟེན་ལ་བརྟག་ཐབས་ཀྱི་ཡོ་སྤྱད་སྣ་ཚོགས་བརྒྱུན་ནས་ཞིབ་འཇུག་བྱེད་སྟངས་ཤིག་མ་རེད་དམ། ཐབས་ལམ་འདིས་ང་ཚོ་རང་ཉིད་ཀྱི་སྣང་ངོ་ལས་འདས་པའི་རིགས། དཔེར་ན། སེམས་ཀྱི་གནས་ལུགས། འཇིག་རྟེན་གྱི་གྲུབ་རྒྱུའི་རྡུལ་ཕྲ་རབ། ཕྲ་བའི་མི་རྟག་པ། ལས་འབྲས་ཀྱི་རང་བཞིན་སོགས་ལ་བདེན་དཔང་ཐུབ་པའི་ཚད་དུ་སླེབས་ཡོད་པ་མ་རེད་སྙམ། དེ་བས་སྐྱེ་བ་སྔ་ཕྱི་འདི་ལ། ཚན་རིག་གི་བདེན་དཔང་ཡོངས་གྲགས་ཤིག་ཡོང་དཀའ་མོར་གདའ། འདིའི་སྐོར་བསམ་བློ་གཏོང་འདོད་ན། སྲོལ་རྒྱུན་ཆོས་ལུགས་ལྟར་གྱི་འགྲེལ་བཤད་རིགས་དང་། ལྷག་པར་མདོ་སྐོར་གྱི་སེམས་སེམས་བྱུང་གི་རྣམ་བཞག རང་བཞིན་གནས་རིག ཁམས་བདེ་བར་གཤེགས་པའི་སྙིང་བོ་སོགས་དང་། སྔགས་ལུགས་ཀྱི་གཞིའི་སེམས་ཉིད། གཉུག་སེམས། རླུང་སེམས་ཕྲ་རགས། རྫོགས་ཆེན་ལུགས་ཀྱི་གཉུག་མ་ཀ་དག་གི་ཡེ་ཤེས། སེམས་དང་རིག་པའི་ཁྱད་པར་འབྱེད་ཚུལ། གདོད་མའི་སྟོང་ཆེན་གྱི་དབྱིངས། སེམས་འཁོར་བ་དང་། སེམས་ཉིད་མྱང་འདས་སུ་སྒྲུབ་ཚུལ་སོགས་ལ་ཐུགས་སྦྱོང་རེ་གནང་ཐུབ་ན། གོ་རྒྱུ་ཞིག་ཡོང་གི་རེད། དེ་མིན་ང་ཚོ་རང་ཉིད་ཀྱིས་ཉམས་ལེན་ཅུང་ཟད་ཅིག་མ་བྱས་ན། འདི་ཚོའི་སྐོར་ཚན་རིག་རྐྱང་བ་ཞིག་གི་བདེན་དཔང་བཙལ་ན། སྙེད་པའི་དུས་ཤིག་ཡོད་ནི་མ་རེད།
ནོར་བཅོས། རྙེད་པའི་དུས་ཤིག
སྐུ་ཞབས་འདྲེ་རིག་ལྡན་དང་། ཁང་སར་རྡོ་རྗེ་ཟུང་ལ། ལྷན་རྒྱས་རྣམ་གཉིས་ལ་ཁོམ་ལོངས་འདྲ་ཡོད་ན། གཤམ་གྱི་དཔེ་དེབ་འདི་ཚོར་ཅིག་གཟིགས་དང་། གནས་ཚུལ་མང་བོ་ཞི་གསལ་ཡོང་གི་འདུག
Author: R.A. Moody Title: Life After Life
Sir John Ecdes Mind time: the temporal factor in consciousness
Dr. Roger Sperry Mind behind the Brain
Dr. LAN Stevenson Twenty cases suggestive of reincarnation
Dr. Brian L. Weiss Same Soul, Many Bodies
Many Lives, Many Masters
སྐྱེ་བ་སྔ་མ་ཡོད་མེད་དང་སྐྱེ་བ་སྔ་མ་མི་དྲན་པའི་རྒྱུ་མཚན་གང་ཡིན་སོགས་འདྲི་ས་མང་པོ་ཞིག་ང་ཚོའི་མདུན་དུ་སྤུངས་ཡོད།
དེ་ཚོར་ང་ཚོས་འདྲི་དགོས་པ་རེད། དཔེར་ན། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་སྐུ་སྤྲུལ་གསུང་སྤྲུལ་ཐུགས་སྤྲུལ་ཡོན་ཏན་གྱི་སྤྲུལ་པ་སོགས་ཤིན་ཏུ་མང།
དེ་ཚོར་བཀའ་འདྲི་ཞུ་དགོས་ཁོང་ཚོར་བཤད་རྒྱུ་མེད་ན་ང་ཚོ་སྐྱེ་བོ་ཕལ་པ་དང་ཁྱད་པར་དེ་ནས་ཤེས་ཐུབ།
ངས་གོ་ཐོས་ལ་སྤྲུལ་སྐུ་དེ་ཚོས་ཐོག་མར་སྤྲུལ་སྐུ་ངོས་འཛིན་བྱེད་སྐབས་སྐུ་སྐྱེ་གོང་མ་དེ་ཡི་རྒྱུ་ནོར་ལོངས་སྤྱོད་ལས་དེ་མིན་ཀ་ངོ་ར་ངོ་ཙམ་ཡང་ཤེས་ཀྱི་མི་འདུག་ཟེར། དེ་ཚོ་བདེན་པ་ཡིན་ནམ། དེ་ལྟར་བདེན་ན་རྒྱུ་ནོར་ལོངས་སྤྱོད་ལ་བསམ་བཞིན་དུ་ཆགས་ནས་ཕེབས་པ་རང་རེད།
ང་ཚོས་ལུང་འདྲེན་རྫིག་པོ་རེ་ཁྱེར་ནས་དྲྭ་ཐོག་ཏུ་བྲིས་ན་གཞན་ལ་ངེས་ཤེས་འདྲོངས་པ་ཞིག་པ་ནམ་ཡང་མི་སྲིད།
ངས་ནང་པའི་ཆོས་གཞུང་ནས་ཕྱི་རོལ་པ་ལ་དགག་བཞག་སྤོང་གསུམ་བྱེད་ཚུལ་སོགས་ལ་ཅུང་ཙམ་ཞིག་བལྟ་སྐབས་ཐོག་མར་དེ་དག་ལོས་བདེན་བསམ་ཞིག་བྱུང་རྗེས་སུ་ཕྱི་རོལ་པའི་ལྟ་གྲུབ་སོགས་ལ་དོ་སྣང་ཅུང་ཙམ་བྱེད་དུས་ནང་པས་ཁྲོམ་པའི་སྦལ་པ་ནང་བཞིན་གྱི་ལྟ་བ་ཁྱེར་ཏེ་དགག་བཞག་བྱས་པ་དང།
ཕ་རོལ་འདོད་པའི་ནམ་ལང་པར་དགག་པའི་ཉི་མ་ཤར་བར་རེ་བའི་གཏམ་ཁོ་ན་རུ་མཐོང་བྱུང།
དེ་ཡིན་དུས་ལུང་འདྲེན་ཕྱི་སིག་མི་སིག་ཞིག་ནས་ཁྱེར་ཏེ་གཞན་ལ་ངོ་སྤྲོད་བྱེད་རྒྱུ་ནི་བླུན་རྟགས་རང་རེད།
རྨོང་དད་པ་དེ་ཚོར་ཕན་ཐོགས་ཡོང་ངེས་ཆེ།
ང་ཡི་གློག་ཀླད་ཟ་རོ་དེ་ལས་ཀ་ཡག་པོ་ཞིག་བྱེད་ཀྱི་མེད་པར་བརྟེན་ཡིག་ནོར་མང་པོ་ཞིག་ཐལ་འདུག་པས་དགོང་དག་ཞུ་རྒྱུ་ཡིན།
ཕ་རོལ་འདོད་པའི་ནམ་མ་ལང་པར།་
དགག་པའི་ཉི་མ་ཅི་ལ་ཤར་ཞེས་པར་བཅོས་རོགས།
རྔ་བ་རྒྱལ་ཁམས་པས་༼ སྐྱེ་བ་སྔ་ཕྱིའི་གནས་ཚུལ་འདི་ཚོའི་ཐོག ཚན་རིག་གིས་བདེན་དཔང་གསལ་བོ་ཞིག་བྱ་ཐུབ་རྒྱུ་མ་རེད།༽ཅེས་གསུངས་པ་བདེན། ཤེས་བྱའི་གནད་འགའ་ཞིག་ལ་ཚན་རིག་འདི་ཧ་ཅང་ཞིབ་ཆ་ཐོན་ཅིང་ཚད་མར་འཛིན་དགོས་པ་ཞིག་ཡིན་ཡང་། འགའ་ཞིག་ལ་བསམ་མེད་ཀྱི་བྱིས་པ་ལྟ་བུ་རེད། དཔེར་ན། རང་རེས་ཡོངས་གྲགས་སུ། རྩོམ་པ་བཟང་ངན་དང་། སྙན་ངག་ལེགས་ཉེས་དེ་ཚོ་མྱངས་པས་ཚོར་ཐུབ་པ་ཞིག་ཡིན་ཡང་། ཚན་རིག་གི་ལམ་ནས་འདི་སྙན་ངག་ཚད་ལྡན་རེད། འདི་ཚད་ལྡན་མ་རེད་ཅེས་ཐག་གཅོད་ཐུབ་ཀི་མེད།
དེ་ནས། ནད་པ་འགའ་ཤས་སྨན་བཅོས་ཇི་ལྟར་བྱས་ཀྱང་མ་དྲག་པར་ཚེ་ལས་འདས་པ་ལྟ་བུ་བྱུང་སྟེ། སྨན་པས་ཀྱང་ཤི་ཟིན་པར་ཐག་བཅད་རྗེས་སླར་གསོན་པ་དེ་ཚོས། བར་དོའི་མྱོང་ཚོར་འདྲ་བོ་བཤད་པ་དེ་འདྲ་འདུག དེ་ཚོ་གནད་འགག་ཅིག་ཡིན་ས་རེད།
དེ་མིན་མངོན་སུམ་གྱི་ཡུལ་དུ་གྱུར་པ་ཞིག་ནི། རང་རེའི་ཉམས་ལེན་པ་འགའ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་ཐུགས་དམ་ལ་བཞུགས་པ་དེ་རེད།
ང་རང་ཆུང་དུས་དམར་ཤོག་གི་འོག་ཏུ་འཚར་ལོངས་བྱུང་སྟབས། ཐོག་མར་དེ་ཚོར་ཡིད་ཆེས་གཏན་ནས་མེད་པ་ཞིག་ཡིན། རྒྱ་ནག་ཏུ་ཡོད་སྐབས་ནང་བསྟན་སློབ་གླིང་གི་དགེ་རྒན་ཞིག་གཤེགས་སྐབས་ཐུགས་དམ་ལ་བཞུགས་པ་དངོས་སུ་མཇལ་བར་ཐེ་ཚོམ་སྐྱེས། ཁོང་ཐུགས་དམ་ལ་བཞུགས་པ་ཙམ་དུ་མ་ཟད། ཐུགས་དམ་དུ་བཞུགས་རིང་ཉེ་ཁོར་དུ་དེ་སྔོན་ངས་གཏན་ནས་སྣོམ་མྱོང་མེད་པའི་དྲི་བཟང་པོ་ཁྱད་པར་བ་ཞིག་གིས་ཁྱབ་འདུག དེ་ནས་བཟུང་གནད་དོན་འདི་ཚོར་བསམ་བློ་གཏོང་དགོས་ཤར་གྱི་འདུག ངས་ཞིབ་འཇུག་བྱེད་སྐབས། ནང་པའི་གཞུང་ནས་གསུངས་པའི། འཆི་བ་འོད་གསལ་ཟེར་བ་དེ་གནད་འགག་ཅིག་ཆགས་འདུག་དྲན། དྲྭ་རོགས་ཚོའི་ནང་ལ་འཆི་བ་འོད་གསལ་དང་འཆི་སེམས་ཕྲ་མོའི་སྐོར་མཁྱེན་མཁན་ཡོད་ཚེ། འདི་ལ་ངོ་སྤྲོད་ཅིག་གནང་རོགས།
ཁང་སར་ལགས། འཆི་བ་འོད་གསལ་ཞེས་པ་འདི། ཡོངས་གྲགས་སྐུ་གསུམ་ལམ་འཁྱེར་གྱི་ཆོས་སྐོར་དང་། ཟབ་ལམ་འཕོ་བའི་ཆོས་སྐོར། སྔགས་རྒྱུད་འོད་གསལ་མ་བུ་དང་། རང་བཞིན་བརྒྱའི་ཀུན་རྟོག་གི་རླུང་སེམས་ཐིམ་ཚུལ་སོགས་ན་གསལ་བོ་གསུང་ཡོད་པར་སྙམ། ཉིད་ལ་སྟབས་ཀ་འདྲ་ལྡན་ན་དེ་ཚོ་ལ་གཟིགས། མ་ལྡན་ན་གོང་ས་མཆོག་གི་གསུང་དེབ་ཞལ་བྱང་དུ༼ནང་བའི་ལྟ་སྤྱོད་ཀུན་བཏུས༽ཞེས་པའི་ནང་གི༼་བོད་པའི་འཆི་བར་བལྟ་ཚུལ༽ཞེས་པའི་གསུང་རྩོམ་ཞིག་ཀློག་ན་ཕན་ཐོགས་ངེས་རེད། ཨོ་རེད། གོང་དུ་ཁྱེད་ཀྱིས་གསུངས་པ་ལྟར། བོད་རྣལ་འབྱོར་བ་འགའ་ཞིག་ལ་སྐུ་འདས་འཁྲུངས་སྐབས། རྟགས་མཚན་ངོ་མཚར་ཅན་རེ་ཡོང་གི་ཡོད་ས་རེད། ངས་དངོས་སུ་དེ་འདྲ་རིག་མ་མྱོང་། ངའི་ཞང་བོ་སྔགས་གསར་རྙིང་གཉིས་ཀར་མཁྱེན་རྒྱ་ཆེན་པོ་ཅན་ཞིག་ཡོད། ཁོང་ཉིས་སྟོང་ལྔའི་ལོར་དགུང་གྲངས་༨༣་ཐོག་སྐུ་གཤེགས་པ་རེད། ཁོང་སྐུ་གཤེགས་སྐབས་རྟགས་མཚན་ངོ་མཚར་ཅན་མང་བོ་ཞིག་བྱུང་། ཁོང་སྐུ་མ་གཤེགས་གོང་གི་ཆུ་ཚོད་ཁ་ཤས་སྔོན། མདུན་གྲ་ཞིག་ཡོད་པ་དེར་དར་ཁ་གཙང་མ་ཞིག་ངའི་མདུན་ཅོག་སྟེང་འཐེན་ཞོགས། ད་ང་ཕལ་ཆེར་འགྲོ་རན་སོང་ཞེས། ཕྱག་མཛུབ་ནམ་མཁར་གཏད་ནས། ཁྱེད་ཀྱིས་མཐོང་གིན་འདུག་གམ། མ་དང་མཁའ་འགྲོའི་བསུ་མ་སྐར་ཚོགས་ལྟ་བུ་སླེབས་སོང་། ཞེས་ཕྱག་རྒྱ་སྣ་ཚོགས་མཛད་རྗེས་སྐུའི་སྨད་ཤམ་ཕུད་ནས་ཆོས་གོས་གསོལ། ཚལ་ཐིལ་ཞིག་ཡོད་པས་དབུ་བཏུམས་ནས། ཡིད་ཙམ་ཐུགས་དམ་ལྟ་བུར་བཞུགས། མདུན་གྲ་དེ་ཚམ་ཚོམ་གྱུར་སྐབས། ཁོང་གིས་ཨ་རོགས་སྐལ་ཆད་ད་འདི་ལ་འཇིགས་དགོས་དོན་ཅིག་ཡོད་ཀི ཁྱེད་ཀྱིས་ཟངས་མདོག་དཔལ་རིའི་ཞིང་གི་སྨོན་ལམ་དེ་བློ་ལ་ཡོད་དམ། མེད་ན་ཤོག་དཔའི་ཐོག་ནས་དལ་མོས ངག་གིས་ཀློག་ཤིག་ཅེས་གསུང་མུར་སྤྱན་གཉིས་ནམ་མཁར་གཟིགས་མུར་ཐུགས་དམ་དུ་བཞུགས་ནས་གྲོངས་བསྡད་འདུག གཤེགས་ནས་རིང་བོར་མ་ལོན་པར་གོང་དུ་ཁྱོད་ཀྱིས་བཤད་པ་ལྟར་དྲི་མ་ཞིམ་པོ་ཞིག་ཕྱོགས་ཀུན་ཏུ་ཁྱབ་སོང་ཟེར་གི ཁོང་ཐུགས་དམ་ངང་ཉིན་གྲངས་༥་ལ་བཞུགས་རྗེས། ཉིན་དྲུག་པའི་མཚན་མོ་ཆུ་ཚོད་༡༠ཡས་མས་ཤིག་ཐོག ཁྱིམ་མཚེ་དག་གིས་སྒོ་རྡུང་ནས་འབོད་ཀྱིན་འདུག་ཟེར། ཁྱེད་ཚོས་མཐོང་སོང་ངམ་བླ་མའི་གཟིམས་ཁང་གི་སྟེང་ནས་འོད་དཀར་བོ་ཞིག་ནུང་ཕྱོགས་འཐེན་བསྡད་འདུག་མྱུར་དུ་ལྟོས་དང་ཟེར། དེར་ཁོང་ཚོས་བལྟས་པས་འཇའ་འོད་དཀར་པོ་ཞིག་གི་སྣེ་མོ་ནུབ་ཕྱོགས་སུ་ལྡོག་སོང་བ་དངོས་སུ་མཐོང་ཡོད་ཀི དེ་ནས་སྐུ་གདུང་ལ་རིགས་ལྔའི་ཆས་ཀྱིས་སྤྲས་པ། གདུང་ཇེ་ཆུང་ཇེ་ཆུང་དུ་སོང་ནས་མཐར་དབུ་རྒྱན་དང་། ཆོས་སྣམ་སོག་ཀྱང་མར་ལྷུང་ལ་ཁད་བྱས་འདུག མཐར་གདུང་དགོན་པར་སྤྱན་དྲངས་ཏེ་གྲ་མང་གིས་གདུང་མཇལ་གྲུབ་རྗེས། ཕལ་ཆེར་གྲོངས་ནས་ཉིན་༡༣་ཐོག་ཡིན་པར་སྙམ། གྲ་བ་དག་གིས་སྐུ་གདུང་གི་ཐུགས་ཀར་རེག་རེག་མཛད་པས། ད་དུང་ཐུགས་ཀ་དྲོན་མོ་ཡིན་པ་དང་། སྐུ་ཕུང་ཡང་ཇེ་ཆུང་ཇེ་ཆུང་དུ་སོང་ནས་རྒྱའི་ཇ་དེམ་ཆེ་བ་ཙམ་ལས་མི་འདུག་ཟེར། དེ་ནས་གྲ་མང་གིས་གྲོས་བསྡུར་བྱས་ནས་སྐུ་གདུང་འདི་མུ་མཐུད་བཞག་ན་མཐར་འཇའ་ལུས་ལ་ཐིམ་འགྲོ་ཤས་ཆེ་གི་ཞེས་རྒྱ་གར་དུ་ཞལ་བཞུགས་དགོན་དཔོན་བླ་མར་དེ་ལུགས་སྙན་སེང་ཞུས་པས། བླ་མས་ད་བཀའ་དྲིན་ཧ་ཅང་ཆེ་སོང་། སྐུ་གདུང་ཞིག་སྦྱངས་གནང་ན་འགྲིགས་ཞེས་བཀའ་ཕེབས་ནས། ཞུགས་སྦྱངས་བྱས་འདུག དེ་བཞིན་རང་སྲེལ་འབབ་པ། དབུ་ཐོད་དང་སྐུའི་ཆ་ཤས་ཀྱི་རུས་པའི་ཐོག་ལྷ་སྐུའི་རི་མོ་མཇལ་རྒྱུ་ཡོད་པ་སོགས་ཀྱང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ས་རེད། འདི་ཚོར་ཚན་རིག་པས་འགྲེལ་བཤད་གཞན་པ་ཞིག་རྒྱག་གི་རེད་བསམ་གི དེ་ཙམ་ཡིན། ད་ཉལ་རན་སོང་། གཟིམས་འཇགས་གནང་གོ
ནོར་བཅོས། ཞུགས་སྦྱང་། རང་བཞིན་བརྒྱ་ཅུའི་ཀུན་རྟོག
རྔ་བ་རྒྱལ་ཁམས་པས་རྒྱུས་སྟོན་གནང་བར་ཐུགས་རྗེ་ཆེ།
གྲོགས་པོ་འདྲེ་ལགས་དང་དྲ་གྲོགས་ཚོ། ཁྱེད་རྣམ་པས་སྐྱེ་བ་སྔ་ཕྱིའི་སྐོར་ལ་དཔང་རྟགས་རྙེད་དགོས་ན་འབྲུག་བུམ་ཐང་གི་ཨུ་ར་ཞེས་པའི་ཡུལ་ཚོ་དེར་སོང་དང་། དེར་རང་བཞིན་གྱིས་སྐྱེ་བ་སྔ་མ་དྲན་པའི་ཉམས་མྱོང་ཡོད་མཁན་མང་པོ་ཞིག་སླེབས་ཀྱིན་ཡོད་འདུག དེའི་ནང་གི་མང་པོ་ཞིག་ད་ལྟའང་ཡོད་མུས་རེད།
གཏམ་རྒྱུད་རེ་རེ་ནས་གལ་ཏེ་ང་ཚོས་ཚུལ་མཐོང་གི་འཇུག་པ་ལ་ཡིད་ཆེས་ཕྱིན་ཡིད་མ་ཆེས་རང་ཆེས་དེ་འདྲ་ཡང་འདུག
དེའི་ནང་གི་རང་ཉིད་སྐྱེ་བ་སྔ་མ་གླང་ཟླ་བ་ཟེར་བའི་གླང་ཞིག་ཏུ་སྐྱེས་པ་དྲན་པའི་ད་ལྟའང་གླང་ཟླ་བ་ཞུ་བའི་གྲྭ་བ་ཞིག་རྣམ་གྲོལ་གླིང་དུ་ཡོད་མུས་རེད་འདུག
ལུང་པ་དེ་ཁོ་ནར་དེ་ཙམ་སྐྱེ་བ་སྔ་ཕྱི་དྲན་མཁན་མང་པོ་ཡོད་པ་འདི་གདུག་འདྲེའི་ཆོ་འཕྲུལ་མིན་ནམ་སྙམ་ནས་ཡུལ་མི་ཚོར་མ་བདེ་བ་བྱུང་ནས་བདུད་འཇོམས་གོང་མར་ཞུས་འདུག ཁོང་གིས་དེ་ཕལ་ཆེར་ས་ཆའི་ཁྱད་པར་ཞིག་མིན་འགྲོ་གསུངས་པ་རེད་ཟེར། གང་ལྟར་དཔང་རྟགས་དངོས་གནས་ཁུངས་བཙུན་རེད། ཤེས་པར་འདོད་ན་དེར་རྒྱུག་ཤིག
རང་བཞིན་བརྒྱད་ཅུའི་ཀུན་རྟོག་་་་་་་་་་་་་་འདི་དུག་གསུམ་དང་སྦྱོར་དགོས།
རྫ་ཚེ་རིང་བཀྲ་ཤིས་ལགས། ཚན་རིག་པ་ད་ལྟའང་བདེན་དཔང་བྱེད་ཐུབ་མཁན་གྱི་མི་ཚེ་ལྡན་ཞིག་མ་རེག་པས་ད་དུང་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་ཐེ་ཚོམ་ཁྲོད་ལྷག་ཅིང་། ཐེ་ཚོམ་ནང་ས་གནས་གང་སར་རྩད་གཅོད་བྱེད་པའི་སྒང་རེད། གལ་སྲིད་ཁྱེད་ལ་དེ་ལྟ་བའི་ཁུང་ལྡན་ཞིག་ཡོད་ཚད་འཛམ་གླིང་འདིར་འཕྲད་པའི་རྟོགས་པ་སངས་ངེས་རེད་ལ། སྐུ་ཉིད་དང་ང་ཚོའི་བོད་རིགས་སྤུན་ཟླ་འཛམ་གླིང་འདིས་ཁ་སྟོན་མཁན་གྱི་རླབས་ཆེན་གྱི་མི་རིགས་ཞིག་ལ་ཐལ་རྒལ་གྱིས་འགྱུར་བ་དོགས་གཞི་བྲལ་ཞིང་། སྐུ་ཉིད་འཛམ་གླིང་འདིར་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་དཔང་པོ་ཆགས་པས་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཉིད་ཀྱི་མིང་གྲགས་འཇིག་རྟེན་འདི་མ་རྫོགས་བར་དུ་གནས་ངེས་རེད། དངོས་གནས་ཁྱེད་ལ་བདེན་དཔང་ཡོད་ན་ཕྲན་ལ་འབྲེལ་བ་བྱོས་དང་། ངས་ཚན་རིག་པ་དང་གསར་འགོད་པ་སྐད་བཏང་ངེས་ཡིན། ངའི་རེ་བ་སྐུ་ཉིད་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་མཉམ་བཞུགས་གནང་བའི་རེ་བ་ཡོད། ཕྲན་གྱི་གློག་འཕྲིན་གྱི་ཁ་བྱང་ནི sonamgonchoe@gmail.com ཡིན་ལ་
འབྲེལ་བ་གནང་རོགས་ཞུ། སུས་ཤེས་ཤིང་དངོས་ཡོད་ཀྱི་བདེན་དཔང་ཡོད་ན་ང་ལ་འབྲེལ་བ་བྱེད་རོགས་ཞུ། ཐུགས་རྗེ་ཆེ།
ནོར་བཅོས།
རྫ་ཚེ་རིང་བཀྲ་ཤིས་ལགས། ཚན་རིག་པ་ད་ལྟའང་བདེན་དཔང་བྱེད་ཐུབ་མཁན་གྱི་མི་ཚེ་ལྡན་ཞིག་མ་རེག་པས་ད་དུང་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་ཐེ་ཚོམ་ཁྲོད་ལྷག་ཅིང་། ཐེ་ཚོམ་ནང་ས་གནས་གང་སར་རྩད་གཅོད་བྱེད་པའི་སྒང་རེད། གལ་སྲིད་ཁྱེད་ལ་དེ་ལྟ་བའི་ཁུང་ལྡན་ཞིག་ཡོད་ཚད་འཛམ་གླིང་འདིར་འཕྲད་པའི་རྟོགས་པ་སངས་ངེས་རེད་ལ། སྐུ་ཉིད་དང་ང་ཚོའི་བོད་རིགས་སྤུན་ཟླ་འཛམ་གླིང་འདིས་ཁ་ཕྱོགས་སྟོན་མཁན་གྱི་རླབས་ཆེན་གྱི་མི་རིགས་ཞིག་ལ་ཐོལ་རྒལ་གྱིས་འགྱུར་བ་དོགས་གཞི་བྲལ་ཞིང་། སྐུ་ཉིད་འཛམ་གླིང་འདིར་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་དཔང་པོ་ཆགས་པས་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཉིད་ཀྱི་མིང་གྲགས་ཇི་སྲིད་བར་དུ་གནས་ངེས་རེད། དངོས་གནས་ཁྱེད་ལ་བདེན་དཔང་ཡོད་ན་ཕྲན་ལ་འབྲེལ་བ་བྱོས་དང་། ངས་ཚན་རིག་པ་དང་གསར་འགོད་པ་སྐད་བཏང་ངེས་ཡིན། ངའི་རེ་བ་སྐུ་ཉིད་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་མཉམ་བཞུགས་གནང་བའི་རེ་བ་ཡོད། ཕྲན་གྱི་གློག་འཕྲིན་གྱི་ཁ་བྱང་ནི sonamgonchoe@gmail.com ཡིན་ལ་འབྲེལ་བ་གནང་རོགས་ཞུ། སུས་ཤེས་ཤིང་དངོས་ཡོད་ཀྱི་བདེན་དཔང་ཡོད་ན་ང་ལ་འབྲེལ་བ་བྱེད་རོགས་ཞུ། ཐུགས་རྗེ་ཆེ།
ཨ་ནུ་ལགས། ངས་ལྟས་ན་ཚན་རིག་པས་ཀྱང་མཐའ་གཅིག་ཏུ་སྐྱེ་བ་སྔ་ཕྱི་ཡོད་པའི་བདེན་དཔང་མ་རྙེད་པ་མ་རེད་བསམ་གི ཡིན་ན་ཡང་ཁོང་ཚོས་མང་པོ་ཞིག་བསམ་བཞིན་གཡོལ་གྱི་ཡོད་པ་རེད། དཔེར་ན། ཨ་རིས་མཁའ་སྐྱོད་པ་མཐོང་སྣང་གི་ཉིན་ཐོ་དམིགས་བསལ་ཅན་བཀག་སྡོམ་བྱས་པ་དང་། ཐ་ན་ཉེ་ཆར་རྒྱ་ནག་ཏུ་བྱུང་བའི་འཕུར་སྡེར་གྱི་གནས་ཚུལ་གསང་བ་བྱེད་ཀྱིན་ཡོད་པ་ལྟ་བུ་རེད། ཁོང་ཚོར་དམིགས་ཡུལ་ངེས་ཅན་ཡོད་པ་རེད།
དེ་མིན་སྐྱེ་བ་སྔ་ཕྱི་དྲན་པའི་ཉམས་མྱོང་གི་སྐོར་འབྲུག་བུམ་ཐང་གི་ཨུ་རའི་ལུང་བར་བྱུང་བ་དེ་ཤེས་དགོས་ན་དེ་གར་ཕེབས་ནས་ཞིབ་འཇུག་གནང་རྒྱུ་ལས་ལྷག་མེད། བཤད་པ་བརྒྱ་ལས་ལྟས་པ་གཅིག་ལྷག་གི་རེད།
འོན་ཀྱང་ཚན་རིག་རང་ལུགས་པ་ཞིག་ཡིན་ན་ད་དུང་ཡང་གབ་ས་བྱོལ་ས་ཞིག་འཚོལ་རྒྱུ་རེད།
མ་གཞི་ཚན་རིག་གིས་ཁས་ལེན་ཐུབ་པ་ཟེར་བ་དེའི་ཚད་གཞི་ག་འདྲ་ཞིག་རེད།
རྔ་བ་རྒྱལ་ཁམས་པ་ལགས་ནི། ངའི་དགེ་རྒན་ཞིག་ཡིན་ས་ཡོད། ཁོང་ལ་ངའི་བསམ་ཚུལ་ཙམ་གྱིས་བློ་བསྐྱེད་ཡོང་མི་སྲིད་ཀྱང་། གནད་འདིར་རང་ལ་དོ་སྣང་ཆེ་བ་དང་མི་མང་པོས་ཁ་བརྡ་ཡང་བྱེད་ཀྱིན་འདུག་པས། ངས་ཀྱང་གཅིག་བཤད། རང་ཉིད་ལ་མཚོན་ན་སྐྱེ་བ་སྔ་མ་མི་དྲན་པའི་རྒྱུ་མཚན་ནི་གཞལ་བྱའི་གནས་གསུམ་ལས་ཤིན་ལྐོག་གམ་ལྐོག་གྱུར་ཆེན་པོ་ཞིག་ཡིན་པས་ངའི་ངོར་ལུང་ཚད་མར་བརྟེན་པ་ལས་རིགས་པས་འགྲུབ་འེ་ཐུབ་མི་ཤེས། སྐྱེ་འཆི་བར་དོའི་སྐོར་གྱི་དཔེ་དེབ་མང་པོ་ཞིག་ན་འདིའི་རྒྱུ་མཚན་ཁ་གསལ་མེད་པ་འདྲ་ཡང་། རྩ་རླུང་གི་རྣམ་གཞག་སྟོན་པའི་གཞུང་དང་། བོད་ལུགས་སྨན་གཞུང་སོགས་ན་དཔྱད་གཞི་ཡོད། སྤྱིར་དྲན་པའི་གསལ་ཆ་ཆེ་ཆུང་ངམ་ད་ལྟའི་སེམས་ཀྱི་འཆར་སྒོ་སྣ་ཚོགས་པ་དེ་དག་ནི་ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་གཉིས་ནས་ལས་བསགས་པ་དང་འབྲས་བུ་སྨིན་པའི་རིམ་པ་དང་འབྲེལ་བ་ཡོད་པས་སྐྱེ་བ་སྔ་མ་མི་དྲན་པའི་རྒྱུ་མཚན་དེ་ལུས་སེམས་གཉིས་སུ་ཕྱེ་བའི་སེམས་སྟེང་གི་ལས་ཉོན་བག་ཆགས་བཅས་ལས་འཚོལ་དགོས་ངེས་ཀྱང་། ཤེས་པས་ཡུལ་མཇལ་བའི་ཚུལ་ལ་ཡུལ་ཅན་ཤེས་པ་རང་ལའང་ཕྲ་རགས་ཀྱི་རིམ་པ་མང་པོ་ཡོད་པ་ལྟར་དེ་དང་འབྲལ་མི་རུང་བའི་རྟེན། ལུས་ཀྱི་རྩ་རླུང་ཐིག་ལེའི་གནས་སྟངས་སོགས་ལུས་ཕྲ་རགས་ཀྱི་འཕོ་འགྱུར་གྱི་རིམ་པ་ཡང་དཔྱད་གཞིར་བཟུང་ནས་དེ་གཉིས་ཟུང་འབྲེལ་གྱིས་རིག་པ་དཀྲུགས་ན་གནད་དོན་འདིའི་རྒྱུ་མཚན་ཕྲན་བུ་ཞིག་བརྙེད་སྲིད། རྒྱུད་བཞིར། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ།། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།། ཞེས་པ་ལྟར་སོ་སོའི་སྐྱེས་བུ་ཚོར།་སྣང་ཞིང་སྲིད་པའི་བདག་གཞན་དང་དགྲ་གཉེན་སོགས་ཚེ་འདིར་སྣང་གི་བརྟན་གཡོའི་དངོས་པོ་མཐའ་དག་ཀུན་རྫོབ་ཡང་ལོག་སྣ་ཚོགས་ཀྱི་བློས་འཛིན་ཅིང་ཞེན་པའི་འཆར་སྒོ་དེ་དག་ཀླད་རྩར་གནས་བཅས་པའི་ཚུལ་གྱིས་ཡོད་པའི་གསལ་རིག་གི་ཆ་དེས་གཙོ་བོ་བྱེད་ཀྱི་ཡོད་པས་དེ་ནི་ཧ་ཅང་གིས་ཚད་ཅན་ཞིག་ཡིན། དྲན་པའི་དབང་བོ་གསལ་བའི་གསལ་རིག་གི་ཆ་སྙིང་ལ་ཡོད་པ་དེ་མ་མཐའ་ཡང་ཉོན་སྒྲིབ་སྤངས་ནས་ཅི་འདོད་བཞིན་བཀོལ་སྤྱོད་ཐུབ་པ་ཞིག་ལས་སོར་སྐྱེས་གནས་སྐབས་སུ་སེམས་དེ་དང་དེའི་རྟེན་རྩ་དབུ་མ་དང་ཡེ་ཤེས་ཀྱི་རླུང་སོགས་རང་ངོ་འཕྲོད་ཅིང་ཉམས་ལེན་གྱི་གནད་དུ་ཁྱེར་བའི་གོ་སྐབས་མེད་པ་སོགས། མདོར་ན། ང་ཚོའི་ལུས་སེམས་རགས་པ་ལས་ཕྲ་བ་རྣམས་ཚོད་འཛིན་ཐུབ་པ་ཕར་ཞོག་བཀོལ་སྤྱོད་ཙམ་ཡང་ཐུབ་ཀྱི་མེད། ཚེ་སྔ་མ་ཡང་ད་ལྟའི་ང་ཚོ་སོར་སྐྱེས་པས་བཀོལ་སྤྱོད་བྱེད་ཀྱིན་པའི་དབང་ཤེས་དང་ཡིད་ཤེས། དེ་དག་གི་རྟེན་དུ་གྱུར་བའི་གཟུགས་ཕུང་གི་གནས་སྟངས་འདི་ཙམ་གྱིས་དྲན་མི་ཐུབ། རྒྱུ་མཚན། འཆི་རིམ་སྐབས་འབྱུང་བ་ས་ཆུ་མེ་རླུང་སོ་སོའི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ལུགས་འབྱུང་བཞིན་རིམ་པའི་ཐིམ་པ་དང་། སྣང་བ་དང་མཆེད་པ། ཉེར་ཐོབ། མ་ཡི་འོད་གསལ་སོགས་ལས་མ་ཡི་འོད་གསལ་དེའི་སྐབས་སུ་རང་བཞིན་གྱིས་རྩ་དབུ་མའི་བརྟེན་པ་སེམས་གསལ་རིག་གི་ཆ་གོང་དུ་བཤད་པའི་དྲན་པའི་དབང་པོ་སྙིང་དུ་ཡོད་པ་དེ་མངོན་གྱུར་ཡོང་གི་ཡོད། དེ་ནས་ཡང་ལུག་ལྡོག་ཏུ་དེ་ལྟའི་སྣང་བ་རྣམས་རིམ་པར་འཆར་ཞིང་བར་དོ་ཡོད་མཁན་ཚོ་ཉེར་ཐོབ་ནག་ལམ་པའི་སྣང་བ་ཤར་བ་དང་བར་དོར་འགྲིམས་པ་ཡིན། དེ་ནས་མངལ་སྐྱེས་སེམས་ཅན་ང་ཚོ་འགྲོ་བ་མི་ལྟ་བུའི་རིགས་ཡིན་ན་བར་དོ་ནས་ཉིང་མཚམས་སྦྱོར་བའི་སྐབས་སྔར་བཞིན་འཆི་རིམ་བརྒྱད་པོའི་སྣང་བ་འབྱུང་བ་དང་། མ་ཡི་འོད་གསལ་འགག་པ་དང་ཉིང་མཚམས་སྦྱར་བ་གཉིས་དུས་མཉམ་ཡིན་ཞིང་སྐབས་དེ་ནས་འཆི་བ་འོད་གསལ་གྱི་དུས་སུ་མ་སླེབས་ཀྱི་བར་དུ་དྲན་པའི་དབང་པོ་དེ་རྩ་རླུང་འཕྲུལ་འཁོར་གྱི་གདམས་པ་ཉམས་ལེན་སོགས་ལ་བརྟེན་ནས་རྨི་ལམ་ལམ་ཁྱེར་ལྟ་བུ་བྱས་ཏེ་ངོ་ཕྲོད་པ་དང་ཉམས་ལེན་གྱི་གནད་དུ་ཁྱེར་བ་སོགས་རྟོགས་ལྡན་གྲུབ་པའི་དབང་ཕྱུག་ཚོའི་ངོར་ཡོང་བ་ཙམ་ལས་སོར་སྐྱེས་རང་ག་བའི་ངོར་རང་བཞིན་གྱིས་མ་ཡི་འོད་གསལ་དེ་མངོན་འགྱུར་འོང་མི་ཐུབ། ལྷག་པར་སྐྱེ་འཆི་བར་དོ་གསུམ་ལས་སྐྱེ་བའི་སྐབས་ཀྱི་སེམས་དེ་རགས་ཤོས་ཡིན། དེས་ན། རང་སོ་སོའི་སྐྱེས་པ་སྔ་མ་གང་ཡིན་གྱིས་མཚོན་གནས་སྟངས་མང་པོ་ཞིག་ང་ཚོ་ལ་ཤིན་ལྐོག་ཡིན་པའི་གནད་དོན་འདི་ལུས་སེམས་གཉིས་ཀྱི་གནས་སྟངས་གཞིར་བཟུང་ནས་སྨྲ་ཞིང་བརྟག་དགོས་པ་ལས་སེམས་གཅིག་བུར་བརྟག་པས་མི་འཐུས། རྒྱུ་མཚན་སེམས་ལ་ཅི་ཙམ་གྱིས་སློབ་སྦྱོང་དང་ཉམས་ལེན་ཡོད་པ་དེས་ཚོད་ཀྱིས་ལུས་ཀྱི་གནས་སྟངས་སྔར་ལས་སྤུས་དག་ཏུ་འགྲོ་བ་ཡིན་ཏེ། མཐར་ཐུག་ད་ལྟའི་ལུས་སེམས་གཉིས་གཞན་དོན་སྤངས་པ་ཕུན་ཚོགས་གཟུགས་སྐུ་དང་རང་དོན་རྟོགས་པ་ཕུན་ཚོགས་ཆོས་སྐུ་གཉིས་སུ་འགྱུར་འགྲོ་བས། ལུས་སེམས་གཉིས་ནམ་དུའང་ཁ་འབྲལ་དུ་མེད་པ་མ་ཟད་ལེགས་ཉེས་དང་དག་མ་དག་གི་ཆ་ལ་ཧ་ཅང་འབྲེལ་བ་ཡོད། དེ་འདྲ་ཡིན་དུས་སྐྱེ་བ་སྔ་མ་མི་དྲན་པའི་རྒྱུ་མཚན་གཙོ་བོ་ལུས་སེམས་གཉིས་ལ་མ་དག་པའི་ཆ་ཤུགས་ཆེ་བའི་རྒྱུ་མཚན་གྱིས་ཡིན། དེས་ན། སྐྱེ་བ་སྔ་ཕྱི་དྲན་མཁན་གང་འཚམ་ཡོད་པ་དེ་དག་ཅི་རེད་ཅེས་སྨྲ་ན། དཔོན་སློབ་ཀྱིས། སྤྱི་བཏང་བ་དང་དམིགས་ཀྱིས་བསལ།། བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད།། ཅེས་དང་། བསམ་གྱིས་མི་ཁྱབ་པའི་གནས་བཞི་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་སོགས་ལ་གཞིགས་དགོས།
ད་དུང་། ང་དང་ང་འདྲ་བ་མིན་ན། གང་ཟག་གི་ཚོད་གང་གིས་འཛིན་པར་མི་བྱ་འོ།། ཞེས་གསུང་བར་འབབ་ས་ཞིག་ཡོད་དགོས།
སྐྱེ་བ་སྔ་ཕྱི་མི་འདོད་མཁན་་་་་ རྒྱང་འཕེན་པ་མ་གཏོགས་ཧ་ལམ་འཛམ་གླིང་འདིའི་ཆོས་ལུགས་ཚང་མས་ཁས་ལེན་གྱིན་ཡོད་པ་འདྲ། གསལ་བོ་མི་ཤེས། དེ་གནད་དོན་གཅིག་རེད།
ད་ལྟའི་ཚན་རིག་གི་འགྲེལ་ཚུལ་ལྟར་ན། མིའི་རིགས་ཀྱི་རིག་གནས་དཔལ་ཡོན་འདིའི་ལོ་རྒྱུས་ཁྲོད་དུ། དང་ཐོག་ཆོས་ལུགས་བྱུང་བ་དང་། དེ་ནས་ལྟ་གྲུབ། དེ་ནས་ཚན་རིག་བྱུང་བ་རེད། འདི་ཡང་དོ་སྣང་བྱེད་དགོས་པའི་གནད་དོན་གཅིག་རེད།
ཆོས་ལུགས་ཚང་མས་གནམ་མཁའི་ལྷ་དང་ལྷ་མོའི་སྐོར་ཅིག་བཤད་ཀྱིན་ཡོད་པ་རེད། འདི་ཧ་ལམ་ཆོས་ལུགས་ཡོད་ཚད་དུ་ཡོད་པའི་ཡིད་ཆེས་ཤིག་རེད་ཟེར་ནས་ཆོས་ལུགས་ཉམས་ཞིབ་པ་ཅིག་གིས་བཤད་འདུག འདི་ཡང་གནད་འགག་ཅིག་རེད། དོ་སྣང་བྱེད་དགོས་ས།
ནང་པ་ལྟར་ན། (ཆོས་ལུགས་གཞན་ལ་ཡང་འདི་མཚུངས་ཡིན་པ་འདྲ་) མིའི་རིགས་དང་པོ་དར་དུས་ནི་རྫོསག་ལྡན་གྱི་དུས་རབས་རེད། ད་ལྟའི་བར་དུ་མར་ཉམས་ཆག་ལ་འགྲོ་བ་ལས་ཡར་རྒྱས་འགྲོ་བ་ཞིག་མ་རེད།
བོད་ཀྱི་འདོད་ཚུལ་ལྟར་ན། ང་ཚོ་བྲག་སྲིན་དང་སྤྲེའུ་ལས་བྱུང་བ་རེད། བོད་ཀྱི་ས་སྐྱ་བ་ལྟར་ན་ཉི་མའི་བརྒྱུད་ལས་ཆད་པ་རེད།
ཚན་རིག་པ་ཚོ་ལྟར་ན། མི་དང་བཅས་པའི་སྐྱེ་ལྡན་དང་སྐྱེ་དངོས་འདི་དག་ཡོདཚད་ནི་སྐྱེ་ལྡན་ཕྲ་ཕུང་ཁེར་རྐྱང་བ་ཞིག་ལས་རིམ་བཞིན་འཕེལ་འགྱུར་བྱུང་ནས་ཡོང་བ་དང་། དེ་ཡང་སའི་གོ་ལ་འདི་ཉིད་ལས་བྱུང་ཞིང་འཚར་བ་རེད། འདི་ཡང་དོ་སྣང་བྱེད་དགོས་ས་ཞིག་རེད།
ད་ལྟའི་ཆར། ཡེ་ཤུའི་དང་རྗེའུ་ཞི་ཆོས་ལུགས་པ་མང་པོ་ཞིག་གིས་་་་་ བྷའི་བྷལ་ལ་འགྲེལ་གསར་བ་ཞིག་རྒྱག་གིན་ཡོད། ཁོང་ཚོར་མཚོན་ན་དེར་ཁུངས་ལྡན་གྱི་དཔང་རྟགས་མང་པོ་སྟོན་རྒྱུ་ཡོད། དེ་ནི། དཀོན་མཆོག་ཟེར་བ་གཞན་མ་རེད། འཇིག་རྟེན་གཞན་གྱི་འགྲོ་བ་རེད། འདས་པའི་དུས་སུ་འཇིག་རྟེན་གཞན་གྱི་མི་རྣམས་སའི་གོ་ལ་འདིར་ཡོང་ནས་མིའི་རིགས་ཀྱི་རིག་གནས་དཔལ་ཡོན་ལ་རོགས་རམ་བྱས་པ་རེད། ཁོང་ཚོ་གནམ་ནས་སར་འབབ་པ་ཡིན་པས། དེ་དུས་ཀྱི་མི་རྣམས་ཀྱིས་ཁོང་ཚོ་ལྷར་བརྩིས་པ་རེད་ཟེར། འདི་དག་དད་པ་ཙམ་གྱི་སྐད་ཆ་མ་རེད། འདིའི་སྐོར་ལ་ཤེས་འདོད་ན། Chariots of the Gods ལ་ལྟོས་དང་ཤེས་ཐུབ། ད་དུང་ཨ་རིའི་ལོ་རྒྱུས་བརྙན་འཕྲིན་ཁང་(History Channel )གིས་བཅར་འདྲི་དང་། རྩོམ་སྒྲིག་བྱས་པའི་་”གོ་ལ་གཞན་ཐོག་གི་མི་རྣམས་སླེབས་ལ་ཉེ་་་་ (ཏག་ཏག་ཅིག་དྲན་གྱིན་མིོ་འདུག )” ཟེར་བའི་དངོས་བྲིས་བརྙན་བསྡུས་ཤིག་ཡོད་པ་རེད། དེར་ཝེ་རྗེབ་ཀྲི་ཡི་གཏོར་གཟུགས་མཐོང་རྟེན་སོགས་ཀྱིས་མཚོན་པའི་ས་གནས་མང་པོ་ཞིག་གི་གནའ་བོའི་ཤུལ་རྗེས་ཐོག་ནས་་་་ གནའ་བོའི་རིག་གནས་དཔལ་ཡོན་སོགས་ཀྱི་ཐད་ལ་དཔྱད་ཞིབ་བྱས་པ་རྣམས་གཅིག་གཅིག་གཉིས་གཉིས་བྱས་ནས་བསྟན་ཡོད།
ཧིན་རྡུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། ཡི་ཤུ་ཆོས་ལུགས། ནང་པའི་ཆོས་ལུགས་་་འདི་བཞི་བོས་་་་་ རང་རང་གིས་ཆོས་ལུགས་དང་ཚན་རིག་གཉིས་ཟུང་དུ་འབྲེལ་ནས་ཆོས་ལུགས་ལ་འགྲེལ་རྒྱབ་པའི་ཚུལ་རྣམས་ལ་ངས་ཞིབ་མོར་བལྟས་པ་ཡིན། ཁོང་ཚོ་ཚང་མར་རང་ཚོད་གནས་ལུགས་བཤད་རྒྱུ་འདུག
ད་་་་དཀར་པོས་བཤད་ན་དཀར་པོ་བདེན་གི ནག་པོས་བཤད་ན་ནག་པོ་བདེན་གི་་་་་ ངའི་གཤིན་རྗེའི་མེ་ལོང་ལ་ཅིག་མ་བལྟ་ན་མི་ཤེས་ཀི་་་་་་ ཟེར་བལྟ་བུ་རེད།
གོང་གི་དུམ་བུ་དེ་དག་ལས་་་ གཅིག་ལ་བདེན་ཁ་སྤྲད་ན་གཞན་དག་རྫུན་དུ་འགྲོ་བ་རེད། དེང་སང་UFO མང་པོ་འཛམ་གླིང་ཡུལ་གྲུ་གང་ནས་མཐོང་སོང་ཟེར་མཁན་མང་པོ་ཡོང་གི་ཡོད་པ་རེད། ཉེ་ཆར་རང་རྒྱ་ནག་ནས་ཅིག་མཐོང་བ་CCTV ཡིས་བསྟན་ཡོད་པ་རེད། བྷའི་བྷལ་འགྲེལ་མཁན་ཚོས་དཀོན་མཆོག་ཟེར་བ་དེ་ནི་UFO དང་གོ་ལ་གཞན་གྱི་འགྲོ་བ་རྣམས་ལ་འགྲེལ་བ་ཡོད་པ་ཐག་གིས་བཅད་ནས་བཤད་ཀྱིན་འདུག
ད་སུ་བདེན་སུ་རྫུན་སུས་ཀྱང་ཁ་མཚོན་གཅོད་ཐུབ་རྒྱུ་མ་རེད།
ང་ཚོས་ད་དུང་་་་ ཚོར་བ་་་་་ ཟེར་བ་འདི་ལ་འགྲེལ་ཞིག་རྒྱག་ཐུབ་ཀི་མེད་པ་ལ། སེམས་ལ་འགྲེལ་རྒྱག་རྒྱུ་ད་ད་དུང་སྔ་དྲགས་པ་རེད། སེམས་ལ་འགྲེལ་མ་ཐུབ་དུས་་་་ སྐྱེ་བ་སྔ་ཕྱི་ཟེར་བ་དེ་ཙམ་རེད། ད་དེ་ཙམ་ཡིན།
དབང་འདུས་ལགས། འཆི་བ་འོད་གསལ་འདི་འཆི་སྐབས་ཚང་མ་ཡོང་བ་ཞིག་ཡིན་ཡང་། ཚང་མས་ངོས་འཛིན་མི་ཐུབ་པ་ཞིག་རེད། ཡང་ན། འཆི་བ་འོད་གསལ་འདི་རྟོགས་པ་མཐོན་པོར་སོན་པ་ཁོ་ནར་འབྱུང་བ་རེད། འཆི་བ་འོད་གསལ་གྱི་རྟགས་མངོན་དུ་འགྱུར་ཐུབ་པའི་གདམ་པའམ་མན་ངག་གང་དང་གང་ཡོད་དམ། སྐྱེ་འཆི་ལ་རང་དབང་ཐོབ་པ་ཚོས། འཆི་བ་འོད་གསལ་གྱི་ཐིམ་རིམ་བར་སེམས་བསྡུས། ཚན་རིག་པ་ཚོ་ལ་དཔྱད་དུ་བཅུག གང་ཡིན་ཟེར་ན། སྐབས་དེར་ཕལ་ཆེར་ལུས་ཚོར་ཡོངས་རྫོགས་ཉམས་ཏེ་འཆི་བ་དང་ཁྱད་མེད་ལྟ་བུ་ཡིན་འདུག ཚན་རིག་པས་འཆི་བར་ཐག་བཅད་རྗེས། ཡང་བསྐྱར་ཐིམ་རིམ་ལུགས་ལྡོག་ཏུ་སྐྱེས་ཏེ་གསོན་པར་བྱེད་པའི་སྐབས་སྲིད་ཀི་རེད་དམ་མ་རེད། དེ་འདྲ་བྱུང་ན། ཚན་རིག་པ་ཚོར་ལུས་ལས་གཞན་པའི་རྣམ་ཤེས་ཞེས་པ་ཞིག་ཡོད་པ་གསལ་བོར་སྟོན་ཐུབ་པ་ཡིན།
འཆི་བ་འོད་གསལ་སྐོར་ལ་ཞིབ་ཆ་ཆེ་ཙམ་གསུངས་རོགས། ཕྲན་པས་འདི་ལ་དཔྱད་དེ་གཞན་ལ་ཕན་འདོགས་ཐུབ་མིན་མི་ཤེས་ཀྱང་། རང་ཉིད་ལ་ཏན་ཏན་ཕན་ས་རེད།
འཆི་བ་འོད་གསལ་ལམ་འགྲོ་ཡག་པོ་ཞིག་འབྱུང་བ་ལ་མ་ཤི་གསོན་པོར་གནས་པའི་སྐབས་སུ་འཆི་བ་འོད་གསལ་གྱི་ཉམས་ལེན་བྱེད་དགོས་ཞེས་བླ་མ་དག་གིས་ཡང་ཡང་གསུང་གིན་འདུག དཔེར་ན་ད་ལྟའི་སྣང་བ་འདི་དང་བར་དོའི་སྣང་བ་གཉིས་ལ་ཁྱད་པར་ཅི་ཡང་མེད་ཅེས་ཐག་བཅད་དེ་སྦྱོང་དགོས་གསུངས།
འཆི་བ་འོད་གསལ་དུ་འཆར་བ་ལ་དེའི་སྔོན་དུ་རྨི་ལམ་འོད་གསལ་དུ་འཆར་བ་ཞིག་དགོས། རྨི་ལམ་འོད་གསལ་དུ་འཆར་བ་ལ་དེའི་སྔོན་དུ་གཏི་མུག་འོད་གསལ་དུ་འཆར་བ་ཞིག་དགོས། དེ་འཆར་བར་བྱེད་པ་ལ་ད་ལྟ་མ་གཉིད་པའི་གནས་སྐབས་ཀྱི་སྣང་བ་དང་རྨི་ལམ་གྱི་སྣང་བ་གཉིས་གཅིག་ཡིན་སྙམ་པའི་སྦྱོང་བརྡར་དགོས། དེ་སྦྱོང་བ་ལ་ན་རོ་ཆོས་དྲུག་ནང་གི་རྨི་ལམ་གྱི་གདམས་པ་དེ་དང་མཉམ་མེད་ཇོ་བོའི་རྨི་ལམ་ངོས་འཛིན་སོགས་རྨི་ལམ་ངོས་འཛིན་གྱི་ཉམས་ལེན་བྱེད་དགོས།
སྐྱེ་བ་རྗེས་མ་ཤེས་དགོས་ན་རང་གི་མྱོང་བའི་ཐོག་ནས་བརྟག་དགོས་པ་ལས་ཚན་རིག་དང་མཐུན་པ་བསྒུགས་བསྡད་ན་ཉུང་མཐར་ཡང་མི་ལོ་སྟོང་ཕྲག་ཁ་ཤས་འགོར་ངེས་རེད། ལོ་ངོ་ཉིས་སྟོང་ཡར་སྔོན་གྱི་མ་ཤེས་པ་དང་མ་རྙེད་པ་དེ་ཚོ་དེང་སང་གཞིས་ནས་ངོ་སྤྲོད་དང་འགྲེལ་བཤད་གང་མང་ཞིག་བརྒྱབ་ཡོང་གི་འདུག དེ་ཚོ་དེའི་སྐབས་སུ་མེད་པར་རྩིས་ན་འགྲིགས་ཡོད་དམ།
འདྲེ་རིག་ལྡན་ལགས། ང་ཚོས་ཚོར་བ་ལ་འགྲེལ་རྒྱག་མི་ཐུབ་པར་སེམས་ལ་འགྲེལ་བ་བརྒྱག་རྒྱུ་སྔ་དྲགས་ཞེས་པའི་གོ་དོན་གང་ཡིན། ངོ་བོའི་ཆ་ནས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པ་དང་། མྱོང་མཁན་དབང་པོའི་ཆ་ནས་མིག་རྣ་སྣ་ལྕེ་ལུས་ཡིད་བཅས་སུ་གྱུར་བའི་ཚོར་བ་ཡོད་པ་སོགས་དོན་གནད་གཅིག་ཏུ་དྲིལ་བའི་རྒྱས་བསྡུས་ཀྱི་བཤད་པ་སྣ་ཚོགས་ཡོད་པ་མ་ཐོས་པ་མི་སྲིད།
རྒྱང་འཕེན་པ་ལས་གཞན་པའི་ཆོས་ལུགས་ཚང་མས་སྐྱེ་བ་སྔ་ཕྱི་ཁས་ལེན་པ་དང་། ཚན་རིག་པས་ཀྱང་ཡོད་མེད་གཉིས་ཀྱི་ཐག་བཅད་མེད་ན། ང་ཚོ་ལས་ལྷག་པའི་སྐྱེ་བ་སྔ་ཕྱི་ཡོད་ཚུལ་འགྲེལ་ཐུབ་མཁན་སུ་ཞིག་འདུག
གྷན་དྷིས། རང་ཉིད་གདན་ཐོག་ཏུ་བརྟན་པོར་བསྡད་དེ་སྒོ་དང་སྒེའུ་ཁུང་ཚང་མ་ཕྱེ་ནས་ཕྱིའི་རླུང་ནང་དུ་ཡོང་བཅུག་དགོས་པ་ལས་རང་ཉིད་རླུང་དེས་འཁུར་བཅུག་མི་ཉན་ཚུལ་གསུང་བ་དེ་ཁྱེད་ལ་མཚོན་ན་གནད་དོན་གཅིག་ཡིན་སྲིད།
སྐྱེ་བ་སྔ་ཕྱི་ཡོད་ཚུལ་རིགས་ལམ་ནས་གོ་བརྡ་འཕྲོད་པ་ལ་གསུང་གསན་ཤེས་པའི་ཞལ་དང་སྙན་གཉིས་འཛོམས་དགོས་པ་ལས་མིང་རྫིག་པའི་མཚན་རིག་པ་ག་གེ་མོ་དང་། སུམ་རྟགས་སྙན་ངག་ཙམ་གྱི་ཐ་སྙད་རིག་གནས་ལ་སྦྱང་བ་ཕྲན་བུ་ཡོད་མཁན་ང་དང་ཁྱེད་ལྟ་བུས་བཤད་མི་ཤེས་པ་མ་ཟད་ཉན་ཡང་མི་ཤེས། མ་ཟད་ལོག་རྟོག་འདི་འདྲ་ཤར་ན་རང་ཉིད་འཁོར་བ་ངན་སོང་གི་གནས་སུ་ཡུན་དུ་གནས་པའི་རྒྱུ་སྒྲུབ་ཀྱི་ཡོད་སྲིད་པས་གཟབ་འོས།
ལུས་སེམས་སོགས་དངོས་པོའི་རིགས་སུ་གྱུར་བ་ཡོད་ཚད་ལ་ཐོག་མ་མེད་པའི་རྫས་རྒྱུན་རིགས་མཐུན་རེ་ཡོད་པ་དང་། དེ་ནི་རྒྱུའི་དབང་དུ་བྱས་ན་ཉེར་ལེན་གྱི་རྒྱུ་ཡིན། དེའི་ཕྱིར་ཤེས་པ་སྐད་གཅིག་ཕྱི་མ་དེ་ཤེས་པ་སྐད་གཅིག་སྔ་མའི་ཉེར་ལེན་རིགས་མཐུན་ཤེས་པའི་རྒྱུ་ལས་བྱུང་བ་ཡིན་པས། རྒྱུ་འབྲས་ཀྱི་རིགས་ལམ་འདིས་གཙོ་བོ་སྐྱེ་བ་སྔ་ཕྱི་ཡོད་ཚུལ་སྟོན་གྱི་ཡོད་པ་འདྲ་བས་འདི་སོགས་ནང་པའི་ལྟ་གྲུབ་ལ་གོ་བ་ཆགས་ཐབས་སྔོན་དུ་བྱས་ཏེ་ཡོད་མེད་དང་ཡིན་མིན་གྱི་དགག་སྒྲུབ་ལ་ཞུགས་དང་གཙོ་བོ་རང་ཉིད་ཀྱི་འདི་ཕྱིའི་མཚན་སྙན་དང་བདེ་སྐྱིད་ལ་ཕན་ངེས་སྙམ་པ་ཤར་ནས་བྲིས་པ་འདིའི་དངོས་ཤུགས་གང་ནའང་ཐུགས་ལ་ཕོག་འགྲོ་བ་འདྲ་ཡོད་ན་སེམས་གཏིང་ནས་དགོངས་དག་ཞུ།
ཁང་གསར་ལགས། ངས་ཁྱེད་ཀྱི་དྲི་བ་ཁག་ལ་ལན་ཚད་ལྡན་འདེབས་མི་ཤེས། གནད་དོན་འདིའི་རིགས་མྱོང་བའམ་ཉམས་ལེན་ལ་གཙོ་བོ་འབྲེལ་ནས་བཤད་དགོས་པ་ཞིག་ཡིན་པ་འདྲ། ཀླུ་སྨྱོན་ལགས་ཀྱིས་གསུང་བ་དེ་དག་འཆི་བ་འོད་གསལ་ལམ་དུ་འཁྱེར་བའི་གདམས་པ་ལག་ལེན་གྱི་གནད་འགག་རེ་ཡིན་དྲན།
སྤྱིར་འཆི་བ་འོད་གསལ་གཙོ་བས་ཐིམ་རིམ་བརྒྱད་པོའི་སྣང་བ་དེ་དག་སྐྱེས་བུ་ཚང་མར་འཆི་བའི་སྐབས་ཤར་གྱི་ཡོད་ཀྱང་ཉམས་ལེན་མེད་མཁན་ཚོས་ངོས་མི་ཟིན་པར་རྩ་ཆེ་བའི་གོ་སྐབས་དེ་སྐད་ཅིག་ཙམ་དུ་བརླག་འགྲོ་བ་དང་ཉམས་ལེན་པ་ཚོས་མ་ཡི་འོད་གསལ་དེ་ཡུན་བསྲིངས་ནས་ཉར་ཐུབ་པ་མ་ཟད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོར་བསྒྱུར་ཐུབ་ཀྱི་ཡོད་པ་འདྲ།
ཕུང་བོ་སྔ་མ་བཞིའམ་འབྱུང་བ་ས་ཆུ་མེ་རླུང་རྣམས་རིམ་གྱིས་ཐིམ་ནས་རླུང་གི་ནུས་པས་རྣམ་ཤེས་ཀྱི་རྟེན་བྱེད་མི་ཐུབ་པར་འགྱུར་བའི་སྐབས་དེར་དེང་དུས་ཕྱི་ལུགས་སྨན་པས་དབུགས་དང་རྩའི་རྒྱུ་བ་འགག་ཚར་བ་དང་ཤི་ཚར་བར་ངོས་འཛིན་ཡང་། ནང་པའི་གཞུང་ན་འཆི་བཞིན་པ་ལས་ཤི་མེད་པར་ད་དུང་སྣང་བ་མི་འདྲ་བ་བཞི་འཆར་རྒྱུ་ལྷག་ཡོད། འོན་ཀྱང་དེ་ནས་ཡང་བསྐྱར་ཕྱིར་གསོན་རྒྱུ་ཡོད་ཚུལ་ང་ཚོའི་གཞུང་ནའང་གསུངས་མེད་སྙམ།
གོང་དུ་རྔ་བ་རྒྱལ་ཁམས་པ་ལགས་ཀྱིས་ཁྱེད་ལ་ཕྱག་དཔེ་མང་པོ་ཞིག་ངོ་སྤྲོད་གནང་ཡོད་པ་དེ་དག་སྤྱི་དང་བྱེ་བྲག་གོང་ས་མཆོག་གི་ནང་པའི་ལྟ་སྤྱོད་ནང་གི་བོད་པས་འཆི་བར་བལྟ་ཚུལ་གྱི་ལེ་ཚན་དེ་དང་། རྗེ་རིན་པོ་ཆེའི་ར་རོ་ཆོས་དྲུག་གི་འགྲེལ་བ། དེ་བཞིན། དོར་ཞིས་ཕྱོགས་བསྒྲིགས་མཛད་པའི་རྕ་རླུང་སྐོར་གྱི་གསུང་རྩོམ་གཅེས་བཏུས། ཐུབ་བསྟན་ཕུན་ཚོགས་ཀྱི། ཟབ་མོ་ནང་དོན་འགྲེལ་བ་སོགས་སུ་རིམ་པའི་གཟིགས་ཞིབ་གནོངས་དང་ཁྱེད་ཀྱི་ཐུགས་འདུན་བསྐང་ངེས་ཡིན།
ལྷག་པར་ད་ཐེངས་ཀྱི་ཁ་བརྡ་འདིའི་སྐབས་སུ་ཡིན་ན་་་རྔ་བ་རྒྱལ་ཁམས་པ་ལགས་དང་ཀླུ་སྨྱོན་ལགས་གཉིས་དང་མཉམ་དུ་གླེང་མོལ་བྱོས་དང་ཁྱེད་ཀྱི་ཆུ་ཚོད་བཏང་བ་དོན་ཡོད་དུ་འགྱུར་ངེས་ཡིན།
ཕྲན་ལ་ཉིན་ཤས་རིང་དྲ་ཐོག་ཏུ་ཡོང་བའི་གོ་སྐབས་མེད། ད་བདེ་མོ།
ནོར་བཅོས། རྗེ་རིན་པོ་ཆེའི། ན་རོ་ཆོས་དྲུག་གི་འགྲེལ་བ།
དེབ་དེ་དག་གི་མཚན་ཇི་བཞིན་མ་དྲན་ཡང་མཛད་པ་པོ་སོགས་ལས་ཧ་གོ་ཐུབ་སྙམ་ནས་བྲིས་པ་ཡིན།
རྫ་ཚེ་རིང་ལགས།
ཚན་རིག་གིས་ཁས་ལེན་ཐུབ་པ་ཟེར་བ་ནི་གཞན་ལས་ཐོས་དང་གསན་པ་ཙམ་མ་ཡིན་ཞིང་། འཁོར་ཡུག་དང་གོམས་གཤིས། ཆོས་ལུགས་དང་ཞེན་འདོད་ཀྱིས་ཡིད་ཆེས་སླེབས་པ་དེ་བས་ཀྱང་མ་ཡིན་པར་དངོས་རྒྱུད་ཀྱི་མྱོང་བ་དང་དམར་ཁྲིད་ཀྱི་འཛུབ་སྟོན་ལ་ཟེར། དེ་འདྲའི་བདེན་དཔང་ཞིག་དགོས་བ་ལས་རྟོགས་བཟོས་སྒྲིག་པའི་བསྟན་བཅོས་དང་གཞན་ལས་ཐོས་བའི་སྐད་ཆ། སེམས་པ་ཐང་ལ་མ་ཐང་བའི་སྒྲུང་གཏམ་དང་གཉའ་ཐཱ་འཐེན་མཁན་གྱི་འཆར་ཡན། ཆང་རྐྱལ་གྱི་ངག་འཆར་སོགས་ཀྱིས་ཁུངས་སྐྱེལ་མི་འོས་ཤིང་ཚན་རིག་གི་བདེན་དཔང་མི་འོས་སོ།
དབང་འདུས་ལགས་ཀྱིས་གསལ་བཤད་དང་གྲོས་འདོན་གནང་བར་བཀའ་དྲིན་ཆེ། སྐད་ཆ་འདི་དག་བཤད་དུས། ངས་དོགས་འདྲི་རང་བྱེད་ཀྱིན་ཡོད། དེ་ཡང་ཤེས་འདོད་ཁོ་ནས་ཡིན། དེ་མ་གཏོགས་ཆོས་ལུགས་སམ་མི་སྒེར་ཞིག་ལ་བརྙས་བཙལ་འདོད་ཀྱིས་གཏན་ནས་མིན། གང་ལྟར། ཁྱེད་རང་ནས་གསལ་བཤད་གནང་བར་བཀའ་དྲིན་ཆེ།
དེ་ནས། ཚོར་བ་ལ་འགྲེལ་བརྒྱབ་སྟངས་ཟེར་བ་དེའི་ཐད་ལ་་་་་ ངས་ཀྱང་མང་པོ་ཞིག་བཀླགས་མྱོང་། འགྲེལ་བཤད་ཚང་མ་འགྲེལ་བཤད་མ་རེད། དྲི་བ་ལ་སྣ་ཁ་རེ་ཟུང་ཡོད་པ་རེད། ཅི་ཞིག ཅིའི་ཕྱིར། ཇི་ལྟར། ནམ་ཞིག གང་དུ་་་སོགས། དེ་དག་ཀུན་ནས་དྲི་བ་མགོ་རྙོག་ས་དེ་ནི་་་་་ ཇི་ལྟར་ཟེར་བ་དེ་རེད། དྲི་བའི་རྣམ་དབྱེ་གསལ་འབྱེད་ཀྱིས་བསམ་བློ་ཐོངས་དང་མྱོང་བ་གཞན་ཞིག་ཡོད་རྒྱུ་རེད།
བཀའ་དྲིན་ཆེ།
ཁྱོད་ཚོས་ཅི་བཤད་ཀྱིན་ཡོད། ཚན་རིག་པའི་ནང་ན་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་དང་མི་ལེན་མཁན། གལ་སྲིད་སྐཡེ་བ་སྔ་ཕྱི་ཡོད་པར་ཁས་བླངས་ན་ཡང་ནང་པའི་ལུགས་ལྟར་ཁས་ལེན་མཁན། ཆོས་ལུགས་གཞན་ལྟར་དུ་ཁས་ལེན་མཁན། ཡོད་མེད་གང་ཡང་མི་སྨྲ་བར་བཏང་སྙོམས་སུ་འཇོག་མཁན་སོགས་རིགས་མང་པོ་ལོས་ཡོད།
བོད་མི་ཟེར་བ་འདིའི་བསམ་བློ་དེ་དངོས་གནས་ཁྱད་མཚར་ཞིག་འདུག སྐྱེ་བ་སྔ་ཕྱི་ཡོད་མེད་ལྟ་བུ་དང་འཆི་བའི་ཚོར་སྣང་ལྟ་བུ་སུ་གཅིག་གིས་ཤེས་རྟོག་མི་ནུས་ས་དེ་ཚོ་ལ་དོ་སྣང་ཆེན་པོ་དང་བསམ་གཞིག་བྱེད་མཁན་མང་པོ་འདུག ང་ཡང་དེའི་གྲས་ཀྱི་གཅིག་ཡིན། ང་ཕྱི་རྒྱལ་གྱི་མི་དཀྱུས་མ་ཚོ་དང་འགྲོགས་སྐབས་ཁོང་ཚོ་ཕལ་མོ་ཆེས་དོན་གནད་དེ་འདྲར་དོ་སྣང་བྱེད་མཁན་མི་འདུག་པས་མཚམས་རེར་ང་རང་གིས་ང་སྨྱོ་གི་མེད་དམ་སྙམ་གྱིན་འདུག འདི་ཡག་རྟགས་ཤིག་ཡིན་ནམ་ཡང་ན་དགོས་ནུས་གང་ཡང་མེད་པའི་སེམས་ཁུར་ལྷག་མ་ཞིག་མིན་ནམ་སྙམ་པའི་དོག་པ་ཞིག་ཀྱང་འདུག
སྐྱེས་བ་སྔ་ཕྱི་ཡོད་མེད་ནི་ཧ་ཅང་གལ་ཆེན་ལོས་ཡིན། ང་ཚོས་བོད་རྣམས་ཀྱི་ད་བར་ཉམས་ལེན་བྱེད་ཅིང་དཀའ་ལས་ཀྱིས་སྒྲུབ་པ་ཐམས་ཅད་སྐྱེས་པ་ཕྱི་མིའི་ཆེད་དུ་ཡིན། དེ་ལྟར་མིན་ན་རབ་བྱུང་དང་དགེ་འདུན། བན་བོན་གྱི་ཆོས་ལུགས་སོགས་ཉམས་ལེན་བྱེད་དགོས་མེད་ལ་དེས་འདི་ལྟར་ཚད་མཐོ་རང་བཞིན་ཅན་གྱི་བོད་ལ་དབང་སྒྱུར་བྱེད་དོན་ག་ལ་ཡོད། བླ་སྤྲུལ་དང་སྐུ་སྐྱེས་ཟེར་དེ་བས་ཀྱང་རིན་ཐང་སྤྲད་དགོས་དོན་གང་ཡང་མེད།
མཁྱེན་ལྡན་ཀླུ་སྨྱོན་དང་དབང་འདུས། རྔ་བ་རྒྱལ་ཁམས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་རང་གི་གཟུགས་པོའི་ནང་གི་སྲོག་ལྡན་ཕྲ་མོ་དེ་ཚོར་སྐྱེ་བ་སྔ་ཕྱི་ཡོད་དམ། ཁྱེད་རང་གིས་ཟ་ཉེས་འཐུང་ཉེས་རེ་བྱས་པས་ཀྱང་འབུ་ཕྲ་ག་ཚོད་མང་པོ་ཞིག་གསོད་ཀྱི་ཡོད་པ་རེད་དམ། དེ་ལ་སྡིག་པ་ཡོད་པ་ཨེ་རེད།
སྲོ་མ་དང་ཤིག་ལ་སྐྱེ་བ་སྔ་ཕྱི་ཡོད་པ་ཨེ་རེད། དེ་བསད་ན་སྡིག་པ་ཡོད་པ་ཨེ་རེད།
ཁྱེད་རང་ཤི་བའི་ཚེ་དམྱལ་བར་སྐྱེ་བ་དང་ཁྱེད་རང་གི་ཁོག་པའི་རྒྱུ་འབུ་ཆུང་ཆུང་ཞིག་ཤི་བའི་ཚེ་མི་ཡུལ་ལམ་ལྷ་ཡུལ་དུ་སྐྱེ་བ་དེ་འདྲ་ཡོད་ཨེ་རེད།
མགོན་ཕྱག་ལགས། ངས་སྔོན་མ་ཞིག་ལ་སྙན་ངག་འདྲ་བོ་ཞིག་ནང་དུའང་། ཁྱེད་ཀྱི་ལྟ་ཕྱོགས་འདྲ་བོ་ཞིག་བྲིས་ཡོད་སྙམ། འདི་སྐོར་ལ་སེམས་ནལ་དུ་ཕབ་ནས་བསམ་བློ་ཞིག་གཏོང་མི་ཉན། བསམ་བསམ་བློ་བཏང་གིན་བཏང་གིན་མུ་སྟེགས་གཅེར་བུ་བ་ལའང་དད་པ་སྐྱེ་འགྲོ་སྐྱེ་འགྲོ་བྱེད་ཡོང་། འདི་ཚོ་ང་ཚོ་རང་འགའ་བས་ཆུ་བུར་མིག་གིས་མངོན་སུམ་དུ་མ་མཐོང་ནོ་བཟང་བྱུང་། གལ་སྲིད་ཅིག་མཐོང་བ་ཡིན་ན། འཐུང་རྒྱུ། བཟའ་རྒྱུ། གོན་རྒྱུ། འདུག་ས་སོགས་ཕལ་ཆེར་མགོ་རྔ་ཅན་གྱི་སྲོག་ལྡན་འཚོ་སའི་ཚང་ཞིག་ཡིན་འགྲོ་ཡོད། དེ་བཞིན་ཁྱེད་ཀྱིས་རང་གི་མདུན་ཅོག་དང་། གཟིམས་ཁང་གི་ཕྱི་ནང་། སྲ་མོ་རྡོ་ལྕགས། རང་ཉིད་ཀྱི་ལུས་པོ་ཚུན་ཆོད་ལ་བསམ་བློ་ཞིག་ཐོངས་ར་དངོས་གནས་ཉ་ཚགས་ལྟ་བུ་ཞིག་ལས་ཅི་ཡང་ཡོད་ནི་མ་རེད། ངས་བསམས་ན། འདི་ཚོའི་འཕོ་འགྱུར་དང་འགུལ་བསྐྱོད་ཀྱི་རང་བཞིན་འོད་ཤུགས་ལས་ཀྱང་མྱུར་གི་འདོད་ནི་ཡིན། དེ་ནས་རང་གི་ཁོར་ཡུག་ན་ཡོད་པའི་ཆོས་རེ་རེའི་ཐོག་གི་དབྱིབས་དང་། ཁ་དོག རྣམ་པ། མིང་དང་། ཐ་སྙད་འདོགས་ལུགས་སོགས། གདོད་མ་ནས་ཡོད་ནི་ཞིག་ཡིན་ནམ་རང་གིས་བཏགས་པ་ཞིག་རེད། འདི་ཚོའི་ཐོག་སེམས་པ་ལྷོད་ལྷོད་བྱས་ནས་བསམ་བློ་རེ་ཐོངས་དང་། ལྟད་མོ་ངོ་མཚར་ཅན་མང་བོ་མཐོང་རྒྱུ་ཡོད། ཨ་ལ་ཀུ་རེ་ཡིན་ད།
ལས་འབྲས་ཕྲ་ཞིང་ཕྲ་བའི་སྐོར་འདི་སྟོན་པ་སངས་རྒྱས་ཀྱིས་ཀྱང་བཏང་སྙོམས་སུ་བཞག་གནང་ཡོད་པ་རེད། དཔེར་ན་དགེ་སློང་གིས་ཆུ་ཚགས་བེད་སྤྱོད་བཏང་སྟེ་ཆུ་ནང་གི་སྲོག་ཆགས་ཕྲ་མོ་གནོད་པ་ལས་སྐྱོབ་ཐབས་གསུངས་ཡོད་ཀྱང་། དགེ་སློང་གིས་སྨན་བཟའ་ཆོག་པར་གནང་བ་འདིས་མགོ་སྨན་དང་གློ་སྨན་ལྟ་བུས་མགོ་ནང་དང་གློ་བའི་ནང་གི་སྲོག་ཆགས་ཕྲ་མོ་གསོད་པ་མཁྱེན་བཞིན་དུ་བཏང་སྙོམས་སུ་མི་འཇོག་རང་འཇོག་གནང་ཡོད་པ་རེད། ངས་འདི་ལྟར་བསམ་བཞིན་ཡོད།
བོད་ཀྱི་ཆོས་ལ་དད་པ་ཅུང་ཟད་ཡོད་ན། སྐྱེ་བ་སྔ་ཕྱི་ཡོད་པའི་ལུང་ནི།
མདོ་མཛངས་བླུན་རྒྱལ་པོ་དགེ་དོན་གྱི་ལེའུ་ལས།
་་་་་། ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་རིན་ཆེན་གོ་ཆ་ནི་ད་ལྟ་ངའི་ཡབ་ཟས་གཙང་མ་ཡིན་ནོ། རྒྱལ་པོའི་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། རྒྱལ་བུ་དགེ་དོན་ནི་ད་ལྟ་ང་ཡིན་ནོ། ལྟ་བུ་དང་།
རིགས་པ་ནི་རིགས་པའི་དབང་ཕྱུག་གིས།
རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །
ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པས་མི་འཐུས་པ་ཅི་ཡོད། མཚན་རིག་པའི་ལམ་ནས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་སྒྲུག་ཡུན་ལ་རང་གི་དལ་འབྱོར་ཚེ་ཟད་འགྲོ་ཉེན་འདུ་གོ །
དབང་འདུས་ལགས། རྔ་བ་རྒྱལ་ཁམས་པ་ལ། ཞལ་སློབ་སྐར་ཚོགས་འདྲ་འདྲ་ཡོད་ནི་རེད། ཁྱེད་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན་ན་ང་བསོད་ནམས་ཆེ་གི ཨ་རོ། ངས་ཁྱོད་ཕལ་ཆེར་ངོ་ཤེས་སོང་། གང་ལྟར་ཡང་། ཉིད་ཀྱིས་གསུངས་པ་ལྟར། གཞལ་བྱའི་གནས་གསུམ་གྱི་རྣམ་བཞག་དང་། རྩ་རླུང་ཐིག་ལེའི་རྒྱུ་སྟངས་ལ་རང་དབང་ཐོབ་པའི་རྣལ་འབྱོར་པ་ཚོས། སྒོམ་སྟོབས་ལ་བརྟེན་ནས་ད་ལྟའི་ཐ་མལ་བའི་སེམས །ཆུ་རྒྱུན་ལྟར་འདར་འཁྲི་ལི་ལི་འགྲོ་བཞིན་པ་འདི་ཚོ། འཕྲལ་མར་བཅད་ནས། མའི་འོད་གསལ་ཟེར་རྒྱུ་བོ་འདིའི་ངོགས་ནས་ལྐོག་གྱུར་གྱི་གནས་གསལ་བོ་གཟིགས་ཐུབ་པའི་ཁྱད་ཆོས་ཤིག་ལོས་ཡོད། ལྷག་པར་རྒྱུད་སྡེ་ལ་ལ་ན། སྒྲོན་མ་བཞི་ཞེས་རྩ་ཁྱད་པར་ཅན་རེ་གསུང་ཡོད་པ་འདི་ཚོ་སྐབས་འདིའི་གནད་ཀྱི་འགག་མདོ་ཞིག་ལོས་ཡིན་བསམས་ཡོད། ཐུགས་རྗེ་ཆེ། མུ་མཐུད་དགོངས་འཆར་སྤེལ་རོགས་ཀྱིས། ཨོ་རེད། བསམ་ཚུལ་སྤེལ་སྐབས་སྲོལ་རྒྱུན་ཆོས་ཚིག་ལས། གོ་སླ་བའི་སྐད་ཆ་ལྟ་བུའི་ཐོག་སྤེལ་ཐུབ་ན་བཟང་གི
ཀླུ་སྨྱོན་ལགས། སྲོག་ལྡན་ཕྲ་མོའི་རིགས་འདི་ཚོའི་ཐད། ལས་འབྲས་ཀྱི་ཆོས་སྐོར་དང་། ལྷག་པར་ལས་ལ་བྱས་བསགས་ཀྱི་ལས་ཀྱི་རྣམ་གྲངས་མི་འདྲ་བར་གསུང་བ་འདི་ཚོ་དང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ།། ཞེས་ལྟ་བུའི་ཐོག་བསམ་བློ་གཏོང་རྒྱུ་ཞིག་ཀྱང་ཡོད་སྣང་ཤར། དེ་མིན་འབྲས་བུའི་ཐེག་པ་ན། རྣལ་འབྱོར་བ་ཚོས་ཟས་གོས་གནས་མལ་སྤྱོད་སྟངས་སྐབས། ཕྱི་ནང་གི་སྦྱིན་སྲེག་ཞིག་ཀྱང་གསུངས་ཡོད་པ་མ་རེད་དམ། འདི་ཚོའང་སྐབས་འདི་དང་དམིགས་འབྲེལ་ཞིག་དན་དན་ཡོད་དགོས་སྙམ།
རྒྱལ་ཁམས་པའི་མཁྱེན་ཡོན་ལ་རྗེས་སུ་ཡི་རང་ཞུ་གིན་ཡོད། གསང་སྔགས་པའི་ལུགས་ལ་སྐུ་གསུམ་ལམ་འཁྱེར་དང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་འཁྱེར་བའི་ཉམས་ལེན་འཛད་དུ་མེད་པ་ཞིག་ཡོད་འདུག་མོད།མོད་ལུགས་སོར་སྡོམ་གྱི་དབང་དུ་བྱས་ན་ཡང་ལས་འབྲས་ལ་སྐབས་རེར་གཡོལ་ཐུབ་ནས་བཅས་པ་མཛད་པ་སྐོར་ཞིག་དང་། སྐབས་རེར་གཡོལ་འདོད་ཀྱང་གཡོལ་ཐབས་མ་བྱུང་བར་བཅས་པ་མ་མཛད་པའི་རིགས་གཉིས་ཡོད་པར་བསམ་གི་འདུག་ལགས།
དྲན་པའི་དབང་པོ་དག་ལ་ཞུ་རྒྱུ།
ཚེ་ཕྱི་མ་དང་སྐྱེ་བ་ཕྱི་མ་གཉིས་ལ་ཁྱད་པར་འབྱེད་རྒྱུ་མེད་དམ་སྙམ།
ཚེ་ཕྱི་མ་ནི་ཡོད་ཐག་ཆོད་རེད་ལ། དེའི་དོན་དུ་འབད་འབུངས་ཆེན་པོས་དགེ་བའི་རྩ་བ་བསྐལ་བ་མ་སྟོང་ཙམ་དུ་བསགས་ཀྱང་འབྲས་བུ་བཟང་བོ་ཆུད་མི་ཟ་རེད་དྲན།
འོན་ཀྱང་། སྐྱེ་བ་ཕྱི་མ་ནི། མི་དང་རྣམ་ཤེས་གཉིས་ཡིན་པས། རྩིག་པ་དང་དེའི་རི་མོ་བཞིན་དང་། སྒྲོན་མེ་དང་དེའི་འོན་བཞིན་འཇིག་པ་དུས་མཉམ་དང་གནས་པ་དུས་མཉམ་ཟེར་བ་དེར་བསམ་བློ་ག་ཚད་བཏང་ནའང་་བདེན་བདེན་འདྲ་ཞིག་ཡིད་ཀྱི་སྣང་ངོར་འཁོར་ཡོང་བ་འདུག་ན་།
མི་དང་རྣམ་ཤེས་གཉིས་་་སྒྲོན་མེ་དང་དེའི་འོད་བཞིན་མ་ཡིན་པའི་བློ་ལྡོག་བྱེད་ཀྱི་སྒྲུབ་ཐབས་ཁྱད་པར་ཅན་རེ་སུ་ལ་ཡོད་དམ།
ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། བསམ་དོན་ཡིད་བཞིན་འགྲུབ།
བོད་རིགས་ཞིག་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ཐེ་ཚོམ་ཟ་བ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། གོ་ལ་འདིར་རང་རིགས་ཀྱི་རིང་གཞུང་དང་ལོ་སོགས་གང་ལ་དཔྱད་ཀྱང་བོད་ནི་སྐྱེ་བ་སྔ་ཕྱི་འདོད་མཁན་ཚོའི་སྲོག་ལྟ་བུ་ཡིན། གལ་སྲིད་རང་རེ་ཚོས་སྐྱེ་བ་སྔ་ཕྱི་མེད་ཞེས་དང་ཡོད་མེད་ཐེ་ཚོམ་ཡིན་སོགས་བརྗོད་པ་ལ་ཕན་ནུས་དང་དགོས་པ་མེད་པ་མ་ཚད། སྔར་གྱི་དམ་པའི་སྐྱེས་བུ་རྣམས་ཀྱི་ལོ་རྒྱུས་དང་སྟོན་པའི་སྐྱེས་རབས་སོགས་རྫུན་གྱི་རང་བཞིན་དུ་གྱུར། ནང་པའི་གཞུང་ལུགས་ཐམས་ཅད་རྫུན་མ་དང་བདག་ཅག་གི་སྟོན་པ་ནི་རྫུན་གྱི་དབུ་ཁྲིད་ཞིག་ཡིན་པ་ཁས་ལན་དགོས། གལ་སྲིད་སྐྱབས་སྡོམ་ཞུས་ཡོད་མཁན་ཞིག་ཡིན་ན་མི་དགེ་བ་བཅུའི་ནང་གི་ལོག་ལྟ་དང་ཐར་པའི་སྒོ་འགགས་ལ་སྐྱབ་གདམ་ཉམས་འགྲོ་བ་མ་ཚད་ནང་པའི་གྲལ་ནས་བུད་དགོས་པ་ཡིན། ཀུ་རེའི་ཆེད་དུ་ཚད་མེད་ཀྱི་སྡིག་པ་ཚབས་ཆེན་རེ་གསགས་པ་ནི་དགོས་མེད་དང་ཕན་མེད་ཞིག་ཡིན།
ཀླད་གསར་ཡིན་ཞེས་རང་གི་རིག་གཞུང་ཉམས།།
མཁས་པ་ཡིན་ཞེས་གཞན་རྗེས་ཁྱི་བཞིན་ཉུལ།།
དུས་གསར་རང་བོད་འགའ་ཡི་རང་ཚུལ་ནི།།
འདི་ཡིན་མེད་པའི་འ་འུར་སྒྲོག་ལ་སྤྲོ།།
བོད་རིགས་ཞིག་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ཐེ་ཚོམ་ཟ་བ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། གོ་ལ་འདིར་རང་རིགས་ཀྱི་རིང་གཞུང་དང་ལོ་སོགས་གང་ལ་དཔྱད་ཀྱང་བོད་ནི་སྐྱེ་བ་སྔ་ཕྱི་འདོད་མཁན་ཚོའི་སྲོག་ལྟ་བུ་ཡིན། གལ་སྲིད་རང་རེ་ཚོས་སྐྱེ་བ་སྔ་ཕྱི་མེད་ཞེས་དང་ཡོད་མེད་ཐེ་ཚོམ་ཡིན་སོགས་བརྗོད་པ་ལ་ཕན་ནུས་དང་དགོས་པ་མེད་པ་མ་ཚད། སྔར་གྱི་དམ་པའི་སྐྱེས་བུ་རྣམས་ཀྱི་ལོ་རྒྱུས་དང་སྟོན་པའི་སྐྱེས་རབས་སོགས་རྫུན་གྱི་རང་བཞིན་དུ་གྱུར། ནང་པའི་གཞུང་ལུགས་ཐམས་ཅད་རྫུན་མ་དང་བདག་ཅག་གི་སྟོན་པ་ནི་རྫུན་གྱི་དབུ་ཁྲིད་ཞིག་ཡིན་པ་ཁས་ལན་དགོས། གལ་སྲིད་སྐྱབས་སྡོམ་ཞུས་ཡོད་མཁན་ཞིག་ཡིན་ན་མི་དགེ་བ་བཅུའི་ནང་གི་ལོག་ལྟ་དང་ཐར་པའི་སྒོ་འགགས་ལ་སྐྱབ་གདམ་ཉམས་འགྲོ་བ་མ་ཚད་ནང་པའི་གྲལ་ནས་བུད་དགོས་པ་ཡིན། ཀུ་རེའི་ཆེད་དུ་ཚད་མེད་ཀྱི་སྡིག་པ་ཚབས་ཆེན་རེ་གསགས་པ་ནི་དགོས་མེད་དང་ཕན་མེད་ཞིག་ཡིན།
ཀླད་གསར་ཡིན་ཞེས་རང་གི་རིག་གཞུང་ཉམས།།
མཁས་པ་ཡིན་ཞེས་གཞན་རྗེས་ཁྱི་བཞིན་ཉུལ།།
དུས་གསར་རང་བོད་འགའ་ཡི་རང་ཚུལ་ནི།།
འདི་ཡིན་མེད་འ་འུར་སྒྲོག་ལ་སྤྲོ།།
ང་ཚོས་བསམ་བློ་ཁྱད་མཚར་བོ་གཏོང་དགོས་པ་རེད། རྫོགས་པའི་སངས་རྒྱས་ཀྱང་བསམ་བློ་ཁྱད་མཚར་བོ་འདི་འདྲའི་འོག་ནས་སངས་རྒྱས་པ་རེད། གལ་སྲིད་ང་ཚོས་བསམ་བློ་ཁྱད་མཚར་བོ་གཏོང་མ་ཤེས་ན། དཀྱུས་མའི་རྣམ་རྟོག་འདིའི་ངོགས་ནས་སེམས་ནར་དུ་སོན་དུས་ཤིག་ཡོང་ནི་མ་རེད། གླིང་འདིའི་བདག་ཉིད་ཆེན་པོ་དག་ཀྱང་བསམ་བློ་ཁྱད་མཚར་བོའི་འོག་ནས་སའི་རྒྱན་དུ་གྱུར་པ་ཞིག་མ་ཡིན་ནམ།
གལ་ཆེན་དོན་ཆེན་མང་ནའང་། །
གསང་ཆེན་བསྒྲགས་ལ་གཟབ་རེ་དགོས། །
ཀརྨ་དགེ་ལེགས་ཕེབས་པ་བཟང་། ངས་གསང་ཆེན་ཅིའང་བསྒྲགས་མེད་ལ། སྒྲོག་ཀྱང་མི་ཤེས། ལར་ནས་རང་རེའིོ་ཡུལ་འདི་གསང་ཆེན་སྔགས་ཀྱི་གདུལ་ཞིང་ཞིག་ནི་ཡིན་རབས་ཡོད། མ་ཟད་དྲ་ཐོགས་འདིར་ཕེབས་མཁན་ཚོའི་ནང་དཔལ་དུས་ཀྱི་འཁོར་ལོ་སོགས། རྒྱུད ཀྱི་དབང་ཞིག་མ་ཐོབ་མཁན་ཞིག་ཡོད་རྒྱུ་མ་རེད། དེར་བརྟེན། སྔགས་ཀྱི་མིང་ཚིག་ཐ་སྙད་འགའ་ཤས་བེད་སྤྱོད་བྱས་པ་ཡིན། དེ་ཙམ་ཡིན། ཁྱེད་ལ་ཁོམ་པོ་འདྲ་ཡོད་ན་ཡང་ཡང་ཕེབས་རོགས་ཞུ། བཀྲ་ཤིས་བདེ་ལེགས།
རྔ་བ་རྒྱལ་ཁམས་པ་ལགས།
གསང་སྔགས་ཡང་གསང་ཆེ་ན་བཟང་མི་བཟང་མི་ཤེས། གང་ལྟར་བཤད་དགོས་པའང་མང་པོ་ལོས་ཡོད།
འདི་ན་ངས་སྐབས་རེ་གསང་སྔགས་ཀྱི་ཆོས་སྐོར་ལ་ཉན་བཞིན་ཡོད། ཁྱེད་ཀྱིས་ཉན་འདོད་ཡོ་ན་ང་ལ་འབྲེལ་བ་བྱ་རོགས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཁྲིད་པའི་མཛོད་སྡེ་དང་། གསང་སྙིང་ཕྱོགས་བཅུའི་མུན་སེལ། གསང་བདག་ཞལ་ལུང་། སྣང་བ་ལྷ་སྒྲུབ་སོགས་མང་པོ་ཡོད། དེ་དག་ཁྱེད་ལ་ཕན་ཐོག་ཡོད་པ་འདྲ་ཡང་འབྲེལ་བ་བྱ་ཐུབ་མ་སོང་། གང་ལྟར་འདི་དག་དགོས་ན་ང་ལ་འབྲེལ་བ་བྱོས། མདོ་ཕྱོགས་ནས་མང་པོ་ཕབ་ལེན་ཡང་བྱ་ཆོག
ཀརྨ་དགེ་ལེགས། བདེ་མོ་ཡིན་ནམ། རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་འདི་དངོས་གནས་བསམ་གྱིས་མི་ཁྱབ་པ་ཞིག་རེད། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་བླ་ཚུགས་དང་མི་ཚུགས་གཉིས་ཀ་ཡོད་ཀི
གུས་བཀུར་ཆེན་པོ་ཞུ་བཞིན་པ་ཡིན། ཁྱེད་ཀྱིས་གོང་ན་ངོ་སྤྲོད་བྱས་པའི་ཆོས་སྐོར་འདྲ་ཡོད་ན། སྐོམ་པ་ཆུ་འདོད་ལྟ་བུ་ཡིན། ང་ལ་ཅིག་བསྐུར་རོགས་ཞུ། ཐུགས་རྗེ་ཆེ། ངའི་མྱུར་འཕྲིན btashi88@gmail.com
སྐྱེ་བ་སྔ་ཕྱི་མི་དྲན་པའི། །
རྒྱུ་མཚན་ཅི་ཡིན་དྲིས་པ་ལ། །
སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི། །
དོགས་པ་ཟོས་པ་ངོ་མཚར་ཆེ། །
རང་ཅག་དང་པོ་མ་སྐྱེས་གོང་། །
མ་ཡི་ལྟོ་བར་གནས་པའི་སྐབས། །
ཡིད་ལ་མི་དྲན་རྒྱུ་མཚན་ཅི། །
དེ་བཞིན་སྐྱེས་མ་ཐག་པ་སོགས། །
སྔོན་བྱས་མང་པོ་མི་དྲན་པའི་། །
རྒྱུ་མཚན་ཅི་ཡིན་དྲིས་ནའང་། །
སྐྱེས་མ་ཐག་པ་ཡོད་མེད་ཀྱི། །
དོགས་པ་ཟོས་པ་ག་ལ་ཡིན། །
དེ་བཞིན་རིགས་འདྲ་མ་ཡིན་ནམ། །
སྔོན་གནས་སྐྱེས་བ་མ་དྲན་མེད་ཚུལ་དང་།།
ཕྱིས་ཀྱི་སྐྱེས་རབས་མ་མཐོང་ཡོད་ཚུལ་གཉིས།།
རིག་པའི་མདུན་དུ་ཁྱད་པ་འབྱེད་དཀའ་བས།།
ཀརྨ་དགེ་ལེགས་གསུངས་ལ་བློ་དོགས་སྐྱེས།།
སྦྲུམ་མའི་སྐབས་སུ་ཡོད་པའི་ཕྲུ་གུའི་ཚུལ།།
སྐྱེས་བའི་རྗེས་སུ་མི་དྲན་བདེན་ན་ཡང་།།
རྗེས་དཔགས་བློ་ཡིས་དཔྱད་ན་ཤེས་ནུས་བས།།
རྐརྨ་དགེ་ལེགས་གསུངས་ལ་བློ་དོགས་སྐྱེས།།
མ་འབྱར་བྱིས་བ་གནས་བའི་དུས་ཀྱི་བྱུང་།།
ལང་ཚོ་འཕེལ་རྗེས་དྲན་མིན་བདེན་སྲིད་ཀྱང་།།
དངོས་སུམ་མིག་གིས་མཐོང་བའི་དཔང་ཡོད་པས།།
ཀརྨ་དགེ་ལེགས་གསུངས་བ་བློ་དོགས་སྐྱེས།།
ཚུལ་ཁྲིམས་བློ་གྲོས་ཕྱག་དཔེ་ཀློག་མྱོང་ཡོད།།
སྔོན་གནས་བརྗེད་དྲན་བྱེད་མཁན་གོ་ཡང་མྱོང་།།
ཡོད་ཚད་རྒྱུད་རྒྱུད་བྱུང་བའི་རྒྱུད་ཡིན་པས།།
དངོས་བྱུང་བདེན་དཔང་སྟོང་བས་ཡིད་ཆེས་དཀའ།།
ཚུལ་ཁྲིམས་བློ་གྲོས་སྔོན་གནས་དྲན་མ་མྱོང་།།
དྲན་མྱོང་མེད་པས་གཞན་མྱོང་འཚོལ་བས་ན།།
དཔང་མི་ཞུགས་མཁན་མྱོང་བའི་ངག་ཡིན་པས།།
ངག་གི་གང་བཤད་ཡིད་རྟོན་བྱེད་པ་དཀའ།།
སྐྱེས་བ་སྔ་ཕྱི་ཡོད་མེད་མྱོང་བ་མེད།།
མྱོང་གྲུབ་མེད་པས་ཅི་ཞིག་བཤད་མི་ཐུབ།།
གལ་སྲིད་རྟོགས་མཁན་ཡོད་ན་གསུངས་རན་རེད།།
འཇིག་རྟེན་ཧྲིལ་བོས་ཁྱེད་ལ་སྒུག་ནས་འདུག།
ཨ་ནུ་ཐང་བསོད་ནམས་ལ།
དོན་གནས་ཚིག་གི་མདའ་མོ་དེ། །
ཁྱེད་ལ་འཕངས་པ་མ་ཡིན་ཡང་། །
འབེན་དུ་རང་ཉིད་བཞེངས་འདུག་ན། །
ང་ལ་ཐབས་ཤེས་གཞན་པ་ཅི། །
སྐྱེ་སྔོན་བྱུང་ཡང་མ་དྲན་དང་། །
ཕྱི་མ་ད་དུང་མ་གྲུབ་ཕྱིར། །
དེ་གཉིས་ཁྱད་པར་ཤིན་ཏུ་ཆེ། །
དབྱེ་འབྱེད་དཀའ་བ་ངོ་མཚར་ཆེ། །
སྐྱེ་འདིར་མྱུང་གྲུབ་མི་དྲན་བཞིན།
སྐྱེ་བ་སྔ་མ་མི་དྲན་ཡང་། །
མེད་པའི་སྒྲུབ་བྱེད་མི་རུང་བའི། །
རྒྱུ་མཚན་བརྗོད་ལ་རྨོངས་དོན་ཅི། །
མངོན་སུམ་མིག་གིས་མི་མཐོང་པས། །
ཡོད་པའི་སྒྲུབ་བྱེད་མེད་བསམས་ན། །
རྗེས་དཔག་བློ་ཡིས་གནོད་པ་ཡོད། །
ཐམས་ཅན་མིག་གི་ཡུལ་ན་མེད། །
མཁན་ཆེན་ཕྱག་དཔེ་ཀློག་མྱོང་ན། །
ངོ་མ་རྗེས་སུ་ཡི་རིང་བྱེད། །
དད་ལོག་གོ་ལོག་མི་བྱེད་པར། །
དགེ་བར་འགྱུར་པའི་སྨོན་ལམ་འདེབས། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། །
སྔོན་གནས་དྲན་མྱུང་མེད་ཟེར་ནས། །
ཁ་ཚོད་གཅོད་པ་འོས་ལགས་སམ། །
རིག་པ་གང་གིས་སྒྲུབ་བྱེད་འོས། །
སོ་སོའི་ལས་སྣང་མ་དག་ན། །
བྱམས་པ་མགོན་པོ་དངོས་བྱོན་ཀྱང་། །
ཁྱི་མོ་ཙམ་ལས་མ་མཐོང་བས། །
དཔེ་འདི་སྐབས་རེ་ཡིད་ལ་ཟུང་། །
ཚུལ་ཁྲིམས་བློ་ཡི་རིན་པོ་ཆེས།།
སྐྱེས་བ་སྔ་ཕྱིའི་ཕྱག་དཔེ་ལས།།
གཞན་མྱོང་མ་གཏོགས་རང་མྱོང་མེད།།
དེ་བརྟེན་སྐད་ཆ་བཤད་འདི་འོས།།
གལ་སྲིད་རང་ལ་མྱོང་ཡོད་ན།།
ཁ་གསལ་གསུངས་བའི་རེ་བ་ཡོད།།
དེ་ནི་མི་ཚེ་ཤེས་བྱ་རེད།།
ཤེས་བྱའི་ནང་གི་འགངས་ཆེན་རེད།།
སྐྱེས་བ་སྔ་ཕྱི་ཡོད་ན་དགའ་བ་ཡོད།།
ཡོད་པ་ད་བར་ཡིད་ཆེས་བྱེད་མི་ཡིན།།
སྐྱེས་བ་སྔ་ཕྱི་མེད་ན་དགའ་བ་ཡོད།།
ཕྱི་རྗེས་སྡུག་ངལ་མེད་པས་བཀྲ་ཤིས་རེད།།
འོན་ཀྱང་འཁྱལ་གཏམ་ཡིད་ཆེས་བྱེད་མི་མིན།།
འཁྱལ་བའི་རྗེས་སུ་འབྲང་ནས་ཨ་ཐང་ཆད།།
དངོས་གནས་མངོན་སུམ་གཟིགས་པའི་དཔང་ཡོད་ན།།
ལག་ཟུང་ལག་མོ་རྡེབ་ནས་འཇུག་ངེས་ཡིན།།
འཁྱལ་བའི་གཏམ་ལ་ཡིད་ཆེས་བྱས་བྱས་ནས།།
ད་བར་མི་ཚེ་འཁྱལ་བའི་གཏམ་གྱིས་ཟས།།
ཟ་འཕྲོ་ལུས་པའི་མི་ཚེའི་ལྷག་པ་རྣམས།།
རྫུན་གཏམ་གཞུང་ལ་མི་བརྗེའི་མྱོང་བ་ཡོད།།
ཨ་ཙི་ཁྱེད་རྣམ་པས་ སྐྱེ་བ་སྔ་ཕྱི་སྐོར་བགྲོ་གླེང་ བྱེད་པ་འདི་ད་རེས་གཞི་ནས་ཤེས་བྱུང་ལ་ འདི་ བློ་རྨོངས་ ང་ལ་ཕན་ཐོགས་ཤིན་ཏུ་བྱུང་ལ་ དྲ་རྒྱ་ནང་དུས་ཚོད་གཏོང་ཡ་འདི་ཡང་འཕྲོ་བརླག་རེད་མི་འདུག་དྲན་བྱུང་།
དྲ་རྒྱ་ནང་མཁས་དབང་མང་པོ་བཞུགས་ཡོད་པའང་ཤིན་ཏུ་དགའ།
ད་རུང་ང་ ལས་དང་པོ་བ་ལ་མཚོན་ན་ ཁང་གསར་གྱིས་ ལུས་ཚོར་དང་སེམས་ཚོར་གཉིས་ གོ་བདེ་པོ་ལམ་ནས་གཅིག་བཤད་འདུག་པས་ སེམས་ཚོར་འདི་ཇི་འདྲའི་གལ་ཆེན་ཞིག་རེད་ཨང་དྲན་
བོད་དབྱིན་མིང་ཚིག་གསར་བ་འབྲི་བ་པོ།། ༼ཚིག་མཛོད་ཀྱི་མཚན་བྱང་ཇི་བཞིན་ཨེ་ཡིན་དོགས་པ་ཡོད། ༽
ཀརྨ་དགེ་ལེགས་ང་ལ་རིན་ཐང་ཆེ།།
མིང་དང་གྲགས་པའི་རྔམ་པ་མི་ཆེ་བར།།
རིག་གཞུང་སྲི་ཞུ་བསྒྲུབས་པའི་མཛད་རྗེས་ཡོད།།
མཆན་ཐུང་ཁ་ཤས་བཏབ་པའི་ཀརྨ་འདི།།
གཞན་ལ་བཀག་རྒྱ་བཟོ་ལ་དགའ་བའི་གཤིས།།
ཡུལ་དུས་གང་གི་ལས་ཀྱི་འབྲས་བུ་ཡིན།།
ཚུར་མཐོང་བློ་ཡི་མདུན་སར་ཤིན་ལྐོག་ཡིན།།
དཀའ་བའི་གནད་ལ་བགྲོ་གླེང་བྱེད་པའི་ཚེ།།
ཀརྨ་དགེ་ལེགས་ལྟ་བུ་འགའ་ཕེབས་ནས།།
གསང་ཆེན་བསྒྲགས་སོང་ཉེས་པ་ཆེ་རབས་ཞེས།།
འཇིགས་སྣང་ཚིག་གིས་རང་གཞན་འཁུམ་དུ་འཇུག།
བླ་མེད་གདམས་པའི་ཉམས་ལེན་གསང་དགོས་གལ།།
ཐོས་པ་བཞིན་དུ་གནད་ཅིག་མཐོང་ན་ཡང་།།
གཞི་ལམ་འབྲས་བུའི་སྐུ་གསུམ་འཕོ་བའི་ཚུལ།།
གསན་སྦྱང་མ་བྱས་སྒྲིབ་གཉིས་ཅི་ལྟར་སངས།།
ཨ་ནུ་ཐང་གི་བསོད་ནམས་ཅན་གྱི་བུས།།
མངོན་སུམ་ཚད་མས་སྤྱོད་ཡུལ་ཁོ་ན་ལས།།
རྗེས་དཔག་ལུང་ལ་ཡིད་ཆེས་མི་བྱེད་པ།།
ཅུང་ཙམ་སྔ་བའི་ལས་ཤིག་ཡིན་ན་ཐང་།།
སྒྲིབ་གཉིས་བག་ཆགས་བྲལ་བའི་ཡེ་ཤེས་ངོར།།
ལྐོག་གྱུར་ཆོས་ཀྱི་གནས་ལུགས་མི་སྲིད་ན།།
ཐེག་གསུམ་དམ་པའི་ཐེམ་སྐས་རིམ་བགྲོད་དེ།།
དངོས་སྟོབས་རིག་པའི་མྱོང་བ་ཉམས་སུ་ལོངས།།
སུ་ལ་ཆེད་དུ་གཟས་པའི་སྐད་ཆ་མིན།།
མཆན་གཉིས་ཤར་མར་བཀླགས་པའི་ཚོར་སྣང་ཡིན།།
ཆོས་གྲོགས་མཐུན་པའི་དམ་ཚིག་མཁོ་བའི་ཕྱིར།།
ཉེས་པ་གང་མཆིས་སྙིང་ནས་བཟོད་གསོལ་བྱེད།།
ད་དུང་མཁན་ཆེན་ཁོང་གི་བཀའ་གསུང་དེ།།
གློག་འཕྲིན་བརྒྱུད་ནས་འབྱོར་བའི་ཐབས་ཡོད་ན།།
ང་ཡང་མ་བརྗེད་གནས་དེར་སྤྲོ་བ་ཆེ།།
ཆོས་ཀྱི་སྦྱིན་པའི་ལས་འདི་མྱུར་དུ་སྒྲུབས།།
དུས་ཚོད་ཕྲན་བུ་བྱུང་ན། ཉིན་གྲངས་ཉི་ཤུ་ཙམ་ལ་ཐུགས་དམ་བཞུགས་པའི་སྐོར་ཞིག་ངོ་སྤྲོད་བྱེད་འདོད་ཡོད།
ཟེར་དགུ་བདེན་པར་མི་འཛིན་ལེགས་པར་དཔྱད་ནས་བཟུང་། །སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོ་དོན་བསྡམས། །
འཁོར་བ་ལ་ཐོག་མ་མེད་ཀྱང་ཐ་མ་ཡོད་དགོས་པ་འདྲ། སེམས་ཅན་ལ་གསར་སྐྱེ་མེད་ཚེ་སངས་རྒྱས་གྲངས་མེད་པ་བྱོན། འགྲོ་བ་གྲངས་མེད་པ་ཐར་བའི་ལམ་ལ་བཀོད་ན། སེམས་ཅན་ཇེ་ཉུང་དུ་འགྲོ་བ་སྙོན་དུ་མེད། འཁོར་བ་འདས་བྱས་ཡིན་པས་ཐ་མར་འཇིག་ངེས་པའོ ། །
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
དབང་འདུས་ལགས། ཁ་ཕོད་ཆེན་པོའི་སྐད་ཆ་མང་དུ་གསུངས་བར་དོན་དངོས་ཉིད་ཀྱིས་སྐྱེས་བ་སྔ་ཕྱི་ཡོད་མེད་ཤེས་ན་ངོས་སུ་སྒྲོགས་ན་ལེགས་པ་ལས་གསང་བ་བྱས་ན་ཕན་ཐོགས་ཡོད་པ་མཐོང་ལ། ཡོད་ན་ཚུལ་དང་མ་ཤེས་ན་ཤེས་ཁུལ་གྱིས་མི་ཆོས་བླ་མའི་ཆོས་རྫུན་མི་བྱེད་རྒྱའི་རེ་བ་ཡོད། དེ་ནི་རང་གཞན་གཉིས་ལ་མགོ་སྐོར་བཏང་བའི་གནོད་བྱེད་ཀྱི་ལས་ཚབ་ཆེན་རེད། སྐྱེས་བ་སྔ་ཕྱི་ཁས་ལེན་ནི་ནང་པ་ཙམ་མ་ཡིན་པར་ཁ་ཆེ་དང་ཡེ་ཤེས་ཆོས་ལུགས་སོགས་མདོར་ན་མཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཀུན་གྱིས་ཁས་ལེན་ལ་ཁོང་ཚོའི་ཆོས་ལུགས་ཀྱི་ལྟ་གྲུབ་འབྱུང་སའི་ལྟེ་བའང་སྐྱེས་བ་སྔ་ཕྱི་ལ་རེག་ལས་ཡོད། མ་ཟད་ཆོས་ལུགས་ཁས་མི་ལེན་མཁན་གྱི་གང་ཟག་མང་པོ་སྐྱེས་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་པས་སངས་རྒྱས་ཆོས་ལུགས་ཁོ་ན་སྐྱེས་བ་སྔ་ཕྱིའི་དོ་བདག་ཏུ་འདོད་ན་ཧ་ཅང་མཐར་པས་མ་ངེས་ལ། སྐྱེས་པ་སྔ་ཕྱི་རྟོགས་པར་ནང་ཆོས་ཁོ་ན་ལ་བརྟེན་དགོས་ཟེར་ན་ནང་པ་ཚོར་དགའ་བའི་གསོས་སུ་འགྱུར་སྲིད་ཀྱང་། ཆོས་ལུགས་གཞན་ལ་སྨྲས་ན་རྒྱུ་མཚན་ཚད་ལྡན་དུ་མི་མཐོང་ཞིང་ཕྱོགས་རིས་བའི་ལྟ་སྟངས་ཤིག་ཏུ་འདོད། ཐ་ན་བོད་ཀྱི་བོན་པོ་ཚོ་ལ་སྐད་ཆ་དྲིས་དང་། ཁོང་ཚོས་ངོས་ལེན་བྱེད་པ་དཀའ་ངལ་འཕྲད་སྲིད།
སྐྱེས་བ་ཡོད་མེད་ནི་རང་གི་ཞེན་འདོད་ཀྱིས་ཡོད་ཚུལ་གྱི་སྒྲུབ་བྱེད་འཚོལ་རྒྱུ་མིན་ལ། རང་ཉིད་སྐྱེས་བ་སྔ་ཕྱི་མི་འདོད་པས་མེད་ཚུལ་གྱི་སྒྲུབ་བྱེད་འཚོལ་རྒྱུ་མིན། ལྷག་པར་ལྟ་གྲུབ་བྱེ་བྲག་པ་ཞིག་དང་ཆོས་ལུགས་བྱེ་བྲག་ཅིག་ལ་རྒོལ་སྤྲོད་རྒྱུ་དེ་བས་མ་ཡིན་པར་བློ་གཟུར་བོ་གནས་ནས་ཞིབ་འཇུག་གནང་རྒྱུ་ནི་རང་ཉིད་གཞན་གྱི་མགོ་སྐོར་འོག་ཏུ་མི་ཚུད་ཅིང་། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཆེད་རེད།
ཉིད་ཀྱིས་གསུངས་བའི་རྗེས་དཔགས་ཀྱི་ལུང་ཟེར་དོན་ཅི་ཞིག་རེད། དེ་ལ་གོ་དོན་གྱི་ནུས་པ་མེད་པ་འདྲ། རྒྱུ་མཚན་ནི་རྗེས་དཔགས་ནི་རིག་པ་ཞིག་ཡིན་པ་ལས་ལུང་མིན་པས་ཡིན།
ནོར་བཙོས།
དབང་འདུས་ལགས། ཁ་ཕོད་ཆེན་པོའི་སྐད་ཆ་མང་དུ་མ་གསུངས་བར་དོན་དངོས་ཉིད་ཀྱིས་སྐྱེས་བ་སྔ་ཕྱི་ཡོད་མེད་ཤེས་ན་ངོས་སུ་སྒྲོགས་ན་ལེགས་པ་ལས་གསང་བ་བྱས་ན་ཕན་ཐོགས་ཡོད་པ་མཐོང་ལ། ཡོད་ན་ཚུལ་དང་མ་ཤེས་ན་ཤེས་ཁུལ་གྱིས་མི་ཆོས་བླ་མའི་ཆོས་རྫུན་མི་བྱེད་རྒྱའི་རེ་བ་ཡོད། དེ་ནི་རང་གཞན་གཉིས་ལ་མགོ་སྐོར་བཏང་བའི་གནོད་བྱེད་ཀྱི་ལས་ཚབ་ཆེན་རེད། སྐྱེས་བ་སྔ་ཕྱི་ཁས་ལེན་ནི་ནང་པ་ཙམ་མ་ཡིན་པར་ཁ་ཆེ་དང་ཡེ་ཤེས་ཆོས་ལུགས་སོགས་མདོར་ན་མཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཀུན་གྱིས་ཁས་ལེན་ལ་ཁོང་ཚོའི་ཆོས་ལུགས་ཀྱི་ལྟ་གྲུབ་འབྱུང་སའི་ལྟེ་བའང་སྐྱེས་བ་སྔ་ཕྱི་ལ་རེག་ལས་ཡོད། མ་ཟད་ཆོས་ལུགས་ཁས་མི་ལེན་མཁན་གྱི་གང་ཟག་མང་པོ་སྐྱེས་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་པས་སངས་རྒྱས་ཆོས་ལུགས་ཁོ་ན་སྐྱེས་བ་སྔ་ཕྱིའི་དོ་བདག་ཏུ་འདོད་ན་ཧ་ཅང་མཐར་པས་མ་ངེས་ལ། སྐྱེས་པ་སྔ་ཕྱི་རྟོགས་པར་ནང་ཆོས་ཁོ་ན་ལ་བརྟེན་དགོས་ཟེར་ན་ནང་པ་ཚོར་དགའ་བའི་གསོས་སུ་འགྱུར་སྲིད་ཀྱང་། ཆོས་ལུགས་གཞན་ལ་སྨྲས་ན་རྒྱུ་མཚན་ཚད་ལྡན་དུ་མི་མཐོང་ཞིང་ཕྱོགས་རིས་བའི་ལྟ་སྟངས་ཤིག་ཏུ་འདོད། ཐ་ན་བོད་ཀྱི་བོན་པོ་ཚོས་སྐད་ཆ་དེ་ངོས་ལེན་བྱེད་པ་དཀའ་ངལ་འཕྲད་སྲིད།
སྐྱེས་བ་ཡོད་མེད་ནི་རང་གི་ཞེན་འདོད་ཀྱིས་ཡོད་ཚུལ་གྱི་སྒྲུབ་བྱེད་འཚོལ་རྒྱུ་མིན་ལ། རང་ཉིད་སྐྱེས་བ་སྔ་ཕྱི་མི་འདོད་པས་མེད་ཚུལ་གྱི་སྒྲུབ་བྱེད་འཚོལ་རྒྱུ་མིན། ལྷག་པར་ལྟ་གྲུབ་བྱེ་བྲག་པ་ཞིག་དང་ཆོས་ལུགས་བྱེ་བྲག་ཅིག་ལ་རྒོལ་སྤྲོད་རྒྱུ་དེ་བས་མ་ཡིན་པར་བློ་གཟུར་བོ་གནས་ནས་ཞིབ་འཇུག་གནང་རྒྱུ་ནི་རང་ཉིད་གཞན་གྱི་མགོ་སྐོར་འོག་ཏུ་མི་ཚུད་ཅིང་། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཆེད་རེད།
ཉིད་ཀྱིས་གསུངས་བའི་རྗེས་དཔགས་ཀྱི་ལུང་ཟེར་དོན་ཅི་ཞིག་རེད། དེ་ལ་གོ་དོན་གྱི་ནུས་པ་མེད་པ་འདྲ། རྒྱུ་མཚན་ནི་རྗེས་དཔགས་ནི་རིག་པ་ཞིག་ཡིན་པ་ལས་ལུང་མིན་པས་ཡིན།
ཨ་ཐང་བསོད་ནམས་ལགས་ཀྱིས་ཅི་ཞིག་གསུང་འདོད་པ་རེད། སྐྱེ་བ་སྔ་ཕྱིའི་ཁུངས་ལེགས་པར་སྟོན་པའི་རིགས་པ་དང་བདེན་དཔང་གསལ་པོ་ཞིག་རྙེད་ན་ལས་འབྲས་བརྩི་བ་དང་ཆོས་དད་བརྟན་པོ་ཡོང་བ་སྨོས་མ་དགོས་པས་དེ་གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་ཅི། སྐྱེ་བ་སྔ་ཕྱི་གླེང་བ་ཐན་དུ་བརྩི་བ་ནི་ཆད་ལྟ་བ་ཞིག་ཡིན་ན་མ་གཏོགས་ཁས་ལེན་ག་ལ་ཡོད། སྐྱེ་བ་ཡོད་མེད་ལ་འདོད་པ་མེད་ན་དེ་ནན་གྱིས་འཚོལ་བའི་བསམ་པ་སུ་ལས་སྐྱེ། ཡོད་མེད་དཔྱད་པའི་སྒོ་ཆེན་བཀག་ནས་ཞིབ་འཇུག་བྱེད་ཚུལ་ཞིག་མེད་པས་སྔ་ཕྱི་འགལ་བའི་བཤད་པ་དགོངས་གཞི་གཞན་ཡོད་ན་མ་གཏོགས་སྨྱོན་པའི་ལབ་རྡོལ་རང་དུ་ཟད་པས་ཐུགས་བསམ་བཞེས་པའི་དུས་ལ་བབ་པོ། །
སྐད་ཆ་སྐོར་ནས་མ་བཤད་པར་ངའི་རེ་བར་ཁྱེད་ཀྱིས་སྐྱེས་བ་སྔ་ཕྱིའི་སྐོར་མང་དུ་གསུངས་རྒྱུ་རང་ཡིན། བརྒྱ་བཤད་ཚིག་གི་རྩ་བ་དེ་ཡིན།
བསོད་ནམས་ལགས།
གཞལ་བྱའི་གནས་གསུམ་གྱི་གནས་ལུགས་འཇལ་བྱེད་ཚད་མ་གསུམ་གྱིས་རྟོགས་ཐབས་བྱེད་པ་དེ་ང་ཚོ་སོར་སྐྱེས་པའི་གནས་ལུགས་འཚོལ་སྟངས་སམ་ནང་པའི་སློབ་གཉེར་བ་ཚོས་ཀུན་རྫོབ་པའི་ཆོས་ཀྱི་གནས་ལུགས་ཤེས་པའི་ཐབས་ལམ་ཞིག་རེད། དེ་གཞིར་བཟུང་ནས་ངས་གོང་གི་མཆན་དེར་རྗེས་དཔག་ཚད་མ་དང་ལུང་ཚད་མ་བསྡུས་ནས་བྲིས་པ་ལས་རྗེས་དཔག་གི་ལུང་ཞེས་པའི་དོན་མིན། དེ་གཅིག་ཡིན།
དེ་ནས་སྐྱེ་བ་སྔ་ཕྱི་ཡོད་མེད་ཅེས་པའི་སྐོར་རེད། ང་ཚོ་སྐྱེས་བུ་ཕལ་བའི་དབང་པོ་དང་ཡིད་ཀྱི་མངོན་སུམ་ཁོ་ནའི་ངོར་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཕྲ་བའི་རྣམ་བཞག་སོགས་ཤེས་བྱ་ལ་ལྐོག་གྱུར་དང་ཤིན་ལྐོག་གི་རིགས་མང་པོ་ཡོད། དེའི་ཕྱིར་གོང་ས་མཆོག་གིས་ཚན་རིག་པ་ཚོར་སྐུ་རྩེད་དང་སྦྲགས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་མེད་ཡོད་སོགས་ཁྱེད་ཚོར་ཇུས་རྟོགས་ཡོད་པ་མ་རེད། ང་ཚོ་ཆོས་པའི་ཕྱོགས་ཀྱི་གླེང་གཞི་རེད་ཅེས་གསུང་གི་ཡོད། ངས་བསམ་ན་དེའི་གནད་འགག་གཙོ་བོ་ཁོང་དང་ཚན་རིག་པའི་བར་ལ་ད་དུང་གོང་གསལ་བརྗོད་གཞི་དེ་འདྲའི་རིགས་ལ་བགྲོ་གླེང་བྱེད་པའི་རིག་གཞུང་གི་སྒྲོམ་གཞིའི་རྨང་གཞི་ཆགས་མེད་པ་དང་། གཙོ་བོ་ཚན་རིག་པ་ཚོས་བོད་བརྒྱུད་ནང་བསྟན་གཙོ་བས་སྲོལ་རྒྱུན་རིག་གནས་ཁག་གི་སྤྱིའི་འགྲོ་སྲོལ་ལམ། ཡང་ན་ལམ་ཐབས་ཤེས་ལ་བརྟེན་ནས་གཞི་བདེན་པའི་གནས་ལུགས་ངོ་འཕྲོད་པ་བརྒྱུད་མཐར་ཐུག་གི་འབྲས་བུ་ཐོབ་ཐབས་ཀྱི་རིག་པ་སླད་མེད་པའི་འགྲོ་སྲོལ་དེ་ཤེས་ཀྱི་མེད་པས། གོང་ས་མཆོག་དང་ཁོང་ལྟ་བུའི་སྐྱེས་བུ་དམ་པ་ཚོས་ཀྱང་གསལ་བོར་གསུངས་ཐུབ་ཀྱི་མེད་པ་འདྲ། སྤྱིར་བློ་ལ་རབ་འབྲིང་མང་པོ་ཡོད་པ་ལས་སྐྱེ་བ་སྔ་ཕྱི་མངོན་སུམ་དུ་རྟོགས་པ་ལ་བློ་སྟོབས་དམིགས་བསལ་བ་ཞིག་ཡོད་དགོས། མངོན་ཤེས་ལྔའི་ནང་གི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལྟ་བུ་རང་རྒྱུད་ལ་སྐྱེས་སོང་ན་ཤེས་པ་དེས་ཏག་ཏག་གཞལ་ཐུབ་ཀྱི་ཡོད་པ་འདྲ། མདོར་ན་ང་ཚོ་ལྟ་བུའི་ངོར་དགོངས་ནས་གོང་ས་མཆོག་གིས་སྐྱེ་བ་སྔ་ཕྱི་ཡོད་པ་ལས་མེད་པ་ལ་རིགས་པས་གནོད་པ་མང་པ་དང་སྒྲུབ་བྱེད་ཉུང་བ་འདུག་ཅེས་གསུང་ཡོད། དེ་སྤྱི་བཤད་ཙམ་ཡིན།
ང་ཚོས་ཡོད་སྟངས་ཤེས་ཐབས་ཇི་ལྟར་བྱ་དགོས་སྙམ་ན་གོང་དུ་དྲ་གྲོགས་འགས་ལམ་ཙམ་གསུངས་ཟིན་པ་ལྟར་དངོས་པོའི་རིགས་སུ་གྱུར་བའི་ཆོས་ཡོད་དོ་ཅོག་ལ་སོ་སོར་ཐུན་མོང་མིན་པའི་རང་འདྲའི་རྫས་རྒྱུན་སྔ་མ་ཞིག་ཡོད་པ་དེའི་ཕྱིར། མའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་དེ་དང་རིགས་འདྲ་བའི་ཤེས་པའི་རྫས་རྒྱུན་སྐད་ཅིག་སྔ་མ་དེས་བསྐྱེད་དགོས་པའི་རིགས་པ་དེའི་ཕྱོགས་ལ་ཚིག་ཙམ་མིན་པའི་གོ་བ་ཆགས་ན་ཕན་ཐོག་ཆེ་བ་འདྲ། དེ་བཞིན་ས་ཕྱོགས་གང་ས་ན་སྐྱེ་བ་སྔ་མ་དྲན་མཁན་མང་པོ་བྱུང་དང་འབྱུང་གིན་པ་དེ་འང་དཔྱད་གཞི་ཞིག་ཡིན།
ཁྱོས་གསུངས་པ་ལྟར་ཆོས་ལུགས་མང་པོའི་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་བདེན་པ་རེད་ལ། ཆོས་ལུགས་དེ་དང་དེའི་རྗེས་འཇུག་ཚོས་རང་ཉིད་ཀྱི་ཆོས་ལུགས་དེར་དགེ་མཚན་མཐོང་གི་ཡོད་པ་འང་བདེན་པ་རེད། ནང་པས་ཀྱང་སྔ་བོ་ནས་གནད་འགག་འདི་འདྲ་འཁོར་བའི་ཆོས་ཉིད་ལྟ་བུར་གཟིགས་ནས་བློ་ཁར་གང་འཚམས་དེ་ཉམས་སུ་ལེན་ཆོག་པའི་གྲུབ་མཐའ་བཞི་དང་ཐེག་པ་གོང་འོག་སོགས་གསུངས་ཡོད། ཡིན་ཡང་། དངོས་ཡོད་གནས་ཚུལ་ཧ་གོ་བ་ལ་ནང་པའི་རྟེན་འབྲེལ་རིགས་པའི་རྒྱལ་བོས་གཏན་ལ་འབེབ་བྱ་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་དེ་ཆེས་འབུར་ཐོན་དང་ཐུན་མིན་གྱི་ལྟ་བ་ཞིག་ཡིན་པ་ཡང་ཧ་ལམ་གསལ་བོ་རེད།
གོང་དུ་གསང་བ་ཡིན་མིན་དང་དགོས་མིན་སོགས་ཀྱི་སྐད་ཆ་ཞིག་ཡོད་པ་དེ་སྐྱེ་བ་སྔ་ཕྱི་དང་འབྲེལ་ནས་བཤད་ཀྱི་ཡོད་པ་ཞིག་མ་རེད། དེ་གཙོ་བོ་འཆི་བ་འོད་གསལ་དང་། རྩ་རླུང་ཐིག་ལེ་སོགས་གསང་སྔགས་སྐོར་གྱི་ལུས་སེམས་ཀྱི་བཤད་པའི་ཚིག་རེ་གླེང་གཞིར་བཟུང་བ་ལས་བྱུང་བ་ཞིག་རེད། དེ་ཡང་གསལ་བཤད་ཡིན།
past is unchange able!
བསོད་ནམས་ལགས།
གཞལ་བྱའི་གནས་གསུམ་གྱི་གནས་ལུགས་འཇལ་བྱེད་ཚད་མ་གསུམ་གྱིས་རྟོགས་ཐབས་བྱེད་པ་དེ་ང་ཚོ་སོར་སྐྱེས་པའི་གནས་ལུགས་འཚོལ་སྟངས་སམ་ནང་པའི་སློབ་གཉེར་བ་ཚོས་ཀུན་རྫོབ་པའི་ཆོས་ཀྱི་གནས་ལུགས་ཤེས་པའི་ཐབས་ལམ་ཞིག་རེད། དེ་གཞིར་བཟུང་ནས་ངས་གོང་གི་མཆན་དེར་རྗེས་དཔག་ཚད་མ་དང་ལུང་ཚད་མ་བསྡུས་ནས་བྲིས་པ་ལས་རྗེས་དཔག་གི་ལུང་ཞེས་པའི་དོན་མིན། དེ་གཅིག་ཡིན།
དེ་ནས་སྐྱེ་བ་སྔ་ཕྱི་ཡོད་མེད་ཅེས་པའི་སྐོར་རེད། ང་ཚོ་སྐྱེས་བུ་ཕལ་བའི་དབང་པོ་དང་ཡིད་ཀྱི་མངོན་སུམ་ཁོ་ནའི་ངོར་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཕྲ་བའི་རྣམ་བཞག་སོགས་ཤེས་བྱ་ལ་ལྐོག་གྱུར་དང་ཤིན་ལྐོག་གི་རིགས་མང་པོ་ཡོད། དེའི་ཕྱིར་གོང་ས་མཆོག་གིས་ཚན་རིག་པ་ཚོར་སྐུ་རྩེད་དང་སྦྲགས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་མེད་ཡོད་སོགས་ཁྱེད་ཚོར་ཇུས་རྟོགས་ཡོད་པ་མ་རེད། ང་ཚོ་ཆོས་པའི་ཕྱོགས་ཀྱི་གླེང་གཞི་རེད་ཅེས་གསུང་གི་ཡོད། ངས་བསམ་ན་དེའི་གནད་འགག་གཙོ་བོ་ཁོང་དང་ཚན་རིག་པའི་བར་ལ་ད་དུང་གོང་གསལ་བརྗོད་གཞི་དེ་འདྲའི་རིགས་ལ་བགྲོ་གླེང་བྱེད་པའི་རིག་གཞུང་གི་སྒྲོམ་གཞིའི་རྨང་གཞི་ཆགས་མེད་པ་དང་། གཙོ་བོ་ཚན་རིག་པ་ཚོས་བོད་བརྒྱུད་ནང་བསྟན་གཙོ་བས་སྲོལ་རྒྱུན་རིག་གནས་ཁག་གི་སྤྱིའི་འགྲོ་སྲོལ་ལམ། ཡང་ན་ལམ་ཐབས་ཤེས་ལ་བརྟེན་ནས་གཞི་བདེན་པའི་གནས་ལུགས་ངོ་འཕྲོད་པ་བརྒྱུད་མཐར་ཐུག་གི་འབྲས་བུ་ཐོབ་ཐབས་ཀྱི་རིག་པ་སླད་མེད་པའི་འགྲོ་སྲོལ་དེ་ཤེས་ཀྱི་མེད་པས། གོང་ས་མཆོག་དང་ཁོང་ལྟ་བུའི་སྐྱེས་བུ་དམ་པ་ཚོས་ཀྱང་གསལ་བོར་གསུངས་ཐུབ་ཀྱི་མེད་པ་འདྲ། སྤྱིར་བློ་ལ་རབ་འབྲིང་མང་པོ་ཡོད་པ་ལས་སྐྱེ་བ་སྔ་ཕྱི་མངོན་སུམ་དུ་རྟོགས་པ་ལ་བློ་སྟོབས་དམིགས་བསལ་བ་ཞིག་ཡོད་དགོས། མངོན་ཤེས་ལྔའི་ནང་གི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལྟ་བུ་རང་རྒྱུད་ལ་སྐྱེས་སོང་ན་ཤེས་པ་དེས་ཏག་ཏག་གཞལ་ཐུབ་ཀྱི་ཡོད་པ་འདྲ། མདོར་ན་ང་ཚོ་ལྟ་བུའི་ངོར་དགོངས་ནས་གོང་ས་མཆོག་གིས་སྐྱེ་བ་སྔ་ཕྱི་ཡོད་པ་ལས་མེད་པ་ལ་རིགས་པས་གནོད་པ་མང་པ་དང་སྒྲུབ་བྱེད་ཉུང་བ་འདུག་ཅེས་གསུང་ཡོད། དེ་སྤྱི་བཤད་ཙམ་ཡིན།
ང་ཚོས་ཡོད་སྟངས་ཤེས་ཐབས་ཇི་ལྟར་བྱ་དགོས་སྙམ་ན་གོང་དུ་དྲ་གྲོགས་འགས་ལམ་ཙམ་གསུངས་ཟིན་པ་ལྟར་དངོས་པོའི་རིགས་སུ་གྱུར་བའི་ཆོས་ཡོད་དོ་ཅོག་ལ་སོ་སོར་ཐུན་མོང་མིན་པའི་རང་འདྲའི་རྫས་རྒྱུན་སྔ་མ་ཞིག་ཡོད་པ་དེའི་ཕྱིར། མའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་དེ་དང་རིགས་འདྲ་བའི་ཤེས་པའི་རྫས་རྒྱུན་སྐད་ཅིག་སྔ་མ་དེས་བསྐྱེད་དགོས་པའི་རིགས་པ་དེའི་ཕྱོགས་ལ་ཚིག་ཙམ་མིན་པའི་གོ་བ་ཆགས་ན་ཕན་ཐོག་ཆེ་བ་འདྲ། དེ་བཞིན་ས་ཕྱོགས་གང་ས་ན་སྐྱེ་བ་སྔ་མ་དྲན་མཁན་མང་པོ་བྱུང་དང་འབྱུང་གིན་པ་དེ་འང་དཔྱད་གཞི་ཞིག་ཡིན།
ཁྱོས་གསུངས་པ་ལྟར་ཆོས་ལུགས་མང་པོའི་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་བདེན་པ་རེད་ལ། ཆོས་ལུགས་དེ་དང་དེའི་རྗེས་འཇུག་ཚོས་རང་ཉིད་ཀྱི་ཆོས་ལུགས་དེར་དགེ་མཚན་མཐོང་གི་ཡོད་པ་འང་བདེན་པ་རེད། ནང་པས་ཀྱང་སྔ་བོ་ནས་གནད་འགག་འདི་འདྲ་འཁོར་བའི་ཆོས་ཉིད་ལྟ་བུར་གཟིགས་ནས་བློ་ཁར་གང་འཚམས་དེ་ཉམས་སུ་ལེན་ཆོག་པའི་གྲུབ་མཐའ་བཞི་དང་ཐེག་པ་གོང་འོག་སོགས་གསུངས་ཡོད། ཡིན་ཡང་། དངོས་ཡོད་གནས་ཚུལ་ཧ་གོ་བ་ལ་ནང་པའི་རྟེན་འབྲེལ་རིགས་པའི་རྒྱལ་བོས་གཏན་ལ་འབེབ་བྱ་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་དེ་ཆེས་འབུར་ཐོན་དང་ཐུན་མིན་གྱི་ལྟ་བ་ཞིག་ཡིན་པ་ཡང་ཧ་ལམ་གསལ་བོ་རེད།
གོང་དུ་གསང་བ་ཡིན་མིན་དང་དགོས་མིན་སོགས་ཀྱི་སྐད་ཆ་ཞིག་ཡོད་པ་དེ་སྐྱེ་བ་སྔ་ཕྱི་དང་འབྲེལ་ནས་བཤད་ཀྱི་ཡོད་པ་ཞིག་མ་རེད། དེ་གཙོ་བོ་འཆི་བ་འོད་གསལ་དང་། རྩ་རླུང་ཐིག་ལེ་སོགས་གསང་སྔགས་སྐོར་གྱི་ལུས་སེམས་ཀྱི་བཤད་པའི་ཚིག་རེ་གླེང་གཞིར་བཟུང་བ་ལས་བྱུང་བ་ཞིག་རེད། དེ་ཡང་གསལ་བཤད་ཡིན།
འོ་་་ཡང་བཤད་དགོས་པ་ཞིག་ལ། ཁྱེད་ཀྱིས་ང་ལ། ༼མ་ཤེས་ན་ཤེས་ཁུལ་གྱིས་མི་ཆོས་བླ་མའི་ཆོས་རྫུན་མི་བྱེད་རྒྱའི་རེ་བ་ཡོད། ༽ཅེས་གསུང་འདུག
མི་ཆོས་བླ་མའི་རྫུན་ཞེས་པ་ནི། ཡུལ་སྨྲ་ཤེས་དོན་གོ་བའི་རིགས་ལ་བསམ་པ་བསླུ་འདོད་ཀྱིས་ཀུན་ནས་བསླངས་ཏེ། སྦྱོར་བ་རྫུ་འཕྲུལ་དང་མངོན་གནས་རྫེས་དྲན་གྱི་མངོན་ཤེས་སོགས་མི་ཆོས་ལས་ཁྱད་དུ་འཕགས་པའི་ཡོན་ཏན་རང་ལ་མེད་ཀྱང་ཡོད་ཅེས་རྫུན་སྨྲས་ནས་གཞན་མགོ་བསྐོར་བའི་ལས་ཞིག་ལ་གོ་དགོས་པས་ངས་སྐྱེ་བ་སྔ་ཕྱི་མཐོང་ཐུབ་པའི་མིག་ཅིག་ང་ལ་ཡོད་ཅེས་མ་བཤད་པ་མ་ཟད། ང་དང་འདྲ་བའི་རིགས་ལ་ལྐོག་གྱུར་གྱི་གནས་ཤིག་ཡིན་པའི་ངོས་འཛིན་ཡོད་པ་བཞིན་ལག་པས་ཀྱང་དེ་ལྟར་ཐེངས་ཤས་བྲིས་ཡོད་ལགས།
འོ་ད་དུང་ཞུ་རྒྱུར།
དགེ་འདུན་ཆོས་འཕེལ་ལགས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་བཀླགས་མྱོང་ཡོད་ན་དང་ཡང་བསྐྱར་དང་། མེད་ན་གཞི་ནས་ཞིབ་ཀློག་ཅིག་གནོངས་དང་དེས་ང་ཚོས་ཡོད་མེད་ཡིན་མིན་སོགས་མཐའ་གཅིག་འཛིན་གྱི་བློས་ཐག་བཅད་པའི་གནད་དོན་མང་པོ་ཞིག་བཤིག་འགྲོ་པ་མ་ཟད། བློ་སྒོ་གསར་བ་ཞིག་ཀྱང་འབྱེད་སྲིད། ང་ལ་ཧ་ཅང་ཕན་པོ་བྱུང་། དེ་ནང་ཚགས་སུ་བལྟས་ནས་བཤད་པ་ཙམ་ཡིན། ད་བདེ་མོ།
དབང་འདུས་ལགས།
ད་ལ་ཆུ་ཚོད་ཀྱི་དབང་གིས་ཞིབ་པ་ཀློག་ཁོམ་མེད་ཀྱང་སྐུ་ཉིད་ཀྱིས་ངའི་ཆེད་དུ་འབད་པ་ཆེན་པོས་བྲིས་བ་སྙིང་ཐག་པ་ནས་ཐུགས་ཆེ་རྗེ་ཆེ། ངས་གང་མགྱོགས་ཀྱིས་ཞིབ་པ་ཀློག་ནས་རང་གི་བསམ་ཚུལ་དང་དོགས་གཞི་རེ་ཡོད་ཚེ་ཞུ་རྒྱུ་ཡིན། ད་བདེ་མོ།
དབང་འདུས་ལགས། མཐའ་མ་ཚུ་ཚོད་བྱུང་ཉིད་ཀྱིས་གསུངས་བའི་དོན་ལ་ལན་འདེབས་རྒྱུ་ཡིན།
ཉིད་ཀྱིས་ནང་ཚགས་ཀྱིས་དགེ་ཆོས་ཀྱིས་བརྩམས་ཤིང་ཟླ་བ་བཟང་པོས་ཟིན་བྲིས་ཕབས་པའི་ཀླུ་སྒྲུབ་དགོངས་རྒྱན་ཀློག་གསུངས་བ་ཐུགས་རྗེ་ཆེ་ལ། དགོངས་རྒྱན་ནི་ངའི་གྲོགས་པོ་ཡག་ཤོས་ཡིན་ཞིང་། བར་སྐབས་ཚིག་བཅད་ལ་ཕྲན་འགྲེལ་བཤད་འབྲི་ཁུལ་བྱས་མྱོང་ཡོད། མ་ཟད་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་གཙོ་བོ་གྱུར་བའི་བར་སྐབས་ཚིག་བཅད་དམ་སྙན་རྩོམ་ཕལ་ཆེ་ད་ལྟའང་ཀློག་ལ་འགྲོ། ངས་དེ་ལྟར་བཤད་ཚེ་སྤོབས་ཤོད་ལྟ་བུ་འགྱུར་སྲིད་ཀྱང་ཕྲན་ལ་ཆ་རྒྱུས་ཡོད་མཁན་ཞིག་ལ་མཚོན་ན་དངོས་ཡོད་ཡིན། འོན་ཀྱང་ལོ་བརྒྱད་ཙམ་གྱི་སྔོན། ཕྲན་དང་ཀླུ་སྒྲུབ་དགོངས་རྒྱན་ཁ་གཉིས་བྲལ་བས་ད་ལྟ་སེམས་ནས་གསལ་ལ་མ་གསལ་བ་ཞིག་ཡིན་པས་དཔེ་དེབ་བྱུང་སྐབས་ཡང་བསྐྱར་རགས་བསྡུས་ཤིག་ཀློག་ངེས་ཡིན།
ཉིད་གསུངས་བ་བཞིན་སྐྱེས་བ་རྗེས་མ་ཡོད་རྟོགས་དགོས་ན་ནང་ཆོས་ཀྱིས་གསུངས་བ་བཞིན་དབང་ལྔའི་སྤྱོད་ཡུལ་ལས་འདས་བས་ངེས་བར་དུ་ཡིད་ཀྱི་མངོན་སུམ་ལ་བརྟེན་ཞིང་རང་རིག་མངོན་སུམ་ཉམས་སུ་མྱོང་ནས་རྟོགས་ཐབས་བྱེད་དགོས་བའི་ཐབས་ལམ་ཧ་གོ་ཡང་། དེ་ལྟར་བྱས་ན་དངོས་གནས་རྟོགས་ཐུབ་པའི་བློ་ཐུབ་ཀྱི་བདེན་དཔང་དཀའ་སྟེ། ནང་ཆོས་ཀྱི་གྲུབ་མཐའ་བཞི་པོ་བདག་མེད་ཕྲ་རགས་ཀྱི་འཇོག་ཚུལ་མི་མཐུན་པ་མ་ཟད། སངས་རྒྱས་ཀྱི་དགོངས་འགྲེལ་ཤིང་རྟ་ཆེན་པོ་ཐོགས་མེད་དང་ཀླུ་སྒྲུབ་གཉིས་ལ་རང་ལུགས་དང་མཐུན་པའི་སངས་རྒྱས་ཀྱི་དགོངས་བ་རེ་བྱུང་བས་བཞད་པ་མི་མཐུན་པའི་ཐོག དབུ་མ་བའི་ནང་ཁུལ་གྱི་ཀླུ་སྒྲུབས་ཀྱི་དངོས་སློབ་སངས་རྒྱས་སྐྱོང་དང་ལེགས་ལྡན་འབྱེད་གཉིས་ལ་ཀླུ་དགོངས་མཐའ་ཐུག་རེ་ཡོད་པས། དབུ་མ་མཐའ་འགྱུར་བ་དང་རང་རྒྱུད་པ་གཉིས་བྱུང་ཞིང་། དེ་གཉིས་ཕན་ཚུན་མི་མཐུན་པས་བློ་གཏད་བཅོལ་ས་དཀའ། དེ་བརྟེན་སངས་རྒྱས་ཀྱི་གསུངས་ཟེར་ཡང་མཐའ་བཏུགས་ནས་རྒྱན་དྲུག་མཆོག་གཉིས་སོགས་མཁས་དབང་རྣམས་ཀྱི་རང་ལུགས་ཀྱི་ལྟ་བ་ཞུགས་ཤིང་། འགྲེལ་ཚུལ་ཡང་མཐུན་དུ་མི་འོང་ན་ལུང་སྐམ་པ་པོ་ཞིག་ལ་ཡིད་ཆེས་བྱེད་པ་དཀའ་བ་སྟེ། ལུང་བདེན་རྫུན་ནི་རིག་པས་དཔྱད་ནས་ཤེས་དགོས་ཤིང་རིག་པ་མེད་སུ་ལ་ཡིད་ཆེས་བྱེད།
ངས་བདུན་ཉེ་ཆར་འདི་ལྟར་བྲིས་མྱོང་ཡོད།
མདོ་ལས་གང་ཡོད་ཐམས་ཅད་ལེན་བྱ་མིན།།
སྟོན་གྱིས་གང་གསུངས་ཡོད་དགུ་སྒྲུབ་བྱ་མིན།།
གལ་སྲིད་བཀའ་ལུང་འདི་དག་སྒྲུབ་ནུས་ན།།
དྲངས་ངེས་ཁྱད་པར་འབྱེད་པས་དགོས་བ་ཅི།།
མདོ་རྒྱུད་བསྟན་བཅོས་རྒྱལ་བའི་དགོངས་པ་ཡིན།།
དགོངས་བའི་གནད་དུ་དྲངས་དོན་དངོས་དོན་གཉིས།།
དྲངས་ངེས་མཐུན་དུ་འོང་བའི་གནས་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
ལན་རེ་ཆོས་རྣམས་རྟེན་ནས་འབྲེལ་ཚུལ་དང་།།
ལན་རེ་ཆོས་འདི་སེམས་ནས་བྱུང་ཚུལ་གཉིས།།
གཅིག་རྫུན་གཅིག་ལ་བདེན་ཁ་སྤྲད་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
རིག་པའི་རྒྱབ་ལྗོངས་རྒྱལ་བའི་བཀའ་ལུང་རེད།།
བཀའ་ཡི་བདེན་རྫུན་རིག་པས་དཔྱད་ནས་རྟོགས།།
དཔྱད་ཞིབ་མྱོང་བས་དམིགས་པའི་ཟབ་བརྒྱའི་གནད།།
རིག་པ་མེད་ན་སུ་ལ་ཡིད་རྟེན་བྱེད།།
སོ་སྐྱེས་དང་འཕགས་ཟེར་བ་ནི་ནང་ཆོས་ཀྱི་སྐད་ཆ་ཡིན་ཞིང་དེ་ལ་རྒྱུ་མཚན་མེད་པ་མིན་ཡང་། ཐབས་ལམ་དེ་ཆོས་ལུགས་ཀྱི་མི་མང་དབང་སྒྱུར་བྱེད་པའི་ལག་ཆ་ཡག་ཤོས་ཤིག་ཏུ་ཕྲན་གྱིས་འདོད། མ་ཟད་སྐད་ཆ་དེའི་སངས་རྒྱས་ཀྱི་རྩ་བའི་དགོངས་གཞི་བདག་ཉིད་བདག་གི་དགོན་ཡིན་ཅི། དེ་ལས་མགོན་ཞིག་ཡོད་མ་ཡིན་ཞེས་བ་དོགས་ཕོག་འགྲོ་སྲིད།
སྐྱེས་བ་སྔ་ཕྱི་ཡོད་མེད་མཐའ་བཏུགས་ན་རྣམ་ཤེས་ཡོད་མེད་ལ་རེག་ལས་བས་སུས་རྣམ་ཤེས་ཡོད་པ་ཤེས་ན་སྐྱེས་བ་སྔ་ཕྱི་ཡོད་པ་ར་འཕྲོད་ཅིང་། ཡིད་ཤེས་ཁོ་ན་ལ་བརྟེན་ནས་རྟོགས་དགོས་བ་ཕྲན་གྱིས་ཤེས་ཤིང་དེ་ལྟ་བྱས་ཀྱང་། མ་རྙེད་ཅིང་རྙེད་མཁན་གྱི་བདེན་དཔང་མེད་པས་མཐོང་མཁན་ཡོད་ན་གསུངས་རོགས་ཞུ། འཕོ་བའི་སློབ་དཔོན་རྣམས་ཀྱིས་དེའི་སྐོར་མང་ཙམ་གསུངས་བའི་རེ་བ་ཡོད།
བོད་ནག་ལགས།
ཁྱེད་ཀྱིས་བཤད་པ་དེ་དངོས་ནས་བདེན་པ་བཟོ་འདྲ་བོ་འདུག་ན་འང་། དེ་ནི་སྐྱེ་བུ་ཕལ་བ་ཞིག་གི་སེམས་ཚོར་ཙམ་ལས་གཞན་གང་། ངས་བཤད་རྒྱུ་ཞིག་ལ། ཉོན་མོངས་དུག་གསུམ་གྱིས་བསྒྲིབས་པའི་གང་ཟག་ཅིག་ལ་ཆགས་བཞག་ནས་བཤད་ན། ཐུགས་དམ་ལ་བཞུག་པ་རེད་ཟེར་ནས་བོད་པའི་ཁ་རྒྱུན་ལ་རླུང་ལྟར་མཆེད་པ་དེ་ནི་བོད་བཙན་པོ་ཚོའི་རིང་ལ་གོ་རྒྱུ་མི་འདུག་ལ། བོད་ཕྱི་རབ་པའི་སྐབས་སུ་ཡང་དེ་འདྲ་ཤུགས་ཆེན་པོ་གོ་ཚོད་མི་འདུག་མོད་ ཡིན་ནའང་། དེ་ནི་ཡོད་དང་མེད་ཀྱི་རྩོད་པའི་དགག་སྤུང་བྱེད་དགོས་དོན་དེ་ཙམ་མཐོང་མ་སོང་ལ། དགོས་པ་ཡང་དེ་ཙམ་མི་འདུག་སྙམ། གང་ཡིན་ན་མིན་ན། ཐུགས་དམ་ཞེས་པའི་མིངཚིག་ལྗིད་ཁོག་ཚ་བོ་དེ་དང་། ཡང་སྲིད་དངོས་འཛིན་ཞེས་པའི་མིང་ཚིག་གསར་པ་འདི་གཉིས་ཀྱིས་ང་ཚོ་བོད་པ་ཚང་གི་ངོ་སོ་ཡར་ལ་བསྟོད་འདུག་ལ། གཟུགས་མེད་ཀྱི་བཀག་རྡོ་འགུལ་མི་ནུས་པ་ཞིག་གི་ཕུང་པོ་འང་ཆགས་ཡོད་པ་ཁ་གསལ་གཏིང་གསལ་མ་རེད་དམ།་ ཡིན་ནའང་དེང་སང་དེའི་སྐོར་ལ་གླེང་མོལ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དེང་སང་འུར་འུར་ཟིང་ཟིང་གིས་གྱུར་ཡོད་པ་དེ་ནི་བཀའ་ཁྲིའི་འོས་བསྡུ་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱེད་རྒྱུ་ཡོད་ཚོད་དུ་འདུག ངས་བལྟས་ན་དེ་ནི་དེ་ཙམ་གྱི་གནད་འགག་ཅན་ཞིག་མཐོང་གི་མི་འདུག་ གང་ཡིན་ཟེར་ན།
བཀའ་ཁྲི་ནི་ང་ཚོས་ཇི་ལྟར་འུར་འུར་ཟིང་ཟིང་དུ་བཟོས་ན་ཡང་། མཐར་བབ་ས་དེ་ནི་སྒང་གིས་མི་ཤེས་པ་དང་། འོག་གིས་དེ་བས་ཤེས་པར་དཀའ་བའི་སྦྲིད་སྨན་ཞིག་གིས་ཐམས་ཅད་བཏུམས་འགྲོ་བ་དེ་རེད།
ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཐུགས་དམ་ཞེས་པའི་མིང་ཚིག་སྙིང་རྗེ་བོ་དེ་དང་།
ཡང་སྲིད་ཅེས་པའི་མིང་ཚིག་མངར་དྲི་ཅན་དེ་གཉིས་ཡིན། འདི་ནི་བོད་སྔ་རབ་པའི་སྐབས་སུ་མེད་པ་དང་། བོད་ཕྱི་རབ་པའི་སྐབས་བཟོས་པའི་ཁྲིམས་བསྒྲགས་གསར་པ་ཞིག་རེད་བསམ་གྱི་འདུག
སྤྱིར་བཏང་བཅས་ན། ཐུགས་དམ་ཞེས་པ་དང་། ཡང་སྲིད་ཅེས་པ་གཉིས་པོ་དེ་ནི་ཕྱོགས་གཅིག་ནས་བལྟས་ན་བོད་མི་དམངས་ལ་ཕན་པའི་ཆ་གཅིག་རེད།
ཕྱོགས་གཅིག་ནས་བལྟས་ན། དེ་ནི་བོད་པ་ཙམ་དུ་མ་ཟད་ཕྱོགས་གང་སར་གནོད་པའི་གདོན་འཕྲུལ་གྱི་བཟི་ཁ་ལྟ་བུ་རེད་བསམ་གྱི་ཡོད།
འགྲིགས་དང་མ་འགྲིགས་ཁ་ཚོན་གཅོད་དཀའ། གལ་སྲིད་ང་ཚོ་ལ་ཡང་སྲིདཡང་དག་པ་གཅིག་དགོས་ཀྱི་ཡོད་ན།་ དེ་སྲུང་སྐྱོབ་ཀྱང་ཡང་དག་པ་གཅིག་བྱ་དགོས་རྒྱུ་ནི་ང་ཚོ་བོད་པ་ཚང་གི་འོས་འགན་མ་ཡིན་ནམ།
གལ་སྲིད་སྲུང་སྐྱོབ་བྱེད་རྒྱུ་ཡོད་ཟེར་ན། མང་པོ་བཤད་མི་དགོས་པར། ཡང་སྲིད་ཆུང་ཁག་དེ་ཚོ་དེ་བས་ཀྱང་བཤད་མ་དགོས་པར་སྲུང་སྐྱོབ་མེད་དཔེ་མཚོན་གཅིག་བཀོད་ན་འདི་ལྟར།་ ༸རྒྱལ་བ་རིན་པོ་ཆེ་ནི་བོད་མི་ཡོངས་ཀྱི་སྙིང་གི་ནོར་དང་། དཔྲལ་པའི་མིག་ལྟ་བུར་གྱུར་ཡོད་ཅེས་བོད་སྔ་རབ་ནས་བོད་ཕྱི་རབ་བར་དུ་བོད་པ་ཚང་གི་ཁ་རྒྱུན་ན་མཎི་འདོན་འདོན་བྱ་རྒྱུ་ཡོད། འོན་ཀྱང་། ༸རྒྱལ་དབང་སྐུ་ཕྲེང་དགུ་པ་ནི་དགོངས་ལོ་བཅུ་ལ་གསོན་པ་དང་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་རེད། དེ་ཡི་རྒྱུ་རྐྱེན་གཙོ་བོ་ང་རང་ཚོས་ད་དུང་གསང་བ་བྱས་ནས་འདུག་རྒྱུ་ཡིན་ནམ། སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་བཅས་དགོངས་ལོ་ག་ཚོད་པར་བཞུག་ཡོད་མེད་ཀྱི་ཐད་ལ་དྲི་བ་ཡང་མི་འདུག་ལ། ལོ་རྒྱུས་ཁ་གསལ་ཞིག་ཀྱང་འབྲི་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་པ་རེད།
འདས་ཟིན་པའི་སྐུ་གྲགས་བཅས་དེང་གི་དུས་འདི་བར་དུ་བསམ་ཞིབ་མོས་རྟོགས་གཞིགས་རེ་གནོངས་དང་།ངས་བཤད་པ་འདི་བདེན་ནམ་མི་བདེན།
ད་རེ་འདི་ཙམ་གྱི་མཚམས་འཇོག་དགོས་སྟབས།
རྗེས་ནས་སེམས་གཏམ་རེ་ཐ་འཐོར་རེ་བཤད་ཆོག་པར་ཞུ།
ཐོག་མེད་དུས་ནས་ད་ལ་ཐུག་གི་བར།། ལུས་སེམས་སྐྱེ་འཇིག་ཅི་ཙམ་བྱས་གྱུར་པ།། ལེགས་པར་བསམས་ན་ད་ལྟའི་སྣང་ངོ་འདིར།། གསལ་བོར་འཆར་རྒྱུ་སྣ་གཅིག་མི་འདུག་ལགས།། བརྒྱད་བཅུའི་རྒན་པོས་བཅོ་ལྔའི་དོན་ཆེན་དྲན།། ལོ་ཆུང་བྱིས་པར་འདས་རབས་བདུན་བརྒྱུད་གསལ།། མངོན་ཤེས་ཅན་གྱིས་དུས་གསུམ་ལུང་དུ་སྟོན།།རང་སེམས་གྱོང་བོ་ད་དུང་ནག་འཐོམ་འཐོམ།། རྒྱལ་བའི་ཆོས་ཚུལ་མདོ་རྒྱུད་རྒྱ་མཚོ་ཆེ།། སྐྱེ་བ་སྔ་ཕྱིའི་རྣམ་བཞག་འཛིན་པའི་སྲོག། ཡིན་པའི་གནས་ལུགས་གསལ་བོར་མ་ཤེས་ན།། སྐྱེ་འཆིའི་རྒྱུན་ཐག་རྣམ་ཤེས་ཕྲ་མོའི་གཟུགས།། མཐོང་བའི་ཚན་རིག་ཅེས་པ་སྲིད་མཐའ་ཙམ།། ཆུ་ཡི་སེམས་ཅན་རྒྱ་མཚོའི་ནང་ན་སྐྱིད།། སྐམ་སའི་སྲོག་ཆགས་ས་གཞིའི་ངོས་སུ་བདེ།། རིགས་དྲུག་སྣང་ཚུལ་སོ་སོར་གྱུར་པ་འདིས།། སྐྱེ་བ་སྔ་ཕྱི་ཡོད་མེད་ཐེ་ཚོམ་མེད།། གཡག་རྒན་གདོང་དང་རང་གི་ངོ་གཉིས་བསྡུར།། ཉ་མོའི་ལུས་དང་རང་གི་གཟུགས་གཉིས་གཤིབས།། འདབ་ཆགས་འཕུར་འགྲོས་རང་གི་རྒྱུ་ལུགས་སོགས།། གང་ལ་བལྟས་ཀྱང་སྐྱེ་བ་སྔ་ཕྱི་འདུག། ཨོ་ད་འདི་ནས་འཇོག་གི་ཡིན། ཁྱིམ་བདག་མས་བཀའ་སླེབས་སོང་། མུ་མཐུད་ཡིན་ད།