ཧི་མ་ལ་ཡའི་འཕྲུལ་སྨྱུག
མི་ཁ་ཅིག་གིས། རྨི་ལམ་གྱི་ནང་ནས་རྗེས་ཕྱོགས་ཀྱི་དོན་དག་སྔོན་དཔག་བྱེད་ཐུབ་ཀྱང༌། རྨི་ལམ་གྱི་ཤེས་པ་དེ་མ་འོངས་པ་ནས་ཡར་ལ་བསླེབས་པ་ཞིག་ཡིན་མི་སྲིད་པ་བཞིན། ཚེ་རབས་དྲན་པའི་བསམ་བློ་དེའང་གཅིག་བྱས་ན་འདི་འདྲའི་དོན་དག་ཅིག་ཡིན་ཤས་ཆེ། སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ལྟར་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་བརྡ་འཕྲིན་དང་གློག་རླབས་ལྟ་བུ་གཞི་རྒྱུ་ཕྲ་མོའི་འབྲེལ་བ་ཞིག་ཡོད་པ་ཡིན་ཡང་སྲིད། སྤྱིར་བཏང་བྱས་ན་བསམ་གཞིག་གི་ལྟེ་གནས་ཀླད་ཆེན་ནི་མེད་དུ་མི་རུང་བ་ཞིག་ཡིན་ན་ཡང༌། དམིགས་བསལ་ཅན་གྱི་མི་རེ་གཉིས་ལ་ཀླད་ཆེན་མེད་ཀྱང་ཆོག་པ་ལྟར། སྐྱེ་བ་སྔ་ཕྱི་འདིའང་དམིགས་བསལ་གྱི་མི་སྣའི་དམིགས་བསམ་གྱི་ཁྱད་ཆོས་འདྲ་ཨེ་ཡིན། དེ་ལྟ་མིན་ན་འདུ་ཤེས་ཀྱི་འཕེལ་རིམ་ཚད་ངེས་ཅན་ཞིག་ལ་ཐོན་དུས། ད་གཟོད་རྣམ་ཤེས་བེམ་པོ་ལས་ལོགས་སུ་མུ་མཐུད་དུ་འཚོ་གནས་ཐུབ་པ་ཡིན་རྒྱུ་རེད། ཚན་རིག་པའི་ཁྲོད་ནས་རྣམ་ཤེས་ཡོད་ཤས་ཆེ་ཟེར་མཁན་དེ་ཚོས་ཀྱང༌། དོན་འདི་འདྲ་ཞིག་ལ་ཐེ་ཚོམ་སྐྱེས་པ་ཙམ་མ་གཏོགས། ང་ཚོ་ལྟར་རྣམ་ཤེས་ཀྱི་ཐོག་མ་གཏན་མེད་དུ་ཁས་ལེན་རྩིས་རང་དག་མ་རེད་སྙམ།
མདོར་ན་དེང་སང་སྐྱེ་བ་སྔ་ཕྱི་དྲན་པ་དང༌། སྲིད་པ་ཕྱིར་ལྡན་གི་ཆོ་ག རྣམ་ཤེས་འཁྱམས་པའི་ཉམས་མྱོང༌། ལུས་སེམས་བརྗེ་སྤོར་གྱི་མཐོང་སྣང་སོགས་ངོ་མཚར་ཆེ་བའི་བྱུང་བ་འདི་དག་ཡོད་ཚད་མི་བདེན་རྫུན་བསྒྲིགས་ཤ་སྟག་རེད་ཅེས་ལག་མགོ་གནམ་གཡུག་བྱས་ན་མི་འགྲིག་ལ། ད་ལྟའི་རིགས་གསར་གྱིས་འགྲེལ་བཤད་མི་ཕོག་པ་ཙམ་གྱིས་ལམ་སེང་སྐྱེ་བ་སྔ་ཕྱི་མིན་ན་ཅི་ཡིན་ཞེས་རང་སྣང་མཐོ་དྲག་རྒྱུའང་མེད། ཇི་སྲིད་མཐོང་ཐག་མ་ཆོད་པ་དེ་སྲིད་དུ་བློ་གཟུ་བོར་གནས་པས་ཞིབ་འཇུག་བྱས་ཏེ་བསྡད་ན། ནམ་ཞིག་བདེན་རྫུན་ཕུ་ཐག་ཆོད་དུས་འཚེར་སྣང་མེད་པར་ཁས་ལེན་བྱས་ཆོག་པ་ཡིན་ནོ།།
སྐྱེ་བ་སྔ་མའི་ཤ་མཚན་སྐྱེ་བ་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ནི་བདེན་པ་ཞིག་ཡིན་ས་རེད། དེང་སང་བུད་མེད་ཁ་ཤས་ལ་བུ་ཕྲུག་འཚོ་མི་ཐུབ་དུས་དེའི་རིམ་གྲོར་བུ་ཕྲུག་ཤི་བོ་དེའི་དཔྲལ་བར་སིནྡུ་ར་བྱུགས་ནས་རོ་མེ་བསྲེགས་པའམ་དོང་དུ་བཅུག་པ་སོགས་བྱེད་ཀྱི་འདུག། དེ་ནི་བུ་ཕྲུག་འཚོ་མི་ཐུབ་པ་དེ་གདོན་འདྲེ་སོགས་བུ་རུ་བརྫུས་ཏེ་ཡང་ནས་བསྐྱར་དུ་སྐྱེ་བ་ལེན་གྱི་ཡོད་པས་ཡིན་པར་ཡིད་ཆེས་བྱེད་པས། དེ་ཡིན་མིན་བརྟག་དཔྱད་བྱེད་པའི་ཕྱིར་དུ་རེད་ཟེར། གལ་ཏེ་དེས་རྐྱེན་པས་ཡིན་ན་ཕྱིས་བུ་ཕྲུག་སྐྱེ་དུས་དཔྲལ་བར་སིནྡུ་རས་མཚན་པ་ཞིག་ཡོང་གི་ཡོད་ཅིང་དེ་སྐྱེས་མ་ཐག་ཏུ་ཤི་ནས་སླར་འཁོར་གྱི་མ་རེད་ཟེར་གྱི་འདུག། རིམ་གྲོ་དེ་ནི་ངའི་ལུང་པར་ད་ལྟའང་བྱེད་སྲོལ་ཡོད་ལ། རིམ་གྲོ་བྱེད་པ་དེ་བཞིན་དངོས་ནས་བྱུང་ཡོད་པའི་ལོ་རྒྱུས་ཀྱང་མང་པོ་ཞིག་འདུག།
སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པའི་སྐོར་ཞེས་པ་དེས་སྐྱེ་བ་སྔ་ཕྱི་གྲུབ་ཅེས་སྨྲ་བ་དེ་ནི། བསམ་མི་རུང་ཞིང་བཤད་མི་ཕོད་པའི་རྫུན་ཆེན་དང་། འུ་ཐུག་ཐབས་ཟད་ཟེར་རྒྱུས་འཕོངས་པའི་ཀུ་ཅོ་ཞིག་ཀྱང་ཡིན་ཏེ། ཁྱེད་ནང་ཆོས་ཁོ་ན་ཚད་ལྡན་དང་དེའི་སྲོལ་ལེགས་པར་འབྱེད་མཁན་ཀླུ་སྒྲུབ་ཚད་མར་འཛིན་པ་ཞིག་ཡིན་ཚེ། དེས། ཕུང་པོ་ཉིང་མཚམས་སྦྱར་བ་ཡང་།། མི་འཕོ་བ་ཡང་མཁས་རྟོགས་བྱ།། ཞེས་བཤད་པ་དང་འགལ་འདུག་པའི་ཕྱིར་དང་། སྔོན་ཤི་བའི་མི་ཞིག་གི་ལུས་སྟེང་དུ་རྨ་ཤུལ་ཞིག་ཡོད་པ་དེ་དང་དབྱིབས། གནས། ཁ་དོག་འདྲ་བ་ད་ལྟའི་ག་གེ་མོ་ཞིག་ལ་ཡོད་པ་ཙམ་གྱིས། དེ་སྔོན་མའི་གང་ཟག་དེའི་སྐྱེ་བ་ཡིན་པ་སྒྲུབ་པ་ལ་མ་ངེས་པའི་རྟགས་ཏེ། དེ་ལྟ་བུའི་རྟགས་མཚན་འདྲ་བ་ནི་གཟུགས་ཅན་གྱི་དངོས་པོ་ཕལ་མོ་ཆེའི་སྟེང་དུ་ཡོད་སྲིད་པའི་ཕྱིར་རོ།།
གཡུ་འབྲུག་ལ་། ཁྱོད་ཀྱི་ཕ་ཡུལ་དེར་ གདོན་འདྲེ་དེ་ལྐུག་པ་ཡིན་ན་ཡང་ན་ཕ་ཡུལ་དེ་ལྐུག་པ་་རེད། གལ་སྲིད་གདོན་འདྲེ་དེ་བུ་ལ་རྫུན་ནས་ཡོང་ཐུབ་ན་མཚོན་སེར་པོ་ཞིག་དཔྲལ་བ་ལ་རྫུན་ཐུབ་དང་ཐུབ་དང། རྒྱ་དམར་གྱིས་བོད་པ་སྨོང་དད་ཅན་རེད་ཟེར་ཡག་དེ་ལ་ཁྱོད་ཕ་ཡུལ་མཐོང་ནས་ལབ་ཀྱི་མེད་དམ་
ཨོའོ་གྲོགས་པོ་ཧི་མ་ལ་ཡ། ་དངོས་ནས་བདེན་པ་རེད་བཞག་ སྐྱེ་བ་སྔོན་མའི་ཤ་མཚན་ཕྱི་མའི་ལུས་ལ་འཕོས་པ་དེ་འདྲ་འདུག། ངའི་རླ་ཡི་བར་ལ་ཤ་རྒྱུད་རིང་པོ་ཞིག་འདུག་ ངའི་སྐྱེ་བ་སྔོན་མ་བོང་བུའི་ཤ་མཚན་འདིར་ལ་འཕོས་པ་འདྲ། ཁྱོད་ལ་ང་དང་འདྲ་བ་ཞིག་ཡོད་ཤས་ཆེ། ཧ་ཧ་ད་ན་ཡིན་འདུག་གྲ་གྲོགས་ཚོ་སྨོང་དད་ཆེ་རུ་ཆེ་རུ་
རེད་རེད་་་ང་ནི་སྐྱེ་བ་སྔོན་མ་རྭ་ཅན་གྱི་སྐྱེ་བ་མིན་པར་ཐག་ཆོད་མགོ་ལ་རྭ་བྱུང་བའི་རྟགས་མཚན་རྩ་བ་ཉིད་ནས་མེད།
དེའི་སྲོལ་ཡན་ཆད་གོང་བཞིན་བྱས་ནས་དཔལ་ཆོས་ཀྱི་གྲགས་པ་ཚད་མར་འཛིན་པ་ཞིག་ཡིན་ཚེ། རྣམ་འགྲེལ་ལས་འབྱུང་རྔུབས་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན།། ཞེས་པས་གཟུགས་ཡིན་ན་མཚམས་མི་སྦྱོར་བས་མ་ཁྱབ་པ་གསུངས་མི་འདུག་གམ།།སློབ་དཔོན་འདིི་ནི་འུ་མ་ཐུག་ཐབས་མ་ཟད་པས་མཁས་པ་ཞིག་ཡིན་ནོ། །ལོང་བ་ནི་ལོང་པ་རང་རེད།
ཨོ་གྲོགས་པོ་དྲན་དཀར་ལགས་ནི་དེ་བས་ལོང་བ་ཤིག་ཏེ དཔལ་ཆོས་ཀྱི་གྲགས་པས་སྐྱེ་བ་སྔོན་མའི་ཤ་མཚན་ཞིག་སྐྱེ་བ་ཕྱི་མའི་སྟེང་དུ་འཕོས་པ་ནམ་ཡང་མ་གསུང་ལ་གསུང་ཡང་མི་སྲིད། ཡིན་ན་རྒྱལ་པོ་གླང་དར་སྐྱེ་བ་སྔོན་མའི་རྭ་ཅོ་ཚེ་འདིར་འཕོས་བ་དང་ ཆོས་རྒྱལ་གསོན་བཙན་སྒམ་པོ་སྐྱེ་བ་སྔོན་མ་མགོ་བོ་གཉིས་པ་སུ་ཡིན་ན། དཔལ་ཆོས་ཀྱི་གྲགས་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རྟགས་དང་ཐལ་བ་སོགས་ལ་ལེགས་པར་གཟིགས་ནས་ཤོག་་་ཧ་ཧ་ཧ་ད་ཡིན་ན་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡང་ཤ་མཚན་ཞིག་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ལ་ཁུལ་ཡོང་མཁན་ཞིག་རེད་བསམ་ཞི་འགི། དཔལ་ལྡན་ཆོས་གྲགས་་ནི་དཔལ་ན་ལེན་ཌྲའི་མཁན་མཆོག་རེད་
ཤ་མཚན་ཤིག་སྐྱེ་བ་སྔ་ཕྱི་སྒྲུབས་མཁན་ཡིན་ན་མཁན་མཆོག་གལ་ལ་ཆག། བསམ་ནོ་ཡག་པོ་ཐོན་དང་རིགས་ཀྱི་བུ།།
བོད་པ་རྨོངས་དད་ཟེར་ཡ་དེ་ཡང་བདེན་པ་རེད་འདུག། ངའི་ཕ་ཡུལ་གྱི་མི་དང་ངའི་ཕ་ཡུལ་ནས་མ་ཡིན་པའི་བོད་རིགས་སུ་ལ་བལྟས་ནས་ལབ་པ་ཡིན་མི་ཤེས་མོད། འོན་ཀྱང་ངའི་ཕ་ཡུལ་དང་ངའི་ཕ་ཡུལ་ནས་མིན་པའི་བོད་རིགས་ཁ་ཤས་ཀྱིས་བླ་མ་ག་གེ་མོའི་སྤྲུལ་སྐུ་ཡིན་པའི་སྒྲུབ་བྱེད་དུ་སྐུ་ཚེ་སྔ་མར་བླ་མ་དེ་ཞབས་ཐེང་པོ་ཡིན་པ་བཞིན་སྤྲུལ་སྐུ་འདི་ཡང་ཞབས་ཐེང་པོ་ཡིན་སོགས་དང་། སྤྱན་གྱི་གཟིགས་སྟངས་དང་ཞལ་ནས་གསུངས་སྟངས་འདོན་པ་འདོན་སྟངས་ཕྱག་རྒྱའི་བསྒྱུར་སྟབས་དེ་ཚོ་ཡང་སྐུ་ཚེ་གོང་མ་ནང་བཞིན་ཡོད་ཚུལ་སོགས་སྨྲས་པ་མ་ཟད་ཐ་ན་གློག་བརྙན་བཟོས་ནས་བཀྲམ་པ་སོགས་ཀྱང་མང་པོ་འབྱུང་གི་འདུག་གོ༎
ཀླུ་སྒྲུབ་དང་ཆོས་གྲགས་སོགས་ཀྱིས་ཇི་ལྟར་གསུངས་ཡོད་མེད་མི་ཤེས། སངས་རྒྱས་ཀྱི་གསུང་ཡིན་པར་གྲགས་པའི་མདོ་སྡེ་རྣམས་སུ་སྔོན་གོས་སྦྱིན་པ་བཏང་བས་ཚེ་འདིར་མའི་མངལ་ནས་སྐྱེ་དུས་གོས་དང་བཅས་ཏེ་སྐྱེ་བ་དང་། དེ་བཞིན་གཤེགས་པ་ལ་གསེར་ཕུལ་བའི་བསོད་ནམས་ཀྱིས་ཚེ་འདིར་ལག་པའི་མཐིལ་དུ་སེར་བཟུང་སྟེ་སྐྱེ་བ་བླངས་པ་ལ་སོགས་པའི་ལོ་རྒྱུས་ཀྱང་མང་པོ་འདུག་ན་དེ་ཚོ་ལ་ཡངབསམ་བློ་གཏོང་དགོས་པར་འདུག་གོ༎
ལག་པ་ལ་གསེར་བཟུང་ནས་དང་། ལུས་ལ་གོས་གྱོན་ནས་སྐྱེས་པར་བཤད་པ་ནི། ནང་ཆོས་སྨྲ་བ་དེ་ཚོ་ཁས་བླངས་ནང་འགལ་ཆག་ཡོང་དུས་ཉེན་གཡོལ་དུ་འགྲོ་སའི་དྲང་དོན་ཟེར་བ་དེ་མིན་འགྲོ།
སྐྱེ་བ་སྔ་ཕྱིའི་སྐོར་ལ་ཐུགས་སྣང་ཅན་རྣམས་བྱོན་པ་ལེགས། ཤ་མཚན། ཉིང་མཚམས་མི་སྦྱོར་བའི་རིགས་པ་འགོད་མཁན་མི་འདུག གསེར་དང་གོས། ཉིང་མཚམས་སྦྱོར་བར་འདོད་མཁན་ཡང་མེད་པ་འདྲ། ཡིན་ན་ཡང་ངེས་པར་དུ་ཞུ་དགོས་པ་ཅིག་ནི། ཇི་སྲིད་མཐོང་ཐག་མ་ཆོད་པ་དེ་སྲིད་དུ་སྒུག་ན་ཤིན་དུ་མི་ལེགས། དེ་ནི་ལག་པ་གནམ་གཡུག་མི་བྱེད་མཁན་དང་རང་སྣང་མཐོ་དྲག་མི་བྱེད་མཁན་ཞིག་ཡིན་སྲིད། འོན་གྱང་སྐྱེ་བ་སྔ་ཕྱིའི་སྒུག་མི་འོང་། འདི་ནི་མེ་འཁོར་གྱི་རྗེས་ལུས་དང་ག་ལ་མཚུངས། དེས་ན་འཕྲུལ་སྨྱུག་འདི་ཧི་མ་ཡའི་རི་རྩེའི་ཁ་བ་དཀར་པོ་ཅིག་གི་སྟེང་ཁོ་ནར་བེད་སྤྱོད་བྱེད་ན་རེད།
གཡུ་འབྲུག་ལགས ལས་ཚུལ་བསམ་གྱི་མི་ཁྱབ་པ་དང་ནལ་འབྱོར་པའི་མཐུན་མོན་མ་ཡིན་པའི་རྟོགས་པའི་ནུས་མཐུ་སོགས་རིགས་ལམ་ལས་འདས་པ་ཞིག་གོ། དཔེར་ན་མདོ་ལས་ཟད་པར་ས་སོགས་ཀྱི་ཏིང་ངི་འཛིན་དང་ སྔགས་ལས་ལུས་སེམས་ཕྲ་མོ་དང་གང་སྣང་ལྷར་རུ་འཆར་ཚུལ་སོགས་ལ་རིགས་པ་གང་འདྲ་ཞིག་བཀོད་དམ། གློག་རྙན་བཟོས་པ་ལ་བདེན་པར་འཛིན་ན་རྒྱ་མིསབོད་ནང་གི་གསང་བ་ཞེས་པའི་གློག་རྙན་རྫུན་མ་་ཞིག་འདུག་གོ།
ཚ་བ་མདའ་སྨྱུག་པས། (སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ལྟར་ན།) ཞེས་པའི་ཚིག་དོན་དེ་ལྟར་དུ་འདོད་པ་པོ་དེ་སུ་ཡིན་དང༌། དེའི་སྐོར་ལ་འཁོད་པའི་བཀའ་བསྟན་སོགས་གསལ་པོ་ཡོད་ཚེ་དྲ་གྲོགས་རྣམས་ནས་གསུང་རོག་ཞུ།
སྔ་མ་གང་ཡིན་ད་ལྟའི་ལུས་ལ་ལྟོས།
ཕྱི་མ་གང་འོངས་ད་ལྟའི་སེམས་ལ་ལྟོས།
་
བོད་ཀྱི་ཡོངས་གྲགས་ཀྱི་ཚིག་འདིའི་དོན་གང་ལགས་སམ།
སྐྱེ་བ་སྔ་མའི་ལུས་ལ་བརྟེན་ནས་ད་ལྟའི་ལུས་འབྱུང་བ་མ་ཡིན་ནམ།
བརྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོར།
་
ཕུང་པོ་ཉིང་མཚམས་སྦྱར་བ་ཡང་།། མི་འཕོ་བ་ཡང་མཁས་རྟོགས་བྱ།།
་
ཞེས་པར་ངའི་བློ་ལ།
ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་།། མི་འཕོ་བར་ཡང་མཁས་རྟོགས་བྱ།།
་
ལོང་བ་སྤྱན་ཕྱེས་ལ་ཁྱེད་ཀྱིས་བཀོད་པ་དང་བདག་གིས་བཀོད་པ་གཉིས་ལ་ཡི་གེ་མི་འདྲ་ཇི་ལྟར་བྱུང་བ་དང་། དངོས་པོ་མི་འཕོ་བའི་དཔེ་དྲུག་ཀླུ་སྒྲུབ་དང་། གཅིག་ན་སཱ་ལུ་ལྗང་པའི་མདོ་ན་ཡང་ཡོད་པ། འདིར་འགོད་པར་མཛོད། ཅེས་སོ།།
ཕྱི་མ་གང་འོངས་ད་ལྟའི་སེམས་ལ་ལྟོས། ཞེས་པར། ཕྱི་མ་གང་འོང་ད་ལྟའི་སེམས་ལ་ལྟོས། ཞེས་དགོས་སོ་སྙམ།
བརྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོར། དཔེ་ཆར་བལྟས་པས། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོར། ཞེས་དགོས་པར་མཐོང་།
མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མངས་ལས། གང་གི་གཅུང་པོ་ཞིག་བྱིས་པའི་སྐབས་ནས་དུས་ལས་འདས་པས་དེའི་ཕུང་པོའི་དཔྲལ་བའམ་གཅིག་ཏུ་མར་གྱི་ཡལ་ག་བྱུགས་ཏེ་ཕུང་པོ་ཕྱིམ་དུ་སྦས། ཕྱི་ལོར་མ་ཡུམ་ལ་བུ་ཞིག་བཙས་པ་དེའུ་དཔྲལ་བའམ་དེར་ཤ་རྟགས་དཀར་པོ་སྔ་མའི་སར་འདུག་པར་འདས་པོ་ཆུང་ཆུང་དེའི་སྐྱེ་སྲིད་དུ་ཡིད་ཆེས་བྱས་གསུངས། འདི་དག་དོན་ཙམ་ལས་ཚིག་རིས་ཇི་མ་ཇི་བཞིན་དྲན་མ་གྲག
ཧ་ཧ་ཧ་ཨ་རོགས་ལགས་ཀྱིས་ངས་བཤད་པའི་དོན་དེ་རྟོགས་ཐུབ་མི་འདུག། སྐྱེ་བ་སྔ་མའི་ཤ་མཚན་སྐྱེ་བ་ཕྱི་མར་འཕོས་པ་ནི་བདེན་མིན་ཇི་ལྟར་ཡང་དེ་འདྲའི་ཡིད་ཆེས་བྱེད་སྲོལ་ཞིག་ནི་བོད་འབྲུག་གཉིས་ཀའི་ནང་དུ་འདུག་ཟེར་གྱི་ཡོད། ཡིད་ཆེས་བྱེད་སྲོལ་པའི་སྒྲུབ་བྱེད་དུ་གློག་བརྙན་བཟོས་ཡོད་པའི་ལོ་རྒྱུས་བཀོད་པ་མ་གཏོགས་གློག་བརྙན་དུ་དེ་འདྲ་བཟོས་འདུག་པས་སྐྱེ་བ་སྔ་མའི་ཤ་མཚན་ཕྱི་མར་འཕོས་པ་བདེན་པ་རེད་ཅེས་ངས་ནམ་ཡང་ལབ་མེད་དོ། །ཡང་ཁྱེད་ཀྱིས་ཟད་པར་སའི་ཏིང་ངེ་འཛིན་སོགས་ཚད་མའི་སྤྱོད་ཡུལ་མིན་ཚུལ་གསུངས་འདུག་པ་དེ་ནི་ཁྱེད་རང་གི་གནོད་བྱེད་དུ་འགྲོ་བར་མཐོང་སྟེ། སྐྱེ་བ་སྔ་མའི་ཤ་མཚན་སྐྱེ་བ་ཕྱི་མར་འཕོས་པ་མི་འཐད་དེ་དཔལ་ལྡན་ཆོས་ཀྱི་གྲགས་པས་མ་གསུངས་པའི་ཕྱིར་ཟེར་ཁན་ཁྱེད་རང་ཡིན་པས་སོ༎
རིགས་ཀྱི་བུ་གཡུ་འབྲུག་ལགས་ ལོ་རྒྱུས་བཤད་པ་ཙམ་མ་ཏོག་ཡིན་ན་འགྲིག་འདུག་བུ། ཟད་པར་ས་ཏིང་སོགས་རིགས་པ་བསྒྲུབ་བྱེད་ཇི་ལྟར་ཡོད་ཞེས་པ་ལས་ཚད་མས་སྤྱོད་མ་ཡིན་ཞེས་ལབ་མེད་བུ། ཚད་མའི་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད་ཡིན་པ་ཧ་གོ་གི་ཡོད་གྲོག་པོ། ཨོ་གྲོག་པོ་གོང་ས་མཆོག་གི་མཛད་རྣམ་རེན་པོ་ཆེ་ལ་ཀོ་བའི་རྒྱབ་ཤ་བཟོས་ཡོད་ཅེས་ནོར་གླིང་ནས་ལབ་ཀྱི་འདུག་ན་དགོང་ཚུལ་ཞིག་གསུང་རོག་། གྲོག་པོ་བཀའ་དྲིན་ཆེ།
ལ་དྭགས་ཀླུ་འཁྱིལ་དགོན་པའི་གྲྭ་པ་སོག་རྭ་པ་བློ་བཟང་བརྩོན་འགྲུས་ཞེས་པ་ཞིག་བཞུགས། ༡༩༨༠ཙམ་ལ་ཡིན་ངེས། རྒྱ་གར་གཉེན་རྟོག་པོའི་ལས་ཁུངས་ལ་མི་མངས་ཀྱིས་ངོ་རྒོལ་བྱས་སྐབས་སུ། གཉེན་རྟོག་པའི་མེ་མདའི་མདེའུས་་མཆན་ཁུང་གཡས་གཡོན་ནས་བརྟོལ་ཏེ། གྲོངས་འདུག རྗེས་སུ་ཁོང་གི་སྐྱེ་བ་ཡིན་པ་མཆན་ཁུང་གཡས་ཡོན་ན་རྨ་བཤུལ་ཡོད་པའི་བུ་ཞིག་ཏུ་སྐྱེས་འདུག ལ་དྭགས་ཀླུ་འཁྱིལ་དགོན་པའི་གྲྭ་པ་གཉིས་ཀྱིས་དུས་སོ་སོར་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དུ། ལོ་རྒྱུས་འདི་བཀོད་བྱུང་།
དྲ་གྲོགས་ཡོངས་ལ་ཞུ་རྒྱུ་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ག་འདྲ་ཞིག་ལ་དངོས་འཛིན་གྱི་ཡིན་ངས་ལྟོས་ན་དྲ་ནང་འདི་ནས་དངོས་འཛིན་ཐུབ་མཁན་མི་འདུག་ལབ་ན་ཐལ་མེད་བསམ་གི་ཤ་མཚན་དང་གཟུགས་རུས་ཀྱི་ཆ་ཤས་སྐྱེ་བ་ཕྱི་མ་འགྲོ་བ་གང་ན་འདུག་ཡོད་མི་སྲིད་
རང་གི་སྐྱེ་བ་སྔ་མ་རང་གིས་དྲན་ན་ཡང་། སྐྱེ་བ་སྔ་མ་ཡོད་པར་གཞན་ལ་བསྒྲུབ་ཡ་ཁག་པོ་རེད་སྙམ།
གཉེར་ཕྱག་པས་བཤད་པ་ལེགས། ཚིག་གི་རྣམ་གྲངས་ཞིག་བསྣན་ན། དེ་ལས་ཀྱང་མིག་གིས་མ་མཐོང་པར་ཐག་མི་གཅོད་མཁན་གྱི་ཞིབ་འཇུག་པ་དེ་ལ་སྒྲུབ་ཁག་པོ་རེད།
གཉེར་ཕྱག་པས་ལབ་པ་བདེན་པ་རེད་་་ལྐུག་པའི་བུ་རམ་འདྲ་པོ་ཡིན་གྱི་རེད།