སྤོབས་པ་མཐའ་ཡས།
ནང་བསྟན་རིག་པའི་གཞུང་དུ་འཁོར་བའི་སྡུག་བསྔལ་བཤད་པའི་སྐབས་སུ་སྐྱེ་རྒ་ན་འཆི་ཞེས་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིར་བགྲང་པའི་ཡ་གྱལ་སྐྱེ་བའི་སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ་སྟེ། དེང་རབས་ཚན་རིག་གི་བརྟག་དཔྱད་བྱས་དོན་ལྟར་ན་མི་ཞིག་གི་ལུས་ཀྱི་རུས་པ་ཉི་ཤུ་དུས་གཅིག་ལ་བཅག་པའི་ན་ཟུག་དང་མཉམ་པར་ཤེས། སྤྱིར་ན་མིའི་ལུས་ཀྱི་ཟུག་གཟེར་བརྒྱ་ཆ་བཞི་བཅུ་ལྷག་ཙམ་ལས་མི་ལྕོག་ཅིང་འཆི་བར་འགྱུར་མོད། སྐྱེ་བའི་ན་ཟུག་ནི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་ལས་བརྒལ་ཡོད་མོད་བུད་མེད་ཕལ་མོ་ཆེར་འཆི་སྐྱོན་མི་འབྱུང་བ་ཡིན།
བོད་དུ་ར་རྫི་དཀར་ལི་དང་ལུག་རྫི་སྐྱ་ལེ་ཟེར་བའི་བུ་སྤུན་གཉིས་ཤིན་ཏུ་མཐུན་པར་གནས། དེ་གཉིས་ནར་སོན་པའི་དུས་སུ་བཟའ་ཟླ་བླངས་ནས་རང་རང་གི་ཁྱིམ་ཚང་བསྐྱངས། ཉིན་ཞིག་ལ། ར་རྫི་དཀར་ལིའི་བཟའ་ཟླ་ལ་བུ་བཙའ་རན། ར་རྫི་དཀར་ལི་དེ་ནི་རང་གི་བཟའ་ཟླ་ལ་སྙིང་ནས་བརྩེ་བ་ཅན་ཞིག་ཡིན་སྟབས་བཟའ་ཟླའི་བུ་བཙའ་བའི་ན་ཟུག་གི་ཆ་ཤས་ཤིག་རང་སྟེང་དུ་ལེན་ཐུབ་ན་ཅི་རུང་སྙམ། ཡུལ་དེ་ན་སྔགས་པ་ནུས་མཐུ་ཅན་མ་ཡི་ཕྲུ་གུ་བཙའ་བའི་ན་ཟུག་ཕ་ཡི་ལུས་སྟེང་དུ་སྤོར་ནུས་པའི་མན་ངག་ཁྱད་པར་ཅན་ཡོད་པ་དེ་གདན་དྲངས།
དེར་བུད་མེད་ལ་ཕྲུ་གུ་བཙའ་བའི་ན་ཟུག་ལངས་མགོ་ཚུགས་པ་དང་། ར་རྫི་དཀར་ལིས་སྔགས་པ་ལ་རང་གི་ཆུང་མའི་ན་ཚའི་ཆ་ཤས་ཤིག་རང་སྟེང་དུ་ལེན་པའི་ཞུ་བ་ཕུལ། དེར་སྔགས་པས་གསུངས་དོན། “མ་ཡི་བྱིས་པ་བཙའ་བའི་ན་ཟུག་བཟོད་པའི་སྟོབས་དེ་ཕ་ལ་མེད་སྟབས་ན་ཚའི་བརྒྱ་ཆ་བཅུ་ཙམ་ཁྱོད་ཀྱི་ལུས་སྟེང་ཕབ་ན་བཟོད་ནུས་སམ་གསུངས།” ཞེས་གསུངས་ཤིང་། ཏིང་ངེ་འཛིན་ལ་ཞུགས་ཤིང་སྔགས་བཟླས། ཡིན་ན་ཡང་ར་རྫི་དཀར་ལི་ལ་ན་ཟུག་གི་ཚོར་བ་གང་ཡང་མ་བྱུང་། ཆུང་མའི་ན་ཟུག་ཞི་འཇགས་ལ་གང་འཚམས་སོང་། དེར་སླར་ཡང་ཞུ་བ་ཕུལ་ནས་བརྒྱ་ཆ་ཉི་ཤུ་བླངས། ད་དུང་ཁྱོ་ག་ལ་ན་ཟུག་གི་ཚོར་བ་གཏན་ནས་མ་བྱུང་། མཐར་བརྒྱ་ཆ་ལྔ་བཅུ་བླངས། ཡིན་ན་ཡང་ན་ཟུག་གི་ཚོར་བ་མ་བྱུང་། ད་དུང་ཡང་ཞུ་བ་ཕུལ་ནས་མཐར་ཆུང་མའི་ལུས་ཀྱི་ན་ཟུག་བརྒྱ་ཆ་བརྒྱ་བོ་ཁྱོ་གའི་ལུས་སྟེང་དུ་བླངས་མོད་ཁྱོ་ག་ལ་ན་ཟུག་གི་ཚོར་བ་གཏན་ནས་མ་བྱུང་། ཆུང་མ་ལ་ན་ཟུག་གི་གདུང་བ་གཏན་ནས་མེད་པར་ཕྲུ་གུ་བཙས་པས་བཟའ་ཚང་གཉིས་པོ་དགའ་སྐྱིད་སྤྲོ་གསུམ་དང་ལྡན་པར་གྱུར། དེ་མ་ཐག་ཏུ་ཁྱིམ་མཚེས་ལུག་རྫི་སྐྱ་ལི་ལུག་རའི་ནང་དུ་ཤི་ཡོད་ཚུལ་གྱི་གཏམ་ངན་ཐོས།
སྒྲུང་འདི་དང་ཧ་ཅང་འདྲ་བའི་རྒྱ་ནག་གི་གློག་བརྙན་ཞིག་ལ་བལྟས་མྱོང་།
ཆོས་དད་མེད་མཁན་ཞིག་གི་ལྟས་ན་གོ་རྒྱུ་ཚོར་རྒྱུ་ཅང་མི་འདུག
སྐྱེ་དུས་རྒྱོ་མི་དྲན། རྒྱོ་དུས་སྐྱེ་མི་དྲན། མ་གཞི་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་གཅིག་ལ་སྦྱར་ནས་བཤད་དུས། གོང་གི་སྡུག་བསྔལ་དེ་ནི་མ་ལ་བྱུང་བའི་གནས་ཚུལ་རེད། དེ་ལས་ཕྲུག་གུ་མངལ་དུ་སྐྱེ་བའི་མགོ་ཚུགས་པ་ནས་མཐར་རྒས་པ་དང་དེ་ནས་ན་བ་དེ་ནས་འཆི་བའི་སྡུག་བསྔལ་ཤོད་དགོས་པ་རེད། དེ་མིན་སྐྱེས་པ་ཕོ་ལ་སྐྱེ་བའི་སྡུག་བསྔལ་མེད་པ་ཡིན་གྱི་མ་རེད།
ངས་གད་མོ་སློང་སྤྱད་ཅིག་བཤད་གི་ཡོད། ཡིན་ན་ཡང་། ཁྱེད་ཚོས་ཚབ་ཆེན་ཞིག་ལ་བརྩིས་ནས་གླེང་གི་འདུག
ད་བྱས་དུས། ར་རྫི་དཀར་ལིར་རང་གི་ཆུང་མ་ལ་བརྩེ་སེམས་ཆེ་ཞིང་། མ་བུ་གཉིས་བདེ་འཚམས་ཆེད་དུ་དེ་འདྲའི་བློས་བྱས་་ཡོད་ནའང་། ར་རྫི་དཀར་ལིའི་ཆུང་མ་ལ་བཙས་པའི་ཕྲུ་གུའི་ཕ་དངོས་མ་ནི། ལུག་རྫི་སྐྱ་ལིའི་ཡིན་པ་རེད།
ད་བྱས་དུས། ར་རྫི་དཀར་ལི་རང་གི་ཆུང་མ་ལ་བརྩེ་སེམས་ཆེ་ཞིང་། མ་བུ་གཉིས་བདེ་འཚམས་ཀྱི་ཆེད་དུ་དེ་འདྲའི་བློས་གཏོང་བྱས་ཡོད་ནའང་། ར་རྫི་དཀར་ལིའི་ཆུང་མ་ལ་བཙས་པའི་ཕྲུ་གུའི་ཕ་དངོས་མ་ནི། ལུག་རྫི་སྐྱ་ལིའི་ཡིན་པ་རེད།
ཁྱོད་ཀྱི་བཤད་པ་ལྟར་ན་ཕོ་ལ་སྐྱེ་བའི་སྡུག་བསྔལ་མེད་པ་རེད་དམ། ཧ་ཧ་ཧ། སྐུ་རྩེད་ཡིན། དེང་སང་ཕོ་ལའང་ཕྲུ་གུ་སྐྱེས་པའི་གནས་ཚུལ་ཐོས་རྒྱུ་འདུག་ཨང་།
དེ་རེད། ཡ་མ་ཚེ་རིང་ལགས་ཀྱིས་ཡག་པོ་ཀློག་འདུག
འོ་ན་ཡོ་སྒོར་ས་ཡ་ ༢ དང་
བྱས་ཙང་སྐྱེས་དམན་ཞེས་པའི་ཐ་སྙད་འདི་ཐོགས་པ་རེད། མ་གཞི་དེང་སང་གཤགས་བཅོས་བྱས་ན་སྐྱེ་བའི་སྡུག་བསྔལ་ཆུང་ཆུང་རེད་ད། ལར་ནས་བླར་རྒན་ཕོ་རྒྱོ་བརྒྱག་པའི་ལམ་ལུགས་འདི་སྐྱེ་བའི་སྡུག་བསྔལ་ལ་འཇིགས་པ་ཨེ་རེད།
སྤྱི་ལོ་ ༡༩༣༦ལོའི་བོད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་གི་འདྲ་པར། ངོ་དེབ་ནང་གསལ།
https://www.facebook.com/photo.php?fbid=10152080847577531&set=a.483063297530.263167.615972530&type=1&theater
སྒྲུང་དེ་འདྲ་བ་གཞན་ཞིག་ནི་གཙང་གི་དམངས་ཁྲོད་ལ་ཡོད།
གཙང་གི་སྟོད་ཕྱོགས་ལ། ཕྲུ་གུ་སྔོན་ཤེས་ཐུབ་པ། སྐྱེས་མ་ཐག་པ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་ཤིང་། རྒྱུན་དུ་ལུང་བསྟན་མང་པོ་རྒྱག་པར་བྱེད། ཉིན་གཅིག་ཕྲུ་གུ་དེས་རང་གི་མ་ལ། སང་ཉིན་གྲོང་པའི་ཁྱི་སྐལ་བཟང་འཆི་རྒྱུ་རེད་ཟེར་དུས། ཏག་ཏག་ཁྱི་དེ་ཤི། ཡང་ཉིན་ཞིག་གནངས་ཉིན་གྲོང་པའི་རྨོ་རྨོ་ཚེ་རིང་གྲོངས་རྒྱུ་རེད་ཟེར་དུས། ཏག་ཏག་རྨོ་མོ་གྲོངས། ཉིན་གཅིག་གློ་བུར་དུ། ཨ་མ། ངའི་ཨ་ཕའི་ཚེ་རྫོགས་ཟིན། ཧ་ལམ་ཉིན་གཅིག་གཉིས་མ་གཏོགས་སྡོད་རྒྱུ་མ་རེད། མཆོད་འབུལ་གྲ་སྒྲིག་གྱིས་ཟེར།
ཨ་མས་ནང་མི་ཚང་མ་འབོད་ནས། བུའི་ལུང་བསྟན་བསྒྲགས། ཨ་ཕ་ཤིན་དུ་སྐྲགས་ནས་བུ་ལ་གསོལ་བ་འདེབས་པ་དང་། མཆོད་འབུལ་དང་སྡིག་བཤག་རྒྱ་ཆེན་པོ་བགྱིས། ཉིན་གསུམ་ཕྱིན་རུང་ཨ་ཕར་སྡུག་པ་ཅང་མ་བྱུང་། ཆུ་ཚོད་འགའ་ཤས་ཕྱིན་རྗེས། གྲོངས་པའི་ཨ་མ་རྒྱུག་ཡོང་ནས། འགྲིགས་མ་སོང་། ངའི་ཁྱོ་ག་ད་ལྟ་རང་རྐྱེན་ལམ་དུ་ཕྱིན་སོང་། གསོལ་འདེབས་གནང་རོགས་ཟེར།
དགོད་བྲོ་པོ་འདུག་ག།
ཉེ་ཆར་སྦག་སུའུ་ལམ་འགྲམ་ཞིག་ན་རྒྱ་གར་སཱ་དུ་འབའ་འབའ་ཞིག་གིས་བོད་མི་མཐོང་ཚད་ལ་ར་རྫི་དཀར་ལི་ལྟར་མ་བྱེད། ར་རྫི་དཀར་ལི་ལྟར་མ་བྱེད་ཅེས་བཤད་པར་མི་མང་བོ་ཞིག་གིས་མཚར་སྣང་དུ་བརྩི་གི་འདུག དེ་ནས་རིང་པོར་མི་ཐོག་པར་བལ་ཡུལ་སྲོང་བཙན་སློབ་གྲྭར་རྐྱེན་ངན་དེ་བྱུང་། ཏག་ཏག་དེའི་རྗེས་སུ་སྤོབས་མཐའི་དངོས་སྒྲུང་དེ་བྱུང་བ་རེད། ངས་བལྟས་ན་ར་རྫི་དཀར་ལིས་རྗེས་སུ་ཁོ་རང་ཆུང་མའི་མགོ་སྐོར་འོག་འཚུད་པ་ཤེས་རྗེས། དེ་ནས་བཟུང་བོད་ཀྱི་གཏམ་དཔེ་ལྟར་རྟ་དང་བུ་མོར་བཞོན་དགོས་ཞེས་པ་ཉམས་སུ་བླངས་བ་མ་ཟད། སྐྱེ་བ་ཕྱི་མ་དང་ཕྱི་མའི་ཕྱི་མར་ཡང་བུད་མེད་ལ་རབ་ཏུ་བཞོན་པར་བགྱིའོ་སྙམ་པའི་བགས་ཆགས་འོག་ཚེ་འདིར་བོད་ཀྱི་ཁྱིམ་མཚེས་བལ་པོ་བ་མ་ཧེ་ཞིས་ཐཱ་པའི་སྐྱེ་བ་བླངས་པ་མིན་འགྲོ།
སྤོབས་པའི་སྒྲུང་འདི་གད་མོ་ཤོར་བྱེད་ཅིག་རེད་འདུག ཡང་སྐྱར་འདི་འདྲའི་རིགས་འབྲི་རོགས་གནང་། །
སྐུ་ཞབས་སྤོབས་པ་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཆེད་རྩོམ་སྣ་མང་བཏང་དང་གཏོང་བཞིན་ཡོད། ངས་རེ་བསྐུལ་ཞིག་ལ་དེང་ལྷོ་ཨ་མའི་རེ་ཁའི་ཁོངས་སྦེར་ཛིལ་དུ་འཛམ་གླིང་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་ཡོད་དེར་བརྟེན་རྐང་སྤོལ་ལོ་སྒྱུས་འབྲེལ་བའི་ད་ལྟའི་རྒྱལ་ཁབ་དང་དེའི་ནང་གི་མི་སྣ་རྣམས་ཀྱི་ཁ་ཕྱོགས་གྲགས་རིམ་སོགས་གནས་ཚུལ་ཕྱོགས་བསྡོམས་ཤིག་གི་ཆེད་རྩོམ་གནང་རོགས་ཞེས་རེ་བ་འདོན་གྱིན་ཡོད།