མཚོ་སྔོན་རླུང་འཕྲིན་གྱིས་གསར་འགྱུར་སྤེལ་བ་ལྟར་ན། ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་བར་དུ། བསྡོམས་པས་ཐོ་འགོད་བྱས་པའི་ས་འགུལ་ཆུང་བ་ཐེངས་སྟོང་གཅིག་དང་བརྒྱ་ར་གྱ་གཉིས་བྱུང་ཞིང་། ཚད་རིམ་གསུམ་ཡན་གྱི་ས་འགུལ་ཆུང་བ་བཅུ་གཉིས་བྱུང་བ་དང་། དེའི་ནང་ཚད་རིམ་དྲུག་ནས་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་བར་གྱི་ས་འགུལ་ཆུང་བ་གཅིག་དང་། ཚད་རིམ་བཞི་ནས་ཚད་རིམ་བཞི་དང་གྲངས་ཆུང་དགུའི་བར་གྱི་ས་འགུལ་ཆུང་བ་གསུམ། ཚད་རིམ་གསུམ་ནས་ཚད་རིམ་གསུམ་དང་གྲངས་ཆུང་དགུའི་བར་གྱི་ས་འགུལ་ཆུང་བ་བརྒྱད་བྱུང་སྐོར་བཀོད་འདུག
ཨ་ཁ་ཁ། ང་ཡི་ཟླ་སྔོན་རྨི་ལམ་ཞིག་ལ་ཡང་། རྒྱ་བོད་གཉིས་ན་ས་འགུལ་ནག་ལྷོག་ལྷོག །ཁང་བརྩེགས་ཕལ་ཆེར་གས་ཀ་སྐྱ་ཐལ་ཐལ། །ཨེ་ཁུང་མེ་དཔུང་འབར་བའི་ཀློང་ཞིག་ན། །པོ་ཏ་ལ་ཡང་གས་ཆག་ཤོར་བ་རྨིས་་་་་་་་་་་་་་་་་ལ་སོགས་བཤད་ཀྱང་ཡིད་མ་ཆེས་པ་རྨིས་་་་་་་་་་ཐན་རྟགས་བསམ་ནས་བཟློག་བསྒྱུར་མང་བྱས་ཀྱང། །སྙིང་གི་ན་ཚ་ད་དུང་ལྷག་པར་འཕེལ། ། སྔོན་དུ་ཡུལ་ཤུལ་དེ་རིང་ནག་ཆུ་སོགས་། ས་འགུལ་རིམ་པ་བྱུང་བ་འདི་ཐོས་ཚེ། །ཐན་ངན་རྨི་ལམ་དེ་ཡང་བདེན་པ་འདྲ། །་་་་་་་་་་་་དེ་དུས་ཟང་ཟིང་ཚོར་བ་སྣང་བ་ལ། དགེ་སྒྲུབ་སྡིག་སྤངས་བླང་དོར་ལེགས་འབད་ནས། །མི་ཀུན་ཐ་མག་འཐེན་པ་རྒྱུན་བཅད་དེ། །སིདྡྷི་མ་ཎིར་རྩེ་གཅིག་མ་འབད་ན། །འཇིག་རྟེན་འདི་ཀུན་འཇིག་པའི་སྣང་བ་ཤར། །དེ་དུས་སྙིང་ནད་འདི་ཡང་ལྷག་པར་འཕེལ། །ཞེས་སོགས་འདི་དག་མི་ཆོས་བླ་མའི་རྨི་ལམ་ཞིག་རྨིས་པ་རེད་མོད། མི་ཆོས་བླ་མའི་རྫུན་ཞིག་ནི་མིན་ནོ གང་ལྟར་རང་གི་རང་ལ་ཡིད་མ་ཆེས་མོད། ཁྱེད་རྣམ་བདེན་པར་འཛིན་ན་དེ་ཙམ་ལགས།
དཔལ་དགྱེས་པ་རྡོ་རྗེ་ལགས་ཁྱེད་ཀྱི་རྨི་ལམ་ལ་ཡིད་ཆེས་ལོས་ཡོད། དེ་ནི་མ་འོངས་ལོང་སྟན་རང་རེད་ཞག ད་ང་ཚོས་མ་འོངས་པར་འཛམ་གླིང་འདི་ཡི་འབྱུང་བཞིའི་གནོད་པ་ལ་ག་འདྲ་བྱས་ནས་འགོག་ཐབས་འདུག་ཡང་སྐྱར་རྨི་ལམ་ཞིག་རྟག་རོགས་ཞུ་བ་ཡིན།
གཏེ་ངན་ཁྱོད་ཀྱིས་ས་འགུལ་ཡོང་རྒྱུ་ཡིན་པ་ཤེས་ན་སྔ་ས་ནས་མི་བཤད་པར་རྗེས་ནས་བཤད་དགོས་པ་གང་ཡིན་ནམ། ཤེས་བཞིན་དུ་མ་བཤད་པ་དེ་ཁྱོད་གཏེ་ངན་ཡིན་པའི་རྟགས་རེད།
རེད་དངོས་གནས་རེད་ད་ཁྱོད་ལ་མ་འོངས་པའི་ལོང་བསྟན་འདྲ་ཡོད་ན་མ་རྟོག་སུ་ཡི་ཁས་ལེན་ཐུབ་པ་དཀའ་མོ་རེད་