སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་དེར། ཆོལ་གསུམ་བོད་རིགས་ཚང་མས་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་ཚུལ་གྱིས། ལག་པའི་ཕྱི་ནང་ཤ་ཡིན། མཛུབ་མོ་ལྔ་པོ་སྤུན་ཡིན་ཞེས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བ་དང་། དངོས་རྫས་དང་དངུལ་གྱི་ཞལ་འདེབས་མང་པོ་སྐྱེ་རྒུ་མདོའི་ལུད་བཞིན་པ་དང་། ཕྱོགས་མཚུངས་ཤེས་ཡོན་པའི་སྡེ་ལ་མཚོན་ནའང་། མྱ་ངན་ཞུ་བ་དང་། གདུང་སེམས་མཉམ་བསྐྱེད་བྱེད་པའི་རྣམ་པ་བརྗོད་བྱར་བྱས་པའི་རྩོམ་ཡིག་རིང་ཐུང་སྣ་ཚོགས་སྤེལ་ཞིང་ཡོད་པ་ནི། ཉིན་གྲངས་ཉུང་ངུ་ཞིག་གི་ནང་ལ་བསམ་པས། བྲིས་པའི་གྲངས་དང་འབོར་མང་བ་ཞིག་ཆགས་ཡོད། དེ་བཞིན་ས་ཡོམ་སྐོར་གྱི་གནད་དོན་དང་། མྱུར་སྐྱོབ་བརྒྱུད་རིམ་སོགས་ལ་དཔྱད་བརྗོད་སྤེལ་བའི་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་ཐོན་ཡོད་པ་ནས། དགོན་སྡེ་ཆེ་ཆུང་མང་པོས་སྨོན་ལམ་འཚོགས་དང་འཚོག་མུས་ནས། བོད་པའི་སློབ་གྲྭ་ཆེ་ཆུང་མང་པོའི་ནང་མྱ་ངན་གྱི་རྣམ་པ་མཚོན་པའི་སྙན་ངག་གྱེར་འདོན་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བ་བཅས་ཀྱི་ལམ་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ་དང་ཕྱོགས་མཚུངས་པར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདིར་མཚོན་ནའང་། ཚགས་དེབ་དང་དྲ་ཚིགས་ཁག་ཏུ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་སྐོར་ལས་འཕྲོས་པའི་རྩོམ་ཡིག་ཆད་མེད་དུ་སྤེལ་བཞིན་པ་ནས། ཤེས་ཡོན་པའི་སྡེའི་ཁྲོད་མྱ་ངན་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་མུས་ཀྱི་སྐབས་འདིར། སེར་བྱེས་གྲྭ་ཚང་གི་དགེ་འདུན་པ་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས་དང་། འཇམ་དབྱངས་ལགས་གཉིས་ནས། གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་མང་པོས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བརྗོད་བྱར་བྱས་པའི་སྙན་རྩོམ་མང་པོ་ཞིག་གི་ནང་ནས་ལེགས་འདེམས་ཀྱི་དེབ་༼མགོ་བོ་བཏུད་ནས་མྱ་ངན་ཞུ་བ༽ཞེས་པ་ཡོངས་ཁྱབ་འགྲེམས་སྤེལ་གྱི་དབུ་འབྱེད་མཛད་སྒོ་དེ་འདི་ཟླའི་ཚེས་ ༡༡ ཉིན་ལྷོ་ཕྱོགས་སེ་རར་བསྐྱངས་ཡོད་པ་དང་། མི་རིང་བར་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
དཔེ་དེབ་དཔར་སྐྲུན་གྱི་སྐོར་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་དོ་བདག་རྩོམ་སྒྲིག་པར་བཅར་འདྲི་ཞུས་ཏེ་རྒྱང་བསྲིངས་གནང་སོང་བ་དེའི་ནང་། ༼ང་རང་གྲྭ་རྐྱང་ཞིག་ཡིན་པའི་ཆ་ནས་ག་རེ་བྱས་ན་ཡག་པོ་འདུག་པའི་ཐད་བསམ་བློ་བཏང་བ་ཡིན་ལ། ཞལ་འདེབས་ཅུང་ཙམ་རེ་ཕུལ་ན་ནི་འཕྲོད་མིན་མི་ཤེས་ལ་འཕྲོད་ཀྱང་ཆེན་པོ་མེད་། དེ་བས་རྩོམ་པ་པོ་ཚོས་བྲིས་པའི་ས་འགུལ་སྐོར་གྱི་སྙན་རྩོམ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ན་ཕན་ནུས་ཡོད་པ་དང་། རོགས་སྐྱོར་ལ་དཔལ་འབྱོར་གྱི་རོགས་རམ་དང་སེམས་ཀྱི་རོགས་སྐྱོར་གཉིས་ཡོད་པའི་ཆ་ནས། སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེ་མི་རྣམས་ཀྱིས་མི་བརྗེད་ཆེད་རྩོམ་རིག་གི་ལམ་ནས་མཚོན་པ་འདི་ཕྱོགས་གཅིག་བསྡུས་ན་བསམ་ནས་ལས་ཀ་དེ་འདྲ་བྱས་པ་ཡིན༽ཅེས་དང་། ༼ སེམས་གསོ་ཙམ་མ་ཟད་རང་བྱུང་གོད་ཆག་གི་གནས་སྟངས་དེ་བོད་ཕྱི་ནང་གི་རྩོམ་པ་པོ་ཚོས་སེམས་ཚོར་དྲག་པོ་ཡིག་ཐོག་ལ་ཕབ་པ་དེ་བོད་ཀྱི་རྩོམ་རིག་ཐད་ཀྱང་རིན་ཐང་མི་དམན་པ་ཞིག་ཡོད་པས་། བོད་ཕྱི་ནང་གི་དྲ་གནས་ཁག་ཏུ་་སྤེལ་བའི་སྙན་རྩོམ་ཉིས་བརྒྱ་ལྷག་གི་ནང་ནས་ལེགས་འདེམས་བརྒྱུད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་དྲུག་ཅུ་ཙམ་གྱི་སྙན་རྩོམ་ཕྱོགས་བསྒྲིགས་འདོན་སྤེལ་བྱས་པ་ཡིན༽ཞེས་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས་ཀྱིས་གསུངས་འདུག
ཨ་རིག་དགེ་མཐོང་ལགས། སྙན་བདེ་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།
ད་དེབ་དེ་བཙོང་རྒྱུ་ཡིན་ནམ་རིན་མེད་དུ་བཀྲམས་རྒྱུ་ཡིན། གང་ལྟར་བདེ་དེའི་དཀར་ཆགས་ཙམ་ཞིག་དྲ་ཐོག་ཏུ་འགོད་ཐུབ་ན་ང་ཚོ་རྒྱང་རིང་ན་འཚོ་བའི་ཁེར་རྐྱང་དེ་ཚོ་ཕན་གྱི་རེད་ཡ། དམིགས་བསལ་གྱིས་དགག་བྱ་དང་དམིགས་ཡུལ་གཞན་མེད་ན་ཚང་མ་དྲ་ཐོག་ཏུ་འགོད་རོགས། དེ་ཡང་བཙོང་རྒྱུ་མིན་ན་དེ་ལྟར་བྱེད་རོགས།
ཨ་མའི་བུ་ཨ་རིག་དགེ་མཐོང་ལགས་ལ་ཐུགས་རྗེ་ཆེ་ཞུ།
ཨ་མའི་བུ་ཨ་རིག་དགེ་མཐོང་ལགས་ལགས་བཀའ་དྲིན་ཆེ།
དགའ་བསུ་ཞུ།
དེབ་དེའི་ནང་གི་རྩོམ་ཡིག་ཁག་གི་དཀར་ཆག་དང་
རྩོམ་པ་པོ་བཅས་ཀྱི་མཚན་ཞིག་བཀོད་རོགས་གནོང་
དྲ་གྲོགས་ཚོས་བསམ་བློ་རྒྱབ་སྐྱོར་དང་བསམ་ཚུལ་ལྷུག་བརྗོད་བྱས་པ་ལ་སྙིང་ཐག་ནས་བཀའ་དྲིན་ཆེ་ཞུ།
དེབ་སྒོ་འབྱེད་བྱས་ཚར་བ་དང་སྒོར་༣༠་རེ་བྱས་ནས་བཙོང་བ་ཡིན། འཚང་ཁ་བརྒྱབས་ནས་འཕྲོག་རྩོད་ལྟ་བུ་བྱས་སོང་། ངས་བསམ་ཚུལ་ལ་སེ་ར་ནས་ཉིས་བརྒྱ་དང་འབྲས་སྤུངས་དང་དགའ་ལྡན་དགོན་དུ་བརྒྱ། ངྷ་ས་ལ་བརྒྱ། རྩོམ་པ་པོ་ཚོ་ལ་དེབ་གཅིག་རིན་མེད་ཐོག་རྩོམ་ཡོན་དུ་ཕུལ་བཞིན་ཡོད། དཀར་ཆག་དང་བཅས་དེབ་ཆ་ཚང་དྲ་ཐོག་ཏུ་འཇོག་རྒྱུ་ཡིན། སྤྱིར་དེབ་གྲངས་དྲུག་བརྒྱ་ལྷག་ཅིག་དཔར་ཡོད་མོད། ད་ལྟ་ཕྱོགས་ཡོང་ནས་ཁ་པར་བཏང་ནས་རག་མ་སོང་ཟེར་དུས་ཐབས་ཤེས་མེད་ཁུ། གཙོ་བོ་དཔེ་མཛོད་ཁང་དང་སློབ་གྲྭ་ཁག་ལ་ཕུལ་འདོད་ཡོད། དེ་ཚོ་རིན་མེད་ཐོག་ཡིན། གཞུང་གི་མི་ཆེན་དང་བོད་ཡིག་ལ་དོ་སྣང་མེད་མཁན་ཚོ་ལ་མགོ་སྒུར་ནས་གུས་ཞབས་དང་བཅས་ཨུ་ཚུགས་བྱེད་འདོད་ཕྲན་ལ་མེད། རྡོ་རྗེ་དབང་ཕྱུག་ལགས་ཀྱིས་དེབ་སྐོར་དྲ་ཐོག་ཏུ་བཞག་པ་ངས་ཀློག་པ་པོ་དང་རྩོམ་པ་པོ་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཞུ།
ཁ་བྲོ་རྒྱུ་བོ། དེ་འདྲ་རེད། སྐུ་ཚེ་བརྟན། ནང་དོན་གྱི་དཀར་ཆག་དེ་དག་དྲ་ཐོག་འདིར་བཀོད་ཐུབ་ན་ཡག་པོ་འདུག
དེབ་དེ་ཡིན་གཅིག་འཚོང་རོགས། རིན་མེད་དུ་བཀྲམས་ན་དགེ་མཚན་དེ་ཙམ་མ་མཐོང་།
ཨ་རེ། ས་འགུལ་ཞིག་གིས་བོད་མིའི་སྙིང་འགུལ་དེ། །ས་ཐག་རིང་ཐུང་གནས་ལ་མ་ལྟོས་པར། །ས་ཡ་དྲུག་གི་བོད་རིགས་ཕོ་མོ་ཚོས། །ས་སྟེང་སྐྱེ་འགྲོས་མཐོང་བའི་མཉམ་འབྲེལ་བྱས། །ས་གཞི་བརྟན་པའི་ནུས་པ་མ་མཆིས་ཀྱང་། །ས་བོན་གཅིག་པའི་གདུང་དམར་བོད་ཀྱི་བརྒྱུད། །ས་བདག་གསོན་པོའི་འདུ་ཤེས་མི་འདོར་བར། །ས་ལྒང་འདི་རུ་ལོ་རྒྱུས་འགོད་པར་ངེས། །ཞེས་སྐྱོ་གདུང་ལས་མཆེད་པའི་ཚོར་བ་འཁྱམ་པོ་ཞིག་གིས་བསྐུལ་བའི་མུར་ལྷག་བསམ་སྨྱོན་པའི་འཆོལ་གཏམ་དུའོ། །
ཟླ་༤་ཚེས་༢༣་ཉིན། པཎ་ཆེན་རིན་པོ་ཆེའི་སྲས་མོ་སྐྱེ་དགུ་མདོར་ཕེབས་ཤིང་དམངས་སྒོར་ཁྲི་༢༠༣་ཉིས་བརྒྱ་དང་གསུམ། ཟས་རིགས་དང་གྱོན་ཆས་རླང་འཁོར་༩་བསྩལ་བ་དང་། ཕན་ཆེན་རིན་པོ་ཆེའི་ཕ་ཡུལ་དགོན་པའི་གྲྭ་མང་དང་ལྷན་དུ་གཤིན་པོ་ལ་བསྔོ་སྨོན་གནང་པ་དང་། གསོན་པོ་ལ་སེམས་གསོ། འཛམ་གླིང་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པའི་འབོད་བསྐུལ། བོད་རིགས་མི་དམངས་ཀྱིས་གདུང་སེམས་མཉམ་བསྐྱེད་ལ་རྒྱབ་སྐྱོར། དྭ་ཕྲུག་རྣམས་རང་གི་ས་ནས་རང་གི་མེས་པོའི་རིག་གཞུང་སྦྱང་སྒྱུར་རོགས་སྐྱོར་གང་ཐུབ་བྱེད་རྒྱུ་གསུངས། སྐབས་དེར་ལྷག་ལུས་ཀྱི་མི་དམངས་ཀྱིས་དགའ་བསུ་ཚད་མེད་བྱས་པས་འདི་སྐོར་རྒྱ་ནག་གི་གསར་འགྱུར་དྲ་ཚིག་ཡོངས་ནས་ལེན་དགོས་པའི་བཀའ་ཕབས་པས་མཐོང་རྒྱུ་ཆེར་མེད་པ་བཟོས་འདུག ttp://bbs.tiexue.net ད་ལྟ་མཐོང་རྒྱུ་ཡོད་པ་འདི་དང་ཧོང་ཀོང་རྒྱ་བྱ་གསར་འགྱུར་དྲ་ཚིག་གམ་ཧྥོང་ཧང་གཉིས་རང་རེད།
O YHA BU RE
ལྷག་བསམ་ལགས། ཁྱེད་ཀྱིས་བཞག་པའི་དྲ་ཚིགས་དེའི་སྒོ་ཕྱེ་མི་ཐུབ་པས་ཅིག་འགྲིགས་ཡོད་ས་མ་རེད།
རིན་མེད་ཐོག་ཐོག་བཀྲམ་པ་ནི་རིན་ཐང་ཉམས་བྱེད་ཁོ་ན་རེད།དེ་བས་ཅུང་གོང་ཚད་ཆེ་ཙམ་བྱས་ན་ཡགཔོ་འདུག
མྱ་ངན་གྱི་སྙན་རྩོམ་དུས་དེབ་བཏོན་པར་རྟེན་འབྲེལ་ཞུ། མགོ་ནག་བོད་པ་ཚོ་ཕྱོགས་ཡོངས་ནས་གཅིག་སྒྲིལ་ཡིན་པའི་བདེན་དབང་ངོ་མ་རེད། རང་རང་ས་ནས་ཤུགས་རྒྱབ་དང་རྒྱག་བཞིན་པ་ཡག་པོ་ཞེ་དྲག་རེད། དེབ་དེ་ཀློག་འདོད་ཤིན་ཏུ་འདུག
སྙན་དེབ་འདི་ྐློག་པའི་རྗེས་སུ་འདི་ལ་རིན་ཐང་འཇོག་སྟངས་ཡག་པོ་ཞིག་སེམས་ལ་དྲན་མ་སོང་། དེབ་འདིའི་ནང་དུ་ཚིག་བཅད་སྙན་ངག་དང་རང་མོས་སྙན་ངག་གཅིག་པོས་ཁེངས་ནས་བསྡད་འདུག་པ་མ་ཟད་གཞན་ཅི་ཡང་མི་འདུག ས་ཡོམ་གྱི་སྐོར་ལ་དེབ་ཞིག་འདོན་གི་ཡིན་ན་ས་ཡོམ་གྱི་སྐོར་ལ་ས་གནས་ས་ཐོག་གི་མི་ལ་བཅར་འདྲི་བྱས་བ་དེ་ཚོ་དང་དེའི་སྐོར་གྱི་ཞིབ་འཇུག་གི་དཔྱད་རྩོམ་དེ་ཚོ་ཕྱོགས་བསྒྲིགས་ཤིག་བྱེད་ཐུབ་ཡོད་ན་དེ་ལ་དགེ་མཚན་རྒྱ་ཆེན་པོ་ཞིག་བྱུང་ཡོད་རེད། ས་ཡོམ་གྱི་གནས་ཚུལ་འདི་ལྟ་བུའི་རིགས་སྐོར་ལ་དེབ་ཕྱོགས་སྒྲིག་བྱེད་ན་གནད་འགག་དེ་ཚོ་ངེས་ཟིན་པའི་སྒོ་ནས་ལས་ཀ་འགོ་བརྩམས་ན་དགེ་མཚན་ཆེན་པོ་ཡོང་གི་རེད། སྙན་དེབ་ཕྱོགས་བསྒྲིགས་འདིའི་ནང་དུ་ཡོད་པ་དེ་ཚོ་ནི་རྩོམ་པ་པོ་ཚོའི་སེམས་ཀྱི་ཚོར་བ་རེད་འདུག་མ་གཏོགས་སྐྱེ་རྒུ་མདོའི་ས་ཡོམ་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དང་བཅར་འདྲི། ཞིབ་འཇུག་དཔྱད་རྩོམ་གྱི་རིགས་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག མེད་པ་འདི་ཚོ་སྙན་དེབ་འདིའི་ཞན་ཆ་གཙོ་བོ་རེད།
ངའི་གྲོགས་པོ་ཚོས་ཀྱང་སྙན་དེབ་ཕྱོགས་བསྒྲིགས་འདི་ནི་སྙན་ངག་གཅེས་བཏུས་ལྟ་བུ་ཞིག་ཆགས་འདུག་པ་མ་གཏོགས་འདིས་སྐྱེ་རྒུ་མདོའི་ས་ཡོམ་སྐོར་ལ་དམིགས་བསལ་གྱི་ཚོར་བ་གང་ཡང་སྤྲད་མ་སོང་བ་མ་ཟད་ད་རུང་འདི་ནི་འགྲོ་སོང་ཆུད་ཟོས་སུ་ཕྱིན་པ་ལྟ་བུ་ཆགས་འདུག་ཟེར། སྙན་དེབ་ཕྱོགས་བསྒྲིགས་འདིའི་སྒང་ན་བལྟ་ས་གཅིག་རང་ཡོད་པ་ནི་གྲ་རྐྱང་དེ་གཉིས་ཀྱི་སེམས་ཤུགས་དེ་གཅིག་པོ་རེད་ཟེར།
དེབ་འདི་ནི་ས་ཡོམ་ཁྲོད་དུ་གོད་ཆག་ཕོག་པ་ཚོར་མྱ་ངན་གྱི་གདུང་བས་བྲིས་པའི་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན་པས། དེབ་འདིའི་འགན་ཁུར་ནི་སྐབས་འདིའི་སྙན་ངག་པ་ཚོའི་སེམས་ཚོར་དྲག་པོ་དེ་སྟོན་རྒྱུ་ཙམ་ཞིག་རེད་ལ་དེ་ནི་དེབ་འདིས་ཐེག་པའི་ཁུར་བོ་འབའ་ཞིག་ཀྱང་རེད། དེའི་ཕྱིར་དེབ་འདིས་རང་གི་ཐེག་ཚོད་ཀྱི་ཁུར་བོ་ཞིག་ཁུར་ནས་སྤྱི་ཚོགས་སྟེང་བསླེབས་མ་ཐག་ལྐོག་གསོད་དང་སྐེ་བགག་མ་བྱེད་ཅིག
གྲོགས་པོ་འབིག་ལགས། ཁྱེད་རང་ངས་སྔོན་མ་ཞིག་ནས་ཁ་བརྡ་དང་དུས་བབ་དྲ་ཚིགས་ནས་བོར་རླག་སོང་མོད། དེ་རིང་འདི་ནས་རིན་ཐང་ཅན་གྱི་དཔྱད་གཏམ་མམ་མཆན་བུ་ཞིག་མཐོང་དུས་ཁྱེད་རང་སེམས་གཏིང་ནས་དྲན་སོང་། དེབ་དེ་དཔྱད་རྩོམ་ཕྱོགས་བསྒྲིགས་བྱེད་མ་ཐུབ་པ་ངེད་གཉིས་ཀྱི་མ་འཇོན་པ་་རེད། དེའི་ཆ་ནས་ཀློག་པ་པོ་ཡོངས་ལ་དགོངས་སེལ་ཞུ། གཞན་ཁྱེད་ཀྱི་སྐད་ཆ་ལ་ཅུང་ཙམ་ཐལ་ཆ་འདུག དེ་མིན་བསམ་ཚུལ་དེ་རྗེས་སུ་ཡི་རངས་བྱེད་དགོས་པའི་བསམ་འཆར་ཞིག་རེད་ལགས། གང་ལྟར་ངས་ཁྱེད་ཀྱི་མིང་གོ་བ་ཙམ་གྱིས་སྔོན་མའི་དྲ་གྲོགས་ཤིག་གི་འདུ་ཤེས་གསོན་པོ་ཡིད་ལ་དྲན་བྱུང་། དེ་མིན་ངས་ཡོད་ཚད་ལ་ལན་འབྲི་གི་མེད། ཁྱེད་རང་སྔོན་མའི་དྲ་གྲོགས་འདང་ཆེན་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས། བསམ་ཚུལ་གསུངས་པ་ལ་དགའ་བསུ་ཡོད། ཁོམ་དུས་དུས་བབ་ཀྱི་ཕྲན་གྱི་ཟིན་བྲིས་སུ་ཡོང་གི་སྡོད་ལོ།
འབིགས་ཁྱེད་རང་གིས་བཤད་པ་དེ་ཡང་ཁྱེད་རང་གི་ཚོར་བ་ཙམ་ཞིག་རེད་མ་གཏོགས་དངོས་ཡོད་ཀྱི་གནས་སྟངས་དེར་བསམ་གཞིག་བྱས་མི་འདུག དེབ་འདིའི་ཁ་བྱང་འདོགས་སྟངས་ལས་ཀྱང་མྱ་ངན་ཞུ་བ་ཙམ་མ་གཏོགས་ས་ཡོམ་དེས་ངོས་དང་ཟུར་ཐམས་ཅད་གླེང་ཐུབ་པར་ཁས་བླངས་མི་འདུག སྙན་ངག་ལ་དགའ་མཁན་ཚོས་སྙན་ངག་འབྲི་བ་རེད། སྙན་ངག་ལ་དགའ་མཁན་ཚོས་དེ་ཀློག་གི་རེད། ལ་ལས་དཔྱད་རྩོམ་ལ་རྩིས་ཐང་ཆེ་བ་བཞིན་ལ་ལས་སྙན་ངག་ལ་རྩིས་ཐང་ཆེ་བ་རེད། འདི་སྙན་ངག་ཡིན་པས་འགྲིགས་མི་འདུག་ཟེར་ན་ཁྱད་མཚར་རེད།
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ད་ལམ་ཡུལ་ཤུལ་ས་ཁུལ་དུ་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་གཅོ༹ས་བོད་ཕྱི་ནང་གཉིས་ཀྱི་རིས་མེད་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་ ཆོས་རྒྱུད་གདན་ས་ཁག་སོ་སོ་དང་ བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གི་དགོན་གསར་ལ་ཧ་ཅང་གི་གནོད་སྐྱོན་ཆ༹བས་ཆེན་བྱུང་ཡོད་ན་ཡང། རིན་པོ་ཆེ་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་ཤུལ་ལུས་སྤུན་ཟླ་འདས་གསོན་ཁོ་ན་ལ་དམིགས་སྟེ། རོགས་སྐྱོར་གནང་འདུག་པས་སྒོ་གསུམ་དངས་བ་ཆེན་པོ་སྒོ་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་བཅས། གཤམ་གྱི་དབྱིན་ཡིག་ནང་འཁོད་གནས་ཆུ༹ལ་འདི་ནི་www.phayul.comརྒྱུད་ནས་འདོན་སྤེལ་བྱས་པ་ཡིན་ལགས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
Photo of the Buddhist learning centre building by Ranyag Monastery before strong the earthquake stuck Kyigudo in Tibet.
Ranyag Monastery’s Buddhist learning centre suffer heavy destruction due to the earthquake. Tibetans are deeply concerned over the debilitating state of this important learning centre of Tibetan culture and tradition
Monks of Ranyag Monastery help in delivering consignments of relief materials to the worst quake-hit areas of Kyigudo
Rescue monks of Ranyag Monastery brave heavy snow to assist Tibetans affected by earthquake in remote areas of Kyigudo in northeastern Tibet
Revered head of Ranyag Monastery offering spiritual solace to members of families affected by the tragedy
A member of medical team from Taiwan gives treatment to a injured monk.
One of a big tensional cracks seen on a land surface in one of the worst quake-hit regions of Kyigudo in TIbet
This story has been read 6820 times.
Film
TibetPhotos
Monastery
Advertisement
ངའི་བརྩེ་བའི་ཡུལ་ཤུལ་གྱི་སྤུན་ཟླ།
ས་ཡོམ་གྱི་གོད་ཆག་འོག་ལྷུང་བའི་ཡུལ་ཤུལ་གྱི་སྤུན་ཟླ་ཚོར་ཕུལ།
ར་མདའ།
ང་ཡི་བརྩེ་བའི་ཡུལ་ཤུལ་སྤུན་ཟླའི་སྟེང་ལ་གོད་ཆག་ནག་པོ་གནམ་ནས་ལྷུང་བའི་གཏམ་ངན་དུག་གི་མདའ་མོ་རྣོན་པོ་ཞིག།
འགོག་མེད་བརྙན་འཕྲུལ་རྒྱུད་ལས་ཤེད་ཀྱིས་ཤོར་བས་ང་ཡི་སྙིང་གི་འཕར་སྒྲ་གཉོམ་པོ་འདི་ཡང་ཅུང་ཙམ་མིན་ན་བཅད་ནས་ཐལ།།
ཀྱེ་མ་ཀྱི་ཧུད་འདི་ནི་ཁྱེད་ཀྱི་སྡུག་བསྔལ་ཁོ་ན་མ་ལགས་ས་མཐར་ལྷུང་བའི་ཤཱཀྱའི་དགེ་ཕྲུག་རྐང་རྗེན་ང་ཡང་སྟེ།།
ལུས་ཀྱི་ཁ་ཐག་ཤིན་ཏུ་རིང་ཡང་སེམས་ཀྱི་ཁ་ཐག་ཤིན་ཏུ་ཉེ་བའི་ང་ཡིས་ཁྱེད་ལ་ཁུ་སིམ་མ་ཎི་བགྲང་བཞིན་ཡོད།།
རྔམ་གནག་རི་དང་ཆུ་བོ་མ་ལུས་ཁོང་ནས་ཁྲོས་ཤིང་བརྩེ་མེད་དུས་ཀྱི་ཁ་རླངས་ནག་པོ་དམར་པོ་རྒྱ་ཡི་གདུག་རྩུབ་བཞིན།།
ལུས་དང་སེམས་པ་གཙབས་པའི་རྨ་ཁའི་ན་ཟུག་འཇགས་ལོང་མེད་པར་སླར་ཡང་ས་ཡོམ་འཇིགས་པ་ཉམ་ཆུང་སྲོག་གི་གཤེད་དུ་བབས།།
ལྷན་སྐྱེས་རང་དབང་རྐང་ལག་བཅད་པའི་གདུང་བ་ལྕི་མོས་ལུས་དང་སེམས་པ་མནར་ནས་ལོ་ཡི་འཁོར་མོ་གཅིག་ཀྱང་མ་འདས་བས།།
རང་བྱུང་ཁམས་ཀྱི་རི་ཆུ་དག་ལ་རྒྱུ་འབྲས་མིག་ཟུང་ཡོད་པ་བདེན་ན་ད་ལོ་ང་ཡི་ཡུལ་ཤུལ་སྤུན་ཟླར་འདི་མི་འབབ།།
ཧ་ཅང་ཕངས་བའི་ཚེ་སྲོག་རེ་རེ་མྱ་ངན་མིག་ཆུས་སྐྱེལ་མ་བྱེད་དུས་ང་ནི་ནམ་ཡང་ཁྱེད་དང་མཉམ་དུ་ངུ་ན་འདོད།།
ཤིན་ཏུ་སྐྱིད་པའི་ཁྱིམ་ཚང་རེ་རེ་ཐལ་བར་བརླགས་ནས་སྐྱོ་བས་གཟིར་དུས་ང་ནི་ནམ་ཡང་ཁྱེད་དང་མཉམ་དུ་སྡུག་ན་འདོད།།
ཧ་ཅང་བརྩེ་བའི་མ་བུ་རེ་རེ་འདི་ཕྱི་ཡོལ་བས་བར་ཐག་གཅོད་དུས་ང་ནི་ནམ་ཡང་ཁྱེད་དང་མཉམ་དུ་བསྡད་ན་འདོད།།
ཤིན་ཏུ་སྐྱོ་བའི་ནངས་མོ་དེ་ལ་འཇིགས་པ་དམར་པོ་མགོ་ལ་ལྷུང་དུས་ང་ནི་ནམ་ཡང་ཁྱེད་དང་མཉམ་དུ་ཤི་ན་འདོད།།
དཔྱིད་ཀྱི་ཆབ་རོམ་དྲོད་ཀྱིས་ཞུ་འདྲའི་ང་ཡི་སེམས་ཀྱི་མིག་ཆུ་གྲང་མོ་ཉིན་མཚན་བར་མེད་ཁྱེད་དང་མཉམ་དུ་བཞུར་བཞིན་ཡོད།།
རྒས་ཤིང་འཁོགས་པའི་རོ་གོག་འདི་ཡིས་ཁྱོད་ཀྱི་ཕྱིར་དུ་ཅི་ཡང་མི་འཇོན་ང་རང་ང་ལ་འཚིག་པ་གཏིང་ནས་ཟ་བཞིན་ཡོད།།
རྨོངས་ཤིང་འཐོམ་པའི་མགོ་བོ་འདི་ཡིས་ཁྱོད་ཀྱི་ཕྱིར་དུ་ཅི་ཡང་མི་དྲན་ང་རང་ང་ལ་ཧ་ཅང་ཡི་ཐང་ཆད་ནས་ཡོད།།
ཀྱེ་ཀྱེ་སེམས་ཀྱི་སྡུག་བསྔལ་སྟོབས་སུ་སྒྱུར་ཅིག་ཡུལ་ཤུལ་སྤུན་ཟླ་ང་ཚོ་མཉམ་དུ་གནམ་གྱི་གོད་ཆག་འདི་ལས་རྒྱལ་བར་བྱེད།།
Monday, 10 June 2010