དོན་འགྲུབ་བཀྲ་ཤིས།
སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག ཤ་རུས་ཀྱི་ཁྲག་རྒྱུན་བཞུར་བའི ཕྱི་མའི་འཕྲེང་ལམ་དུ འཆི་བདག་གིས་བཙན་དབང་ཐེབས་པའི ཉམ་ཆུང་གི་ཚེ་སྲོག་དམར་བོ སྐྱི་གཡའ་བའི་ནངས་མོ་དེར་རེ་རེ་བཞིན་འཁྱེར་སོང ས་བདག་གི་མཛུབ་མོ་འགུལ་ཐེངས་གཅིག་གིས ངའི་སྤུན་ཟླ་གྲངས་མེད་ཀྱི་ཚེ་སྲོག་གཞབ་སོང རང་བྱུང་ཁམས་ལ་སྙིང་རྗེ་བྲལ་བ་ཡིན་ནམ
སྐྱེ་རྒུ་མདོ ནངས་མོ་དེར་ངུ་ངག་ཁྲོད་ཀྱི་རུས་ཐལ་ཏུ་གྱུར མིག་གི་རྡེབ་དབང་ཙམ་ལ་ཁྱོད་ནི་ཐག་རིང་ཐག་རིང་ན སེམས་ལ་འཁོར་ཕྱོགས་ཤིག་གིས་ཁྱོད་ནི་ཕྱི་མའི་ཕྱི་མ་ན ཉིན་མཚན་གྲངས་མེད་ཅིག་ལ མར་མེ་གྲངས་མེད་ཅིག ལོ་ཟླ་གྲངས་མེད་ཅིག་ལ མ་ཎི་གྲངས་མེད་ཅིག འོན་ཀྱང་འཆི་བདག་གི་ལག་མཐིལ་ནས་ཅི་ཡང་རག་མེད ཉིན་དེ་ནས་བཟུང་དྭ་ཕྲུག་གི་སེམས་ངོགས་སུ ཤུལ་ལུས་ཚོའི་མིག་ཀོང་དུ མིག་ཆུའི་ཐིགས་ཕྲེང་གི་སྡུག་བསྔལ་གྱིས་འཇིག་རྟེན་སྒུལ་ནའང
སྐྱེ་རྒུ་མདོ ནངས་མོ་དེ་ནས་ཁྱོད་ནི་རྒྱན་གོས་མ་བསླུ་བའི་འཕྱོན་མ་བཞིན གསེར་མདོག་གི་མཆོད་རྐོང་རེ་རེའི་འོད་དུ ཕ་ཡིས་དཔུང་གདང་སྦྲེལ་ཡང་ཁྱོད་རང་མ་རྙེད མ་ཡིས་བྱམས་པའི་ཕྱག་ཟུང་བརྐྱངས་ཀྱང་ཁྱོད་རང་མ་རྙེད གྲང་ཤུར་ཤུར་གྱི་བུ་ཡུག་ཁྲོད་དུ ཕ་མ་བཙལ་བའི་བུ་ཕྲུག་དམར་རྗེན་དུ་ལུས འཁྱགས་སིབ་སིབ་ཀྱི་ས་གཞིའི་ཁྲོད་དུ ཁྱོ་ག་བཙལ་བའི་ཆུང་མའི་ལག་ཟུང་ཆད་པ་བཞིན མིག་ཆུ་དང་སྐྱོ་གདུང་ལས་ཅི་ཡང་ལུས་མེད ལྕགས་རི་ལྟ་བུའི་ཕྱི་མའི་མཁར་རྫོང་བཙན་པོ་ན ཁྱོད་ཅི་ལྟར་འཚོ་ཡོད གཡང་གཟར་ལྟ་བུའི་ཕྱི་མའི་ལམ་ཁ་ན ཁྱོད་ཅི་ལྟར་བསྐྱོད་བཞིན་ཡོད
སྐྱེ་རྒུ་མདོ ནངས་མོ་དེ་ནས་སེམས་པ་རྨང་ནས་བསྲེགས་སོང འཇིག་རྟེན་འགུལ་སྟངས་དེས ཁྱོད་ཚོ་བཞུད་སྟངས་དེས ཤུལ་ལུས་ཚོ་མིག་ཆུ་དང་ན་ཟུག་གི་ཁྲོད་དུ་བསྐྱུར འཆི་བདག་དགའ་སྟངས་དེས ཁྱིམ་གཞི་གཏོར་སྟངས་དེས ཤུལ་ལུས་ཚོ་མ་ཎིའི་དབྱངས་རྟ་དང་ལྷན་དུ་སྐྱོ་ལྷང་ངེར་འཚོ
ཡུལ་ཤུལ་བ ནངས་མོ་དེར་ཁྱོད་ཁོ་ན་མིན་པར་རི་གསུམ་གྱི་གཞི་བདག་ཡིན་ཡང་ངུས
ཡུལ་ཤུལ་བ ནངས་མོ་དེར་ཁྱོད་ཁོ་ན་མིན་པར་ཆུ་མོ་ཡི་ཀླུ་རྒྱལ་ཡིན་ཡང་སྐྱོ
ཡུལ་ཤུལ་བ ང་ཚོས་གཞི་ཁྱིམ་གསར་བའི་དྲོད་ཁོལ་གྱི་འདབས་སུ་ཁྱོད་རང་དྲན་བཞིན་ཡོད
ཡུལ་ཤུལ་བ ང་ཚོས་སྤྲོ་སྐྱིད་དགའ་འཛུམ་ཁྲོད་དུ་ཁྱོད་ཀྱི་ཚེ་སྲོག་གསར་བར་སྒུག་ནས་ཡོད
ཡུལ་ཤུལ་བ ཁྲག་རྣག་གིས་སྦགས་པའི་ནངས་མོ་དེར བགྲང་ལས་འདས་པ་ཞིག་ཁྱུར་མིད་བཏང་བས
སྐྱེ་རྒུ་མདོ ང་ཚོའི་སེམས་ཁོང་དུ་ད་དུང་ཡང་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག་ལྷག་ཡོད
༢༠༡༤/༤/༡༤
ས་ཡོམ་འདི་འདྲ་ཅིག་འོང་བགྱི་ཡོད་པ། སློབ་དཔོན་རིན་པོ་ཆེས་ལུང་བསྟན་ཅིག་ཀྱང་ཡོད་པར་གོ་མྱོང་ཡང་་་་་་་
དོན་འགྲུབ་བཀྲ་ཤིས་ལགས།
བོད་གངས་ཅན་གྱི་ས་མིང་ཡུལ་མིང་དང་ཆུ་མིང་མཚོ་མིང་དེ་ཚོ་སྔ་རབས་ནས་གང་ཡོད་པ་དེ་བོས་ན་ཡག་བར་སེམས། ཁྱེད་ཀྱིས་་སྐྱེ་རྒུ་མདོ་་་མ་གཏོགས་སྨོས་མི་འདུག ས་མིང་འདི་ལ་དངོས་གནས་བྱས་ན་་་་སྒ་སྐྱེ་རྒུ་མདོ་་་་འམ་ཡང་ན་་་་སྒ་སྐྱེ་དགུ་མདོ་་་ཞེས་འབྲི་དགོས་ས་རེད། སྒ་ཟེར་བའི་མི་བརྒྱུད་འདི་ལ་ལོ་རྒྱུས་གང་མཚམས་ཡོད་སྐད་འདུག །