ཀླུ་སྨྱོན།
ས་ཡོམ་ཆེན་པོས་སྐྱེ་རྒུ་གྲོང་བརྡལ་བསྣུབས།།
གོད་ཆག་ཆེན་པོས་ཚེ་སྲོག་ཁྱུར་མིད་བཏང་།།
འཇིགས་སྐྲག་ཆེན་པོས་སེམས་ལ་རྨ་ཁ་བཟོས།།
སྐྱོ་གདུང་ཆེན་པོས་ཉིན་འདིར་རྗེས་དྲན་ཞུ།།
བརྩེ་བ་མཚོ་ལས་ཟབ་པའི་གཉེན་ཉེ་བྲལ།།
དཀའ་བ་རི་ལྟར་སྤྱད་པའི་ཁྱིམ་གཞིས་བརླགས།།
སྡུག་བསྔལ་རླུང་བཞིན་འཚུབ་པའི་ཉིན་མོ་འདི།།
སྐྱེ་རྒུའི་མ་ཡིན་གངས་ཅན་བོད་ཀྱི་ཡིན།།
ང་ཚོས་འདས་པའི་དུས་དེར་དྲན་གསོ་བྱེད། ། རི་བོའི་ངོགས་སུ་སྡུག་གི་སྐྱོ་སྣང་ད་དུང་ཆེ། ། སྔར་སོང་བྱ་བ་རྨི་ལམ་འདྲ་ན་ཡང། །ཡ་ངའི་སྐྱོ་གདུང་སེམས་ལ་ལྷང་ལྷང་འཆར། ། འདུ་བྱས་ཐམས་ཅད་མི་རྟག་རང་བཞི་གཅིག །ཟག་བཅས་ཐམས་ཅད་སྡུག་བསྔལ་འབའ་ཞིག་གཉིས། ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་ཐུབ་པས་སྡོམ་བཞི་གསུངས། །
རང་བཞིན་ལ་བཅོས་རོགས།
དནངས་སྔ་མོ་གདོང་དེབ་ཐོག་སྐྱེ་རྒུའི་ས་ཡོམ་ལ་མྱ་ངན་ཞུ་ཟེར་བ་མཐོང་དུས་སྙིང་ལ་གྲང་ཤུར་བརྒྱབ། ཡང་ས་ཡོམ། ད་བྱེད་དུས་དྲན་གསོ་ཡིན་པ་འདྲ།
ལྷ་ཆེན་ཁྲོས་པས་ས་ཆེན་གཡོས།།
ཉེས་མེད་ཁྲི་ཚོའི་ཚེ་སྲོག་བགམ།།
དེ་ལས་མང་བ་ནད་པ་བསྒྱུར།།
དེ་ལས་མང་ནང་སེམས་སྡུག་བཏད།།
རྗེས་དྲན་ལ
ལས་འབྲས་ཟེར་བ་གཡེར་པོ་ཆེས། །
ཉེས་མེད་ཁྲི་ཕྲག་དམར་གསོད་བཏང་། །
ནད་གཅོང་གྱ་ཉེས་ལུང་པ་བཀང་། །
བྱིས་པ་སྟོང་ཚོ་དྭ་ཕྲུག་བཟོས། །
ལས་འབྲས་ཁྱོད་ཤ་ཚ། ལས་འབྲས་ཁྱོད་སྙིང་རྗེ། ད་ལས་འབྲས་ཁྱོད་ཚོད་གཟུང་རོགས། །
ངས་ཀྱང་དེ་རིང་འདི་ན་ཚིག་ཁ་ཤས་ཤིག་འབྲི་འདོད་བྱུང་༏ དམར་སེར་དགེ་འདུན་ཚོགས་ཀྱིས་༏ ཐབ་མོ་སྙིང་གར་གཡོ་གྱིན༏ ས་འོག་སོང་བའི་ཚེ་འདས་༏ དག་ཞིང་སྐྱེས་པ་བྱས་ཀྱང་༏ ནེའུ་ཡོཀ་གྲང་ནས༏ བོད་རིགས་སྤུན་ཟླ་རྣམས་ཀྱིས༏ ཤ་ཚ་རུས་པའི་གཏིང་ནས༏ ཤི་གསོན་ནད་པ་ཡོངས་ལ༏ ཞལ་འདེབས་ཕུལ་བའི་་ཨ་སྒོར་༏ ཆ་མེད་བར་དོར་ཕེབས་འདུག༏ མདོར་ན༏ ཤི་བོ་ཀུན་དག་ཞིང་སྐྱེས༏ ཨ་སྒོར་བར་དོར་འཁྱམས༏ ཤུལ་ལུས་རྣམས་ལག་སྟོང་ལུས༏ སྦྱིན་བདག་རྣམས་མགོ་འཐོམ༏
མིག་ཤེལ་འདི་ཡི་མིག་གསལ་དྲག་ནས་བར་དོ་དང་ལེ་དབར་བརྒྱ་ཕྲག་བརྒལ་བ་དག་ཀྱང་གསལ་ལེར་མཐོང་འདུག
མིག་ཤེལ་ནག་པོ། ཨོ་དགོངས་དག མིག་ཤེལ་ལགས། ཨ་སྒོར་སུས་སུ་ལ་སྤྲད། བར་དོར་འཁྱམས་པའི་ཚ་རེ་རེ་ན་ས་ར་སྤྲད་རོགས། ཁུངས་མེད་ན་ངུ་ཤར་རྒྱབ་མི་ཆོག ཨོ་དགོངས་དག ངུ་ཤར་རྒྱག་མ་ཡོངས།
མེ་ཏོག་དཀར་པོ་ལགས་ དེ་རིང་སྐྱེ་རྒུ་ས་ཡོམ་རྒྱུགས་ནས་མི་ལོ་བཞི་སོང་བ་རེད་ ད་དུང་དེའི་བསྐོར་གནས་ཚུལ་ཅི་བྱུང་མིན་ཙམ་ཞིག་མ་ཤེས་པ་ཁྱེད་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ལ་དོ་སྣང་དེ་ཙམ་མེད་པ་འདྲ༏ ཁྱེད་ཀྱིས་ཨ་སྒོར་སུས་སུ་ལ་སྤྲད་པ་རེད་གསུང་འདུག་ ངས་ལན་ཕུལ་གྱི་ཡིན་ ནེའུ་ཡོཀ་བོད་མི་རྣམས་ཀྱིས་ཉིན་མཚན་གཉིས་ལ་དཀའ་ལས་རྒྱག་ནས་བཟོས་པའི་སྒོར་མོ་དེ༏ མི་རེ་ངོས་ནས་ཤུལ་ལུས་རྣམས་ལ་དམིགས་ཏེ་ནེའུ་ཡོཀ་སྒ་བ་ཚོགས་པ་ལ་ཕུལ་བ་རེད་ སྒ་བ་ཚོགས་པས་ནེའུ་ཡོག་དོན་དཔྱད་ལ་ཕུལ༏་་དོན་དཔྱད་ཀྱིས་་ཚོགས་པ་ཁག་གསུམ་རྒྱུད་ནས་ཤུལ་ལུས་རྣམས་ལ་བསྐུར་ཡོད་ཀྱང་རི་ཁག་དང་༏ ཚོགས་པ༏ དགོན་སྡེ༏ ལས་ཁང་སུ་འདྲ་ཞིག་ལ་སྤྲད་ཡོད་མེད་མི་ལོ་བཞི་ཕྱིན་ཡང་ད་དུང་གསལ་ཆ་མེད་པའི་བར་དོ་འཁྱམས་སོང་བ་རེད་ཞུ་ཡོད་
ཁྱོད་ཀྱིས་ཧ་མ་གོ་བ་ཙམ་རྒྱུ་མཚན་དུ་བཟུང་བ་ནི་གླེང་རྟགས་བླ་ན་མེད་པའོ།།
སྐྱོ་བོའི་སེམས་པ་རླུང་གིས་འཁུར་ནས།།
ཡུལ་ཤུལ་མྱ་ངན་ཐང་ལ་སླེབས་སོང་།།
མ་ཎི་ཡིག་དྲུག་དབྱངས་སུ་གྱེས་ནས།།
ཤི་གསོན་གཉིས་ལ་དགེ་བ་བསྔོས་ཡོད།།