རྒྱ་སྟོན་བུ་དར་རྒྱས།
བྷོ་ཊའི་ལོ་རྒྱུས་ཁྲོད་དུ་མཚན་སྙན་གྲགས་པའི་མི་རྗེ་སྲིད་སྐྱོང་། །
མི་ཚེ་སྲི་ཞུས་ཟད་པའི་ངེད་ཚོའི་འགན་འཛིན་ཕྱི་དྲིལ་དྲུང་ཆེ། །
ན་གཞོན་འབུམ་རམས་འཛིན་པའི་ཉམས་ཞིབ་ལས་བྱེད་དཔྱོད་ལྡན་ལས་རོགས། །
ང་ལ་སྐྱེལ་མ་ཞུས་དུས་སེམས་དེ་མ་སྐྱིད་ཚོར་བ་སྨུག་པོ། །
གཞོན་དུས་བོད་ལ་སྲི་ཞུ་བསྒྲུབས་པའི་སེམས་ཀྱི་དགའ་སྤོབས་རྐུན་ཇག་མི་ཤོར། །
ད་བར་ཞབས་ལོ་བཅུ་ལྷག་ལྕོགས་ཚོད་བྱས་པར་རིན་ཐང་ལོས་ཡོད། །
མི་འཇོན་རྟ་ལམ་བཀག་ན་བོང་བུའི་ལུས་ལ་རིན་ཐང་ཅི་ཡོད། །
འཛངས་པའི་གཞོན་པ་སྟོང་ལ་རེ་བཞག་འཕངས་ནས་ཕུགས་འདུན་བཅོལ་ཡོད།།
ཕ་ས་རྒྱབ་ལ་བསྐྱུར་དུས་དད་པ་དག་སྣང་ལོ་ཆུང་སྣང་བ། །
མི་ཚེ་ས་མཐར་འཚོ་བའི་སྐྱོ་གཏམ་སྣ་ཚོགས་སེམས་ཀྱི་ཁུར་པོ། །
སྒེར་དོན་བསྟན་པ་དར་བའི་བོད་ཀྱི་སྤྱི་ཚོགས་ད་ལྟའི་ལོ་རབས། །
སྙིང་སྡུག་མ་སྨད་ངེད་ཚང་བདེ་དལ་སངས་འཇམ་ཚོ་བ་གསར་པ། །
ཚེ་གཅིག་ལུས་འདི་གོ་མེད་གྱུར་ན་དུད་འགྲོའི་གནས་བབས། །
ཆེས་ཆེར་སྲི་ཞུའི་ནུས་པ་མི་གདའ་བསམ་ན་འཇོན་ཚོད་དཔག་ཚོད། །
ལང་ཚོའི་བཅུད་ཀྱི་སྙིང་པོ་རང་གི་རིགས་ལ་ལེགས་སྐྱེས་ཕུལ་ཡོད། །
དར་མ་དུས་ལ་མི་རན་རྒས་འདོད་མི་འདུག་སྣང་བ་གང་སྐྱིད། །
རྡ་ཤོད། ༢༠༢༠།༠༨།༡༥ ལ།
སྲི་ཞུ་བསྒྲུབས་པའི་སྐྱེ་བོ་དག །
དཔའ་བོ་ཁྲི་ཚོའི་རྣམ་ཤེས་ལགས། །
གསོན་ཉམས་མངོན་བའི་གཟི་བརྗིད་ཆེ། །
སྐུ་ཚེ་ཡུན་རིང་རྒྱལ་མཚན་བརྟན། །
རྒྱབ་མདུན་ངོ་ལྐོག་ཡོད་པའི་ལས་བྱེད་དང་། །
ལྐོག་ཟ་རུལ་སུང་ཤོར་བའི་ལས་བྱེད་དག །
ད་ནས་སྲིད་སྤྱིའི་འོས་ནང་མ་ཤོར་དགོས། །
ཤོར་ན་དེ་མ་ཐག་ཏུ་ཐེར་འདོན་དགོས། །
ཤེས་འཇོན་གཉིས་ཀར་ཡོད་པའི་ལས་བྱེད་དང་། །
ལྷག་པར་ལས་འབྲས་བརྩི་ཐུབ་དད་ལྡན་དང་། །
ལ་རྒྱ་མཐོང་རྒྱ་ཡོད་པའི་དང་བླངས་དང་། །
མང་པོས་འོས་སུ་བཀུར་འོས་མི་རྣམས་འདོམས། །
ཉི་སྟོང་ཉེར་གཅིག་ལོ་ཡི་སྲིད་སྐྱོང་ལ། །
ཨ་མདོ་སྤེན་པ་ཚེ་རིང་འོས་ཤོས་འདུག །
ཨ་མདོ་མགོན་པོ་བཀྲ་ཤིས་སྐྱེ་བ་རེད། །
བསྐོས་དང་མི་བསྐོ་མི་མངས་ལག་པར་ཡོད། །
ཀརྡོ་དང་ངེད་གཉིས་མ་འོངས་སྲིད་སྐྱོང་ཐད་ལ་བསམ་ཚུལ་གཅིག་པ་རེད། སྤེན་ཚེ་ལས་ལྷག་གཅིག་མེད་པ་གསལ་པོ་རེད། འོན་ཀྱང་ང་ལ་དེབ་ལྗང་ཁུ་མེད། ཁ་བཤད་ཁོག་སྟོང་ཡིན། །
དཔྱ་དེབ་ལྗང་ཁུ་མེད་གྱུརད་ཀྱང་། །
འོས་དང་དེབ་ལྗང་ལས་ལྷག་པ། །
ཁ་བརྡ་ངོ་དེབ་ལ་སོགས་ལ། །
སྨྱུག་བྲིས་འོས་འདིས་ཕན་ཐོགས་ཆེ། །
སྤེན་ཚེ་ཆུང་ནས་འགོ་འཁྲིད་བདམས། །
སྤྱི་འཐུས་ཚོགས་གཙོ་ལ་སོགས་ཀྱི། །
ལས་འགན་རྣམ་པ་སྣ་ཚོགས་བྱས། །
ཉི་སྟོང་གཅིག་ནས་བཅུ་ཡི་བར། །
མཁས་དབང་ཟམ་གདོང་ལས་དུས་སུ། །
ཕྱི་ནང་གསང་གསུམ་སློབ་གསོ་ཐོབ། །
ཆོལ་ཁ་ཆོས་བརྒྱུད་འཐེན་འཁྱེར་ཉུང་། །
དད་ལྡན་མཐོ་དམན་ཀུན་དང་མཐུན། །
ཆང་རག་འཐུང་དང་མི་བསད་སོགས། །
ཁྲག་དོག་ཞབས་འཐེན་མང་བའི་ཐོག །
བཀའ་ཤག་དོན་ཚན་བཅུ་པོ་ཡིས། །
གནས་དབྱུང་བཏང་ཡང་རྒྱལ་ཁ་ཐོབ། །
མི་ལོ་དགུ་ལྷག་མྱངས་ན་ཡང་། །
ད་དུང་སེམས་ཤུགས་མ་ཆག་པར། །
སྲིད་སྐྱོང་རྒྱབ་སྐྱོར་མང་བ་དང་། །
རང་ཉིད་དང་བླངས་ལང་འདི་ལེགས། །
ངས་ནི་སྤེན་ཚེ་མཐོང་མ་མྱོང་། །
ཕ་ཡུལ་གཅིག་པ་མ་ཡིན་ལ། །
གཞིས་ཆགས་གཅིག་པ་མ་ཡིན་ཞིང་། །
སློབ་གྲྭ་གཅིག་པ་དེ་བས་མིན། །
ང་ནི་ས་ཁུག་ལུང་ཁུག་ནང་། །
དགེ་རྒན་ལས་ཀ་གཉེར་བཞིན་སྐབས། །
མ་འོངས་སྲིད་སྐྱོང་སུ་འདེམས་སྐབས། །
སེམས་ཀྱིས་མ་བཟོད་ཤོད་ཐལ་ཤོར། །