ཤ་ཀླན་འཇམ་དབྱངས་གྲགས་པ།
ཚེ་རབས་མང་པོའི་ལས་དང་སྨོན་པས།། བརྟན་བརྗིད་གངས་རིའི་ལྗོངས་སུ་སྐྱེས་ཤིང་།།
རྡོ་བའི་གཤིས་འཛིན་རིགས་ཀྱི་ཞེན་པས།། རྗེ་དཔོན་ངན་པར་མགོ་བོ་མི་སྒུར།།
མི་རིང་ཉིན་ཞག་འགའ་ཡི་སྔོན་དུ།། འགྱུར་མེད་དམ་བཅའ་སེམས་སུ་བརྣག་ནས།།
གངས་རིའི་ལྗོངས་སུ་བརྟོལ་བའི་གཏམ་དེས།། བུ་ཕྲུག་ང་འདྲར་སྤོབས་པ་སྦྱིན་བྱུང་།།
བོད་ཀྱི་རིགས་སུ་སྐྱེས་པ་འདྲ་ཡང་།།། ཤ་དང་མཆིན་པའི་བརྩེ་བ་ཁྱེད་ཟབ།།
ཁྲག་རྒྱུན་བོད་རིགས་ཡིན་པ་མཚུངས་ཀྱང་།། རུས་པ་སྲ་བའི་བུ་རྒོད་ཁྱེད་ཡིན།།
བོད་བལ་རྒྱ་ནས་སྐུ་ཚེགས་བྱུང་ཚེ།། ལྷ་བཙན་བསྟན་སྲུང་ཚོགས་ཀྱིས་སྐྱོབས་ཤིག།
ཀླུ་བཙན་གདོན་གྱི་བར་ཆད་བྱུང་ན།། གཉན་པོ་དམ་ཅན་ཚོགས་ཀྱིས་སྒྲོལ་ཞིག།
ཅེས་པ་འདི་ནི་འདི་གར་སློབ་གྲྭ་ནས་སློབ་མ་སོ་སོས་ཐུགས་གསོའི་མཚམས་འཕྲིན་གཏོང་བའི་སྐུལ་མ་གནང་བ་དང་རང་ཡང་འཚམས་འཕྲིན་ཞིག་སྐུར་སྙིང་འདོད་པས་གླིང་ཚ་ཚེ་བརྟན་རྗོ་རྗེ་ལགས་ཀྱི་མཚན་མ་འདྲ་བ་བཞི་ཙམ་ལ་སྦྱར་ཏེ་བྲིས་ཏེ་བསྐུར་བ་ལགས།།
ཚེ་རབས་དུ་མར་གཏན་བདེ་འདོད་ནས།།
བརྟན་སྡོམས་བླངས་ནས་རབ་ཏུ་བྱུང་སོང་།།
རྡོ་རྗེ་འཆང་གི་ཉམས་ལེན་གཅིག་གིས།།
རྗེ་པའི་བསླབ་སྡོམས་ཐང་ལ་དྲུལ་སོང་།།