ས་དཀྱིལ་ཚེ་བཀྲ།
གངས་རིའི་སྙིང་ནས་འཕོས་པའི་འོད་ཀྱི་ཕུང་བོ་དག
སྐར་མདའ་བཞིན་སུ་ཡི་སྙིང་ཀ་བཤེགས་པའི་དབྱིངས་རིམ་ནས།
རེ་རེ། རེ་རེ་བཞིན་ཡལ་རྗེས།
མུན་པའི་སྒྲོག་རུ་ཚུད་པའི་སྐྱེས་ཆེན་དག་གི་མནར་གཅོད་ལས།
ཅི་ཡང་དྲན་གྱིན་མི་འདུག
སྐྱེས་ཆེན་དང་སྐྱེས་ཆེན་དེ་དག་གིས
ནམ་ཞིག་གཟེབ་ལས་ཤོར་བའི་བྱེའུ་ཆུང་བཞིན
རང་དབང་གི་ལྗོན་པ་དང་ལྗོན་པ་ཡི་ནམ་མཁའ་ཞིག་རྙེད་སྲིད་ཨང་།
གྲོགས་ས་དཀྱིལ་ཚེ་བཀྲའི་རྩོམ་ཡིག་ལ་མཇལ་རྒྱུ་བྱུང་བས་སྤྲོ། ཁོང་ནི་ལྷུག་རྩོམ་འབྲི་མཁན་གྱི་ན་གཞོན་རྩོམ་པ་པོ་ལེགས་ཤོས་ཤིག་རེད། ལྷུག་རྩོམ་ཕྱོགས་ནས་བོད་ནང་དུ་ཁོང་ལ་སྙན་གྲགས་ཆེ།
གསལ་བོ་ཞིག་སུ་ལའང་བཤད་རྒྱུ་མེད་པ་འདྲ། བཤད་ཆོག་པའི་སྔ་ལྟོས་ཤིག་ཀྱང་ད་བར་མ་བྱུང་ཐལ། གང་ལྟར་ངས་མ་མཐོང་ཐལ། གྲོགས་པོའི་སྙན་ངག་འདི་ལ་ཁེར་ལབ་འདི་འདྲ་ཞིག་ཤོར་སོང་།