ཚེ་རིང་སྐྱིད།
རྡ་སའི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་རྒོད་པའི་དུས་དེར་སླེབས་འདུག་ལ། བསྟུད་མར་ཟླ་གསུམ་ལ་ཆར་བ་ཉིན་རྒྱུན་བཞིན་འབབ་སྲོལ་ཡོད་པ་མ་ཟད། སྔ་དགུང་གཉིས་ལ་རི་ལུང་གང་སར་སྨུག་པ་ལང་ལོང་དུ་འཕྱུར་སྲོལ་ཡང་འདུག་པས། རྣམ་པ་འདི་དག་གིས་ངས་ཡུལ་ལྗོངས་འདི་ནི་མཛེས་པ་ཁྲི་སྟོང་གིས་ཕྱུག་པའི་ཆུ་མཚོན་རི་མོ་ཞིག་དང་འདྲ་བར་རློམ་གྱིན་ཡོད། ཡིན་ཡང་དུས་ཚིགས་འདིའི་ཁྲོད་ཀྱི་བུ་མོ་གཞོན་ནུ་མ་འདིའི་གནས་ཚུལ་གོ་བ་དང་བདག་གི་མིག་ཆུ་ཡང་ཆར་ཆུ་བཞིན་བབ་བྱུང་།
ཞོགས་པ་དེར་ང་དྭངས་ཤིང་གཙང་བའི་རི་ལུང་འདིའི་མཁའ་དབུགས་དང་མཉམ་དུ་ལས་ཁུངས་སུ་བསྐྱོད། ཆུ་ཚོད་བཅུ་གཅིག་ཟིན་ལ་ཉེ་བའི་སྐབས་དེར་བུད་མེད་གསུམ་ལས་ཁུངས་སུ་སླེབས་ཤིང་། བུད་མེད་རྒན་པ་དེའི་པང་དུ་བྱིས་པ་དམར་རྗེས་ཞིག་བཟུང་འདུག ནམ་རྒྱུན་ལས་ཁུངས་སུ་བུད་མེད་ལས་ཤོར་བ་དང་ཡང་ན་ལས་མེད། ཁེར་རྐྱང་གི་ཨ་མ་རསོགས་ལ་རོགས་དངུལ་ཞུ་རུ་ཡོང་བ་དང་། རོགས་དངུལ་ཞུས་ཚར་བ་ཚོ་ཟླ་རེ་རེར་རང་རང་གི་རོགས་དངུལ་ལེན་དུ་ཡོང་གི་ཡོད་པས། ཚོད་ཚོད་ལ་བུད་མེད་མང་པོ་ཞིག་ལས་ཁུངས་སུ་ཡོང་བར་ཧ་ལས་ལས་གང་ཡང་བྱས་མེད། ལས་རོགས་ཤིག་གིས་ང་རང་སྐད་བཏང་བ་དང་མཉམ་དུ་དེར་སོང་བ་ཡིན་ལ། དེ་ཡང་བོད་ནས་གསར་དུ་འབྱོར་བའི་བུད་མེད་ཚོ་དང་འདི་གའི་ལས་བྱེད་བར་གོ་བརྡ་འཕྲོད་མིན་གྱི་གོ་ལོག་ཐེབས་པ་དང་ཡང་ན་འགལ་བ་འབྱུང་བའི་གནས་ཚུལ་འཕྲད་ཀྱིན་ཡོད་པས། ལས་རོགས་དེ་ཡིས་སྐད་བཏང་མ་ཐག་སྐད་བསྒྱུར་རམ་ཡང་ན་རོགས་རམ་བྱ་དགོས་པ་ཡིན་པར་སྙམ་ཏེ་བུད་མེད་དེ་གསུམ་གྱི་མདུན་དུ་བཅར་བ་ཡིན། བུད་མེད་ཅུང་རྒན་པ་དེ་ཡིས། ངའི་པང་དུ་ཡོད་པའི་བྱིས་པ་འདི་བུ་མོ་འདིའི་བྱིས་པ་རེད་ལ། ཟླ་བ་སྔོན་མའི་ནང་སྐྱེས་འདུག ང་ཁོ་མོ་ལ་སྙིང་རྗེ་ནས་བྱིས་པ་སྐྱེས་དུས་རོགས་པ་བྱས་པ་ཡིན་ཡང། ད་ནི་ང་ཡང་ལས་ཀར་འགྲོ་དགོས་པ་དང་ནང་གི་འཚོ་རྟེན་ཡང་དེ་ཙམ་བཟང་རྒྱུ་མེད་པས་ཁྱེད་ཚོར་རོགས་རམ་ཞུ་རུ་ཡོང་བ་ཡིན་ཞེས་བརྗོད་ཞོར་འཁྲིས་སུ་ཡོད་པའི་བུ་མོ་ཆུང་ཆུང་དེ་བསྟན་བྱུང་། སྐབས་དེར་གཞི་ནས་ངས་བུ་མོ་འདིའི་གནས་སྟངས་ཅུང་ཙམ་མ་འདྲ་བ་ཞིག་ཡིན་པར་ཚོར་ཞིང་། དེ་མ་ཐག་བུ་མོ་ཆུང་ཆུང་དེར་བྱིས་པའི་ཨ་ཕ་གང་དུ་ཡོད་མེད་དྲིས་པ་ཡིན། ཁོ་མོས་ལན་གང་ཡང་བཏབ་མ་བྱུང་། ཨ་ཅག་རྒན་པ་དེ་ཡིས། བྱིས་པའི་ཨ་ཕ་མཐོང་སར་མི་འདུག་ལ། བུ་མོ་འདི་འགྲོ་ས་འདུག་ས་གང་ཡང་མེད་པ་མ་ཟད། ལས་ཀ་དང་དངུལ་གང་ཡང་མི་འདུག་པས་ངས་ཉིན་ཤས་ལ་ཉར་བ་ཡིན། ཁྱེད་ཚོས་བུད་མེད་ལས་མེད་དང་སློབ་སྦྱོང་མེད་མཁན་ཚོར་ཚེམས་བཟོའི་ལག་ཤེས་བསླབས་ཀྱིན་ཡོད་པ་དང་། དེ་ཚོར་ཚོང་རྟེན་སྤྲོད་ཀྱིན་ཡོད་པའི་གནས་ཚུལ་གོ་བྱུང་། དེ་བས་བུ་མོ་འདི་ཡང་ཚེམས་བཟོ་ཁང་དེར་ལེན་རོགས། ཞེས་བརྗོད་བྱུང་། ངས། བྱིས་པར་ལོ་གསུམ་གྱི་རོགས་དངུལ་རག་གི་རེད་དེ་དེའི་ཆ་རྐྱེན་ནི་ལོ་གསུམ་ལ་ཨ་མས་བྱིས་པ་དངོས་སུ་གཉོར་སྐྱོང་བྱ་དགོས་པ་རེད་ལ། བྱིས་པ་དེ་ལ་ཡང་ཨ་ཕ་མེད་པ་དང་མའི་འཚོ་བར་དཀའ་ངལ་ཡོད་པ་ཡང་དངོས་དོན་ཡིན་དགོས། དེ་བཞིན་ཚེམས་བཟོ་ཁང་དེར་བོད་ནས་སློབ་སྦྱོང་བྱས་མ་མྱོང་བ་དང་། ལག་ཤེས་སྦྱོང་འདོད་ཡོད་པ། འཚོ་བར་དཀའ་ངལ་ཡོད་པ་ཚོར་ཟླ་ངོ་བཅོ་བརྒྱད་རིང་ལ་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་དང་། ཐེངས་འདིའི་བུད་མེད་རྣམས་ཀྱིས་ལས་གཞི་མགོ་བཙུགས་ཏེ་ཟླ་ཤས་འགོར་གྱིན་ཡོད་པ་དང་། བར་རོལ་དུ་འཛུལ་རྒྱུའི་སྒྲིག་སྲོལ་ཡོད་པ་མ་རེད། དེ་བས་གལ་ཏེ་དེའི་ཁོངས་སུ་འཛུལ་འདོད་ཡོད་ཀྱང་ཐེངས་རྗེས་མ་བར་སྒུག་དགོས་ཀྱིན་ཡོད་པ་རེད། ཅེས་བརྗོད་པ་ཡིན། དེ་ལྟར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུ་མོ་ཆུང་ཆུང་དེའི་བྱིས་པ་དམར་རྗེན་ལ་རོགས་དངུལ་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན། ཡིན་ཡང་ཨ་མ་ཆུང་ཆུང་དེ་ཚེམས་ཁང་ལ་ལེན་ཐབས་མ་བྱུང་།
དེའི་རྗེས་ངས་ཨ་མ་ཆུང་ཆུང་དེ་ངའི་བྱ་བ་སྒྲུབ་སར་བོས་ཏེ། སེམས་ཐག་ཉེ་བོའི་ཐོག་ནས་གླེང་མོལ་བྱས་པ་ཡིན། ཁོ་མོས་ཡུན་རིང་ལ་ཁ་མི་གྲགས་པ་མ་ཟད། མིག་ཟུང་གིས་ཀྱང་ཐད་ཀར་ང་ལ་ལྟ་ཐུབ་ཀྱིན་མི་འདུག དེར་ངས་བསམ་ཤེས་བྱ་ཐུབ་ཀྱིན་འདུག་ལ་འདི་ལྟ་བུའི་ལོ་ཆུང་བུ་མོ་ཞིག་གིས་ཕ་མེད་པའི་ཕྲུག་གུ་ཞིག་སྐྱེས་ཤིང་། འཚོ་རྟེན་དང་སྡོད་གནས་གང་ཡང་མེད་པ། མི་ཚོགས་ཀྱི་ཟུར་མིག་དང་ན་ཟླའི་འཕྱ་སྨོད་སོགས་སེམས་ཀྱི་རྨ་ཁ་ཇི་འདྲ་ཆེ་བ་ཚོད་འགམ་དང་བསམ་ཤེས་བྱ་ཤེས་ཀྱིན་འདུག ངས་ཁོ་མོའི་ལག་ཟུང་ལ་འཇུས་ནས། ནང་མི་གང་ཡང་མེད་སར་བྱིས་པ་སྐྱེས་བས་བྱིས་པ་མངལ་དུ་ཁུར་སྐབས་དཀའ་ངལ་འཕྲད་ཡོད་རྒྱུ་རེད། ཅེས་བརྗོད་པ་ན་ཁོ་མོ་གློ་བུར་དུ་ངུས་བྱུང་། ངུ་ངག་དེ་ཡིས་ངའི་བློ་སྙིང་བྲང་གསུམ་ཡང་འཁྱགས་སོབ་སོབ་ཏུ་གྱུར་སོང་བས། སེམས་པ་ཤིན་ཏུ་སྐྱོ་བྱུང་། དེའི་རྗེས་ཁོ་མོས་ངུ་ངག་དང་བཅས། ངའི་མིང་ལ་ག་གེ་མོ་ཟེར་ཞིང་རང་ལོ་༡༨ཡིན། ཕ་ཡུལ་ལྷ་ས་ནས་ཡིན། སྤྱི་ལོ་ ༢༠༠༥ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་དམའ་འབྲིང་དང་པོའི་སློབ་མ་ཡིན་སྐབས་དབྱར་གནང་དང་སྟབས་བསྟུན་རྒྱ་གར་ལ་ཡོང་ནས་སློབ་གྲྭར་ཞུགས་པ་ཡིན། ལོ་གཉིས་ཀྱི་རྗེས་སུ་སློབ་སྦྱོང་བྱ་འདོད་མ་བྱུང་བས་སློབ་གྲྭ་ནས་བུད་དེ་ཕྱིར་ཕ་ཡུལ་དུ་ལོག་འདོད་བྱུང་། ང་དང་འདྲ་བའི་བུ་མོ་གཉིས་བཅས་སློབ་གྲྭ་ནས་ཐོན་ཡང་ཕ་ཡུལ་དུ་མ་ལོག་པར་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ནས་བསྡད་པ་ཡིན། རྗེས་སུ་ཧའེ་ཧྥའེ་ཧྥོའུ་hi5 དྲ་རྒྱའི་ནང་ནས་ཁམས་པའི་ཕོ་གསར་ཞིག་དང་འཕྲད་ཅིང་། ཟླ་གཅིག་ཙམ་ལ་ཁོང་དང་ལྷན་དུ་དྲ་ཐོག་ནས་སྐད་ཆ་བཤད་རྗེས་ངོ་ཐུག་པ་ཡིན། ཡིན་ཡང་ཕྲུག་གུ་མངལ་དུ་འཁོར་ཏེ་ཟླ་གསུམ་ཙམ་ལ་དོ་སྣང་མ་བྱུང་ལ། དོ་སྣང་བྱུང་བ་དང་ཕྲུག་གུ་མེད་པར་བཟོ་དགོས་པའི་མདུན་པ་སྐྱེས་སོང་། ལྷ་སར་ཡོད་པའི་ཨ་མར་ཁ་པར་ནས་གནས་ཚུལ་ཞུས་སྐབས། གནས་ཚུལ་གང་ལ་ཐུག་ཀྱང་ཕྲུག་གུ་དོར་ན་མི་རུང་ལ། བྱིས་པ་མངལ་དུ་འཁོར་རྗེས་དོར་ཚེ་རང་གི་ཕྲུག་གུ་བསད་པའི་སྡུག་ཉེས་ཡོད་པ་རེད་ཅེས་གསུངས་བྱུང་བས་དེ་ནས་བཟུང་སེམས་ཐག་གཙང་བཅད་ཀྱིས་བྱིས་པ་སྐྱེས་རྒྱུར་ཐག་གིས་བཅད། སྐབས་དེ་དག་ལ་ང་རང་གྲོགས་མོ་དེ་གཉིས་དང་མཉམ་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་ལ། གྲོགས་མོ་དེ་གཉིས་དང་དེ་གཉིས་ཀྱིད་གའ་རོགས་ལ་སོགས་པས་རོགས་རམ་བྱས་བྱུང་། ངས་རང་ཉིད་ཀྱི་དགའ་རོགས་དེར་ཁ་པར་བརྒྱུད་བྱིས་པ་འཁོར་ཡོད་རབས་ཟེར་ནས་བཤད་པ་དང་། དེ་ནས་བཟུང་ཁོང་གིས་འབྲེལ་བ་གནང་སའི་ཁ་པར་ཨང་གྲངས་དང་ཀློག་ཀླད་ཞལ་བྱང་སོགས་ཡོད་ཚད་མེད་པར་བཏང་འདུག་པས་ད་ལྟ་བར་འབྲེལ་བ་གང་ཡང་བྱུང་མེད། རྗེས་སུ་ལྡི་ལིར་འཚོ་བའི་རྟེན་ས་སོགས་གང་ཡང་མེད་པས་རྡ་སར་ཡོང་བ་ཡིན་ལ། རྡ་ས་ནས་ང་དང་མཉམ་དུ་ཡོད་པའི་རྒྱུས་མེད་ཨ་ཅག་དེ་ཡིས་བྱིས་པ་སྐྱེས་རག་བར་གནས་ཚང་གཡར་བྱུང་། ད་ལྟ་འགྲོ་ས་འདུག་ས་གང་ཡང་མེད་པས་སྔར་བཞིན་ཨ་ཅག་དེའི་ཁྱིམ་དུ་ཡོད་ཀྱང་། བྱིས་པ་གཉོར་དགོས་པ་དང་འཚོ་རྟེན་གང་ཡང་མེད་པས་ཨ་ཅག་ལགས་ཀྱིས་ཁྱེད་ཚོས་རོགས་རམ་བྱ་སྲིད་ཟེར་ནས་འདིར་ཁྲིད་བྱུང་། ཞེས་བརྗོད་བྱུང་། མདུན་དུ་ཡོད་པའི་བུ་མོ་འདི་ཡིས་རང་གི་འདས་ཟིན་པའི་འཚོ་བ་དྲང་པོར་བརྗོད་སྐབས། ང་ཁོ་མོར་སྙིང་རྗེ་ཚད་མེད་སྐྱེས་བྱུང་ལ། འཇིག་རྟེན་གྱི་མ་ཡུམ་ཚོས་བྱིས་པ་མངལ་དུ་སྦྲུམ་པ་ནས་ཇི་འདྲའི་བློས་གཏོང་ཆེན་པོ་ཞིག་བྱེད་ཡོད་ཨང་། རང་ཉིད་ཀྱི་ལང་ཚོ་དང་མདུན་ལམ། མི་ཁ་དང་འཕྱ་སྨོད་སོགས་མདོར་ན་རང་ཉིད་ཡོངས་སུ་བློས་གཏོང་བྱ་འདུག་པའི་ཚོར་བ་ཤུགས་ཆེན་སླེབས་སོང་། དེ་བཞིན་ང་རང་གིས་སེམས་གསོའི་སྐད་ཆ་དང་རོགས་པ་ག་རེ་བྱ་དགོས་པ་ཡང་ཤེས་མ་སོང་། ཁྱེད་ཀྱིས་དཀའ་ལས་མང་པོ་མྱངས་འདུག་ལ། ཁྱེད་རང་གིས་ཕྲུག་གུ་མ་དོར་བ་ནི་ཁྱེད་རང་ལས་རྒྱུ་འབྲས་བརྩི་བའི་བུ་མོ་ཞིག་ཡིན་པའི་མཚོན་རྟགས་རེད། ཁྱེད་རང་ཨ་མ་བྱམས་བརྩེ་ཅན་ཞིག་དང་ཨ་མ་བཟང་པོ་ཞིག་ཆགས་ཡིན་ངེས་རེད། གལ་ཏེ་ཁྱེད་ལ་འཚོ་བའི་འགྲོ་གྲོན་སོགས་ཀྱི་རྒྱབ་སྐྱོར་དང་སློབ་སྦྱོང་གི་མཐུན་རྐྱེན་སྒྲུབ་མཁན་ཡོད་ཚེ་སློབ་སྦྱོང་བྱ་རྒྱུའི་མདུན་པ་ཡོད་དམ། ཚོང་རྒྱག་རྒྱུའི་མདུན་པ་ཡོད། ཡང་ན་ག་རེ་བྱ་འདོད་དམ་ཞེས་དྲིས་པ་ན། ང་ནི་སློབ་སྦྱོང་གིས་ཁ་ལག་ཟ་ཐུབ་མཁན་དེའི་རིགས་མ་རེད་ལ། ཚོང་རྒྱག་ཤེས་པའི་སྤྱང་པོ་དེའི་རིགས་ཀྱང་མ་རེད། ང་ལ་འཚོ་ཐབས་ལས་ཀ་ཞིག་ཡོད་ན་འགྲིག་གི་འདུག ཟེར་ཞོར་འཛུམ་ཙམ་བྱས་བྱུང་། བུ་མོ་ཆུང་ཆུང་འདིའི་ཁ་ལྕེ་བདེ་བོ་འདུག་ལ་སྐད་ཆའི་ཚིག་འབྲུ་ཧ་ཅང་གསལ་བ་མ་ཟད། ཤ་རྩ་དཀར་ལ་གཟུགས་པོ་བདེ་ཐང་གི་རྣམ་པ་འདི་ཡིས་ཟླ་གཅིག་གི་ཡར་སྔོན་ལ་ཕྲུག་གུ་སྐྱེས་མཁན་ཞིག་ཡིན་པའི་སྣང་བ་མི་འཆར་ལ། ད་དུང་འཚོ་རྟེན་ལ་དཀའ་ངལ་འཕྲད་མྱོང་བ་སོགས་ཀྱི་རྟགས་གང་ཡང་མི་འདུག དེ་རྗེས་ངས་ཁོ་མོར་གལ་ཏེ་ཁྱེད་རང་སློབ་སྦྱོང་བྱ་འདོད་མེད་ཚེ་འཚོ་རྟེན་ལ་བྱིས་པར་རོགས་དངུལ་རག་གི་རེད་ལ། ཐེངས་རྗེས་མའི་ཚེམས་བཟོ་སློབ་སྦྱོང་ལ་ཡང་ཞུགས་ཆོག ད་དུང་ཚེམས་བཟོ་སྦྱོང་སྐབས་གླ་ཆ་ཡོད་པ་དང་། སློབ་སྦྱོང་གྲུབ་རྗེས་ཚེམས་བཟོ་ལས་རིགས་ལ་མཁོ་བའི་ཅ་ལག་སོགས་ཆ་ཚང་རག་གི་རེད། ཅེས་བརྗོད་པ་ན་ལགས་སོ་ལགས་སོ་ཟེར་ནས་ལན་བཏབ་བྱུང་།
འདི་ནི་མེ་ཏོག་དང་འདྲ་བའི་བོད་ཀྱི་ན་གཞོན་བུ་མོ་ཞིག་རེད། ཞིང་འབྲོག་ཁུལ་ལ་མཚོན་ན་ལོ་ ༡༨ ལ་བྱིས་པ་བཙས་ཚེ་དེ་ནི་ཧ་སངས་དགོས་པ་དང་ཡང་ན་སྔ་ཡོད་པ་ལྟ་བུའི་མིག་ཟུང་གིས་ལྟ་མི་སྲིད་ཀྱང་། ཕྱི་གླིང་གི་རིག་གནས་དར་སྲོལ་ཆེ་བའི་སྤྱི་ཚོགས་འདིར་མཚོན་ན་ལོ་ ༡༨ ནི་ད་དུང་སློབ་སྦྱོང་གི་དུས་ཚོད་དང་ཡང་ན་མི་ཚེ་ནང་གི་དུས་ཚོད་རྩ་ཆེན་པོ་དེར་ངོས་འཛིན་གྱིན་ཡོད་པས་འཚོ་རྟེན་གང་ཡང་མེད་པར་བྱིས་པ་སྐྱེས་པའི་ལུགས་སྲོལ་ཤིན་ཏུ་ནས་ཉུང་། གང་ལྟར་མེ་ཏོག་ལྟ་བུའི་ན་གཞོན་བུ་མོ་འདི་ལྟ་བུ་མང་པོ་ཞིག་གི་མདུན་ལམ་དང་བརྩེ་དུང་སོགས་སྤྱི་ཚོགས་ཀྱི་ཟུར་དང་ངོས་མང་པོར་རུལ་བཞིན་པ་མཐོང་སྐབས་རང་གི་སྙིང་ཁར་གྲི་གཙུགས་པ་ལྟ་བུའི་ན་ཟུག་དང་སྡུག་བསྔལ་གྱིས་ཁེངས་འགྲོ
སྐྱེས་པ་ཚོ། སྙིང་རྗེ་ཡོད་པར་བྱ་རོགས།
ཁྱོ་ཀ་ལྟས་ངན་དེའི་འོག་གི་བོང་མཇེ་དེ་བྲེགས་རྗེས་དམར་ཧྲེང་མར་ཁྲོམ་སྐོར་དུ་འཁྲིད་དགོས་པ་རེད། རྒྱུ་འབྲས་མེད་པའི་མི་ངན་དེ། Hi5ནང་ནས་ཐུག་པ་ཡིན་ན་ལྟས་ངན་དེའི་འདྲ་པར་ཁྱབ་བསྒྲགས་རེ་བྱེད་མི་ཐུབ་བམ།
ཕྱེད་ཀ་ལན་པ་རོགས་རེད། ཕྱེད་ཀ་ལན་པ་རང་རེད། སྐྱེས་པ་ཁ་ཤས་ལ་སྙིང་རྗེ་མེད་པ་དངོས་བདེན་རེད། འོན་ཀྱང་སྐྱེས་དམན་ཁ་ཤས་དེ་ལས་སྡུག མགོ་དམར་ཡར་ལ་འགྲོ་དུས་སྐྱིད་ཞིག མགོ་ནག་མར་ལ་ཡོང་དུས་སྡུག་ཞིག་ཟེར་བ་དེ་རེད། གང་ལྟར་རང་གིས་བཟོས་བའི་ཆང་དེ་ཞིབ་པོ་མེད་ན་བཏུང་དགོ་རེད། སྐྱེས་དམན་ཚོ། རང་ཚོད་ཐུག་པ་གནང་རོགས།
དངོས་གནས་འཆལ་པོ་འདིའི་མིང་དང་དཔར་ཁྱབ་བསྒྲགས་བྱས་ནས་ཉུང་མཐར་ཡང་ངོ་ཚ་བཟོ་ཐུབ་ན་ཡག་པོ་འདུག རྒྱོ་རྒྱག་དགོས་མཁན་དང་ཕྲུ་གུ་བདག་པོ་རྒྱག་མ་ཐུབ་མཁན་གྱི་སྐྱེས་ཕོ་མོ་འདི་ཚོ་ལ་མ་འོངས་སྔོན་འགོག་གི་སློབ་སྦྱོང་སྤྲོད་ཐུབ་ན་ཡག་པོ་འདུག
བསམ་ཚུལ་ཁ་ཤས་ཤིག་ཤོད་རྒྱུ་ཡིན།
སྤྱིར་གསར་འགྱུར་འབྲི་འི་ཡོད་ན་འདྲ། སྙན་ཐོ་འབྲི་འི་ཡོད་ནའང་འདྲ་། ནག་ཅན་གྱི་མིའི་མིང་དང་འདྲ་དཔར་འགྲེམ་སྤེལ་བྱ་རྒྱུ་ནི་གང་འབྲི་བའི་དམིགས་ཡུལ་གཙོ་བོ་ཞིག་འགྲུབ་ཀྱི་ཡོད། གང་ཡིན་ཟེར་ན། ནག་ཅན་ཐེར་འདོན་བྱས་ནས་མི་ནག་ལ་མི་ནག་ཏུ་བཟོ་བ་ནི་དགོས་པ་གཙོ་བོ་ཞིག་རེད་ལ། ཕྱི་འབྱུང་འདི་འདྲ་མི་འོང་པའི་འཇིགས་བསྐུལ་ཡང་ཐེབས་ངེས་རེད། དེ་མིན་ཁམས་པའི་ཕོ་གསར་ཟེར་བ་ལ་དགོས་དམིགས་གང་འདུག
འདིར་ཁམས་པ་ཟེར་བའི་ཐད་དུ་གཅིག་པོ་མིན་པ་ངས་མཆན་མང་པོ་ནང་དུ་སྤྱི་བཤད་མ་བྱས་པར་གང་ཟག་སྒེར་བ་ཐེར་འདོན་བྱས་ན་ཕན་ནུས་ཆེ་ཚུལ་དང་བཅས་འགྲེལ་བཤད་ལན་མང་བྱས་ཟིན།
མ་གཞི་ནས་མཚམས་རེར་ཁམས་པ་རོ་སྐྱོར་དེ་ཚོ་བོད་པ་མིན་པ་འདྲ་འདུག
འདིའི་ཐད་ངས་བོད་ཡིག་གི་ “རྩོམ་པ་པོ་”རྣམས་ལ་སུམ་རྟགས་ཀྱི་དཀའ་གནད་ཅིག་བཀྲོལ་འདོད་བྱུང་།
དཀའ་གནད་དང་པོ།
གལ་སྲིད་ཁམས་པས་བྱས་ཉེས་ཤིག་བསགས་ཡོད་ན་དེ་ལ་ཁྱད་ཚིག་ཁམས་པ་ཞེས་པ་འདི་ཡིན་གཅིག་མིན་གཉིས་སྦྱར་དགོས།
དཀའ་གནད་གཉིས་པ།
གལ་སྲིད་ཁམས་པས་བྱས་རྗེས་ཤིག་བཞག་ཡོད་ན་དེ་ལ་ཁྱད་ཚིག་ཁམས་པ་ཞེས་སྦྱར་མི་དགོས་པ་བོད་པ་ཟེར་ན་འགྲིགས་ཀྱི་ཡོད།
འདི་ནི་ཐུ་མི་སམབྷོ་ཊས་བརླགས་པའི་བསྟན་བཅོས་ཤིག་རེད། དེང་སང་དུས་ལྔ་སྙིགས་མའི་སྐབས་འདི་ལ་སུམ་རྟགས་ཀྱི་འགྲོས་འདི་གསལ་ཁ་བཏོན་རྒྱུ་གལ་ཆེ་བར་མཐོང་ནས་ལོ་མང་རིང་དུ་བོད་ཀྱི་ཡིག་ཆ་ནང་དུ་སྦས་བཞག་ཡོད་པའི་གཏེར་ནས་བཏོན་པའོ།
ངེད་ལ་སྐད་ཆ་ཚིག་གསུམ་ཤོད་རྒྱུ་ཡོད། ༡༽
དང་ཐོག་བུ་མོ་གླེན་མ་དེས་ཕྲུག་གུའི་ཕ་དེ་ཡུལ་ལུང་གར་ཡོད་རྩད་གཅོད་ཐུབ་པ་བྱ་དགོས། ཁོ་པར་ཁྲིམས་ཐོག་ནས་ཕྲུག་གུ་དེར་འཚོ་རྟེན་བསྒྲུབ་པའི་ལས་འགན་ཡོད་རེད། ནུབ་ཕྱོགས་ལ་ཡིན་ན་ཁོ་མཐར་ས་ཡོད་མ་རེད། ཁོས་ཕྲུག་གུ་བཟོས་ནས་ལས་འགན་མི་འཁུར་བར་འབྲོས་ས་ཡོད་མ་རེད། སྐྱིད་པོ་མཉམ་དུ་བཏང་ན། སྡུག་པོ་ཡང་མཉམ་དུ་མྱོང་དགོས།
༢༽
བཙན་གཡེམ་བྱས་ན་ནི་དེར་ཟད། དེ་མིན་ཉེས་འབྲས་དེ་མཐའ་གཅིག་ཏུ་ཕོ་གསར་དེའི་སྐྱོན་མ་རེད། སྐྱོན་ཕྱེད་བུ་མོ་མོ་རང་གི་རེད། ཆོས་ཕྱོགས་ནས་བཤད་ན། འཆལ་སྤྱོད་བྱས་པའི་ཉེར་འབྲས་དང་། སྲིད་ཕྱོགས་ནས་བཤད་ན་ཤེས་ཡོན་མེད་པའམ་མགོ་སླ་པོ་བྱས་པའི་སྐྱོན་རེད། བུ་མོ་དེ་དང་ཕྲུག་གུ་གཉིས་ཀར་Aid/HIVལྷན་སྐྱེས་སྲིན་བུ་འཁྲུགས་པའི་ནད་གཞི་ཕལ་ཆེར་འགོས་ཡོད་རེད།
༼དམར་རྗེན་དུ་བཤད་ན༽
མཇེ་ཤུབས་དང་སྟུ་ཤུབས་བེད་སྤྱོད་གཏོང་དགོས་རེད།
ངེད་ལ་ཚ་མོ་མཛེས་ལ་རྣམ་རིག་བཀྲ་བ་འགའ་ཤས་ཡོད། ཁོང་ཅག་ལ་དམར་རྗེན་དུ་བཤད་ཀྱི་ཡོད། འཆད་རྒྱུ་དེ་ང་ཚོའི་ལས་འགན་རེད། མ་མཉན་ན་རྗེས་མ་ང་ཚོས་ཁག་འཁུར་མི་ཐུབ། ཁྱེད་ཚོས་རང་མགོ་ཐོན་པ་བྱ་དགོས་ཞེས་ལབ་ཀྱི་ཡོད།
༣༽
སྤྱིར་བཏང་ཚུལ་མཐུན་གྱིས་གཉེན་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་ནའང་། གཉེན་སྒྲིག་མ་བྱས་གོང་སྨན་ཁང་དུ་སོང་ནས་ཨཱེཛ་སོགས་ཀྱི་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་ནས། གྲུབ་འབྲས་གསལ་པོ་ཤེས་རྟོགས་བྱུང་ཚེ་གཞི་ནས་ཆང་ས་རྒྱག་དགོས་རེད། དེ་མིན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་རེད།
དེ་ཙམ་ཡིན།
aids/hiv ནོར་བཅོས།
དགེ་བཤེས་ལྷ་རམས་པ་སང་ལ་འདྲི་རྒྱུར། ཁྱེད་ཀྱིས་རང་གི་ཚ་མོ་ཚོ་ལ་སློབ་གསོ་གནང་བཞིན་པའི་སྟུ་ཤུབས་ཟེར་བ་དེ་ཅི་ཞིག་རེད། ཅི་འདྲ་ཞིག་ཡོད་རེད།
འདོད་ལྷ་ལགས། ཁྱེད་ཀྱི་དྲི་བ་དེ་ཚིག་ལ་དོགས་གཅོད་གནང་བ་ཡིན་ན་ནི་དེར་ཟད། དོན་ལ་ཡིན་ན་ནི། སྟུའི་ནང་ལ་གྱོན་རྒྱུའི་ཤུབས་ཡོད་རེད། རྗེས་མ་གཞན་ལ་བཀའ་འདྲི་གནང་དང་ཤེས་ཀྱི་རེད།
བུད་མེད་ཡིན་ན། སྐྱེས་པ་གཅིག་པུར་སྐྱབས་བཅོལ་དགོས་མ་རེད། རང་གི་ངོས་ནས་ཀྱང་སྲུང་སྐྱོབ་བྱ་རྒྱུ་ཡོད་རེད།
སྐུ་ཚེ་རིང་། དགེ་བཤེས་སང་། ངས་ཀྱང་དེ་ཟེར་གྱི་ཡོད། གལ་ཏེ་སྟུའི་ནང་ལ་བཅུག་རྒྱུ་ཞིག་ཡིན་ན་དེ་སྟུ་ཤུབ་མ་རེད། མ་མཐའ་ཡང་ཤུབ་ཟེར་བ་ཕྱི་ནས་གཡོག་རྒྱུ་དང་ནང་ལ་བཅུག་རྒྱུ་གཉིས་གང་ཡིན་གླང་རྫི་རྒན་མོ་ཞིག་ལ་དྲིས་རུང་གསལ་བོར་ལོས་ཤེས། དེས་ན་ཁྱེད་ཀྱིས་རང་གི་རྣམ་རིག་བཀྲ་བའི་ཚ་མོ་ཚོར་སྟུའི་ནང་ནས་ཡར་བཅུག་རྒྱུ་ཞིག་ཡོད་ཚུལ་གསུངས་ན་མ་གཏོགས། སྟུ་ཤུབ་ཟེར་དུས་ཁོང་ཚོས་གསང་དོར་འདྲ་བོ་ཞིག་ལ་གོ་ནས་གསང་དོར་གྱོན་བཞིན། གསང་དོར་གྱི་ཕྱི་ནས་ཡར་མི་ཚངས་པ་སྤྱོད་ཁ་ཨེ་ཉན་བལྟས་ཏེ་གླེན་རྟགས་སྟོན་རྒྱུ་རེད་ཡ། ད་དུང་དགའ་རོགས་ཀྱིས་འདི་ཅི་རེད་ཅེས་དྲིས་དུས་ཨ་ཁུ་དགེ་བཤེས་ཚང་གིས་བསླབ་བྱ་རེད་ཅེས་ལན་བརྒྱབ་ན་ཁྱེད་ཞལ་སྐྱེངས་པོ་ཡོང་སྲིད།
དགེ་བཤེས་ལྷ་རམས་ཚང་གི་ཚ་མོས་ལྟུ་ཤུབ་ལས་སླ་བོ་བྱས་མགོ་འཚེ་ས་མ་རེད། དགེ་བཤེས་ཚང་གིས་ཚ་མོའི་དོར་མ་མར་ཕྱིས་ནས་ལྟུ་ཤུབ་གོན་ལྟངས་དམར་ཁྱིད་ཡག་པོ་ཞིག་བསླབས་ཐུབ་ན་ཡག་པོ་འདུག ངོ་མ་་དགེ་བཤེས་ཚང་གིས་བདག་མེད་རྟོགས་ཡོད་པ་འདྲ།
ལགས་སོ། །
འདོད་ལྷའི་བུ་ལགས།
བྱས་ན་ཁྱེད་ཀྱིས་ཐ་སྙད་གསར་པ་ཞིག་བཟོས་ཡོད་པ་འདྲ། ཅིག་གསུང་དང་། ཚང་མ་ལ་ཕན་གྱི་རེད།
འགོ་ནས་མར་ཚར་གཅིག་བཀླགས་པ་ཡིན་་་་་་་་་་་་་་་་་་ ཕྱོགས་གཅིག་ནས་བལྟས་ན་བུ་མོ་དེ་སྙིང་རྗེ་ཡག་རང་རེད་ཞག་་་་་་་་་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་བུ་མོ་དེ་བློ་རྒྱ་ཆེ་བ་མ་ཟད་་ཆོད་སེམས་ཀྱང་བརྟན་པ་བཅས་ལ་ཧ་ལས་སོང་་་་་་་་་་་་་་ ད་དུང་ཚེ་རིང་སྐྱིད་ཀྱིས་བཤད་པ་ལྟར་ན་བུ་མོ་དེ་སྨྲ་ལྕེ་གསལ་ལ་དག་པ་མ་ཟད་བྱད་གཟུགས་ཀྱང་ལེགས་པོ་ཡོད་བཟོ་འདུག་་་་་་་་་་་་་་་་་་་ ཚེ་རིང་སྐྱིད་ཀྱིས་སྐྱེས་པ་ཚོ་སྙིང་རྗེ་ཡོད་པ་ཞིག་བྱས་རོགས་ཟེར་བ་ཁག་མི་འདུག་་་་་་་་་་་་་་་ ངས་བལྟས་ན་ཁྱོ་ག་དེ་ལ་གནས་ཚུལ་ཡག་པོ་འགྲེལ་བཤད་རྒྱབ་་་་་་་་་་་བྱུང་ན་ཁོ་ཚོ་གཉིས་མཉམ་དུ་མི་ཚེ་ཡོང་ཐབས་བྱས་་་་་་་་་ དེ་འདྲ་ཐམས་པ་མ་བྱུང་ནའང་མི་དེ་ལ་ཕྲུ་གུའི་ཐོག་ཁྲིམས་མཐུན་གྱི་འགན་ཡོད་པ་ཞིག་བཟོ་ཐབས་བྱེད་དགོས་ཟེར་ན་འདྲ་ཆགས་པོ་རེད་་་་་་་་་་་་་་་་་་ དེ་མིན་ཁ་ཤས་ཀྱིས་མི་འཇོན་འཇོན་གི་དྲ་རྒྱའི་ནང་ཁྱོ་ག་དེའི་པར་དང་གནས་ཚུལ་ཚང་མ་བཏང་དགོས་ཞེས་འུར་ཤོབ་ལུང་པ་གང་བཤད་་་་་་་་་་་་་་གལ་ཏེ་དེ་འདྲ་བྱུང་ནའང་བུ་མོ་དེའི་མི་ཚེ་ལ་མི་ཕན་པ་མ་ཟད་རེ་བ་གཏོགས་ཙམ་ཡོད་དེའང་མེད་པ་བཟོ་རྩིས་རང་བྱས་་་་་་་་་་་་་་་་ ད་དུང་དགེ་བཤེས་དེས་རླིག་ཤུབས་དང་སྟུ་ཤུབས་ཟེར་ནས་ཡོངས་གྲགས་གི་སྐད་ཆ་དེ་ཚོ་ཧ་ལས་ལས་བྱས་ནས་བཤད་པ་དེ་ཚོ་ལ་སྙིང་པོ་འདྲ་མཐོང་མ་སོང་་་་་་་་་ ཁྱོད་ཚོ་སྐྱེས་པ་ཚོ་ཤེས་འཇོན་དང་བློ་རྒྱ་སྙིང་རྗེ་མེད་པའི་ཐོག་ལ་ང་རྒྱལ་དང་ཧམ་པ་ཆེ་ཙམ་ལས་གཞན་གང་ཡང་མི་འདུག་་་་་་་་་་་་་་་་་་
ད་དུང་བསམ་བློ་ཐོངས། དེ་དེ་འདྲ་ལས་སླ་བོ་ཞིག་ཡིན་རྒྱུ་མ་རེད།
ཚེ་རིང་སྐྱིད་ལགས། ཀླུ་སྨྱོན་གྱིས་བཤད་པ་ལྟར་ Hi5 ནང་ནས་ངོ་ཤེས་ན་པར་འདྲ་ཡོད་ཀྱི་རེད་བསམས།
ཨ་མ་ཆུང་ཆུང་དེའི་མིང་ལ་བསྟན་འཛིན་ཆོས་སྒྲོན་ཟེར་ཞིང་འཁམ་པ་དེའི་མིང་ལ་བློ་བཟང་ཟེར་གི ས་གནས་གང་དུ་ཡོད་མེད་མི་ཤེས། དྲ་གྲོགས་ཚོ་རྒྱུ་འབྲས་མེད་པའི་མི་ངན་འདིའི་དཔར་དང་གནས་ཚུལ་གསལ་པོ་ཤེས་མཁན་ཡོད་ན་ཁྱབ་སྒྲགས་གནང་རོགས།
དགེ་བཤེས་ལགས་ཀྱིས་གསུངས་པ་དེ་འགྲིགས་འདུག
སྟུ་ཤུབས་ཟེར་བ་ནི་སྟུའི་ཤུབས་རེད། ཐ་སྙད་འདི་གོ་བདེ་བ་དང་ཡོངས་ཁྱབ་ཏུ་ཡོད་པ་ཞིག་རེད།
སྟུ་ཤུབས་ཀྱི་ཐ་སྙད་ལ་ངས་བོད་པའི་རིག་ལམ་ཐོག་ནས་འགྲིགས་མིན་མི་ཤེས། ཡིན་ནའང་ལུས་ཁམས་དབྱིབས་གཟུགས་རིག་པ་ལ་སྦྱོང་བ་ཅུང་ཟད་ཡོད་ན་ལྟོས་ས་ལྟོས་འཇོག་ནས་སྟུའི་ནང་དང་མཐའ་ན་རྒྱུ་མའི་ནང་ཡང་ལུས་ཁམས་ཀྱི་ཕྱི་རོལ་ཏུ་བརྩི་འི་ཡོད། ལྟ་སྟངས་འདི་ནི་རིག་པ་འདིའི་ནང་དུ་རྩོད་གཞི་མེད་པ་ཡོངས་གྲགས་ཡིན།
ཡང་བསྐྱར་ཞུ་རྒྱུ་ཞིག་ལ་སྟུ་ཤུབས་ཀྱང་སྟུའི་ཤུབས་རེད། གང་ཟག་ཕལ་བ་ཞིག་གིས་ངོས་ནས་བཤད་ནའང་སྟུ་ཟེར་དུས་མིག་གིས་ཕྱི་རོལ་ཏུ་མཐོང་པའི་ཁའི་དབྱིབས་ཅན་དེ་གཅིག་པོ་ལ་བརྩི་འི་མ་རེད་སྙམ་པ་འདུག
ངེད་ཚོ་ལ་ཐ་སྙད་གསར་པའི་མུ་གེ་ཤར་སྡོད་པའི་སྐབས་སུ་ཐ་སྙད་ཡོད་པ་འདི་དག་ལ་རིག་ལམ་ཀྱོག་ཀྱོག་རེ་བཏང་ནས་གཏོར་བཞག་ན་ཡག་པོ་མིན་འདུག
ལྷ་རམས་པ་ལགས་ཀྱིས་ངོ་མ་བློ་རྒྱ་ཡངས་པའི་འདིར་དགོངས་ཚུལ་གསུངས་པ་ཡག་པོ་འདུག
གནད་དོན་འདིའི་རིགས་ཀྱང་སེམས་ཅན་ལ་འཕྲད་པའི་དཀའ་ངལ་ཡིན་པས་ངེས་པར་དུ་འདི་རིགས་ལ་ཐུགས་སྣང་གནང་ནས་བསླབ་བྱ་གནང་ཐུབ་ན་ཁ་ཡོད་ལག་ཡོད་དུ་སྤྱི་ཚོགས་ནང་ལ་ཕན་ནུས་འབྱུང་ངེས་རེད།
གོང་ནས་མི་ཁ་ཤས་ཀྱིས་བྱིས་པ་ཆུང་ཆུང་དེའི་པ་ལགས་ཀྱི་པར་དང་ཡང་ན་བུ་མོ་དེའི་མིང་ལ་ག་རེ་རེད་དམ་ལ་སོགས་པའི་སྐད་ཆ་འདྲ་མིན་བཤད་འདུག་མོད། ཡིན་ཡང་གནད་དོན་ནི་འདི་ཙམ་གཏན་ནས་མ་རེད་ལ་འདི་ཙམ་གྱིས་དཀའ་ངལ་དང་གནད་དོན་དེ་དག་སེལ་ཐུབ་པ་ཞིག་ཀྱང་གཏན་ནས་མ་ཡིན། བུ་མོ་ཆུང་ཆུང་འདི་ཁོ་ན་མ་ཡིན་པར་ཟླ་ཤས་སྔོན་ཡང་བསྐྱར་བུ་མོ་ལོ་༡༦་ཅན་ཞིག་གིས་ཀྱང་ཕ་མེད་པའི་བྱིས་པ་ཞིག་སྐྱེས་འདུག
ངས་བརྗོད་འདོད་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྣེ་མང་པོ་རུ་མེ་ཏོག་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་དམིགས་ཡུལ་དང་འཚོལ་སྙེགས་ངེས་ཅན་མེད་པར་རང་སྣ་གང་འདོད་ཀྱིས་མི་ཚེ་ནི་རྩེད་སྤྱད་ཅིག་གི་ཚོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ཡིད་སྐྱོ་བའི་གནས་སྟངས་འདི་རེད། འདི་ལྟ་བུའི་གནས་སྟངས་སྔོན་འགོག་ལ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལa་གྱིས་གསུངས་པ་བཞིན་སློབ་གསོས་མ་མདང་བ་རེད། ང་ཚོའི་སློབ་གསོ་དེ་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་ཡོད་མེད་སོགས་ལ་རག་ལས་པ་རེད། འདི་ལྟ་བུའི་གནས་ཚུལ་གཅིག་གཉིས་མ་ཡིན་པར་མང་པོ་འབྱུང་གི་འདུག
བུ་མོ་ཆུང་ཆུང་དེ་ལ་རོགས་རམ་རེ་བྱ་ཐུབ་ན་རབས་དང་མ་ཐུབ་ཀྱང་བུ་མོ་དེའི་མིང་སོགས་འདིར་མ་བཀོད་རོགས། འདི་ནི་སྣང་ཚུལ་ཞིག་རེད་ལ་ང་ཚོས་སྣང་ཚུལ་འདིད་ག་ངོ་ཤེས་པའི་ཐོག་གཟབ་གཟབ་བྱ་དགོས་པའི་བསླབ་བྱ་ལེན་དགོས་པ་ལས། ཅ་ཅོའི་སྐད་ཆ་གང་མང་གིས་གང་ཡང་ཕན་གི་མ་རེད།
གོང་ནས་མི་ཁ་ཤས་ཀྱིས་བྱིས་པ་ཆུང་ཆུང་དེའི་པ་ལགས་ཀྱི་པར་དང་ཡང་ན་བུ་མོ་དེའི་མིང་ལ་ག་རེ་རེད་དམ་ལ་སོགས་པའི་སྐད་ཆ་འདྲ་མིན་བཤད་འདུག་མོད། ཡིན་ཡང་གནད་དོན་ནི་འདི་ཙམ་གཏན་ནས་མ་རེད་ལ་འདི་ཙམ་གྱིས་དཀའ་ངལ་དང་གནད་དོན་དེ་དག་སེལ་ཐུབ་པ་ཞིག་ཀྱང་གཏན་ནས་མ་ཡིན། བུ་མོ་ཆུང་ཆུང་འདི་ཁོ་ན་མ་ཡིན་པར་ཟླ་ཤས་སྔོན་ཡང་བསྐྱར་བུ་མོ་ལོ་༡༦་ཅན་ཞིག་གིས་ཀྱང་ཕ་མེད་པའི་བྱིས་པ་ཞིག་སྐྱེས་འདུག
ངས་བརྗོད་འདོད་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྣེ་མང་པོ་རུ་མེ་ཏོག་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་དམིགས་ཡུལ་དང་འཚོལ་སྙེགས་ངེས་ཅན་མེད་པར་རང་སྣ་གང་འདོད་ཀྱིས་མི་ཚེ་ནི་རྩེད་སྤྱད་ཅིག་གི་ཚོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ཡིད་སྐྱོ་བའི་གནས་སྟངས་འདི་རེད། འདི་ལྟ་བུའི་གནས་སྟངས་སྔོན་འགོག་ལ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལa་གྱིས་གསུངས་པ་བཞིན་སློབ་གསོས་མ་མདང་བ་རེད། ང་ཚོའི་སློབ་གསོ་དེ་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་ཡོད་མེད་སོགས་ལ་རག་ལས་པ་རེད། འདི་ལྟ་བུའི་གནས་ཚུལ་གཅིག་གཉིས་མ་ཡིན་པར་མང་པོ་འབྱུང་གི་འདུག
བུ་མོ་ཆུང་ཆུང་དེ་ལ་རོགས་རམ་རེ་བྱ་ཐུབ་ན་རབས་དང་མ་ཐུབ་ཀྱང་བུ་མོ་དེའི་མིང་སོགས་འདིར་མ་བཀོད་རོགས། འདི་ནི་སྣང་ཚུལ་ཞིག་རེད་ལ་ང་ཚོས་སྣང་ཚུལ་འདིད་ག་ངོ་ཤེས་པའི་ཐོག་གཟབ་གཟབ་བྱ་དགོས་པའི་བསླབ་བྱ་ལེན་དགོས་པ་ལས། ཅ་ཅོའི་སྐད་ཆ་གང་མང་གིས་གང་ཡང་ཕན་གི་མ་རེད།
ཚེ་རིང་སྐྱིད་ཀྱིས་རང་ཤག་ནས་ཕུལ།
ཁ་བརྡའི་ནང་དུ་རྩོམ་ཡིག་འཇོག་ཤེས་པ་མི་འདུག གྲོགས་པོ་ཞིག་གི་ཁ་བྱང་བེད་སྤྱོད་བཏང་བ་ཡིན། གྲོགས་པོ་དེ་ཡིས་ཀྱང་རྩོམ་ཡིག་འཇོག་ཤེས་ཀྱིན་མི་འདུག ཤེས་མཁན་ཡོད་ན་ལམ་སྟོན་གནང་རོགས། ཚེ་རིང་སྐྱིད་ཀྱིས།
རེད། བུད་མེད་ལྷན་ཚོགས་ཀྱིས་རྟག་པར་འགྲུབ་རྒྱུ་མེད་པ་ཁྲོམ་གཞུང་དུ་སྐད་འབོད་རྒྱག་གིན་སྡོད་པ་ལས་ཚོགས་པའི་ངོ་བོ་དང་འཚམས་པའི་བོད་པའི་བུད་མེད་ཚོའི་བདེ་སྡུག་ལ་ཞིབ་འཇུག་བྱེད་པ་དང་། དེ་ལ་གཞིགས་ནས་ལས་འགུལ་སྤེལ་ཐུབ་ན་ཡག་པོ་འདུག
ཐོག་མ་སོ་སོ་རང་ཉིད་ལ་ཆེ་མཐོང་ཞིག་དགོས་པ་རེད། སྐབས་འདིར་བོད་པའི་བུད་མེད་ཚོས་ཕོ་མོ་འདྲ་མཉམ་ཡིན་པའི་བསམ་བློ་བརྟན་པོ་ཞིག་དགོས་པ་རེད། བསམ་བློ་འདི་འདྲ་ཞིག་ཡོད་པའི་ཐོག་ནས་ཐོབ་ཐང་དང་ལས་འགན་གཉིས་ཀ་བསྒྲུབ་དགོས་པ་རེད།
ཐོབ་ཐང་ལ་ཐུག་དུས་ཕོ་མོ་འདྲ་མཉམ་དང་ལས་འགན་ལ་ཐུག་དུས་དེ་མིན་པའི་བྱ་སྤྱོད་སྤེལ་མཁན་སྤྱིར་བུད་མེད་མང་པོ་ཡོད་པ་དང་ཡང་སྒོས་སུ་བོད་པའི་བུད་མེད་མང་པོ་ཡོད། དམིགས་བསལ་གྱིས་ཕྱི་རྒྱལ་ལ་སླེབས་པའི་བོད་པའི་བུད་མེད་འདི་ཚོས་ཡུལ་འདི་གའི་ཕོ་མོ་འདྲ་མཉམ་དེ་མཐོང་། དེའི་ཐོབ་ཐང་རྩོད། ཡིན་ནའང་ཡུལ་འདིའི་བུད་མེད་ཚོས་ལས་འགན་བསྒྲུབ་པ་ནང་བཞིན་བྱེད་མི་ཐུབ། སྐབས་དེ་དུས་ཁྱིམ་ཐབས་ཀྱི་འགན་ཚང་མ་ཁྱོ་གའི་སྟེང་དུ་གཡུག སྤྱོད་པ་འདི་ཤིན་ཏུ་བཙོག ངོ་མ་བཙོག
ངས་ཤོད་འདོད་པ་ནི་བོད་པའི་བུད་མེད་ཚོ་ལ་ཕོ་མོ་འདྲ་མཉམ་དུ་བལྟ་བའི་བློ་དྲང་པོ་ཞིག་དགོས་པ་རེད། དེ་ནས་སྐྱེས་པ་ཚོའི་གུས་ཞབས་འཐོབ་རྒྱུ་ལ་གནས་སྟངས་ཚང་མ་རེད། རང་ངོས་ནས་རྒྱུ་རྐྱེན་གནས་སྟངས་ཚང་བ་ཞིག་དགོས་པ་རེད་ཟེར་རྒྱུ་ཡིན། དེ་འདྲ་བྱུང་བ་ཡིན་ན་བུད་མེད་ཚོ་ཅ་དངོས་ནང་བཞིན་བེད་སྤྱད་གཏོང་ཐུབ་རྒྱུ་མ་རེད། སློབ་གསོ་འདི་འདྲ་སྤྲོད་པའི་འགན་གཙོ་བོ་ནི་བུད་མེད་ལྷན་ཚོགས་ཟེར་མཁན་འདི་ལ་ཡོད།
དཔར་དང་མིང་འདོན་ཟེར་བ་ནི་གང་ཟག་འདི་གཅིག་པོ་ལ་དམིགས་ནས་ངས་ནི་བཤད་མེད། འདི་འདྲ་བྱས་པ་ཡིན་ན་མ་འོངས་པ་འདི་རིགས་མི་འབྱུང་བའི་འཇིགས་བསྐུལ་ཆགས་རྒྱུ་ཡིན་པ་རེད་ཟེར་གྱིན་ཡོད།
བཀུར་འོས་མེ་ཏོག་ལགས།
ཁྱེད་ཀྱི་དྲི་བ་དེར་འདིར་ལན་སྟབས་བདེ་ཞིག་ཕུལ་གྱི་ཡིན།
གལ་སྲིད། ཁྱེད་རང་ཁ་བརྡའི་སྟེང་ལ་མཆན་བུ་ཐོག་མར་འདེབས་མཁན་ཞིག་ཡིན་ན།
ཁྱེད་ཀྱི་མཆན་བུ་དང་པོ་དེ་ལ་དག་མཆན་ཟེར་བ་ཞིག་ཐོབ་རྒྱུར་ཅུང་ཙམ་སྒུག་དགོས་ཀྱི་རེད། དྲ་དཔོན་བརྒྱུད་དག་མཆན་ཐོབ་སོང་ན། ད་གཟོད་གཞི་ནས་ཁྱེད་ཀྱི་མཆན་བུ་དེ་ཁ་བརྡའི་སྒང་ལ་ཁྱེད་ཀྱི་མིང་ཐོག་ནས་སླེབས་ཡོང་གི་རེད། དག་མཆན་དང་པོ་དེ་ཐོབ་ཚར་བའི་རྗེས་སུ། རྗེས་མ་ནས་ཁྱེད་ཀྱིས་མིང་དེ་རང་འཇགས་བདེ་སྤྱོད་བྱས་བ་ཡིན་ན། ཐད་ཀར་བསམ་ཚུལ་རྣམས་མཆན་བུའི་ཁོངས་སུ་བཞག་ཆོག་གི་རེད།
གཞན། ཁ་བརྡའི་སྒང་ལ་ཐད་ཀར་རྩོམ་ཡིག་སྤེལ་ཐུབ་མིན་གྱི་ཐད། ཁ་བརྡ་ལ་འབྲེལ་བ་བྱེད་པ་ཟེར་བ་དེར་ཕྱིན་ན། ཁ་བརྡའི་གཙོ་འགན་རྩོམ་སྒྲིག་པ་དག་གི་འབྲེལ་གཏུགས་གློག་འཕྲིན་དེ་རུ་ཡོད་པ་རེད། ཁོང་ཚོའི་སུ་ལ་ཉིད་ཀྱིས་རྩོམ་ཡིག་བསྐུར་བ་ཡིན་ན་དུས་ཐོག་ལ་དྲ་ཐོག་ལ་སླེབས་ཡོང་གི་རེད། གཞན། ཁ་བརྡའི་ནང་ལ་རྩོམ་སྒྲིག་གི་ཆ་ཤས་ལེན་མཁན་གཞན་དག་ལ་བསྐུར་ན་ཡང་དེ་མཚུངས་རེད། དེ་ཙམ་ཞུ།
སྡུག་བསྔལ་ཀུན་གྱི་འབྱུང་གནས་སྲིན་པོའི་མགོ། །
རྩ་ནས་བཅད་དེ་སྡོམ་གསུམ་མ་བླངས་ན། །
ཁྱིམ་མཚེས་རྒན་མོར་ཆགས་པའི་གདོན་སེམས་འདིས། །
མི་རིང་བཙོན་དུ་འདྲེན་ལ་ཐག་མི་རིང་།
ཡ་ང་བའི་དོན་རྐྱེནའ་འདི་དག་གི་ཁྲོད་དུ་སྐྱེ་བ་དང་བུད་མེད་གཉིས་ཀ་ལ་འདྲ་མཉམ་གྱི་འགན་ཞིག་ཡོད་པ་དང་དམིགས་བསལ་གྱིས་བུད་མེད་དག་ལ་འགན་ཞིག་ཡོད་པ་ནི་རང་ཉིད་ནི་དུས་དང་ནམ་པ་ཀུན་དུ་སྐྱེ་བ་དག་དང་མི་འདྲ་བ་དེ་ཤེས་པར་བྱས་ནས་གཞན་ལ་འབྲེལ་བ་འཛིན་དགོས་པའི་བསྐོར་ལ་རང་གི་ཉེ་མི་དང་གྲོགས་པོ་སུ་ཡིན་ན་ཁ་བརྡ་སློབ་གསོ་བྱེད་རྒྱུ་དེ་ནི་གལ་ཆེན་རེད། དེ་མིན་ཁྲེལ་མེད་ཀྱི་རིགས་ནི་སྤྱི་ཚོགས་གང་དུ་ནང་དུ་ཡིན་ཡང་བྱུང་གི་ཡོད་ལ་འགོག་ཐུབ་ཀྱི་མེད་པ་རེད། དེ་ཉིད་ལ་ངོ་འགོག་བྱེད་ཐུབ་པའི་ལམ་ཁ་ཞིག་ཡོད་པ་ནི་རང་གི་ཁོར་ཡུག་གི་ངོ་ཤེས་དང་ཉེ་དུ་སོགས་ལ་འཛེམ་པ་མེད་པར་དོན་དག་དེ་དག་དངོས་སུ་བྱུང་ཡོད་པ་དག་ངོ་སྤྲོད་བྱེད་པ་དང་། ཡང་ན། བུད་མེད་ལྷན་ཚོགས་རང་ངོས་ནས་ཟླ་རེ་ལ་སློབ་གྲྭ་ཁག་ལ་བྱིན་ནས་འདིའི་བསྐོར་ལ་ཟབ་སྤྱོང་ཐུང་ཐུང་རེ་སྤྲོད་ཐུབ་པ་ཡིན་ན་ཁ་ལས་ལག་པ་མྱུར་བ་ཕན་ངེས་རེད་སྙམ་གྱི་འདུག་ལགས།
དངོས་ཡོད་འཚོ་བའི་ཁྲོད་དུ་དངོས་ནས་སྐྱེ་བ་ཁྲེལ་གཞུང་མེད་མཁན་ནི་དངོས་ནས་མང་ཀི དེ་དག་ལ་དམིགས་བསལ་གྱིས་བུ་མོ་ཚོས་གཟབ་གཟབ་བྱེད་རོགས་ཞུ་ཟེར་ནས་ཚེ་རིང་སྐྱིད་ལགས་བརྒྱུད་དེ་འབོད་སྐུལ་ཞུ་བཞིན་ཡོད།
སླར་ཡང་ཚིག་གསུམ་ཞུ་རྒྱུ་ཡོད།
༡༽
མེ་ཏོག་ཟེར་བའི་ཕྲུག་གུའི་ཨ་མ་དེ་ད་ལྟ་ལོ་བཅོ་བརྒྱད་ཡིན་ན། འཁྲིག་སྤྱོད་བྱེད་དུ་མོ་༡༧ཡིན་ངེས་རེད། དེ་ཡིན་ན། མི་དེ་ལོ་བཅོ་བརྒྱད་བརྒལ་བ་ཞིག་ཡིན་པ་གཞིར་བཅས། དེས་ན་ཁོ་ཆེས་ནག་ཅན་རེད། གང་ལགས་ཤེ་ན། ལོ་བཅུ་བདུན་མན་ཆད་བྱིས་པར་བརྩི་དགོས་རེད། དེར་བརྟེན་ཁོ་པ་Sex Offender/Child molester ན་ཚོད་མ་སོན་པའམ་ཕྲུག་གུ་ལ་འཁྲིག་སྤྱོད་བྱེད་མཁན་གྱི་མི་ནག་ཅན་ཞིག་ཆགས་ཡོད། ནུབ་ཕྱོགས་ལ་ཡིན་ན་ཁོ་བཙོན་ཁང་དུ་འགྲོ་ངེས་པ་རེད། མཐར་ས་ཡོད་མ་རེད། གལ་ཏེ་བུ་མོ་ལོ་བཅོ་བརྒྱད་སོན་པ་ལ་ཉི་མ་གཅིག་མ་གཏོགས་མེད་ནའང་། དེ་ལ་འཁྲིག་སྤྱོད་བྱས་ན་ནག་ཅན་རེད། Sex Offender རེད། བཙོན་ཁང་ལ་འགྲོ་རྒྱུ་རེད།
ཕོ་གསར་དེ་རྣམ་དཔྱོད་ཅན་ཞིག་ཡིན་ན། རང་གི་བྱས་ཉེས་ངོས་ལེན་བྱས་ཏེ་ཕྲུག་གུ་དང་ཨ་མ་གཉིས་བདག་པོ་རྒྱག་དགོས། དེ་མིན་ཁོ་རང་ཞེ་དྲག་སྐུ་མཉེལ་པོ་ཆགས་ཀྱི་རེད། ནུབ་ཕྱོགས་ལ་ཡིན་ན་ཕྲུག་གུར་ལོག་གཡེམ་བྱེད་མཁན་ Sex Offender བཙོན་ཁང་ལ་འགྲོ་རྒྱུ་སྨོས་མེད་ཁར། བཙོན་གྲོལ་ཐོབ་ནའང་ལས་ཀ་ཡང་རག་རྒྱུ་ཤིན་ཏུ་ཁག་པོ་རེད། ལས་ཀ་ཡག་པོ་ནི་རག་མི་སྲིད་པ་རེད། ལས་ཀ་རག་པར་དང་ཐོག་པུ་ལི་སིའི་ཐོ་གཞུང་གཙང་མ་དགོས་རེད།
ཚེ་ཕྱི་མ་ལ་འཕུང་བ་མ་ཟད། ཚེ་འདི་ཡང་འཕྲོ་བརླག་བཏང་ཟིན་པ་རེད། ད་འདི་ཕྱི་གཉིས་མེད་རེད།
༢༽
བོད་པའི་གཞོན་སྐྱེས་དེ་ཚོ་མཐོ་ས་ནས་ནང་ཆོས་མི་ཤེས། དམའ་ས་ནས་འཁྲིག་སྤྱོད་བྱེད་སྟངས་ཡང་མི་ཤེས། ད་གྲྭ་ལོག་དང་གྲྭ་པས་ཁོང་ཅག་ལ་འཁྲིག་སྤྱོད་ཇི་ལྟར་བྱེད་དགོས་མིན་སྐོར་ལ་བསླབ་བྱ་དགོས་པའི་དུས་ངན་འདི་འདྲ་ཞིག་ལ་སླེབས་འདུག
ཁྱེད་ཚོའི་གྲས་ཀྱིས་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དང་། མི་རིགས་རྩ་མེད་གཏོང་བའི་འགལ་ཚབས་ཅན་གྱི་ལས་ལ་འཇུག་གི་འདུག་ད། གཟབ་གཟབ་བྱོས།
གྲྭ་ལོག་དང་གྲྭ་བཙུན་ལ་ཁ་ཞེ་དྲག་མ་ཐོངས། གྲྭ་བཙུན་ལ་ཨཱེཛ་ན་མཁན་མི་གཅིག་ཀྱང་ཡོད་མ་རེད་ད། ཧ་གོ་བ་གྱིས་ཤིག
༸གོང་ས་མཆོག་ནས་ལྷན་སྐྱེས་སྲིན་བུ་འཁྲུགས་པའི་ནད་དམ་ཡོངས་གྲགས་སུ་༼aidsཨཱེཛ༽ཟེར་བའི་སྲོག་འཕྲོག་པའི་འགོ་ནད་འདི་བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་བོད་ནང་ནགས་ལ་མེ་ཤོར་བ་ལྟ་བུའི་ཁྱབ་གདལ་ཧ་ཅང་ཤུགས་ཆེན་པོ་འགྲོ་བཞིན་པར་ཐུགས་ཚབས་ཆེན་པོ་གནང་གི་འདུག་ག རྒྱུ་མཚན་དེ་ལ་བརྟེན་ནས་ངེད་ནས་ཀྱང་གནས་ཚུལ་འདི་བོད་མི་རིགས་འཆི་གསོན་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟབས་ཁ་སྔོན་མཆན་བུ་བཀོད་པ་ཡིན།
ཐུགས་རྗེ་གཟིགས། འཆལ་སྤྱོད་ཞེ་དྲག་མ་གནང་། ༼གབ་ཚིག་གི་སྒོ་ནས་ཞུས་ན༽ གལ་ཏེ་གནང་ནའང་ན་བཟའ་མནབས་ནས་ནང་ལ་འཛུལ་རོགས། གལ་ཏེ་སྐྱུག་པ་བསྐྱུགས་ནའང་ས་གདན་འཕྲོ་བརླག་གཏོང་གི་མ་རེད།
༣༽ བུད་མེད་ཚོགས་པས་ཀྱང་བུ་མེད་ཀྱི་ཐོབ་ཐང་ཤ་སྟགས་རྩོད་མ་བསྡད་པར། བྱིས་པར་འཁྲིག་སྤྱོད་བྱེད་མཁན་ལ་བཙོན་འཇུག་གི་ཉེས་ཆད་སོགས་ཀྱི་ཐད་རྒྱ་གར་དང་ནུབ་ཕྱོགས་གཉིས་ཁྲིམས་གཅིག་པ་ཡིན་མིན། ཡིན་ན་གནས་ཚུལ་དེ་བོད་པའི་སྤྱི་ཚོགས་ནང་གསལ་བསྒྲགས་བྱས་ཏེ་ཚང་མས་ཤེས་ཐབས་གནང་བ་ཡིན་ན། ད་ལྟའི་གནས་ཚུལ་འདི་འདྲ་ཡོང་གི་མ་རེད།
ད་རེས་ཁྱེད་ཚོས་ཕོ་གསར་དེ་བཟོ་ལྟ་ཡག་པོ་ཞིག་སྤྲད་ཐུབ་པ་ཡིན་ན། ཕྱིན་ཆད་དེ་འདྲ་བྱེད་ཕོད་ཀྱི་མ་རེད། དེར་བརྟེན་ཕོ་གསར་དེ་རྩད་གཅོད་བྱ་རྒྱུ་འདི་ཤིན་ཏུ་གལ་ཆེའོ། །
འོ་ཡའ་ད་ཡིན་ན་མེ་ཏོག་སླེབས་འདུག་གནས་འདི་རུ།
སྐུ་ཞབས་སྒོམ་སྡེ་ལྷ་རམས་པ་ལགས།
ཁྱེད་ཀྱིས་བུད་མེད་ལོ་༡༧མན་ལ་འཁྲིག་པ་སྤྱོད་ན་བྱིས་པར་ལོག་གཡེམ་བྱེད་མཁན་ཞེས་ཉེས་ཅན་པར་བརྩི་བ་འདི་ལ་ང་མོས་མཐུན་ཡོད། དེ་བཞིན་དུ། སེར་འབྲས་དགའ་གསུམ་དུ་བྱིས་པར་བརླ་རྒྱག་བྱེད་མཁན་གྱི་བླ་རྒན་དེ་ཚོ་ཡང་འདི་ལྟར་མི་རྩི་བ་ཅི། ལེགས་ཤོས་བྱུང་ན། ཁྱེད་ཚོ་གདན་སར་ཞུགས་མྱོང་མཁན་ཚོས། ནག་ཆེན་གྱི་གསང་བ་དེ་སྲུང་སྐྱོབ་མ་བྱས་པར། འདིར་འཐེར་འདོན་བྱས་ན། བསྟན་པ་ལ་ཞབས་ཕྱི་ཆེན་པོ་སྒྲུབ་ཐུབ། ནག་ཉེས་མ་བཤད་ན་ནག་ཉེས་འགོག་མི་ཐུབ།
ཆགས་སྤྱོད་ཉེན་འགོག་སྐོར་གྱི་གནས་ཚུལ་འགའ།
༡༽ ངེས་པར་དུ་ཁྲིམས་ལུགས་དམ་པོ་དགོས། ཨ་རི་ལྟ་བུ་ལ་མཚོན་ན་ཁྲིམས་ལུགས་ནས་གཏན་འབེབས་བྱས་པ་ལྟར། བྱིས་པ་ལོ་ཚད་བཅོ་བརྒྱད་མ་ལོན་པ་ལ་ཆགས་པ་སྤྱད་ན་ངེས་པར་དུ་ཁྲིམས་ཁང་ལ་འགྲོ་དགོས། འོན་ཀྱང་བུད་མེད་ངོས་ནས་ཁྲིམས་གཏུགས་མ་བྱས་ཚེ། ཁྲིམས་ཁང་ལ་འགྲོ་མི་དགོས། འོན་ཀྱང་བྱིས་པ་གསོ་དོད་ཨ་སྒོར་༤༥༠ ཟླ་རེར་སྤྲོད་དགོས། དེ་བས་མང་ཆེ་བ་གལ་ཏེ་བྱིས་པ་སྐྱེས་ཚེ་གཟའ་ཚང་སྒྲིགས་གི་ཡོད། འདི་ངའི་གྲོགས་པོ་ཅིག་ཡོད་པ་ཁོང་གི་བཤད་པ་ལྟར་ཡིན། ཁོང་སློབ་གྲྭ་འགྲིམ་སྐབས་ཁོང་གི་དགའ་རོགས་དང་མཐུན། ཐོག་མར་དགའ་རོགས་དང་ལྷན་དུ་ཆགས་པ་སྤྱད་སྐབས་ལོ་ཚད་༡༤ ཡིན་ཟེར། འོན་ཀྱང་ལོ་ ༡༦ ཐོག་བྱིས་པ་སྐྱེས་འདུག དེ་ནས་ཁོང་གཉིས་ཀ་སློབ་གྲྭར་འགྲོ་མ་ཐུབ་པར་ལས་ཀ་ལས་འགོ་བཙུགས་པར་མ་ཟད། རིམ་པས་བཟའ་ཚང་སྒྲིགས་དགོས་བྱུང་འདུག ད་དུང་འདི་ན་གལ་ཏེ་ཕ་མ་གཉིས་ཀྱིས་ལོ་ཆུང་བའི་དབང་ངམ། ཆ་རྐྱེན་གང་ཞིག་གིས་བྱིས་པ་གསོ་མ་ཐུབ་ཚེ། བུ་བཅོལ་གང་ལ་ལེན་གི་ཡོད། ལས་ཁུངས་དེ་ནས་ཁྱབ་བསྒྲགས་བྱས་དེ་སུ་ལ་བུ་ཕྲུག་དགོས་ན་དེ་ལ་བུ་བསྐལ་ལྟེར་གི་ཡོད། ང་ལ་གྲོགས་པོ་རྒན་པོ་ཅིག་ཡོད། ཁོང་གིས་བུ་སྐལ་ལྔ་བླངས་འདུག བུ་སྐལ་བླངས་རྗེས་ཕ་མ་ངོ་མའི་བུ་ཕྲུག་མ་རེད། སུས་བུ་སྐལ་བླངས་ན་དེའི་བུ་ཕྲུག་རེད་འདུག ཁྲིམས་ལུགས་བཙན་པོ་ཡོད་ན། འདིའི་རིགས་ཅུང་ཟད་ཉུང་རུ་གཏོང་ཐུབ་བསམ།
༢༽ ངེས་པར་དུ་བསླབ་བྱ་སློབ་གསོ་ཡག་པོ་དགོས། སློབ་གསོ་ནི་ཕ་མ་དང་སློབ་གྲྭ་སོགས་ནས་བྱིས་པ་ལ་ངེས་པར་དུ་འདི་རིགས་བསླབ་བྱ་རྒྱགས་དགོས། ལྷག་པར་དུ་ཨ་མས་བསླབ་བྱའི་འགན་ཁུར་དགོས། ད་དུང་ཆོས་ལུགས་ཕྱོགས་ནས་ཀྱང་ངེས་པར་དུ་བསླབ་བྱ་ཡག་པོ་དགོས། ཆོས་ལུགས་ཕྱོགས་ཀྱི་བསླབ་བྱ་འདི་ཕན་ཡག་པོ་ཐོག་གི་ཡོད་ཚོད་འདུག གང་ཡིན་ཟེར་ན། ཁྱིམ་ཚང་གང་ཞིག་གི་ཆོས་ལུགས་གང་ཡང་རུང་། ཁྱིམ་ཚང་དེ་ཆོས་ལུགས་ཀྱི་སྒྲིགས་སྲོལ་དམ་པོ་ཡོད་ཚེ་དོན་རྐྱེན་འདིའི་རིགས་ཤིན་ཏུ་ཉུང་།
༣༽ མཐུན་རྐྱེན་ཡག་པོ་དགོས། རང་ལ་འུ་ཐུག་མི་དགོས་པའི་འཚོ་བ་དགོས། པར་མ་ཟད་རང་ཉིད་འགེབ་སྲུང་བྱེད་ཐུབ་པའི་ནུས་པ་དགོས། གལ་ཏེ་འདི་ལ་ཅུང་ཟད་དཀའ་ངལ་ཡོད་ན་ངེས་པར་དུ་མཇེ་ཤུབ་བམ་སྟུ་ཤུབ་ཁས་དགོས། དེ་ལ་ངོ་ཚ་དགོས་པ་མ་རེད། འདོད་པའི་མི་ཡིན་ཕྱིན་འདོད་ཆགས་སུ་ལ་ཡང་ཡོད་པ་ཡིན། འཚམ་འཚམ་ལ་འདོད་ཆགས་འདིས་གང་ལ་ཡང་བསམ་བློ་གཏོང་མ་ཐུབ་པ་བཟོ་གི་རེད། ཨ་རི་ལྟ་བུ་ལ་མཚོན་ན་བུད་མེད་སུ་ཡིན་ན་ཡང་། འགྱིག་ཤུབ་ཁས་ཁས་པ་རེད་ཟེར། རྒྱུ་མཚན་གང་ཞིག་ཏུ་དོན་རྐྱེན་བྱུང་ཚེ། ལམ་སེང་འགྱིག་ཤུབ་དེ་བེད་སྤྱོད་གཏོང་རོགས་ཅེས་ཟེར་གི་ཡོད་པ་རེད་ཟེར། ད་དུང་འགྱིག་ཤུབ་ནི་ཚོང་ཁང་ཆུང་ཙག་ཡོངས་ན་བཙོང་རྒྱུ་ཡོད་པར་མ་ཟད། ཆོས་ལུགས་པ་དེ་ཚོས་འགན་ཁས་ནས་སྲང་ལམ་ལ་གཏོར་གི་ཡོད་པ་རེད། གལ་ཏེ་སྲང་ལམ་ནས་འགྱིག་གི་དངོས་པོ་གྲུ་བཞི་ཆུང་ཆུང་ཁ་མ་ཕྱེ་པ་ཅིག་རེག་ཚེ། དེ་ནི་མཇེ་ཤུབ་བམ་སྟུ་ཤུབ་རེད་འདུག གོ་ཐོས་ལ་ནང་པའི་ནང་ན་ཡང་མཇེ་ཤུབ་བམ་སྟུ་ཤུབ་སྦྱིན་པ་གཏོང་གི་ཡོད་པ་རེད་འདུག དེ་ཡང་དཔེ་མཚོན་ཙམ་ཞུ་ན། ཐེ་ལན་ཀྲུའི་(condon restront) མཇེ་ཤུབ་ཟ་ཁང་ཟེར་གི་ཡོད་པ་རེད་འདུག ཟ་ཁང་དེ་ནས་ཟ་མ་ཟོས་རྗེས་རྩིས་ཐོ་དེ་སྡེར་མ་མཇེ་ཤུབ་ཀྱི་ཁེངས་པ་ཞིག་གི་ནང་དུ་མཉམ་དུ་ཁས་ཡོང་གི་ཡོད་པ་རེད་འདུག དེ་ནས་མཇེ་ཤུབ་སྡེར་མ་གང་ཁས་ན་འགྲིག་གི་རེད་ཟེར། ང་ཚོའི་སྤྱི་ཚོགས་ནང་དུ་ཡང་འདི་ལྟའི་ལས་རིགས་ངེས་པར་དུ་དགོས།། །།
དགོན་པའི་ནང་དུ་བརླ་རྒྱོ་མཁན་ཡོད་པ་ཞིག་གོ་མྱོང་། ཡིད་ཆེས་དཀའ་བ་ཞིག་བྱུང་། དེ་ངོ་མ་ཡོད་ཚད་འདུག་དཱ། ངོ་ཚ་བོ་རེད། དེ་དག་ཕྱི་བསྒྲགས་ཤུགས་ཆེན་པོ་མ་བྱེད་པར་ནང་ཁུལ་ནས་སེལ་ཐུབ་ན་ཡག་པོ་འདུག་སྙམ།
སྐྱེས་འགོག་ཡག་ཤོས་ཤིག་ནི་IUDs ཟེར་རྒྱུ་དེ་རེད། ཡིན་ནའང་མཇེ་ཤུབས་ནང་བཞིན་འཁྲིག་སྤྱོད་ལས་བྱུང་བའི་ནད་རིགས་འགོག་ཐུབ་ཀྱི་མ་རེད།
IUDs གིས་འགོག་སྟངས་ལ་རིགས་གཉིས་ཡོད་པ་གཅིག་ནི་ཟངས་དང་གཞན་པ་དེ་ hormones རེད།
འདི་ཡིས་ཉུང་མཐའ་ལ་ལོ་ལྔ་ཙམ་འགོག་ཐུབ་ཀྱི་ཡོད་།
IUD འདི་རིན་གོང་ཆེ་སེ་རེད་འདུག་ད།
IUD ཞེས་པ་ནི་སྐྱེ་སྒོ་འགོག་བྱེད་ཟངས་ཀྱི་བཟོས་པའི་མོ་མཚན་ནང་འཇུག་རྒྱུའི་ཡོ་བྱད་ཆུང་ངུ་དབྱིན་ཡིག་གི་“T”ཞེས་པ་དེའི་དབྱིབས་ལྟ་བུ་ལ་བཤད་འདུག ཨ་སྒོར་༡༦༥ནས་༦༥༠ བར་གནས་ཀྱི་ཡོད་འདུག འདི་ལོ་བཅུ་གཉིས་བར་ཐུབ་ཀྱི་ཡོད་པར་བཤད། འདི་ནི་བཟའ་ཟླའི་དབར་དམིགས་པ་ཞིག་ལས། གང་བྱུང་འཆལ་སྤྱོད་ཀྱི་ཆེད་དུ་བཟོས་པ་ཞིག་མ་རེད། འཆལ་སྤྱོད་བྱས་ན་གོང་དུ་བཤད་པ་ལྟར་ནམ་ཞིག་ན་“ཨཱེཛ”འགོ་རྒྱུ་ངེས་པ་རེད།
IUD ནི་གོང་དུ་ཅིག་གིས་བཤད་པ་ལྟར་ཨཱེཛ་འགོག་མི་ཐུབ།
ཚེ་རིང་སྐྱིད་མོ་རང་ལ་ཆགས་སྤྱོད་གྱི་ཤེས་ཡོན་ཡོད་པས་རེད་མ་གཏོགས་སྔ་ས་ནས་ཚར་རེད། ངོ་མ་མོ་རང་གིས་ལུང་རིགས་ཀྱི་བསམ་ཚུལ་ལ་མོས་མཐུན་བྱས་བ་བཞིན་ཆགས་སྤྱོད་ཤེས་བྱ་གལ་ཆེན་རེད་ཏ། དེའི་ཐད་སྤྱི་ཚོགས་ཁྲོད་སྣེ་ཁྲིད་ནས་གོ་རྟོགས་རེ་སྤེལ་ཐུབ་ན་ཡག་པོ་རེད།
སྤྱི་ཚོགས་ཀྱི་གནད་དོན་ཁ་ཚ་དགོས་བཏུགས་མང་པོ་ཞིག་སྒེར་གྱི་ན་ཚས་སྨྱོས་པའི་མི་བུ་སྐྱག་གཟན་འགས་དུས་ནམ་ཡང་སྤྱི ཚོགས་རང་གི་གནད་དོན་བསམ་གཞིགས་དང་བླང་དོར་གྱི་ཆ་གང་ཡང་མི་བརྗོད་པར་དུས་ནམ་ཡང་སྒེར་ཁོ་ནའི་འདོད་པ་ཁེངས་བྱེད་ལ་སྒེར་གྱི་མི་གཞི་སོགས་ལ་དམའ་འབེབས་དང་མཐོང་ཆུང་གི་སྐད་ཆ་གང་མང་བཤད་ཀྱིན་འདུག
ཧོར་ཟེར་བ་ཁྱེད་ཀྱང་དེའི་ཁོངས་ནས་གཅིག་ཡིན་པའི་ར་སྤྲོད་བྱུང་ལ། གཉེན་སྒྲིག་བྱེད་ཟིན་པའི་མི་ཞིག་ལ་གང་འདོད་དུ་སྐད་ཆ་གང་འདོད་མ་བཤད་ན་ལེགས།
གོང་ནས་མི་ཁ་ཤས་ཀྱིས་བྱིས་པ་ཆུང་ཆུང་དེའི་པ་ལགས་ཀྱི་པར་དང་ཡང་ན་བུ་མོ་དེའི་མིང་ལ་ག་རེ་རེད་དམ་ལ་སོགས་པའི་སྐད་ཆ་འདྲ་མིན་བཤད་འདུག་མོད། ཡིན་ཡང་གནད་དོན་ནི་འདི་ཙམ་གཏན་ནས་མ་རེད་ལ་འདི་ཙམ་གྱིས་དཀའ་ངལ་དང་གནད་དོན་དེ་དག་སེལ་ཐུབ་པ་ཞིག་ཀྱང་གཏན་ནས་མ་ཡིན། བུ་མོ་ཆུང་ཆུང་འདི་ཁོ་ན་མ་ཡིན་པར་ཟླ་ཤས་སྔོན་ཡང་བསྐྱར་བུ་མོ་ལོ་༡༦་ཅན་ཞིག་གིས་ཀྱང་ཕ་མེད་པའི་བྱིས་པ་ཞིག་སྐྱེས་འདུག
ངས་བརྗོད་འདོད་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྣེ་མང་པོ་རུ་མེ་ཏོག་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་དམིགས་ཡུལ་དང་འཚོལ་སྙེགས་ངེས་ཅན་མེད་པར་རང་སྣ་གང་འདོད་ཀྱིས་མི་ཚེ་ནི་རྩེད་སྤྱད་ཅིག་གི་ཚོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ཡིད་སྐྱོ་བའི་གནས་སྟངས་འདི་རེད། འདི་ལྟ་བུའི་གནས་སྟངས་སྔོན་འགོག་ལ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལa་གྱིས་གསུངས་པ་བཞིན་སློབ་གསོས་མ་མདང་བ་རེད། ང་ཚོའི་སློབ་གསོ་དེ་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་ཡོད་མེད་སོགས་ལ་རག་ལས་པ་རེད། འདི་ལྟ་བུའི་གནས་ཚུལ་གཅིག་གཉིས་མ་ཡིན་པར་མང་པོ་འབྱུང་གི་འདུག
བུ་མོ་ཆུང་ཆུང་དེ་ལ་རོགས་རམ་རེ་བྱ་ཐུབ་ན་རབས་དང་མ་ཐུབ་ཀྱང་བུ་མོ་དེའི་མིང་སོགས་འདིར་མ་བཀོད་རོགས། འདི་ནི་སྣང་ཚུལ་ཞིག་རེད་ལ་ང་ཚོས་སྣང་ཚུལ་འདིད་ག་ངོ་ཤེས་པའི་ཐོག་གཟབ་གཟབ་བྱ་དགོས་པའི་བསླབ་བྱ་ལེན་དགོས་པ་ལས། ཅ་ཅོའི་སྐད་ཆ་གང་མང་གིས་གང་ཡང་ཕན་གི་མ་རེད།
ཨ་རི་ལྟ་བུ་ལ་ཡིན་ན་ཁོ་རང་གཉིས་ལོ་མཉམ་འདྲ་བོ་ཡིན་ན་། སྐྱོན་ཆེན་པོ་ར་ཡིན་ས་མ་རེད་། དེ་ཡིན་ན་་་སློབ་ཕྲུག་ལོ་ཚད་ ༡༣ ་ ༡༤ ་༡༥ ་ལྟ་བའི་སློབ་མ་དེ་འཚོའི་ནང་པུ་ལིས་སི་ཡོད་ས་ལ་འོ་བྱས་དགའ་རོགས་སྒྲིག་རེ་བརྩེ་ན་། མ་མཐོང་འདོག་འདོག་སྣང་མེད་རེད་།
ཚེ་རིང་སྐྱིད་ཟེར་བ་འདི་ངོ་ནས་བུ་མོ་ཅིག་རེད་དམ། མེ་ཏོག་ཟེར་བ་དེ་བུ་མོ་ཅིག་ཡིན་ཚོད་སྣང་། བུ་མོ་དེ་ཚོས་ངོ་ནས་སྤྱི་ཚོགས་ནང་དེའི་སྐོར་གྱི་ཤེས་བྱ་གོ་རྟོགས་སྤེལ་ཐུབ་ན་ཡག་པོ་འདུག དེ་དང་མཉམ་དུ་བུད་མེད་ཀྱི་འོས་འགན་ཡང་། ངས་བསམ་ཚུལ་ལ་དེང་སང་བོད་པའི་བུད་མེད་དེ་ཚོ་བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་ལ་འགྲོ་བ་མ་གཏོགས་བུད་མེད་ཀྱི་འོས་འགན་གང་ཡིན་ཇེ་སྡུག་དུ་འགྲོ་གི་འདུག་བསམ་གི དཔེར་ན། ནེའུ་ཡོག་ནས་བོད་ཀྱི་བུད་མེད་ཅིག་ལ་འཁོར་སྐབས། ཁྱོ་ཀས་གང་ཐུབ་ཇི་ཐུབ་ཀྱི་ནང་ལས་ཕྱི་ལས་ཡོངས་རྫོགས་ཁོ་རང་གི་ལས། སྐྱེས་མེད་ལ་ལས་ཀ་གང་ཡང་ལས་མ་བཅུགས་པར་སྨན་ཁང་ལ་ཡང་སེ་བསྟན། བུ་གུ་སྐྱེས་ཁ་དག་དག་ལ་སྨན་ཁང་གི་སྒོ་འགྲམ་ནས། རང་གི་བུ་གུ་ཐོག་མར་མིག་ལམ་ཏུ་ཤར་རྒྱུའི་དགའ་སྤྲོ་དང་། བུད་མེད་ཀྱི་ན་ཟུག་ལ་དངངས་སྐྲག་བཅས་འགྲན་བཞིན་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་བསྡད། ནད་གཡོག་མས་བུ་གུ་བཙས་ནས་ཁོ་རང་ནང་ལ་སྐད་བཏང་ནས་བསྟན་སྐབས། བུ་གུ་ནི་ནང་པོའི་བུ་གུ་ཅིག་ཡིན་པས། ཁོ་རང་ཧོན་འཐོར་ནས་ཉིན་ཁ་ཤས་རིང་ལས་ཀ་དང་ཟ་མ་ཟོས་པར་འདང་རྒྱགས་གི་ནང་དུ་ལྷུང་། མཐའ་མར་ཁོ་རང་གི་ཡིད་ཆེས་ཡོངས་རྫོགས་བརླགས་ནས་འབྲུག་ཡུལ་ལ་ཐོན་པའི་ལོ་རྒྱུས་ཡོད།། །།
གཞོན་ནུ་ཟླ་མེད་ཀྱི་སྐད་ཆ་དེ་བདེན་པ་རེད། བོད་ཀྱི་བུད་མེད་དེས་མི་ཚང་ཞིག་ཏུ་ནང་ལས་བྱས་སྐབས་སྒོ་སྲུང་བ་མི་ནག་ཞིག་ཡོད་པ་དེ་དང་མཉམ་དུ་གཟའ་ལྷག་པ་དང་ཕུར་བུ་ནམ་ཡིན་ལ་ལུས་འབྲེལ་བྱས་པ་ཡིན་སྐོར་མོ་རང་གིས་བཤད་འདུག
སྤྱོད་ཤེས་མཛེས་གསུམ་འཛོམས་པའི་བོད་མོ་ཚེ་རིང་སྐྱིད། ད་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་ནུ་མ་ཚོའི་ཁྲོད་ན་གཟེངས་སུ་ཐོན་བཞིན་པ་ཁྱེད་ཉིད་གཅིག་བུ་ཡིན། བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡང། སྐྱོན་འཛུགས་ཀྱི་སྡུག་དམོད་བྱས་ཀྱང། གང་ལྟར་རང་སྣང་མ་མཐོ་སེམས་ཤུགས་མ་ཆགས་མདུན་ནས་མདུན་དུ་བསྐྱོད་དང་། སླད་མེད་ཀྱི་ལྷག་བསམ་རྣམ་དག དྭངས་གཙང་གི་སྤྱི་སེམས་་དཀར་པོ། ནམ་ཡིན་ཡང་ཕམ་མི་སྲིད།
དམར་རྗེན་དུ་བཤད་ན་འཇིག་རྟེན་འདི་ན་ར་ག་བཏགས་རྒ་ ཡ་བཏགས་རྒྱ་ རྒྱ་ན་རོ་ལས་དབང་བཙན་པ་ཞིག་ཕོ་མོ་གཉིས་ཀ་ལ་གང་ཡང་ཡོད་ཚོད་མི་འདུག་་་་་་་་་་་་་་་་་་་་་་་་་་་་ བདེ་བ་ཡང་འདི་ཀས་སྦྱིན་ལ་སྡུག་བསྔལ་ཡང་འདི་ཀས་སྤྲོད་་་་་་་་་་་་་་་་་་་་་་་་ དྲང་པོ་བཤད་ན་གྲྭ་བ་དང་ཇོ་མོ་བྱེད་ན་ནི་མི་ཚེའི་ནང་ཉུང་དྲག་ཁྱིམ་ཐབས་དང་བུ་ཕྲུག་AIDS བཅས་ཡོད་ན་ནི་མང་དྲག་པས་འདི་དེ་འདྲའི་བཤད་བསླ་བ་ཞིག་ཡོད་ཚོད་མི་འདུག་་་་་་་་་་་་་་་་་ ང་ཚོའི་ཕ་མེས་ཡང་མེས་ནས་མདོར་ན་མིའི་འགྲོ་བ་ཆགས་པ་ནས་བཟུང་སྟེ་ང་ཚོ་ལ་ཐུག་གི་བར་དུརླབས་ཆེན་གྱི་མི་སྣ་ག་ཚོད་བྱུང་ཐ་ན་མིའི་རྣམ་དཔྱོད་འདི་ཡང་གནས་ཚུལ་དེའི་འོག་ནས་བྱུང་པ་ཡིན་ཙང་མཐའ་གཅིག་ཏུ་སྡུག་ཅག་མ་ཡིན་པ་ལྟ་བུ་ཞིག་་་་་་་་ད་དུང་གསང་སྔགས་་་་འོ་རེད་རེད་དེ་གཡུག་ཞོག་་་་་་་་་ ཡག་པོ་རེད་ལབ་པ་ལ་ནི་གནས་ཚུལ་འདིས་རྐྱེན་བྱས་ནས་མི་གསོད་ཁྲག་སྦྱོར་ག་ཚོད་བྱུང་་་་་མི་ག་ཚོད་སྨྱོ་་་་་་་མི་ཇི་ཙམ་གྱི་མི་ཚེ་ཆུད་ཟོས་སུ་བཏང་་་་་་་གཞན་དག་བཞག་ནས་ཕོས་ཕོ་ལའང་བཙན་གཡེམ་ཇི་ཙམ་བྱེད་་་་་་་མོས་མོ་དུ་ཙམ་གཙོང་་་་་་་ ཁྱད་ཆོས་ཕྱོགས་གཅིག་ནས་མི་བལྟ་བར་ཁྱོན་ཡོངས་ནས་ལྟ་ག་བྱས་ལེགས་ཉེས་རྣམ་གཞག་ཐམས་ཅད་འཇིག་ནས་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་ཆགས་འགྲོ་ས་རེད་་་་་་་་་་ ཨ་ཙི་འུར་ཤོབ་ཡིན་མ་གཏོགས་དེ་འདྲ་ཐམས་པ་ད་ག་པ་ག་པ་་་་་་་་་་་་
སྔོན་མ་འཛིན་གྲྭ་གཅིག་གི་སྐབས་སུ་ཨར་མོ་ཁ་ཤས་ཀྱིས་ IUDs ཡག་པའི་ཡག་རབས་བཤད་སོང་།
འདི་ལ་ Side effects ཤིན་ཏུ་ཉུང་རབས། སྨན་ཟ་དགོས་ན་Side effects མང་རབས། འདི་དར་སྲོལ་ཆེ་རུ་འགྲོ་འི་ཡོད་རབས། སྨན་རིལ་ཟ་དགོས་དུས་དྲན་པ་བརྗེད་འགྲོ་རབས་མང་པོ་ཞིག་བཤད་སོང་།
རྒྱ་ནག་ཏུའང་འདི་དར་སྲོལ་ཆེན་པོ་རེད་འདུག
གོང་ཚད་དེ་འདྲ་ཡིན་པར་ད་ལྟ་མ་གཏོགས་ཤེས་མ་སོང་། གཅིག་བྱས་ན་རྒྱ་གར་ལ་གོང་ཆུང་ཆུང་ཡོད་སྲིད།
བུ་མོ་འགའ་འདོད་པས་བཟི་ན་སྨན་ཟས་ཡོད་མེད་ཀྱི་བསམ་བློ་གཏང་པའི་དུས་ཚོད་ཡོད་ལོ། ཧཧཧ།
ཕྲུ་གུ་དགོས་དང་འདོད་ཆགས་དགོས་དང་འགོས་ནད་དགོས་སོགས་ཀྱི་གདམ་ཀ་མ་ནོར་བ་ཞིག་དགོས་ནི་རེད། ངོ་མ་བཟི་སོང་ན་མཇེ་ཤུབས་གོན་དགོས་མིན་ཡང་བསམ་བློ་ལ་འཁོར་གྱི་མ་རེད། ཚོར་བ་འདི་དག་ཁོང་ཁྲོ་ཤུགས་ཆེན་པོ་ལངས་པའི་གནས་སྐབས་དང་གཅིག་འདྲ་མིན་ན། རང་ལ་རང་དབང་ཞེ་དྲག་མེད་པ་ཆགས་འགྲོ་གི་འདུག འདི་མི་ཚང་མ་ལ་འདྲ་མཉམ་གྱིས་ཡོང་གི་ཡོད་ས་མ་རེད། ལས་ངན་ང་ལྟ་བུ་བཟི་སོང་ན་མིག་མདུན་ལ་ཉེན་ཁ་ཅི་ཡང་མཐོང་གི་མ་རེད།
རེད་རེད། ངས་དམིགས་སུ་བཀར་ནས་མཇེ་ཤུབས་ནང་བཞིན་འགོས་ནད་བཀག་མི་ཐུབ་པར་བྲིས་ཡོད།
འགོག་ཐབས་འདི་དག་ཤོད་དུས་ངེས་པར་དུ་འགོས་ནད་འགོག་གི་ཡོད་མེད་ཡང་ཤོད་དགོས་པར་བཤད།
ངེད་ཚོ་བོད་སྨན་ལ་ side effects ཡོད་མ་རེད་ཟེར་ཏེ་སྤོབས་མཐོན་པའི་ཐོག་ནས་ཤོད་ཀྱི་འདུག
འདི་གར་སྨན་གྱི་དགེ་རྒན་ཆེན་མོ་ཞིག་གིས་སྨན་ལ་side effects མེད་ན་སྨན་ལ་རྫས་ཀྱི་ནུས་པ་ཅི་ཡང་མེད་པ་རེད་ཟེར་སོང་། ངས་བོད་སྨན་མི་ཤེས་ལ་མཐའ་ན་side effects འདི་བོད་སྐད་ལ་ཅི་ཟེར་མི་ཤེས། རོགས་པ་གྱིས་དང་།
རྩོམ་ཡིག་འདིའི་ཁ་བྱང་ལ། སྐྱེས་པ་ཚོ་སྙིང་རྗེ་ཡོད་པ་བྱ་རོགས། ཟེར་འདུག ང་ཁ་བྱང་འདི་མཐོང་དུ་ནང་འཐོམ་སེ་འགྲོ་གི་འདུག ཁ་བྱང་འདིས་ཟེར་ན། དང་པོ་བུ་མོ་ཚོ་ལ་མགོ་སྐོར་མ་གཏོང་ཟེར་གི་ཡོད་དམ། ཡང་བུ་མོ་ཚོ་དང་ཆགས་པ་མ་སྤྱོད་ཟེར་གི་ཡོད་དམ། ཡང་ན་ག་ལེ་ག་ལེ་བྱས་ཟེར་གི་ཡོད་དམ། གང་ལྟར་ན་ཡང་ང་འཐོམ་འགྲོ་གི་འདུག འདོད་བདེ་ནི་ཕོ་མོ་ཕྱོགས་གཉིས་ཀ་ལ་དགོས་གི་ཡོད་ཚོད། སྐྱེས་པ་ཚོས་དམིགས་བསལ་གྲིས་བཙུགས་པ་ནི་ཡིན་རྒྱུ་མ་རེད། དེ་མགོ་འཇམ་པོ་དེས་བཙུགས་པ་ཡིན་རྒྱུ་རེད། དེ་བུད་མེད་ཚོ་ལ་ཡང་དགོས་གི་ཡོད་ཚོད་དུ་སྣང་། དེ་མིན་བྱིས་པ་སྐྱེས་ཚེ་ཕྱོགས་གཉིས་ཀ་ནས་བལྟ་རྟོགས་བྱེད་དགོས་སྙམ།། །།
ངའི་གོ་ཐོས་ལ། དེང་སང་བོད་རིགས་གཞོན་སྐྱེས་མང་པོས་འགྱིག་ཤུབས་མེད་པར་སྨད་འཚོང་མར་ཡང་འཁྲིག་སྤྱོད་བྱས་པའི་ལོ་རྒྱུས་གོ་ཐོས་བྱུང་། ང་ནི་ཧང་སང་བྱུང་། མི་དེ་ཚོ་ཏན་ཏན་སྨྱོན་པ་རེད། སྤྱི་ཚོགས་དང་བོད་སྤྱི་པའི་བསམ་མནོ་ཕར་ཞོག་རང་གི་སྲོག་ལའང་གཅེས་འཛིན་མེད་པ་འདི་ཡ་མཚན་རེད། ཁོང་ཚོས་སྨད་འཚོང་མའི་སར་སོང་ནས་འགོ་ནད་འཁྱེར་ཡོང་སྟེ་བོད་པའི་སྤྱི་ཚོགས་ནང་ཁྱབ་སྤེལ་བྱས་ཏེ་ཞལ་འདེབས་ཡག་པོ་འབུལ་གྱི་འདུག
རྗེས་མ་བོད་པའི་གཞོན་སྐྱེས་ཚང་མར་ཨཱེཛ་འགོས་ནས་གྲྭ་བཙུན་གྱི་ཁུ་ཁྲག་གིས་ཕྲུག་གུ་བཟོ་དགོས་པའི་དུས་ཚོད་ཅིག་མི་ཤར་བའི་ངེས་པ་དཀོན་མཆོག་མི་འདུག་ད།
ནིའུ་ཡོག་ཏུ་ཡོད་པའི་བོད་པའི་བུད་མེད་གཞོན་ནུ་མ་ཞིག་གིས་འགྱིག་ཤུབས་མེད་པར་ཕོ་གསར་མང་པོ་དང་ལུས་འབྲེལ་བྱས་ཏེ། ཕྲུག་གུ་ཐེངས་གསུམ་འཁོར་ནས། གསུམ་ག་མངལ་འདོན་བྱས་ཞག
གནས་ཚུལ་འདི་ཚོ་ཞེ་དྲག་ཐབས་སྐྱོ་པོ་རེད། ཆོས་ཕྱོགས་ནས་བཤད་པ་ཡིན་ན། མོས་མི་གསུམ་བསད་པ་རེད། ངས་བུ་མོ་དེ་བདུད་མོ་རེད་ལབ་པ་ཡིན།
གནས་ཚུལ་འདི་དག་ནི་སྣང་མེད་བྱས་པའི་ཉེས་འབྲས་ཙམ་ལས། སྔོན་འགོག་བྱེད་མི་ཐུབ་པའི་ཁག་པོ་ཞིག་མ་རེད།
ཡང་། མོན་གྷོ་གཞིས་ཆགས་སུ་རྨོ་ལགས་ཤིག་ལའང་ཨཱེཛ་འགོས་པའི་སྐད་ཆ་གོ་ཐོས་བྱུང་། དེ་ཡང་ཕོ་གསར་མགོ་སྟོང་དེ་ཚོས་བྱས་འདུག
ངའི་ངོ་ཤེས་པ་ཞིག་ལྡི་ལི་རུ་ཨཱེཛ་ནད་ཚས་གྲོངས་ཚར་འདུག ལོ་ཆེན་པོ་མ་རེད།
འདི་ཚོ་ཚང་མ་གཟབ་གཟབ་མ་བྱས་པའི་སྐྱོན་རེད།
ཐུགས་རྗེ་གཟིགས། མི་རིགས་ལ་བསམ་བློ་བཏང་ནས་ཡིད་གཟབ་གནང་རོགས། འདི་ཆོས་བཤད་མིན།
ཡང་བསྐྱར་བསམ་འཆར་ཞིག་ཡོད།
ད་ལྟ་ང་ཚོའི་སྤྱི་ཚོགས་ད་དུང་བོད་མི་ནད་མེད་གཟུགས་པོ་བདེ་ཐང་ཡིན་པ་ཆེས་མང་པོ་ཡོད་རེད། མ་འོངས་པར་གོང་དུ་ཞུས་པ་ལྟར་གནས་ཚུལ་ཐབས་རྡུགས་འོངས་མི་སྲིད་པ་མ་རེད། དེར་བརྟེན་མ་འོངས་བོད་ཀྱི་སོན་རྩར་སྨན་ཁང་དུ་འཁྱག་སྒམ་ནང་ཁུ་ཁྲག་གསོག་ཉར་བྱེད་ཐུབ་ན་ཡག་པོ་ཡོད་རེད་སྙམ།
འོན་ཀྱང་གོ་ཐོས་ལ། སྒོ་ང་དང་ཁུ་བ་དེ་དག་ལོ་ལྔ་ལྷག་སྡོད་མི་ཐུབ་ཟེར་མཁན་ཡང་འདུག ང་རང་གིས་མཐོང་བར་གཞིགས་ན་ལོ་བཅུ་སྡོད་ཐུབ་པར་བཤད་འདུག གང་ལྟར་དེ་ཚོར་ཡང་སྤྱི་སྒེར་ནས་བསམ་གཞིགས་གནང་ཐུབ་ན་ཕན་ཐོག་ཅུང་ཟད་ཡོད་རེད་སྙམ།
མི་ཁ་ཤས་ཀྱི་སྐད་ཆའི་ནང་ནས་ཆོས་བཤད་གང་ཡིན་དང་དེ་མིན་པ་གང་ཡིན་གཉིས་ཀྱི་བར་ཁྱད་དེ་འབྱེད་ཁག་པོ་ཞེ་དྲག་འདུག་་་་་་་་་་་་་་་་་་་་ འདི་བྱོས་ཤིག་དང་འདི་བྱ་མི་རུང་ཞེས་ཧ་ལམ་བཞུགས་ཁྲིའི་སྟེང་དུ་འགྱིངས་ནས་ཆོས་བཤད་མཁན་གྱི་བླ་མ་དེ་དག་གི་བྱེད་སྟངས་རང་བྱེད་ཀྱི་འདུག་་་་་་་་་་་་ སྐད་ཆ་བཤད་སྟངས་རང་གི་ངོས་ནས་བཞིགས་ན་ཐལ་དྲག་པའི་བཟོ་འདྲ་འདུག་ཀྱང་དེའི་རྒྱབ་ལ་གཅིག་བྱས་ན་བཅོས་མ་མ་ཡིན་པའི་ལྷག་བསམ་ཞིག་ཡོད་མདོག་ཁ་པོ་འདུག་་་་་་་་་་་་་ མ་གཞི་ང་ཚོ་བོད་པ་ཕྱི་རྒྱལ་བ་འཚོ་དང་བསྡུར་ན་ཤེས་བྱ་ཡོན་ཏན་དེ་ཙམ་མེད་རུང་མི་ཁ་རི་ཁ་ཐུག་ཡིན་ཙང་ལས་ཀ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་འདྲ་ཆགས་པོ་མེད་ནའང་དྲང་པོ་དྲང་གཞག་ཡོག་རེད་་་་་་་་་་་་
བཟང་ཕྱོགས་ནས་བཤད་ན་ཁ་རི་ཁ་ཐུག་ཟེར་ཡང་དེ་ལ་ལྟ་ཚུལ་གཞན་ཞིག་གི་ཐོག་ནས་ཀྱངབཤད་ཡག་ཡོག་རེད་དེ་བློ་བུར་དུ་བཤད་འདོད་མེད་པ་ཞིག་ཆགས་སོང་་་་་་་་་་་་་་་་་་་
༼ཨཱེཛ་སྔོན་འགོག༽
༡༽ ཁབ་དང་། ས་འཁྲུད་སོགས་གང་བྱུང་བེད་སྤྱོད་བྱེད་མི་རུང་བ་ནི་ཡོངས་གྲགས་དང་། སྨན་ཁང་ཐེབས་ཆག་དེ་འདྲ་ལ་འགྲོ་དུས་ཁབ་སོ་སོས་ཉོས་ནས་ཕྱིན་ན་ཡག་པོ་ཡོད་རེད།
༢༽ སོའི་སྨན་ཁང་ལ་འགྲོ་དུས་ངེས་པར་ཐུགས་སྣང་དགོས་འདུག རང་གཞན་ཚང་མས་འདི་ལ་ལྷོད་ཡེངས་ཤོར་གྱི་འདུག ཁོ་ཚོས་སོའི་འཕྲུལ་དེ་ཚོ་གཙང་མ་བཟོ་གི་མི་འདུག
༣༽ སྐྲ་བཞར་བའི་སར་འགྲོ་དུས་ངེས་པར་ཐུགས་སྣང་གནང་དགོས་འདུག སྐྲ་བཞར་བས་སྐྲ་གྲི་དང་འཕྲུལ་ཆས་དེ་དག་གཙང་མ་བཟོ་གི་མི་འདུག ཁེ་ན་ཌའི་སྐྲ་བཞར་བ་དེ་ཚོ་མང་ཆེ་བ་རྒྱ་མི་དང་། རྒྱ་གར་བ། མེཀ་སི་ཀན་སོགས་ཤེས་ཡོན་མེད་པའི་མི་ཤ་སྟག་རེད། ཁོང་ཅག་གི་བཞར་གྲི་དེ་དག་རྩ་བ་ནས་སྨན་ཆུས་གཙང་མ་བཟོ་གི་མི་འདུག ཁེ་ན་ཌའི་འཕྲོད་བསྟེན་ལྷན་ཁང་གིས་ཀྱང་དེ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག ཡི་གེ་ཞིག་གཏོང་དགོས་བསམ་བསྡད་ཡོད།
ང་རང་སྒེར་གྱི་ངོས་ནས་བལྟས་ན། སོའི་སྨན་ཁང་དང་། སྐྲ་ཁང་གཉིས་ཉེན་ཁ་ལྗིད་ཤོས་སུ་མཐོང་གི་འདུག
ལྷ་རམས་པ་ལགས་ཁུ་བ་དེར་རྣམ་ཤེས་ཡོད་པ་འི་རེད་། གལ་ཏེ་ཁུ་བ་དེར་རྣམ་ཤེས་མེད་ན་། བསམ་བཞིན་ཏུ་ཁུ་བ་འབྱིན་པའི་ཉེ་བ་དེ་ཅིའི་ཕྱིར་། ཁུ་བ་དེར་རྣམ་ཤེས་གནས་ཡོད་པ་ཡིན་ན་། རྣམ་ཤེས་དེ་འཁྱག་སྒམ་ནང་ལོ་བཅུའི་རིང་སྡུག་བསྔལ་མྱོང་གི་རེད་དམ་། སྡུག་བསྔལ་མྱོང་དགོས་ཡོད་ན་། སྡིག་པའི་ལས་ཞིག་འགྲོ་།
ནོར་བཅས་་་་་ སྡིག་པའི་ལས་ཞིག་ཡིན་འགྲོ་།
མེ་ཆ་ལགས།
ཆོས་ཕྱོགས་ནས་བཤད་ན་ཁྱེད་ཀྱི་དོགས་པ་ཡག་པོ་ཅིག་འདུག
ངེད་ནས་མཆན་དེ་མ་བཞག་གོང་། གྲོགས་པོ་ཞིག་ནས་དོགས་གཅོད་དེ་གནང་སོང་།
ང་རང་གི་རྨོངས་འཆར་དེ་ཞུ་གི་ཡིན།
ཚན་རིག་གིས་ཕྲ་མཐོང་ཆེ་ཤེལ་གྱིས་བལྟ་དུས་ཁུ་བའི་རྡུལ་ཕྲན་དེ་དག་འགུལ་སྐྱོད་རྒྱག་པར་བལྟས་ན་སྲོག་ཆགས་ཕྲ་མོ་དེ་འདྲ་ཡིན་པའི་བཟོ་འདྲ་པོ་ཞིག་འདུག་ག
འོན་ཀྱང་ངེད་རང་གི་བསམ་ཚུལ་ལ། ཁུ་ཁྲག་གཉིས་ཕྲད་ན་མ་གཏོགས་རྣམ་ཤེས་ཡོད་མ་རེད་སྙམ།
སྤྱིར་བཏང་གལ་ཏེ་ཁུ་རྡུལ་ཕྲ་མོ་དེ་དག་སྲོག་ཆགས་ཡིན་པའི་དབང་དུ་བཏང་ཀྱང་། དེ་ནི་ཤིན་ཏུ་ཕྲ་བ་ཡིན་ཙང་། བསྒྲུབ་ཏུ་མེད་པ་ལ་སངས་རྒྱས་ཀྱིས་བཅད་པ་མཛད་ཡོད་མ་རེད།
བསམ་བློ་དེ་འདྲ་བཏང་ན་གོམ་པ་རྒྱག་པ་དང་། ཁ་ལག་ཟ་བ། གཅིན་སྐྱག་གཏོང་སོགས་ཀྱང་བྱེད་མི་རུང་བའི་གནོད་བྱེད་འོང་གི་རེད། གང་ལགས་ཤེ་ན། དེ་དག་གི་ནང་དུའང་སྲིན་འབུ་ཕྲ་མོ་གྲངས་ལས་འདས་པ་ཡོད་རེད། གང་ལྟར་ཁྱེད་ཀྱི་དོགས་པ་དེ་ཡག་པོ་ཞེ་དྲག་འདུག
བགྲང་ལས་འདས་པ། ནོར་བཅོས།
བསམ་བཞིན་དུ་ཁུ་བ་འབྱིན་པ་དགེ་སློང་ལ་ལྷག་མར་གྱུར་བ་ནི་ཁུ་བའི་ཕྲ་གཟུགས་(sperm)རེ་རེ་ལ་སྲོག་ཡོད་ཙང་ཨེ་ཡིན་་་་་་ དེ་འདྲ་ཡིན་ན་རྨི་ལམ་ལ་ནི་མ་གཏོགས་སོ་ཞེས་རྨི་ལམ་གྱི་བར་དུ་ཁུ་བ་བྱུང་བ་དམིགས་སུ་བསལ་དགོས་དོན་དེ་ཅིའི་ཕྱིར་ཡིན་ནམ་? མ་གཞི་ནས་འདུལ་བའི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཟེར་ནས་མགོ་བཏགས་ཞུ་དགོས་པ་ལ་རྒྱུ་མཚན་ཡོད་ཀྱི་རེད་པ་་་་་་་་ ལར་ནས་ཁུ་བའི་ཕྲ་གཟུགས་(sperm)རེ་རེའི་ངོས་ནས་བཤད་ན་དེ་དག་སྒོ་ངའི་ནང་(egg)འཛུལ་རྒྱུ་ཚང་ག་རྒྱབ་ནས་འགྲོ་བ་ལྟ་བུ་འདུག་པས་ཐོག་མར་འདི་ལ་རྣམ་ཤེས་ཡོད་ཐག་ཆོད་རེད་སྙམ་པ་ལོས་ཤར་་་་་་ འོན་ཀྱང་ངེས་དགོས་པ་ཞིག་ལ་དངོས་པོ་མང་པོར་རྣམ་ཤེས་ཡོད་པ་ལྟ་བུའི་བྱ་བ་བྱེད་རུང་གི་རང་བཞིན་གྱི་འགུལ་ཤུགས་(mechanism)བྱ་བ་ཞིག་ཡོད་ཚོད་འདུག་པས་ཁུ་གཟུགས་དེ་དག་ལའང་དེ་གའི་རྐྱེན་བྱས་པ་མིན་ནམ་སྙམ་མོ་་་་་་་་་་་་་་་་་་་་་་
བཏང་ཡང་། ནོར་བཅོས།
ངེད་ཀྱི་གོང་གི་མཆན་དེའི་ནང་ནོར་བ་མང་པོ་འདུག དགོངས་དག
ཁུ་གཟུགས་(sperm)དེ་དག་འགུལ་བསྐྱོད་བྱེད་པ་དེ་རྣམ་ཤེས་ཀྱིས་བསྐུལ་བ་ཡིན་ནམ་ཡང་ན་རང་འགུལ་(mechanism)གྱིས་ཐོག་ནས་བྱུང་བ་གང་ཡིན་བརྗོད་དཀའ་བ་ཞིག་རེད་་་་་་་་་་་་་་་་་་་ ཡོངས་གྲགས་ལ་སེམས་མི་ལྡན་ཟེར་བའི་རྩེ་ཤིང་ཁ་ཤས་ཀྱིས་ཀྱང་སྲོག་ཆགས་ཟ་བ་སོགས་འདུག་མོད་དེ་དག་ལ་རྣམ་ཤེས་ཡོད་ཚོད་མི་འདུག་་་་་་་་་་་་་་ དཔེ་ཡག་ཤོས་ནི་སོ་སོའི་ལུས་པོ་རང་རེད་་་་་་་གཉིད་ཁུག་པའི་སྐབས་སུ་གཟུགས་པོས་དབུགས་འབྱུང་རྔུབ་དང་ད་དུང་ཕྲ་རུ་བཏང་ན་ཀླད་པའི་ལས་ཀ་བྱེད་སྟངས་སྙིང་གི་ལས་ཀ་བྱེད་སྟངས་བཅས་ཀྱང་མི་དེ་མ་ཤི་བར་རང་འགུལ་གྱིས་བྱུང་བ་དེ་དག་ཀྱང་(mechanism)རང་ལས་བྱུང་བ་རེད་སྙམ་་་་་་་་་་་་
མདོར་ན་ཁུ་བ་དང་དེའི་ཕྲ་གཟུགས་གཉིས་ཀ་ལ་རྣམ་ཤེས་ཨེ་ཡོད་་་་་་་་་་་་་་་་་་་་་་་་་་་་་
མི་སུ་ཡིན་ཡང་རང་ཉིད་ཡག་པོ་དང་རང་ཉིད་རང་གི་འདོད་པ་ཁེངས་པ་ཞིག་བྱ་དགོས་བསམ་ཡོད་པ་ལས། དུས་མ་རན་པར་བྱིས་པ་སྐྱེས་པ་དང་ནད་རིགས་སྡུག་ཅག་དེ་འདྲ་དགོས་བསམ་མཁན་ངས་ལྟོས་ན་སུ་ཡང་ཡོད་པ་མ་རེད་བསམ་གྱིན་ཡོད། ཡིན་ན་ཡང་འདི་དག་ནི་ནམ་རྒྱུན་མི་སོ་སོའི་འཚོ་བའི་ཁྲོད་ཀྱི་འཕྲོད་བསྟེན་རག་ལས་ཡོད་པ་དང་། འཕྲོད་བསྟེན་དེ་ཇི་ལྟར་བྱ་དགོས་པ་དང་མི་སོ་སོའི་གོམས་གཤིས་སུ་གྱུར་བར་ཟབ་སྦྱོང་དང་སྦྱོང་བརྡར་སྤྲོད་དགོས་ཀྱིན་ཡོད་པ་རེད། སྔོན་ཆད་རང་ཉིད་སློབ་གྲྭར་ཡོད་དུས་དགེ་རྒན་གྱིས་རྫས་འགྱུར་ཁྲོད་ཟླ་མཚན་དང་ཁམས་དཀར། ད་དུང་མཚན་མའི་ཆགས་ཚུལ་དང་བྱེད་ནུས་སོགས་སློབ་ཁྲིད་བྱ་སྐབས་སློབ་གྲོགས་ཚང་མ་ངོ་ཚ་ནས་དགེ་རྒན་གྱི་གསུངས་ལ་ནན་ཏན་དང་དེ་ཤེས་བྱ་ཞིག་རེད་བསམ་ནས་ཉན་མཁན་དཀོན་པོ་ཡོད་པའི་ཚཽར་བ་བྱུང་སོང་ལ། སྐབས་དེ་དག་ཏུ་རང་གི་ངོ་གདོང་ཡང་དམར་པོ་ཆགས་འགྲོ་གིན་འདུག དེ་བཞིན་འཕྲོད་བསྟེན་ལྷན་ཁང་སོགས་ནས་འཁྲུག་སྤྱོད་ཀྱི་སྐོར་ལ་ཟབ་སྦྱོང་སྤྲོད་དུ་ཡོང་དུས་ཀྱང་དེར་དགོས་མིན་ཞིག་ཏུ་འདོད་དེ་ཉན་དུ་མ་སོང་བ་སོགས་བྱེད་མྱོང་། ཡིན་ཡང་ད་ལྟ་བསམ་བློ་བཏང་ན་ལོ་ཆུང་དང་སློབ་མ་ཚོར་དེའི་སྣང་བ་ཡོད་སྲིད་པས་འདི་ལྟ་བུའི་བསམ་བློ་དང་ལྟ་སྟངས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་ལ། དེ་ཡང་གཞི་རྩའི་སློབ་གསོ་དང་བསམ་བློ་གོང་འཕེལ་བཏང་ནས་མིའི་རིགས་ཀྱི་འཚཽ་སྡོད་ཀྱི་དགོས་མཁོ་དང་སྙིང་བོ་སོགས་ཀྱི་ངེས་ཤེས་གསལ་བོ་བཟོ་དགོས་པར་འདོད།
གོང་དུ་མི་མང་པོས་ཆོས་བཤད་མང་པོ་བྱས་འདུག་ལ་ད་དུང་ཁྲིམས་ལུགས་ལྟ་བུའི་མཐའ་གཅོད་ཀྱང་བྱས་འདུག ཡིན་ཡང་གོང་ནས་ངས་བརྗོད་པ་བཞིན་མི་སུ་ཡིན་ཡང་མ་ལེགས་པ་དང་མ་འདོད་པ། མི་འཛེས་པ། མི་ཞིམ་པ་སོགས་ཀྱི་བྲོ་བ་མྱོང་ན་འདོད་གི་ཡོད་མི་སྲིད། མི་ཚང་མར་བྱ་བ་ལམ་འགྲོ་དང་བར་ཆད་མེད་པ། གང་མཛེས་གང་ཡག་ཡོག གང་ཞིམ་གང་དགའ་བྱ་མི་འདོད་མཁན་མེད་ཀྱང་གནས་ཚུལ་མང་པོ་ཞིག་གློ་ཡུལ་ལས་འདས་པ་ཁོ་ན་ཡིན་པས་འདི་དག་ལ་ཆོས་བཤད་དང་ཁྲིམས་ལུགས་ཀྱིས་ཡོང་གི་མ་རེད། འདི་དག་ནི་སློབ་གསོ་དང་འཕྲོད་བསྟེན་སོགས་རང་གི་ནམ་རྒྱུན་འཚོ་བའི་ཁྲོད་དུ་རྒྱུན་གོམས་ལ་སྦྱོང་བརྡར་སྤྲོད་དགོས་པ་རེད།
ཨེཛེ་ན་ཚའི་རིགས་ལ་ང་སྔོན་ཆད་དུས་བབ་ཏུ་ཡོད་སྐབས། སྨན་རམས་པ་དང་འཕྲོད་བསྟེན་ལྷན་ཁང་། སྒེར་གྱི་སྨན་ཁང་དང་རོགས་སྐྱོར་ཚོགས་པ་སོགས་སུ་སོང་ནས་ཞིབ་མཇུག་གི་བཅར་འདྲི་དང་ཡིག་ཆ་བསྔགས་པ་སོགས་བྱས་པ་ཡིན། སྐབས་དེར་སྡོམ་རྩིས་བརྒྱབ་ན་རྡ་སའི་གཡས་གཡོན་དུ་མི་༣༠༠་གཡས་གཡོན་ལ་ན་ཚ་དེ་ཡོས་པའི་ངོས་འཛིན་གསལ་བོ་སྨན་རམས་པ་ཚོས་བྱས་བྱུང་། དེ་བཞིན་སྐབས་དེར་ཨེཛེ་ནད་རིགས་དེའི་ཁྲོད་དུ་རྐྱེན་འདས་སུ་སོང་བའི་བུད་མེད་གཞོན་ནུ་མ་གསུམ་དང་སྐྱེས་པ་གཅིག་བཅས་ཀྱི་བརྙན་ཕབ་སོགས་ཀྱང་མཐོང་བྱུང་བས་ཉིན་དེ་དག་ལ་རང་གིས་མི་སུ་ཞིག་མཐོང་ཡང་རྣམ་རྟོག་དང་ལོག་ལྟ་བྱ་བར་ཐལ་འགྲོ་བའི་རྒོད་བྲོ་བའི་རྣམ་པ་མང་པོ་བྱུང་སོང་། གང་ལྟར་འདི་དག་ཚང་མར་ང་ཚོས་སྤྱི ཚོགས་ཕྱོགས་སོ་སོ་ནས་དོ་སྣང་དང་འགན་ལེན་དགོས་པར་སྣང་།
སྔར་ལོའི་སྤྱི་ཟྐ་བཅུ་བའི་ནང་ང་རང་ཉིན་ཧོང་གི་གསར་འགོད་པ་ཞིག་དང་གླེང་མོལ་བྱུང་ལ་http://www.tibettimes.net/blogs.php?id=22&post_id=388 འདིར་གཟིགས་རོགས་ཞུ།
གསར་འགོད་པ་འདིའི་བསམ་ཚུལ་ལས་ངས་གཞི་ནས་རྡ་སའི་གཡས་གཡོན་གང་སར་རྒྱུག་ནས་གནས་ཚུལ་འདིའི་སྐོར་ཞིབ་འཚོལ་བྱས་པ་ཡིན།
http://www.tibettimes.net/news.php?cat=11&cp=2&&id=59
འདི་ལ་ཡང་ཅིག་གཟིགས་རོགས་ཞུ
༄༅།། ཚེ་རིང་སྐྱིད་ལགས་ཁྱེད་ཀྱིས་སོམས་དང༌། ང་ཚོའི་གཞལ་དཔེར། མོ་ཁྱི་མཇུག་མ་མ་གཡུག་ན། ཕོ་ཁྱི་རྣ་ཅོག་ཅི་ལ་བཀྲོང༌། ཞེས་པ་ལྟར་བུ་མོ་རང་ངོས་ནས་རང་ཚུགས་མ་ཟིན་པར་གཡམ་རྒྱུགས་དང་ཕྲན་གྱི་བདེ་བ་གཟས་ནས་ཁོ་བོ་དང་བསྡོངས་པ་ནི་ཅི་ནས་འགྱོད་དགོས་སམ༌།། དེ་ལ་ཁོ་བོ་ནི་དེ་ཙམ་ཡ་ང་མི་སྐྱེ་འོ༌།། མ་རེད་དམ༌། ཁྱེད་ལ་དེ་ལས་གཞན་པ་གསུང་རྒྱུ་ཡོད་དམ༌།།
བློ་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་ཚེ་རིང སྐྱིད་ལགས་དང་ འདིར་ཕེབས་པའི་དྲ་གྲོགས་རྣམས་པ་ཚང་མར་ བཀྲིས་བདེ་ལེགས་ཀྱི་མཚམས་འདྲི་ཞུ་། ཚེ་རིང་སྐྱིད་ལགས་ནས་དེང་དུས་རང་མི་རིགས་དང་སྤྱི་ཚོགས་ནང་དངོས་ཡོད་ཀྱི་དཀའ་ངལ་འདི་རིགས་ཁྱབས་བདལ་ཡོང་དཞིན་པ་་དེ་དག་འགོགས་ཆེད་ཀྱི་གླེང་གཞི་ཧ་ཅང་གལ་ཆེ་པོ་ཞིག་ཁ་བརྡའི་གླེང་སྟེགས་འདི་ཐོག་བཏོན་པར་ཐུགས་རྗེ་ཤིན་དུ་ཆེ་ཞིང་ དེང་སང་བཙན་བྱོལ་སྤྱི་ཚོགས་ཀྱི་བེུད་ནང་ཁྱེད་ལྟ་བུའི་བོད་ཡིག་གི་གནས་ཚད་མཐོན་པོ་འདི་ལྟར་ཡོད་པ་དང་ དགོས་སར་བེད་སྤྱོད་གཏོང་ཁན་འཕྲན་ནས་ནི་ཤིན་དུ་དཀོན་པར་སྣང་ན་དེའི་ཕྱིར་ ཁྱེད་ནི་རང་རིགས་གཞོན་སྐྱེས་ཕོ་མོ་ཚོར་རང་རེའི་མཐུན་མོང་མ་ཡིན་པའི་སྐད་ཡིག་ཕྱུག་པོ་ངོམས་སུ་་ཆོག་པ་དེར་སྦྱང་རྩོན་བྱ་རྒྱུའི་སེམས་འགུགས་ཐེབས་པའི་མིག་དཔེ་བཟང་པོ་ཞིག་ཏུ་སྐུར་བར་འོས་པ་ན་ཁྱེད་ལ་དམིགས་བསལ་ཡིད་སྨོན་གྱི་ལེགས་བསུ་ཞུ་ དེ་བཞིན་གླེང་གཞི་འདི་ཐོག་རང་མི་རིགས་དང་སྤྱི་ཚོགས་ཀྱི་ཕན་དོན་དུ་དྲ་གྲོགས་ཚང་མ་ནས་སྐབས་རེ་སེམས་སྐྱོ་བ་དང་ སྐབས་རེ་ཁོང་ཕྲོ་ལང་བ་ ཡང་སྐབས་རེ་ ཡ་ཚན་པོ་ཧ་ལས་ཧོན་ཐོར་བ་ སྐབས་རེ་རྒོད་དྲོ་པོ་བཞད་རྒད་ཀྱི་སྒྱུ་མ་ན་རུ་འཇུགས་པ་སོགས་གང་སྟར་གླེང་གཞིའི་ཐོག་རྣམས་པ་ཚང་མས་རང་རེའི་སྤྱི་ཚོགས་ལ་ཕན་ཆེད་བསམ་ཚུལ་དང་ སློབས་གསོ་ དངོས་འབྱུང་གི་ལོ་རྒྱུས་སོགས་དོན་དུ་སྒོ་གང་ས་ནས་དཀའ་ངལ་འདི་རིགས་སེལ་ཆེད་དུ་ལེགས་སྐྱེས་ལྷུག་པོ་ཕུལ་བར་སྔོན་ནོ་ ཤེས་རྨོངས་བདག་གི་བསམ་ཚུལ་དུ་ཡང་ རང་རེ་སློབ་གྲ་ཁག་དང་ སྒྲིགས་འཛུགས་ ཁ་ཐོར་དུ་གནས་པའི་བོད་པའི་སྤྱི་ཚོགས་ནང་དམིགས་བསལ་པེུད་ན་གཞོན་ཚོར་ སྒོམ་སྡེ་ལྷ་རམས་པའི་སློབས་གསོ་དེ་དག་མང་ཙམ་སྤྲད་ཐུབ་ན་ཕན་ཐོག་ཡོང་ངེས་བསམ་
མཐའ་དོན་ ཚེ་རིང་སྐྱིད་ལགས་སུ་དྲི་རྒྱུར་ ད་ཆ་བུ་མོ་ཆུང་ཆུང་དང་ ཁོ་མོའི་བོད་ཕྲུག་གསར་པ་ཁོང་གཉིས་ལུས་ཁམས་བདེ་མོ་རེད་དམ་ ཕྲན་ནས་རོགས་པ་ཆུང་ཆུང་ཞིག་བྱས་ན་འགྲིགས་ཀྱི་རེད་དམ་ བསལ་ཞིག་གནང་རོགས་ དེ་ནས་ཚང་མར་སྐུ་ཁམས་བཟང་བར་ཞུའོ་།།
སྙིང་རྗེ་ཡོད་པ་བྱ་རོགས་ཞེས་པའི་རྩོམ་འདིའི་སྐོར་ལ་དྲ་གྲོགས་མང་པོ་ཞིག་བསམ་ཚུལ་མང་པོ་ཞིག་གསུང་འདུག་ཧ་ཅང་གི་བགྲོ་གླེང་ལྷུག་པོ་གནང་འདུག ངས་ཚིག་ཁ་ཤས་ཤིག་ཞུས་ན། བུ་མོ་ཆུང་ཆུང་དེའི་དཀའ་ངལ་དེ་ང་ཚོའི་བོད་པའི་སྤྱི་ཚོགས་ནང་བྱུང་བཞིན་པའི་གནས་སྟངས་ཤིག་རེད་འདུག་་དེ་དག་རྒྱུ་རྐྱན་གཙོ་བོ་གང་ལ་ཐུག་འདུག་ཞེས་བཤད་ན་ གཙོ་བོ་སློབ་གསོ་ཡི་མ་འདངས་པ་རེད་འདུག ཆུང་ཆུང་སྐབས་ནས་ཕ་མས་སློབ་གསོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སློབ་གྲྭའི་ནང་གི་སློབ་གསོ་སོགས་མང་པོ་ཞིག་ལ་ཐུག་འདུག་་ ང་ཚོ་བོད་པའི་བུ་མོ་ཚོའི་གོམ་པ་གྱོན་སྟངས་ཕྱི་ཡི་རྣམ་པ་སོགས་ལ་ལྟས་པ་ཡིན་ན་ དེང་རབས་ཀྱི་རྗེས་དང་མཐུན་པ་མངོན་གྱི་ཡོད་ དངོས་སུ་མཉམ་འདྲེས་བྱེད་དུས་མ་འདངས་པའི་ཆ་མང་པོ་ཞིག་མངོན་གྱི་འདུག་དེ་དག་ནི་བོད་པའི་སྤྱི་ཚོགས་ཀྱི་སྐྱོན་ཆ་ཆེན་པོ་ཞིག་མཐོང་གི་འདུག་ གོང་དུ་ཁག་གཅིག་གི་མི་དེའི་འདྲ་པར་སོགས་སྟོན་ནས་ངོ་ཚ་ཁ་བཅང་བཟོ་དགོས་པའི་དགོངས་ཚུལ་མང་པོ་ཞིག་གསུང་འདུག དེ་འདྲ་བྱེད་ན་ཕན་ཐོག་ཆེན་པོ་ཞིག་མ་མཐོང་ མི་ཡི་སེམས་ཁམས་ལ་རྨས་སྐྱོན་བྱེད་པ་ཡིན་ན་ཕན་ཐོག་གི་མ་རེད། དེ་ལས་བྱུང་ཚར་བ་ཚར་བ་རེད་ འབྱུང་འགྱུར་གྱི་གནས་ཚུལ་འདི་རིགས་འགོག་ཐབས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་སྙམ། ཚེ་རིང་སྐྱིད་ལགས་ཀྱི་བོད་ཀྱི་བུ་མེད་ཀྱི་འགན་ཞིག་ཁུར་ནས་བགྲོ་གླེང་གནང་འདུག་ཧ་ཅང་གི་ཡག་རེད་། ཚེ་རིང་སྐྱིད་ཁྱེད་རང་གི་ཚར་ལོང་བྱུང་སྟངས་དང་འཕྲོད་བསྟེན་་ མི་ལ་འབྲེལ་བ་གནང་སྟངས་དངོས་ཡོད་ཀྱི་གནས་སྟངས་བུ་མེད་ཚོ་ལ་སློབ་གསོ་བྱེད་ན་ངེས་པར་དུ་འགྱུར་བ་ཞིག་འགྲོ་ངེས་རེད། ཕན་ཐོགས་ཡང་ཆེན་པོ་ཡོང་ངེས་ལགས།
ཡང་བུ་མོ་དེ་ལ་མཐུན་ཕྱོགས་ཀྱི་སློབ་གསོ་མ་རེག་ཁོ་ཐག་རེད་འདུག་མོད། གཅིག་བྱས་ནས་ད་ཐེངས་གི་དོན་རྐྱེན་འདིས་ལྡོག་ཕྱོགས་ཀྱི་སློབ་གསོ་ཏན་ཏན་རེག་ཡོད་པ་རེད། འོན་ཀྱང་ཁ་ཤས་ལ་དེས་ཀྱང་མི་ཕན་པ་ཏན་ཏན་ཡོད། ངས་ངོ་ཤེས་པའི་བུད་མེད་ཅིག་ལ་ཕ་མི་གཅིག་པའི་བུ་ཕྲུག་༦འདུག ཕྱི་རྒྱལ་ནས་ཡོང་བའི་གྲྭ་བ་ཅིག་མཐོང་ཡོང་དུས་ལམ་སེང་དཀའ་ངལ་ལུང་བ་གང་བཤད་དེ་སློང་རྒྱགས་རྒྱུ་རེད། དངུལ་ཏོག་ཙམ་རེག་ཚེ་ལམ་སེང་ངོ་ཤེས་ལ་མ་ཤེས་པའི་ཕོ་གསར་ཅིག་ཁྲིད་ནས་གྲོང་ཁྱེར་དུ་སྤྲོ་སྐྱིད་གཏོང་གི་འགྲོ་རྒྱུ་རེད་འདུག ད་ཡིན་ན་འདོད་ཆགས་དེ་ངོ་ནས་མགོ་ཆག་རེད་འདུག ཨོཾ་མ་ནི་པདྨེ་ཧྰུཾ།། །།
བུ་མོ་དེའི་ཐོག་མང་པོ་བཤད་རྒྱུ་ཅང་མི་འདུག ཕྱི་རྒྱལ་གྱི་ང་ལ་སློབ་སྦྱོང་ཡོད་ཟེར་མཁན་དེ་ཚོར་ཡང་དུས་མ་ཡིན་པའི་ཕྲུ་གུ་སྐྱེ་མཁན་མང་པོ་འདུག་ག ཁོ་ཚོར་ཕྲུ་གུ་བྱུང་ན་སྨན་ཁང་དུ་ཕྱིན་ནས་འདོན་རྐྱང་བྱེད་གི་ཡོད་པ་རེད། ཕྲུ་གུ་འདོན་པར་ངོ་རྒོལ་བྱེད་མཁན་ཡང་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་ཆོས་ལུགས་ཕྱོགས་འཛིན་ནས་ཡོད་པ་རེད། བུ་མོ་ཚོས་ཀྱང་རང་གི་གཟུགས་པོའི་ཐོབ་ཐང་རང་ལ་ཡོད་དགོས་ཞེས་རྩོད་པ་ཡུན་རིང་ཐུག་པ་རེད། དེ་ལ་བརྟེན་ནས་རྒྱལ་ཁབ་འགའ་རེས་ཟླ་དུས་ཀྱི་གྲངས་བཅད་ནས་མངལ་གྱི་ཕྲུ་གུ་འདོན་ཕྱོགས་ལ་ཁྲིམས་བཟོས་འདུག་ག
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོར་མཚོན་ན། བུ་མོ་ཞིག་ལ་ཕྲུ་གུ་བྱུང་བ་ཡིན་ནའང་དེ་འདྲའི་དཀའ་ངལ་མི་འདུག བུ་མོ་གཅིག་པོ་མིན་པར་ཕ་སུ་ཡིན་པ་དེ་ལའང་ཁྲིམས་ཐོག་ནས་འགན་ཡོད་པ་རེད། ད་རུང་གཞུང་གིས་ཀྱང་རོགས་རམ་བྱེད་གི་རེད། བུ་མོ་ལོ་ཆུང་དེ་འདྲ་བྱིས་པ་གཉོར་གི་གཉོར་གི་སློབ་གྲྭ་འགྲོ་གི་འགྲོ་གི་དེ་འདྲ་བྱེད་མཁན་འདུག
ང་ཚོ་བཙན་བྱོལ་ཡིན་པའི་དཀའ་ངལ། དེ་ནས་གོམས་སྲོལ་ཞིག་གི་དབང་གིས། བཟང་ཚང་མིན་ན་གཞན་དང་མཉམ་བྱིས་པ་ཡོད་ནའང་དེ་ལ་ཕ་ཞིག་གི་ངོས་ནས་བདག་པོ་རྒྱག་པའི་གོམས་སྲོལ་དེ་མེད་པ་རེད། དེ་ཡིན་དུས་བུད་མེད་ཚོར་སྙིང་རྗེ་དཀའ་ངལ་འཕར་མ་ཞིག་འདུག
རང་གི་གཟུགས་པོ་དང་མདུན་ལམ་ལ་བསམ་བློ་མི་གཏོང་མཁན་ཞིག་སུ་གང་ཡང་ཡོད་པ་མ་རེད། འདོད་པའི་གཞན་དབང་དུ་ཤོར་ན་སུ་གང་ལའང་ཐབས་ཤེས་མེད་པ་འདྲ། མཚན་ལྡན་བླ་མའི་དྲུང་དུ་དམ་བཅས་ཁས་བླངས་ཏེ་བླངས་ཡོང་བའི་སྡོམ་པ་རྩ་ཆེན་དེའང་ན་ཆུང་བུ་མོ་ཚོའི་འདོམས་ལ་ཐུག་དུས་རང་དབང་མེད་པར་ཁྱེད་ཚོས་ཤོར་ཡོང་གི་འདུག་ག རྒྱ་གར་གྱི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དེ་ཚོའི་ནང་ཡང་སྡོམ་པ་ཤོར་མཁན་དེ་འདྲ་འདུག་ག
ཆོས་བཤད་འདྲ་བོ་དེ་འདྲ་ཞེ་དྲག་ཞེ་དྲག་བྱེད་རྒྱུ་ཡོད་མ་རེད།
ཆོས་བཤད་འདྲ་བོ་དེ་འདྲ་ཞེ་དྲག་ཞེ་དྲག་བྱེད་རྒྱུ་ཡོད་མ་རེད། འདི་ངེད་ཚོ་འཇིག་རྟེན་པའི་དཀའ་གནད་ཅིག་ཡིན་པས་ཆོས་དཔེ་ཆའི་ཁུངས་ལུང་འདིར་འཁྱེར་ཡོང་ན་ཕན་ཐོགས་ཅང་མི་འདུག་བསམ་གྱི་འདུག
མགོན་པོ་ཕྱག་གཉིས་ཀྱི་ཚིག་བཅད་༼སེམས་པ་སྐྱོ་བའི་སྐད་ཆ།། རི་མ་འདབས་ལ་བཤད་པས། རི་བོ་ས་རྡོ་ཡིན་ཡང་།། མགོ་ཡིས་འཇོག་འཇོག་གནང་བྱུང་།།༽ འདི་གོ་རྒྱུ་ཡོད་ནོ། སྙན་ཆ་ཆེ་ནོ། ད་དུང་འཆི་བདག་སྐྱབས་ཀྱི་འཇིག་རྟེན་གཏམ་དཔེ་ ༼ མོ་ཁྱི་མཇུག་མ་མ་གཡུག་ན། ཕོ་ཁྱི་རྣ་ཅོག་ཅི་ལ་བཀྲོང༌།༽་འདི་དོན་ཟབ་པ་མ་ཟད་ཕོ་མོ་འདྲ་མཉམ་གྱི་བསམ་ཚུལ་མཚོན་པ། ཧ་ཧ་ཧཧ། དེ་དང་ངས་མཁས་དབང་དགེ་ཆོས་སྨྱོན་པས་མཛད་པའི་འདོད་པའི་བསྟན་བཅོས་བཀླགས་ནས་དག་སྣང་ཁྱད་པ་ཅན་འགའ་སྐྱེས་སོང་བའི་ཉམས་མགུར་དེ་འདིར་བཞུགས་སོ།
གནས་མཆོག་སྟུ་ཡི་དྲུང་དུ།།
གནས་བསྐོར་ལན་གཅིག་འགྲོ་དུས།།
བྱ་ལེ་དབུ་སྐྱོག་གནང་ནས།།
ནང་ལ་ཕེབས་ཤོག་གསུངས་སོང་།།
དེ་འདྲའི་ཕེབས་བསུ་ལེགས་པར།།
མཇེ་མགོ་དགའ་ཐག་ཆོད་ནས།།
བྱ་ལེར་ཕྱག་བརྒྱ་ཕུལ་སྟེ།།
སྟུ་ཁང་སྦུག་ཏུ་ཕེབས་སོང་།།
འཇམ་མཉེན་མཚན་མའི་ཁྱིམ་དུ།།
འདོད་པའི་བཟི་ཆང་བཞེས་ནས།།
འཕག་མཆོང་གར་ལ་རོལ་ཏེ།།
ཉམས་མགུར་གླུ་ཡང་ལེན་སོང་།།
ནང་དུ་ཞབས་བྲོ་འཁྲུག་པས།།
བྱ་ལེའི་ཡིད་དབང་འཕྲོག་སྟེ།།
དབང་མེད་རང་གི་སྐུ་གཟུགས།།
གནམ་མཆོང་ས་མཆོང་གནང་སོང་།།
འདོམས་ཀྱི་ཤིང་ནགས་མཐུག་ལ།།
མཚན་མའི་ཚོགས་ཁང་དོག་ཅིང་།།
བདེ་སྟོང་འཁྲུག་ཆ་ཆེ་བས།།
རྔུབ་ནག་རིམ་གྱིས་ཐོན་སོང་།།
སྣང་སྟོང་བདེ་བའི་ང་རོ།།
ཟུང་འཇུག་སྐྱིད་པའི་གླུ་དབྱངས།།
དེ་ཉིད་རྟོགས་པའི་ཚ་སྲེད།།
སྐད་ཅིག་ཉིད་ལ་ཡལ་སོང་།།
མཇེ་མགོས་མོ་ཞྭ་ཕུད་ནས།།
ཞ་ལེར་ལེགས་སྐྱེས་ཚུལ་དུ།།
སྐུ་ལུས་གུས་པའི་འདུད་བཞིན།།
ཨ་ཤེ་ཕུལ་ནས་འགྱེལ་སོང་།།
བྱ་ལེ་སྐྱེངས་པོ་བྱུང་ནས།།
ཡུན་རིང་བསགས་པའི་འབྲི་འོ།།
མཇེ་མགོའི་ཕྱོགས་སུ་འཆེག་སྟེ།།
མྱུར་མཇལ་སྨོན་ལམ་འདེབས་སོང་།།
བྱ་ལེ་མགུ་ཐག་ཆོད་ནས།།
འབྲི་མངར་གཡའ་ཆུའི་ལྷག་མ།།
སྟེང་ཕྱོགས་ལྷ་ཡི་དྲིན་ཞེས།།
ལན་འགའ་གནམ་ལ་གཏོར་སོང་།།
མཇེ་མགོ་གནས་བསྐོར་ཕེབས་ནས།།
བྱིན་རླབས་འདི་འདྲ་ཐོབ་པ།།
རང་གིས་འཇོན་ཐང་ཡིན་ཞེས།།
ཁ་ཕོ་གསུང་གིན་ཕེབས་སོང་།།
འདོད་པའི་བསྟན་བཅོས་ཀྱི་ནང་དུ།
ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ།།
གཅེས་པའི་སྲོག་བཞིན་བྱམས་པས་འགྲོག་བྱེད་ཅིང་།།
གྱ་གྱུའི་ལས་དང་བྱི་བོའི་ལས་སྤངས་པ།།
ཚུལ་ཁྲིམས་ཀུན་གྱི་ནང་ནས་ཡང་རྩེ་ཡིན།།
སྔོན་མ་ངས་ཤེས་རིག་དཔེ་ཚོང་ཁང་དུ་གཞི་རིམ་སློབ་གྲྭའི་སློབ་དེབ་དང་ཞལ་འདོན་དཔེ་ཆ་དང་འདོད་པའི་བསྟན་བཅོས་སོགས་བང་ཁྲི་གཅིག་གི་སྟེང་བཞག་ཡོད་པ་མཐོང་སོང་། སྟབས་བདེ་མོ་རང་མ་བྱུང་། ད་བྱས་དུས་མཁས་དབང་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ནང་དུ་བསླབ་བྱ་གདམ་ངག་ཁྱད་པ་ཅན་འདི་འདྲ་བཞུགས་ཡོད་པ་མ་ཤེས་པ་འདྲ་འདུག ནུབ་ཕྱོགས་པའི་ཆགས་སྤྱོད་ལ་སློབ་སྦྱོང་མ་བྱེད་གོང་དུ་བསྟན་བཅོས་འདི་དག་ཀློག་ནས་ཉམས་ཞིབ་བྱེད། འདི་ལ་མི་ཚང་པ་གང་འདུག་ན་གཞི་ནས་ཕྱི་ལུགས་ནང་འདྲེན་བྱེད་ནའང་བྱ་རྒྱུ་འདུག་བསམ།
ཕྱི་སྡོད་བོད་མིའི་ཚོང་འབྲེལ་རྒྱལ་ས་བསམ་ཡས་གླིང་ལ་བསྟན་བཅོས་འདི་ལ་དམིགས་ནས་ཞིབ་འཇུག་ཁང་ཞིག་འཛུགས་ན་དཔྱད་གཞིའི་རྒྱུ་ཆ་མ་རག་པའི་དཀའ་ངལ་མིན་འདུག་བསམ་གྱི་འདུག ཞིབ་འཇུག་གི་སྙན་ཐོ་ཉིན་རེ་ནས་སྔ་དགོང་བྱས་ཏེ་སྙན་ངག་གི་ལམ་ནས་རྩོམ་པ་པོ་བེར་འཇིགས་ལ་ཤར་མར་འབྲི་ཆུག་གོ
འཆི་བདག་སྐྱབས་ཟེར་བ་དེ་ཁྲལ་གཞུང་མེད་པའི་མི་ངན་དེ་ཡིན་ཚོད་འདུག་་་་་་་་་་ ཁོས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་བཤད་དོན་”བུ་མོ་རང་ངོས་ནས་རང་ཚུགས་མ་ཟིན་པར་གཡམ་རྒྱུགས་དང་ཕྲན་གྱི་བདེ་བ་གཟས་ནས་ཁོ་བོ་དང་བསྡོངས་པ་ནི་ཅི་ནས་འགྱོད་དགོས་སམ༌།། དེ་ལ་ཁོ་བོ་ནི་དེ་ཙམ་ཡ་ང་མི་སྐྱེ་འོ༌།། མ་རེད་དམ༌། ཁྱེད་ལ་དེ་ལས་གཞན་པ་གསུང་རྒྱུ་ཡོད་དམ༌།།” ངས་བལྟས་ན་ཁྱོད་ཀྱིས་བུ་མོ་ཞིག་ལ་ཕྲུ་གུ་བཟོ་བ་དེ་དེ་ཙམ་གྱི་སྐྱོན་ཆེ་བ་ཞིག་མིན་མོད་ཕྲུ་གུའི་ཕ་ཡིན་པའི་ལས་འགན་སྤུ་ཙམ་ཡང་འཁྱེར་རྒྱུ་ཕར་ཞོག་ད་དུང་མི་ཚོགས་འདིའི་སྐྱིལ་ལ་རང་གི་སྐྱེས་སྨན་ལ་སྨ་འབེབས་དང་ཆེས་ཐ་ཤེལ་གྱི་སྐད་ཆ་འདི་འདྲ་ཞིག་ལས་བཤད་རྒྱུ་མེད་ཀྱང་ཤོད་ཇི་ཕོད་པ་དེ་དཔེ་རེད་་་་་་་་་་་ བསམ་མནོ་བཏང་དགོས་མཁན་དེ་ཚེ་རིང་སྐྱིད་མ་རེད་ཁྱོད་རེད་་་་་་་་་་་་་་་ ངོ་ཚ་ཞིག་ཡོད་ན་རང་གི་ཆུང་མ་དང་རང་གི་ཤ་ཁྲག་ལས་མཆེད་པའི་རང་གི་ཕྲུ་གུར་བསམ་བློའི་ལྟ་སྟངས་འདི་ལས་གཏོགས་ཙམ་དྲག་ག་ཞིག་ཡོང་རྒྱུ་རེད་་་་་་་་་་་་་་
༡༽
དྷ་ས་དང་དེའི་ཉེ་འཁོར་གྱི་བོད་མི་མི་འབོར་ཧ་ཅང་ཆུང་ཆུང་ཞིག་ལ། ཨཱེཛ་གྱི་ནད་གཞི་འགོས་པའི་མི་༣༠༠འདུག་ཟེར་ན་དཔེ་མི་སྲིད་པའི་ཆེན་པོ་རེད།
འདི་ནི་འཇིགས་ཤིང་སྐྱི་གཡའ་ལ། ཧ་ལས་ཧོན་འཐོར་དགོས་པའི་ཛ་དྲག་གི་གནས་ཚུལ་ཞིག་རེད།
ངོ་འཕྲོད་པ་དང་ཤེས་པར་དེ་ཙམ་ཡོད་ན། ནད་གཞི་སྦེད་མཁན་བརྩིས་ན་གྲངས་འབོར་གོང་གི་དེ་ལས་ལྡབ་འགྱུར་གྱི་མང་བ་ཡོད་པ་རིགས་པས་དཔོག་ཐུབ་ངེས་རེད། བྱས་ན་མ་མཐར་ཡང་མི་༦༠༠ལྷག་ཙམ་ལ་ཨཱེཛ་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
༢༽
གནས་ཚུལ་མཁྱེན་དགོས་པ་ཞིག་ལ།
རང་གིས་ཤེས་བཞིན་དུ་གཞན་ལ་Aids/HIV ཨཱེཛ་དང་ཨེཅ་ཨའི་ཝི་འགོ་བར་བྱས་ན་བཙོན་འཇུག་གི་ཉེས་ཆད་ཕོག་ངེས་རེད། ཁྲིམས་ཆད་ཐོག་རྒྱུན་རིང་ཐུང་སྣ་ཚོགས་ཡོད་རུང་། མི་ཞིག་ལ་ཚེ་བཙོན་གྱི་ཉེས་ཆད་ཕོག་སྐོར་གྱི་དངོས་ཡོད་གནས་ཚུལ་ཞིག་གཤམ་གྱི་དྲ་ཐོག་ཏུ་གཟིགས་རོགས།
http://www.associatedcontent.com/article/280657/man_with_hiv_sent_to_jail_for_life.html
ཡང་འགའ་ཞིག་གིས། ཁྲིམས་ཐོག་གི་སྐད་ཆ་ཤོད་རྒྱུ་ཡོད་མ་རེད་མདོག་མདོག་ཤོད་མཁན་འདུག དེ་ལྐུགས་པའི་སྐད་ཆ་རེད། ཆོས་ནི་མི་དེ་དག་གིས་ཁས་མི་ལེན། ད་ཁྲིམས་ཐོག་ནས་ཕྱིན་ན་ཕན་སྐྱེད་ཆེ་ཤོས་རེད། ཐབས་ལམ་གཞན་ཡོད་མ་རེད། སློབ་གསོས་ཀྱང་མི་དེ་དག་ལ་ཕན་རྒྱུ་ཁག་པོ་རེད།
༡༽
བུད་མེད་ཅིག་ལ་བཙན་གཡེམ་གྱི་རྐྱེན་ངན་བྱུང་ཚེ། ལམ་སེང་སྨན་ཁང་ལ་ཕྱིན་ན་ཨཱེཛ་འགོ་བ་ལས་སྐྱོབ་ཐུབ་ཀྱི་ཡོད་སྐོར་ཞིག་ཐོས་མྱོང་སྙམ་ཡང་ད་ལྟ་གསལ་པོ་མི་དྲན། གང་ལྟར་དེ་མ་ཐག་སྨན་ཁང་དུ་འགྲོ་དགོས། དེའི་ཐོག་གནས་ཚུལ་གསལ་པོ་མཁྱེན་མཁན་གྱི་ཤེས་ཡོན་ཅན་ཡོད་ན། ངེས་པར་འདིར་བསླབ་བྱ་གནང་རོགས།
༢༽ ཨོསེ་ཀྲི་ལི་ཡའི་ནང་ཨཱེཛ་འགོ་སྤེལ་བྱེད་མཁན་ལ་ཁྲིམས་ཆད་ཇི་ཡོད་སྐོར་གཤམ་གྱི་དྲ་ཐོག་ལ་གཟིགས་རོགས།
http://www.thinkagain.com.au/whosays1.htm
གསལ་བཤད་ཚིག་གཅིག
༡༽
གོང་དུ་ངོས་ནས་སྐྲ་བཞར་བའི་སར་འགྲོ་དུས་ཡིད་གཟབ་དགོས་ལུགས་བཤད་པ་དེར། འདིར་སླར་ཡང་གསལ་བཤད་ཅིག་ཞུ་འདོད་བྱུང་།
དཔེར་ན་སྐྲ་བྱིངས་བཞར་ཟིན་ནས་མཐར་སྐྲའི་ཟུར་ནས་བཟོ་ལྟ་ཞིག་འདོན་གྱི་འདུག་ག
འོ་དེ་དུས་ང་ལྟ་བུ་ཡིན་ན། ང་ལ་བཟོ་ལྟ་འདོན་མི་དགོས་ཟེར་གྱི་ཡོད། ང་ལ་ཐེངས་ཤིག་བཟོ་ལྟ་འདོན་དུས་རྨ་བཟོ་གྲབས་བྱས་སོང་། ཉི་མ་འགའ་ཤས་རིང་མཚན་མོ་གཉིད་ཀྱང་ལེགས་པོ་མ་བྱུང་། དེང་སང་ནི་ཁོང་ཚོར་སྐྱབས་མི་བཅོལ་བར་ང་རང་གིས་འབྲེག་གི་ཡོད།
སྐྲ་བཞར་བ་དེ་ཚོས་སྐྲ་འབྲེག་བྱེད་ཀྱི་སྐྲ་གྲིའམ་འཕྲུལ་ཆས་དེ་དག་Disinfect/Sterilize༼འགོ་ནད་གཙང་མ་བཟོ༽འམ་ནད་འབུ་གསོད་པར་འབད་བརྩོན་གཏན་ནས་བྱེད་ཀྱི་མི་འདུག
གྲོགས་པོ་ལྷ་མོ་འཚོ་ལགས། ཁྱོད་ཀྱིས་སྒོ་སྡེ་ལ་དེ་འདྲ་དྲི་བ་གཏོང་མི་རུང༌། གལ་སྲིད་དྲི་བ་འདི་འདྲ་གཏོང་འདོད་ན་ཁོང་གི་གློག་འཕྲིན་ཁ་བྱང་དྲིས་ནས་དེའི་ཐོག་གཏོང་དགོས། འདིའི་ཐད་ངའི་ཁ་ལ་ཉན་རོགས།
ལྷ་རླུང་དཔལ་རྡོར་ལགས། གལ་ཏེ་ཉིད་ཀྱིས་དངོས་སུ་བོད་ཕྲུག་ཆུང་ཆུང་དེ་དང་ཨ་མ་ཅུང་ཆུང་དེར་རོགས་རམ་ཞིག་བྱ་ཐུབ་ན་ཆོས་ཕྱོགས་ནས་བཤད་ན་དགེ་བ་སྒྲུབ་པ་རེད་ལ། འཇིག་རྟེན་གྱི་མི་ཆོས་ཀྱི་ཐོག་ནས་བཤད་ན་རང་གིས་ནུས་ཚོས་ཀྱིས་འགན་འཁྲིའི་འདུ་ཤེས་སྐྱེས་པ་རེད། ཕྱོགས་འདི་གཉིས་གང་ཡིན་ཡང་གནས་སྐབས་བུ་མོ་དེ་དང་ཕྲུག་གུ་དེ་གཉིས་ཀྱི་འཚོ་ལ་ཕན་ཏོག་ཙམ་ཐོགས་ན་ཡང་བུ་མོའི་གནས་སྟངས་ལ་མཚཽན་ན་ངོ་མ་ཐུགས་ཕན་གསོ་ས་རེད། མ་ཟད་ཕྲུག་གུ་ཆུང་ཆུང་ཡིན་པས་དེར་མཁོ་བའི་དངོས་པོ་མང་པོ་དགོས་ཀྱིན་འདུག་ལ། ཨ་མ་ཆུང་ཆུང་དེ་ཡིས་རང་གིས་ནུ་ཞོས་ཕྲུག་གུ་དེ་གསོ་དགོས་ན་ཨ་མ་རང་ཉིད་ཀྱི་གཟུགས་པོའི་འཚོ་བཅུད་ཀྱང་འདང་དགོས་པ་རེད། གལ་ཏེ་ཉིད་ཀྱིས་རོགས་རམ་ཞིག་བྱ་ཐུབ་ན་ངས་བུ་མོ་དེ་དང་ཕྲུག་གུ་དམར་དབྱར་དེའི་ཚབ་བྱེད་ནས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་གཞི་ངས་ཀྱང་རོགས་རམ་ཏོག་ཙམ་བྱེད་ཀྱིན་ཡོད་མོད། ཡིན་ཡང་ངས་ཕྲུག་གུ་ཆུང་ཆུང་གཞན་ཁ་ཤས་ལ་ཡང་བདག་པོ་བྱེད་ཀྱིན་ཡོད་པས་མང་པོ་ཞིག་འཁྱོངས་གི་མི་འདུག
ངའི་རེ་བ་ལ་ཨ་མ་ཆུང་ཆུང་འདི་ཡིས་ཕྲུག་གུ་དེ་ལ་ཨ་མ་ཞིག་གི་འགན་འཁྲིའི་ཐོག་གཉོར་སྐྱོང་བྱ་རྒྱུའི་བསམ་བློ་དེ་མི་འདོར་རྒྱུ་དེ་རེད།
ཡང་སྒང་ནས་དྲ་གྲོགས་ཁ་ཤས་ཀྱིས་བུ་མོ་དེ་སྡོད་མ་ཚུགས་པ་རེད། རང་ཚིགས་མེད་པ་རེད། གནས་སྐབས་ཀྱི་སྐྱིད་པོ་བསམ་པ་རེད་ལ་སོགས་པའི་སྐད་ཆ་བཤད་འདུག་ཀྱང་། བུ་མོ་དེ་ཡིས་ཕྲུག་གུ་མ་དོར་བར་སྐྱེས་པ་ཙམ་གྱིས་ངས་བློ་སྟོབས་ཆེན་པོར་བརྩི་གིན་ཡོད་ལ་མོ་རང་གི་མི་ཚེ་ཡང་ཕྲུག་གུ་འདི་དང་མཉམ་དུ་བློས་གཏོང་བྱེད་ཚར་རེད། སྙིང་རྗེ་སྒོམ་རོགས་ཞེས་པ་ནི་སྐྱིད་པོ་གཏོང་ཐུབ་མཁན་གྱི་སྐྱེས་པ་ཚོས་ག་རེ་བྱེད་ནས་རང་གིས་སྒརུབ་པའི་ལས་དེའི་འགན་ཁུར་ཐུབ་ཀྱིན་མེད་དམ་ཞེས་པ་འདི་ཡིན། གལ་ཏེ་བུ་མོ་འདི་ཡིས་སྐྱིད་པོ་ཐུང་ཐུང་དེ་ཁོ་ན་བསམ་པ་ཡིན་ན་ཚེ་གང་བོར་ཤེལ་སྒོ་བཞིན་འཐོར་སོང་བའི་གནས་སྟངས་འདི་འདྲ་ཞིག་མགོ་ལ་ལེན་མི་སྲིད། བུ་མོ་འདིའི་འགན་ལེན་ཐུབ་འདུག་ཀྱང་སྐྱིད་པོ་གཏོང་མཁན་སྐྱེས་པ་དེ་ལ་རང་གི་ཤ་ལས་ཆད་པའི་པྲུག་གུ་མི་དགོས་པ་འདི་ངོ་མ་ཧ་ལས་དགོས་པ་ཞིག་རེད།
ངས་བུ་མོ་དེ་ལ་ཕྲུག་གུའི་ཨ་ཕར་འབྲེལ་བ་བྱེད་ཐུབ་ཀྱིན་ཡོད་མེད་དྲིས་ཀྱང་ཁོ་མོས་ང་ལ། ཕྲུག་གུ་འཁོར་འདུག་ཟེར་ནས་བཤད་པའི་ཉི་མ་དེ་ནས་བཟུང་དྲ་རྒྱ་དང་ཞལ་བྱང་། ཁ་པར་ཨང་གྲངས་ལ་སོགས་པ་གང་ཡང་བེད་སྤྱོད་མེད་པ་བཏང་འདུག་་གང་དུ་བཙལ་བར་འགྲོ་དགོས་པ་མི་ཤེས། ངས་བྱིས་པ་ཁུར་ནས་ཁོའི་སར་ཡོང་ས་རེད་བསམ་སོང་བར་སྣང་། ད་ནི་ངོས་ལེན་བྱེད་དུ་ཡོང་ཡང་མི་སྲིད་ཡོང་ཡང་སྡུག་པོ་ཚང་མ་ང་གཅིག་པུའི་མྱངས་བཞིན་ཡོད་པས་ཕྲུག་གུའི་ཕ་བྱེད་ན་འགྲིག་གི་རེད་དེ་ངའི་དགའ་རོགས་སམ་ཁྱོ་ག་ཡོང་གི་མ་རེད་ཟེར།
༄༅།། སླར་་མཇལ་བར་འཚམས་འདྲི་དང་བཅས་ཞུ་འདོད་པ་ཞིག་ནི། དྲ་གྲོགས་རིན་ཆེན་ལགས་ང་ནི་རང་ཉིད་ཀྱི་དངོས་ཡོད་ཚོར་བ་ཤར་མར་བཞུད་མཁན་གྱི་སྨྱུག་ཐོགས་པ་རང་དབང་ཅན་ཞིག་བྱེད་རྒྱུའི་འདུན་པ་ཅན་ཞིག་ཡིན་པས༌། དེ་བས་དྲང་བདེན་དང་རང་དབང་ནི་ང་ལ་མཁོ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་མོད།་ ཡིན་ཡང་ཁ་སང་ངས་དངོས་་རང་གི་ཚོར་བའི་ཐོག་ནས་སྐད་ཆ་ཚིག་འགའ་བཤད་པ་དེ་ཕལ་ཆེར་ཁྱེད་ཀྱི་ཡ་ཆུང་སྙིང་ཁར་རྨ་ཁ་ཞིག་བཏོད་པ་འདྲ་འདུག་པས༌། དེ་ལྟར་ཡིན་ཚེ་གུས་ནས་དགོངས་དག་ཞུ་ཆོག་མོད༌། ཡིན་ན་ཡང་སྐད་ཆ་ཚིག་འགའ་མཐོ་དམན་བྱུང་བར༌།མི་དེ་མི་ངན་འཁྲེལ་གཞུང་མེད་པ་ཞིག་རེད་ག་ལ་ལབ་ཕོད་དམ༌། དྲང་པོ་བ་རྗོད་ན་ངས་དེ་རིགས་ཀྱི་བུད་མེད་རྣམས་ལ་སློབ་གསོ་ཞིག་རག་ན་སྙམ་པ་ལས་གཞན་མ་མཆིས་ལ་རང་ཉིད་ཀྱི་ཆུང་མ་སོགས་ལའང་མ་འབེབ་བྱས་པ་ཞིག་དེ་བས་ཀྱང་མ་ཡིན་ནོ༌།། མདོར་ན། དེ་ནི་ཐབས་ཤེས་ཀྱི་མ་འདང་བ་ལས་ལྷག་བསམ་ལ་ཅི་ཀྱང་ལྷད་མེད་དོ༌།།
འཆི་བདག་སྐྱབས་དྲིན་ཆེན་པོ། ད་ཁ་རྒྱགས་པ་ཞེ་དྲག་མ་བཤད། ལས་ངན་པ་སུའི་མགོ་ལ་ཡང་ཡོང་རྒྱུ་ཡོད་པ་རེད། དེ་འདྲས་ཅིག་ལ་ཁ་རྒྱགས་པ་བཤད་ས་མ་རེད་ལགས། རང་ཐོག་ཏུ་སྐོར། རང་གི་ཁྱིམ་མི་ཅིག་གི་ཐོག་ཏུ་སྐོར་ལ། དེ་ནས་བོད་རིགས་སྤུན་ཟླ་ཟེར་བ་དེའི་སྟེང་དུ་སྐོར་ན། ད་བཟོད་ཁྱོད་རང་གི་ཁ་ནང་ལ་དེ་འདྲས་ཡོང་མི་སྲིད། ད་ནི་མོ་རང་ལ་སྙིང་ཚིམ་ལ་སྙིང་ཚིམ་བརྗོད་ན་ག་འདྲ་ཡིན་ན།། །།
མི་དེ་ངོ་མ་ཕོ་ཁྱོ་ག་ཞིག་རེད་མི་འདུག་་་་་་་་་ ཉེས་མེད་ཀྱི་བུ་མོ་དེ་དང་ལས་ངན་གྱི་བྱིས་པ་དེ་གཉིས་ལ་ཤ་ཚ་་་་་་་་་་་་་་་ ཚེ་རིང་སྐྱིད་ང་ཁོང་མ་བུ་གཉིས་ལ་རོགས་པ་ཆུང་ཆུང་ཞིག་བྱེད་འདོད་ཡོད་པས་ང་ལ་གློག་ཕྲིན་ཐོག་འབྲེལ་བ་བྱེད་རོགས་་་་་་་་་་་་་་་་ ཁ་བྱང་ vajraratna@gmail.com ཡིན་་་་་་་་་་་་
རྒྱ་མོ་ཀོང་ཇོ་དང་། རྒྱ་མོ་བཞན་དེའི་མིང་མ་ཤེས་དེ་གཉིས་བོད་པ་ཚོས་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་རེད་ཟེར་གི་འདུག་ག ད་བོད་མོའི་ནང་ན་ཡང་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ཡོད་ལོས་ཆོག དེ་བས་ན་ཤུགས་རྒྱོབས་དང་། མ་ཅིག་ལབ་སྒྲོན་གྱི་འཕྲོ་ནས་ཁྱེད་རང་ཡིན་དྰ་ཚེ་རིང་སྐྱིད་ལགས། ཡིན་ན་ཡང་འོག་ལ་སྒོ་འཇགས་བརྒྱབ་ནས་ཞོག་མ་གཏོགས་ངོ་ནས་ཁྲམ་པ་མང་པོ་ཡོད་པ་རེད།། །།
གཞོན་ནུ་ཟླ་མེད་ལགས་ བཞན་དེ་ནི་རྒྱ་མོ་མ་རེད་ བལ་ཡུལ་ནས་ཡོང་བའི་བལ་བཟའ་ཁྲི་བཙུན་ནམ་ ནེ་པྰལ་ནས་ཡོང་བའི་་་ནེ་མོ་་་ཡིན་པ་ཡོད་
དྲ་གྲོགས་ཨ་མའི་གཅེས་ཕྲུག་ལགས་ནས་མ་བུ་དེ་གཉིས་ལ་ཧིན་སྒོར་༢༠༠༠གིས་ཞལ་འབདེབས་ཕུལ་བྱུང་ན་དྲ་གྲོགས་ཚང་མས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རོགས།
འདི་ཙམ་གྱིས་ཀྱང་ལས་ཀྱི་སྣེ་མོ་བ་ཚོར་རྒྱབ་སྐྱོར་ཀྱི་རྣམ་པ་ཚོར་སེམས་ཤུགས་ངང་བློ་སྟོབས་སྦྱིན་གྱིན་འདུག་པས་སྙིད་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་
དེ་བཞིན་བྱུང་འཛིན་སོགས་མ་ནོར་བ་བསྣག་པར་ལག་སྤྲོད་བྱ་ངེས།
ཚེ་རིང་སྐྱིད་ལགས་ ཁྱེད་ཉིད་དབུས་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཡོད་དམ་ ཉིད་ལ་ཀློག་ཕྲིན་དྲ་བའི་ཁ་བྱང་ག་གི་ཐོག་འབྲེལ་བ་ཞུས་ན་འགྲིགས་ཀྱི་ཡོད་དམ་ ཐུགས་རྗེ་ཆེ་།
ཡོད་ལགས། ང་རང་དབུང་བོད་ཀྱི་བུད་མེད་ལྷན ཚོས་ཀྱིས་གསར་དུ་བཙུགས་པའི་མཉམ་ཞིབ་སྡེ་ཚན་གྱི་ལས་ཁུངས་སུ་ཡོད།
rigsangma@yahoo.com.hk
amei-710@hotmail.com
འདི་གཉིས་ཀྱི་གང་གི་ཐོག་ལ་འབྲེལ་བ་བྱེད་ན་འགྲིག
ལྷ་རླུང་དཔལ་རྡོར་ལགས་སུ། གུས་མོ་དབུས་བོད་ཀྱི་བུད་མེད་ལྷན ཚོགས་ཀྱིས་གསར་དུ་བཙུགས་པའི་མཉམ་ཞིབ་སྡེ་ཚན་གྱི་ལས་ཁུངས་སུ་ཡོད།
གལ་ཏེ་ཉིད་ཀྱིས་འབྲེལ་བ་བྱ་འདོད་ན་
rigsangma@yahoo.com.hk
བཀའ་དྲིན་ཆེ།
ཚེ་རིང་སྐྱིད་ལགས་ ཐུགས་རྗེ་ཆེ་ གང་མྱུར་གོང་གསལ་དྲ་ཕྲིན་ཐོག མཇལ་ཡོང་།
ལྷ་མོ་མཚོ།
ནད་འབུ་ཁྱེད་དང་ཁྱེད་འདྲ་བའི་གང་ཟག་རེ་ཟུང་གིས་དུས་རྟག་ཏུ་ཆོས་དང་འཇིག་རྟེན་གྱི་གླེང་སྟེགས་གང་དུའང་རྔོ་ཐོགས་པའི་མཆན་བུ་སྣ་གཅིག་ཀྱང་འདེབས་རྒྱུ་མེད་ཁར། མཆན་བུ་འདེབས་མཁན་གྱི་གང་ཟག་མཁས་བླུན་ཀུན་ལ་འཕྱ་དམོད་དང་། གཞོགས་འཕྱ། སྐུར་འདེབས་སོགས་ཀྱི་ལས་ལ་འཇུག་པ་མ་ཟད།
ད་ཆ་དེ་བས་སྙིང་ཁམ་དང་རྫབ་ཆེ་རུ་སོང་སྟེ། སྐྱབས་ཡུལ་དགེ་འདུན་ཡན་ཆད་ལའང་འོལ་ཚོད་ཀྱིས་ཁ་ན་མ་ཐོ་བའི་སྒྲོ་སྐུར་གྱི་ལས་ངན་ཚབས་པོ་ཆེ་ལ་འཇུག་པ་མཐོང་བ་ན། ལུས་སེམས་སྐྱི་གཡའ་ཞིང་། སྙིང་འདར་བའི་ཚོད་ཙམ་གྱི་འཇིགས་ཤིང་། ཁྱོད་ལའང་མིག་ཆུ་ཤོར་བའི་ཚོད་ཙམ་པའི་སྙིང་རྗེ་སྐྱེས་བྱུང་། ཅི་སྟེ་འདི་ལ་ལན་ཅིག་མ་བཏབ་པར་རང་འགར་སྤམ་པོ་བྱས་ཏེ་བསྡད་ན། ཁྱོད་ཀྱིས་བཏབ་པའི་དུག་གི་ས་བོན་འདིས་དད་ལྡན་གྱི་ཁྱིམ་པ་མང་པོ་སུན་འབྱིན་ཞིང་། སྡིག་པའི་ས་བོན་དེ་ཇེ་ཆེ་ཇེ་ཆེར་སོང་སྟེ། ནམ་ཞིག་ན་མི་འདོད་པའི་འབྲས་བུ་རྒྱུན་མི་ཆད་དུ་སྟེར་བའི་སྡིག་པའི་ལྗོན་ཤིང་ཡ་ང་བ་ཞིག་ཏུ་འགྱུར་བར་མཐོང་ནས་བློས་མ་བཟོད་པར་ལན་འབུལ་བ་ལ།
སྤྱིར་ན་གྲྭ་ས་རྒྱ་མཚོ་ཆེན་པོའི་ནང་ལུས་སེམས་གཉིས་ཀ་ནར་མ་སོན་པའི་འཆལ་སྤྱོད་ཅན་རེ་ཟུང་འབྱུང་བ་ནི་གནས་ཚུལ་གསར་པ་ཞིག་མ་རེད། འདི་སངས་རྒྱས་ཞལ་བཞུགས་དུས་ནས་བརླ་ལ་བྱེད་པ་དང་། བྱིན་པར་བྱེད་པ་དང་། ལག་པར་བསྐྱོད་པ་ཞེས་བྱ་བ་སོགས་པ་བྱུང་ནས། དེ་ལ་སངས་རྒྱས་ཀྱིས་བཅས་པ་མཛད་ཡོད། དེ་ནི་ཕམ་པའི་འོག་གི་ལྟུང་བ་ཚབས་ཆེ་ཤོས་གཉིས་པ་དེ་རེད། འོན་ཀྱང་སངས་རྒྱས་ཀྱིས་ལྟུང་བ་དེ་དག་བཤགས་པའི་ཐབས་ཀྱང་གསུངས་ཡོད། ཁོང་ཅག་ཟླ་རེར་གསོ་སྦྱོང་ཐེངས་གཉིས་རེར་འཚོག་རྒྱུ་ཡོད། དེ་དུས་བཤགས་སྡོམ་ཚུལ་བཞིན་བྱས་ན་ཉེས་ལྟུང་དེ་དག་ལྷག་མེད་དུ་འདག་ཐུབ་ཀྱི་ཡོད་རེད། ཕམ་པ་དང་མི་འདྲ།
གྲྭ་པ་འཆལ་སྤྱོད་ཅན་དེ་དག་ཀྱང་སྡོམ་གཙང་ཤ་སྟག་རེད་ད། དེ་ཧ་གོ་བ་གྱིས་ཤིག སྐྱ་མིན་སེར་མིན་དེ་ཚོ་དང་ནམ་ཡང་འདྲ་གི་མ་རེད།
འཆལ་སྤྱོད་ཅན་དེ་རིགས་ནི་དགེ་ལུགས་པ་གཅིག་པུ་མ་རེད། ས་དགེ་བཀའ་རྙིང་ཐམས་ཅད་ཀྱི་ནང་ལ་རེ་ཟུང་ཡོད་རེད།
འོན་ཀྱང་དེ་དག་ལ་ཁག་བསྙད་དེ་དགེ་འདུན་སྤྱི་ལ་སྐུར་བ་འདེབས་ན། ལྷ་བླ་མ་དང་ཆོས་སྐྱོང་སྲུང་མས་ཆད་པ་ཕོག་ཡོང་ད།
དགེ་འདུན་གྱི་མཐུ་གཟུགས་ན། ཚེ་འདི་ལའང་བྱ་བ་ལམ་འགྲོ་མེད་པ་མ་ཟད། རང་དང་རང་གི་ཕ་མ་གཉེན་ཉེ་དུ་བུ་བརྒྱུད་བཅས་པར་ཆད་པ་ཕོག་ཡོང་ད། གཟབ་གཟབ་བྱོས།
སྔོན་མ་ཟླ་བཟང་དུས་དེབ་༼དེབ་དེའི་མིང་ལེགས་པོ་མི་དྲན༽ཀྱི་རྩོམ་པ་དེ་ཡང་དགེ་འདུན་ལ་སྐུར་བ་བཏབ་ཅིང་། རང་གཞན་མང་པོའི་རྒྱུད་ལ་སྡིག་པའི་ས་བོན་བཞག་སྟེ། རིང་མིན་ཤི་བའི་གནས་ཚུལ་འདུག་ད། འཆལ་སྤྱོད་དང་སྐད་ཆ་འདྲ་མིན་ཤོད་མཁན་གྱི་གྲྭ་ལོག་དེ་ཡང་རྗེས་སུ་སུད་སི་རུ་སྨྱོན་པ་ལྟ་བུ་ཆགས་འདུག་ཅེས་གོ་ཐོས་བྱུང་། བསམ་བློ་ལེགས་པོ་ཐོངས། བྱུང་ན་དྲ་རྒྱ་འདིར་མཐོལ་བཤགས་བྱོས།
སངས་རྒྱས་ཞལ་བཞུགས་དུས། སྐྱེས་བུ་སེར་སྐྱ་ཞེས་པ་ཞིག་གིས། དགེ་འདུན་དང་རྩོད་པ་བྱས་ཏེ་མ་ཐུབ་པ་ན། དགེ་སློང་རེ་ལ་མིང་རེ་བཏགས་ཏེ། ཁོ་རྩོད་པ་རྒྱལ་བ་རེད། འོན་ཀྱང་ཁོ་ཤི་ནས་ཆུ་སྲིན་མགོ་བཅོ་བརྒྱད་བྱས་པ་ཞིག་ཏུ་སྐྱེས་ཏེ། སྐབས་ཤིག་ཉ་པ་ཞིག་གིས་བཟུང་ནས། གྲོང་ཁྱེར་གྱི་མི་ཐམས་ཅད་འཛོམས་པའི་སར་བཅོམ་ལྡན་འདས་ཀྱིས་ཆུ་སྲིན་དེར་བྱིན་གྱིས་བརླབས་ཏེ་མི་སྐད་རྒྱག་ཏུ་བཅུག་སྟེ། སྔོན་གྱི་ལོ་རྒྱུས་དྲིས་པ་ན། ཁོ་རང་གི་ལོ་རྒྱུས་ཐམས་ཅད་བཤད་དེ། མཐར་བཅོམ་ལྡན་འདས་ཀྱིས། ད་ཁྱོད་འདི་ནས་འཆི་འཕོས་ཏེ་གང་དུ་སྐྱེ་ཞེས་དྲིས་པ་ན། ཁོ་ངུས་ཏེ་དམྱལ་བ་མནར་མེད་དུ་སྐྱེ། ཞེས་ངུ་འབོད་ཆེན་པོ་བྱས་པའི་ལོ་རྒྱུས་མདོ་ལས་གསུངས་ཡོད། གལ་ཏེ་མིང་ཐོགས་བཏགས་པ་ཙམ་གྱིས་འདི་འདྲའི་རྣམ་སྨིན་ཡོད་ན། དེ་ལས་ཚབས་ཆེ་བའི་རིགས་ཀྱི་སྐུར་བ་འདི་ལྟ་བུ་བཏབ་ན་ལྟ་ཅི་སྨོས།
གཞན་ཡང་། སྔོན་དགེ་སློང་ཞིག་གིས་དགེ་སློང་གཞན་ལ་ཁྱེད་ཅག་ནི་བུད་མེད་དང་འདྲ་བའོ་ཞེས་སྐུར་བ་བཏབ་པས། སྐྱེ་བ་ལྔ་བརྒྱར་བུད་མེད་དུ་སྐྱེ་བ་བླངས་པའི་ལོ་རྒྱུས་མདོ་ལས་གསུངས་ཡོད།
ཁྱེད་རང་ཚོས་འཆལ་སྤྱོད་ཅན་གྱི་གྲྭ་པ་གླུད་ནང་བཞིན་རེ་ཟུང་མཐོང་ནས། སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་དེ་ཚོ་ལས་ངན་ཁྱེད་ཚོ་ཤེས་རབ་ཀྱི་མིག་ལྡོངས་ཏེ་མཐོང་ཐུབ་ཀྱི་མ་རེད།
ངས་ཁྱེད་ཅག་ལ་སྐྱེས་བུ་དམ་པ་རེ་ཟུང་གི་ལོ་རྒྱུས་ཐུང་ཙམ་རེ་བཤད་ཀྱིས་ཉོན་ཨང་།
ཡོངས་ཀྱི་དགེ་བའི་བཤེས་གཉེན་སེར་བྱེས་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་དུས། ཐུགས་དམ་ལ་ཉིན་མང་པོ་བཞུགས། སྐབས་དེར་གཟིམས་ཤག་ཡོངས་རྫོགས་སྤོས་དྲི་བཟང་པོ་སྤར་བ་ལྟ་བུས་ཚུལ་ཁྲིམས་ཀྱི་དྲི་མས་མངར་སིང་ངེ་བར་ཐུལ་བ་དེ་ད་ལྟ་ཡང་ལྷང་ངེར་དྲན། དེ་ནི་འདུལ་བ་ནས་གསུངས་པའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་འབྲས་བུ་རེད། སྐུ་གདུང་ཞུགས་འབུལ་སྐབས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་ཞིང་། མཐར་སྤུར་ཐལ་ནང་རིང་བསྲེལ་དང་། རྡོ་རྗེ་དྲིལ་བུ་སོགས་ཀྱི་ངོ་མཚར་བའི་རི་མོ་སྣ་ཚོགས་མཇལ་རྒྱུ་འདུག ཁྱི་རྒན་ཁྱེད་ཚོས་འདི་ཚོ་མཐོང་གི་མ་རེད། མཐོང་རྒྱུ་ལྟ་ཞོག་ཐོས་ཀྱང་ཡོད་ཀྱི་མ་རེད།
གྲྭ་སའི་བླ་རྒན་སྙོམས་ཆུང་ཚུལ་ལྡན་འགའ་ཤས་ལ་ཚུལ་ཁྲིམས་ཀྱི་དྲི་མ་ཁ་རྒྱུ་ཡོད།
ངེད་ཀྱི་བླ་མའི་གཙོ་བོ་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་ཐུབ་བསྟན་བཀྲ་ཤིས་གང་ཉིད་བལ་ཡུལ་གྱི་ལུང་ཁུག་ཅིག་ཏུ་མི་ལོ་ཧྲིལ་པོ་བཅུ་དྲུག་༡༦རིང་བསྙེན་ཆེན་ལ་བཞུགས་མྱོང་ཡོད། དེ་ནས་ཕྱིས་སུ་གྲྭ་སར་ཕྱག་དཔེ་འཁྲིད་དུ་ཕེབས། གང་ཉིད་དགོངས་པ་རྫོགས་དུས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཐུགས་དམ་ལ་ཉིན་མང་པོ་བཞུགས་འདུག ངེད་ཀྱི་བླ་མའི་ནང་ཐུགས་དམ་ལ་མ་བཞུགས་པ་གཅིག་ཀྱང་མེད།
དེ་ནས་སེར་སྨད་དགེ་བཤེས་ཡེ་ཤེས་སྟོབས་ལགས། ཡོངས་གྲགས་སུ་རྒན་གྲུབ་ཐོབ་ཞུ་བ། ཁོང་སྐྱབས་སུ་མཆི། ཁོང་མི་ཚེ་ཧྲིལ་པོ་བྱ་བྲལ་ལ་བཞུགས་པ་རེད། ལོ་༣༣ལྷག་ཙམ་ཞིག་སྒོམ་རྐྱང་རྐྱང་བཀྱོན་ནས་བཞུགས་པ་རེད། ཚང་མ་ཞུ་ན་ཚར་ཡ་ཡོད་མ་རེད།
དེ་ནས་ཕྱོགས་མེད་རིས་མེད་ཀྱི་རྙིང་མའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་༼རྒྱ་གར་ལྷོ་ཕྱོགས་སུ་སེ་ར་ཐེག་ཆེན་གླིང་དུ་ཆོས་འབྲེལ་ཡང་གནང་། སེ་ར་ཚོགས་ཆེན་ལ་རྙིང་མ་ལྟ་ཞོག་དགེ་ལུགས་ཀྱི་བླ་མ་ཡང་རྒྱལ་བ་ཡབ་སྲས་གསུམ་དང་ཟོང་རིན་པོ་ཆེ་ཙམ་ལས་ཆོས་འབྲེལ་གནང་མྱོང་མེད༽མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་ཉིད་དགོངས་པ་ཞི་དབྱིངས་སུ་ཐིམ་དུས། ནམ་མཁའ་ནས་མེ་ཏོག་གི་ཆར་བབས་ཏེ། མེ་ཏོག་ཆུང་ཆུང་དཀར་པོ་ཞིག་དངོས་སུ་འཐུ་རྒྱུ་འདུག་ཟེར།
གཞན་ཡང་། རྒྱལ་མཆོག་ལྔ་པ་ཆེན་པོས་ཆོས་ཀྱི་མཛད་པ་གལ་ཆེན་རེ་གནང་སར་མེ་ཏོག་གི་ཆར་བབས་པ་ཐེངས་མང་པོ་བྱུང་འདུག རང་རྣམ་དུ་ཀཱུ་ལའི་གོས་བཟང་ལ་གཟིགས་ན་ཤེས།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལའང་དེ་དང་འདྲ་བའི་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་བ་ཁོང་གི་རྣམ་ཐར་ན་གསལ། སྐད་ཆ་འདི་ཚོ་ཕྱི་རྒྱལ་བར་བཤད་ན་ཡིད་ཆེས་ཀྱི་མ་རེད།
ཁྱོད་མཐོལ་བཤགས་བྱེད་ན་ཡག་གི་རེད། ཁྱོད་ཀྱི་བསམ་པར་ཞི་པོ་ཅིག་འཇོན་བཞག་ཡོད་བསམ་གྱི་ཡོད་ཀྱི་རེད། འཇོན་ཡོད་མ་རེད། ཁྱོད་ཀྱི་ལས་ངན་འདིས་རང་གཞན་གཉིས་ཀ་འཕུང་ལ་སྦྱར་བ་རེད། ཁྱོད་ཀྱི་དུག་གི་ས་བོན་དེས་ཀློག་པ་པོ་རེ་རེའི་རྒྱུད་ལ་བག་ཆགས་ངན་པ་རེ་དང་སྡིག་པ་རེ་སྐྱེ་བ་ན། ཁྱོད་རང་ལའང་སྡིག་པ་རེ་སྐྱེ་གི་ཡོད་རེད། ཤེས་པ་གྱིས་ཤིག
ཉི་མ་གཅིག་ཁྱེད་ཤི་དུས་སྨོན་ལམ་འདོན་མཁན་གྱི་གྲྭ་རྡོག་གཅིག་ཀྱང་རག་མི་ཡོང་ད།
ཁྱོད་རང་གི་མཆན་དེ་དངུལ་ཁང་ལ་དངུལ་བཞག་པ་ལྟར་བཤགས་སྡོམ་ཚུལ་བཞིན་མ་བྱས་ན་སྡིག་པའི་འཕེལ་ཁ་ཉི་ལྟར་འཕེལ་འགྲོ་གི་ཡོད།
ཁྱོད་ལ་ངས་སྙིང་རྗེས་ཀུན་ནས་བསླངས་ཏེ་བཤད་པ་ཡིན། ད་དུང་བཤད་འདོད་ན་ཤོད། ང་ལ་ཁྱད་པར་སྤུ་ཙམ་མེད།
ཁྱེད་ཚོས་སྤྲེའུ་ལ་ངོམས་རྒྱུ་རྐུབ། ཅེས་པའི་དཔེ་ལྟར་རྟགས་པར་དམོད་ཚིག་དེ་འཕྱར་འཕྱར་བྱེད་ཀྱི་འདུག ད་བྱོས།
མི་ངན་ཁྱེད་ཚོས་ཕྱི་རྒྱལ་བ་རྣམས་ལའང་གྲགས་པ་ངན་པ་དེ་ཁྱབ་མདལ་བཏང་འདུག
རྗེས་མ་བརླ་རྒྱག་གི་སྐད་ཆ་ཤོད་མཁན་འདུག་ན། ངེད་ཀྱི་མཆན་འདི་བཤུས་ནས་དེར་འགོད་རོགས། དེ་གས་འཐུས་ཀྱི་རེད།
སྒོམ་སྡེ་བ་ཁྱོད་ཞེན་ཁོག་ཆེ་ཙམ་འདུག་སྟེ་ངོ་མ་མི་གཤའ་མ་ཞིག་རེད་འདུག་་་་་་་་་ ང་ཁྱོད་འདྲ་བ་མི་ཁྲལ་གཞུང་ཡོད་པ་ལ་དགའ་་་་་་་་་ བརླ་རྒྱག་གི་སྐོར་ལ་བཤད་དུས་གྲྭ་བ་ཁོ་ཚོ་ཡང་དེ་ཙམ་གྱི་ཚིག་ཟ་མི་བྱེད་་་་་་་ ལར་ནས་གྲྭ་བ་དང་ཇོ་མོ་མིན་པ་ཚོས་ཁོ་ཚོའི་ཡོན་ཏན་མི་མཐོང་ལ་ཁོ་རང་ཚོས་སོ་སོའི་སྐྱོན་མི་མཐོང་་་་་དྲང་མོ་བཤད་ན་འཇིག་རྟེན་ན་ཐམས་ཅད་འདི་འདྲ་རེད་ཨ་་་་་་་་་་་་་ འོན་ཀྱང་གླན་པ་མང་པོས་མི་མཐོང་བ་ནི་སྐྱོན་ཐམས་ཅད་ཀྱི་རྒྱབ་ལ་ཡོན་ཏན་རེ་དང་ཡོན་ཏན་ཐམས་ཅད་ཀྱི་རྒྱབ་ལ་སྐྱོན་རེ་ཡོད་པ་དེ་རེད་ཨང་་་་་་་ ད་བཤད་རྒྱུ་རང་རྫོགས་ཐལ་་་་་་་་་་་་་
ཨེ་མ་མ་ལ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་བཤད་ས་དེ་སྡེ་ཚན་འདིའི་ནང་ཡིན་པ་འདྲ་འདུག སྔོན་བཅོམ་ལྡན་འདས་མཉམ་མེད་ཐུབ་བའི་དབང་པོ་ཞལ་བཞུགས་དུས་གང་ཟག་སུ་ཞིག་གིས་དྲི་བ་གང་ཞིག་བཀོད་ན་ལན་གསུངས་ཡོད་མོད། དྲི་བ་བཅུ་བཞི་ལ་ལན་རྩ་ནས་གསུངས་མེད། དྲི་བ་དེ་ཡིན་པའི་ཕྱོགས་ནས་ལན་བཏབ་ན་ཡང་སྡིག་པ་ལས་ཡོང་རྒྱུ་མེད་ལ་མིན་པའི་ཕྱོགས་ནས་ལན་བཏབ་ན་ཡང་སྡིག་པ་ལས་ཡོང་རྒྱུ་ཡོད་པ་མ་རེད། དེ་ལ་ལན་གང་ཡང་མ་བཏབ་ན་དགེ་སྡིག་གང་ཡང་ཡོང་གི་མ་རེད། དེ་བས་ན་སངས་རྒྱས་ཀྱིས་ལན་མ་བཏབ་པར་ལུང་དུ་མ་བསྟན་པར་བཞག་པ་རེད། དེའི་མིང་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ལུང་མ་བསྟན་གྱི་ལྟ་བ་བཞི་བཅས་འདོག་གི་ཡོད། དེང་སང་ཡང་ལུང་མ་བསྟན་གྱི་ལྟ་བ་གསར་བ་ཡོང་ཆོག་ས་རེད་དྲན།། །།
དྲི་བ་འདི་འབྲི་མཁན་ལ་ངས་བལྟས་ན་ལན་འདེབས་ཆོག་རྒྱུ་མ་རེད། རྒྱུ་མཚན་ནི་དྲི་བ་འདྲི་མཁན་ཁོ་རང་དྲི་བ་འདིའི་བརྗོད་གཞི་དང་འབྲེལ་བ་རྩ་ནས་མེད་པར་མ་ཟད། འདི་ལ་འགན་གང་ཡང་ཁས་རྒྱུ་མ་རེད། གལ་ཏེ་ཁོ་རང་ངོ་ནས་འགན་ཁས་མཁན་ཅིག་ཡིན་ན་འདི་ནི་འབྲེལ་ཡོད་དགེ་འདུན་གྱི་སྡེ་ལ་སྙན་སེང་ཞུས་ནས་འདུལ་བའི་ལས་གཞི་ལྟར་ཕྱག་ལེན་བསྟར་དགོས་པ་ལས། ཁ་ཐུར་འཁོར་ནས་ཁྱིམ་པའི་ནང་ལ་བཤད་དེ་ཅི་ལ་ཕན་སྙམ།། །།
ཕྱོགས་དང་ཆ་ཐམས་ཅད་ནས་ལྟ་ཐུབ་པའི་རྣམ་དཔྱོད་ (holistic view) ཅིག་མེད་ན་་་་་་་་ མི་དེ་ལ་གང་བཤད་ཀྱང་མ་འགྲིགས་པ་གང་བྱེད་མ་འཐུས་པ་ཞིག་རང་བཞིན་གྱི་ཡོང་རྒྱུ་རེད་་་་་་་་་་་་་ བཅོམ་ལྡན་འདས་ཀྱི་རྟེན་འབྱུང་གི་དགོངས་པ་རྒྱ་ཆེན་པོ་འདི་རྩ་ནས་མི་ཤེས་པའི་མི་གླན་རྟགས་ཚ་པོ་དེ་ཚོ་སྐུ་མདུན་ལ་ཡར་བཅར་དུས་གང་ཡང་ལུང་དུ་མ་བསྟན་པ་དེ་འདྲ་བྱས་ནས་བྱུང་ཡོད་ཚོད་འདུག་ག་་་་་་ བཅོམ་ལྡན་འདས་ལ་ཐུགས་ཁག་མི་འདུག་་་་་་
ངེད་ལ་ལོ་རྒྱུས་སྙན་པོ་ཞིག་ཤོད་རྒྱུ་ཡོད།
༡༽ ༸གོང་ས་མཆོག་གི་ཉེ་དུས་ཀྱི་དབྱིན་སྐད་ཐོག་ཡོད་པའི་གསུང་ཞིག་ནང་ཡིན་སྙམ་གསལ་པོ་མི་དྲན། གཅིག་བྱས་དབྱིན་སྐད་ཐོག་བཞུགས་པའི་ཤེར་སྙིང་གི་འགྲེལ་པ་དེ་ཡང་ཡིན་སྲིད།
གང་ལྟར་རྙིང་མའི་བླ་མ་རྩ་ཆེན་རྟག་ཏུ་སྒོམ་དང་ཉམས་ལེན་རང་ལ་བརྩོན་པ་ཞིག་གིས། རྟག་པར་རྒྱལ་བ་རིན་པོ་ཆེ་མཇལ་དུ་བསྐྱོད་ཀྱི་ཡིན་ཞེས་བརྗོད་དེ། ཉིན་ཞིག་མཚམས་ཁང་ནང་སྐུ་མཇའ་ལུས་ལ་ཐིམ་སྟེ། ན་བཟའ་མ་གཏོགས་གཞན་གང་ཡང་མ་ལྷག་པའི་སྐོར་དང་། དེ་ནས་སློབ་བུ་རྣམས་ཀྱིས་ན་བཟའ་དེ་རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཡོད་འདུག གནས་ཚུལ་འདི་ཚོ་དངོས་གནས་ཡ་མཚན་པ་དང་ངོ་མཚར་བའི་རྣམ་ཐར་རེད།
༢༽
ཡང་། སེ་ར་བྱེས་ལ་ལྭ་བ་བྱ་རྩེ་ཞུ་བའི་མཁས་པ་བྱ་བྲལ་བ། མི་ལྟ་ཞོག་ཁྱི་ལའང་སངས་རྒྱས་ཀྱི་རིགས་ཡོད་རེད་གསུང་ནས་གུས་ཞབས་མཛད་མཁན་གྱི་རྣལ་འབྱོར་ཆེན་པོ་ཞིག་བྱུང་འདུག
གྲྭ་བ་མང་པོས་ཁོང་གི་རྗེ་རིན་པོ་ཆེའི་སྐུ་འདྲ་དེར་ཚེམས་འཁྲུངས་ཡོད་རེད་ཅེས་སྲང་ལམ་དུ་སྒྲོག་གི་ཡོད་འདུག
ངེད་ཀྱི་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་བཀྲ་ཤིས་འབུམ་ཁོང་གི་སར་ཡང་ཡང་བཅར་གྱི་ཡོད་གསུངས། རྒན་རིན་པོ་ཆེས། ལྭ་བ་བྱ་རྩེར་ཁྱེད་ཀྱི་རྗེ་བླ་མའི་སྐུ་འདྲར་ཚེམས་འཁྲུངས་ཡོད་པའི་སྐོར་ཞིག་གོ་ཐོས་བྱུང་། དེ་དངོས་གནས་རེད་དམ། སྐུ་མཁྱེན་ང་ལ་ཐེངས་ཅིག་སྟོན་རོགས་ཞུས་པས། དེ་འདྲ་ཡོད་མ་རེད་གསུང་ནས་རྩ་བ་ནས་ཞལ་གྱིས་བཞེས་མ་སོང་གསུངས། ཉིན་ཞིག་རྒན་བྱ་རྩེ་ཕྱི་རོལ་དུ་དབུ་འཐོམས་ཤུལ་ཞིག་ལ་མགྱོགས་པ་མགྱོགས་པར་ནང་ལ་ཕྱིན་ནས་གཟིགས་དུས། ཚེམས་ཆུང་ཆུང་གཅིག་འཁྲུངས་འདུག་གསུངས། ཡིན་ཐག་ཆོད་རེད་ཞག་ཅེས་ལྗགས་བསྣར་ནས་ཞལ་ལས་ལས་གནང་གི་འདུག
དེ་ནས་གནས་ཚུལ་དེ་སྐད་གྲགས་ཆེ་རུ་ཆེ་རུ་འགྲོ་དུས་ཁོང་གིས་བླ་མས་ཁོང་ལ་ཆོས་ལ་བར་ཆད་འོང་ཞེས་གསུངས་ཏེ་ཚེམས་དེ་ལ་གསེར་ཕུལ་ཏེ་བསུབ་པའི་ལོ་རྒྱུས་ཚད་ལྡན་བྱུང་འདུག འདི་ཚོ་ཡ་མཚན་དགོས་པ་དང་དད་པ་སྐྱེ་འོས་པའི་གནས་ཚུལ་ཞིག་རེད།
སྒོམ་སྡེ་ལྷ་རམ་པ་ཟེར་བ་དེ་སུ་ཡིན་ནམ། གལ་ཏེ་ཁེ་ན་ཌར་བཞུགས་པའི་རྒན་སྐལ་བཟང་དབང་འདུས་ལགས་ཡིན་ན་གུས་ཀྱི་མྱུར་འཕྲིན་ཐོག་འབྲེལ་བ་གནང་རོགས། སྔར་༢༠༠༤ལོའི་ཀྲོ་རོན་ཊོ་དུས་དབང་སྐབས་གཟིམས་ཁྱིམ་མཇལ་ཁ་སྐབས་ཀྱི་འདྲ་པར་ཞིག་བསྐུར་རྒྱུ་ཡོད་ལགས
ཁ་བརྡ་དྲ་བའི་དོ་དམ་པ་ལགས། ཁྱེད་ཚོས་ཁ་བརྡའི་ནང་དོ་བདག་གི་མི་གཤིས་ལ་གནོད་པའི་སྐད་ཆ་བཤད་པར་བཀག་འགོག་བྱེད་ཀྱིན་ཡོད་ན་གོང་དུ་འཇིགས་མེད་ཟེར་བ་ཞིག་གིས་མི་སྒེར་གྱི་སྙིང་ནད་ལྟ་བུ་ཁྱེར་ཡོང་ནས་ཁུངས་ལུང་མེད་པའི་གཏམ་འཆལ་དེ་ཚོ་ག་རེ་རེད་དམ།
སྒོམ་སྡེ་ལྷ་རམས་པ་ལགས། ཉིད་ཀྱིས་ཚིག་གོང་འོག་འདི་གཉིས་ལ་བསམ་བློ་ཞིབ་དུ་བཏང་ནས་སྤུན་ཟླ་ཚོ་ལ་ཁ་བརྡ་སློབ་གསོ་ཡག་པོ་རེ་རྒྱག་རྒྱུར་རེ་བ་ཡོད། དེ་མིན་རང་སྐྱོན་བཞག་ནས་གཞན་སྐྱོན་བཤད་མཁན་ནི་ཉིད་ལས་ཀྱང་མཁས་པ་ཆེས་མང་བོ་ཞིག་ཡོད་ཡོད་པ་རེད་ལགས།
སྔོན་དགེ་སློང་ཞིག་གིས་ དགེ་སློང་གཞན་ལ་ཁྱེད་ཅག་ནི་བུད་མེད་དང་འདྲ་བའོ་ཞེས་སྐུར་བ་བཏབ་པས། སྐྱེ་བ་ལྔ་བརྒྱར་བུད་མེད་དུ་སྐྱེ་བ་བླངས་པའི་ལོ་རྒྱུས་མདོ་ལས་གསུངས་ཡོད།
ཁྱི་རྒན་ཁྱེད་ཚོས་འདི་ཚོ་མཐོང་གི་མ་རེད། མཐོང་རྒྱུ་ལྟ་ཞོག་ཐོས་ཀྱང་ཡོད་ཀྱི་མ་རེད།
སྐྱེ་བས་འདོད་དེ་བཙན་གྱིས་མ་འཁྲིད་ཞིང་།།
བུ་མོ་ངུས་དེ་རྗེས་སུ་མ་འོང་བར།།
གཅིག་སེམས་གཅིག་གིས་བསླུས་པའི་བཞི་མདོ་ནས།།
རིགས་ཀྱི་སྨྱུ་གུ་བསུས་པ་གཉིས་ཀར་འཁྲི།།
འཇིགས་མེད་ཟེར་བ་ཅིག་གིས་སྟུ་ལ་བདག་པོ་བརྒྱབ་དགོས་ཟེར་འདུག སྟུ་ཟེར་བ་དེ་བདག་པོ་ཅི་ལྟར་རྒྱག་དགོས་པ་རེད། ང་ཚོ་ལ་ངོ་ཤེས་མང་ན་ཡག་པ་བཞིན་དུ་སྟུ་མཇེ་གཉིས་ཀ་ཡང་རང་རང་གི་བརླ་བར་ནས་སྐམ་པོ་འདུག་པ་ལས། ངོ་ཐུག་ཡང་ཡང་བྱས་ན་དེ་གནོད་པ་ལས་ཕན་པ་ཡོད་པ་མ་རེད་དམ། འོན་ཀྱང་ན་ཚ་ཡོད་མེད་ཐེ་ཚོམ་ཡོད་ན་འགྱིག་ཤུབ་བཀོན་ན་ཡག་ས་རེད་དྲན།
འོ་ངས་ཅིག་དྲན་སོང་། སྟུ་ཤུབ་དང་མཇེ་ཤུབ་གཉིས་ལ་བདེ་བླག་སྨན་ཁང་གི་ཡན་ལག་ཅིག་ན་༼འགྱིག་ཤུབ་གོན་དགོས་༽ཟེར་འདུག དེ་ན་ཐ་སྙད་དེ་ཡག་པོ་མེད་དམ་སྙམ གང་ཡིན་ཟེར་ན་ཁྱོད་ཚོས་སྟུ་ཤུབ་གྱི་ཐ་སྙད་སྐོར་ལ་རྩོད་པ་རྒྱག་གི་འདུག་ག མ་གཞི་སྟུ་ཤུབ་ཟེར་ན་གསལ་སྟོན་ཐུབ་པའི་ཐ་སྙད་ཅིག་རེད་བསམ།། །།
སྒར་ལུང་བསོད་འོད་ལགས།
༡༽
འོ་ཛི། ཁྱེད་ངའི་ངོ་ཤེས་རྙིང་པ་ཞིག་ཡིན་པ་ཐག་ཆོད། བཀྲ་ཤིས་ལེགས།
ཁྱེད་ཀྱི་དགོངས་པར་ཁོ་སྔོན་མ་འཆལ་གཏམ་འདི་འདྲ་ཤོད་མི་དགོས་པ་ཞིག་ལ། ད་ཆ་འདི་འདྲ་ཤོད་པ་འདི་ཁོ་ཨེ་ཡིན་སྙམ་པའི་ཐུགས་དོགས་ཤིག་འཁྲུངས་པ་འདྲ། ཐུགས་ཁག་མི་འདུག ངེད་རང་ནམ་རྒྱུན་དཔེ་ཆ་ཤ་སྟག་བལྟས་ནས་སྡོད་པ་ལས། གཞན་ལ་སྒྲོ་སྐུར་དང་གཞན་གྱི་ཇུས་ཏོག་བྱེད་རྒྱུར་དགའ་མོས་གཏན་ནས་མེད་པ་སྔར་དང་འདྲ་ནའང་། ཟླ་བ་གཅིག་ལྷག་ཙམ་སོང་། རྒྱ་གར་ལ་འགྲོ་རྒྱུའི་གྲྭ་སྒྲིག་དང་ཚིག་མཛོད་ཞུ་དག་གི་ལས་ལ་དམིགས་བསལ་དུས་ཚོད་བཏོན་ནས་སྡོད་རིང་། ཁ་བརྡ་དྲ་ཐོག་ལ་རང་ཉིད་བློ་སྐྱེད་ཞུ་བ་དང་གཞན་ལ་ཅུང་ཟད་ཕན་པའི་བསམ་པས་འཆལ་གཏམ་འགའ་ཤོར་སོང་། དགོངས་དག
འོན་ཀྱང་རིང་མིན་མཚམས་འཇོག་བྱ་རྒྱུ་ཡིན།
༢༽
ཁྱེད་ནས་སྐུ་དཔར་སྐོར་གསུང་ཡ་དེ། ༸གོང་ས་མཆོག་ནས་༢༠༠༤ལོར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་ཆེ་སྐབས་ངེད་ཀྱི་ཚིག་མཛོད་ཀྱི་དཔར་ཕུད་སྤྱན་བསྟར་ཞུ་དུས་ཀྱི་གཟིམས་ཆུང་མཇལ་ཁའི་སྐུ་དཔར་ཁག་གཉིས་ཡོད་པ་དེ་གསུང་གི་ཡོད་པ་འདྲ། དེ་ཐབས་ཤེས་བྱས་ཏེ་ཕྱི་རྒྱལ་གྱི་དཔར་པ་ཅིག་གི་མདུན་ནས་རྗེས་སུ་དཀའ་ཚེགས་ཆེན་པོའི་ངང་ཐོབ་བྱུང་།
སྐུ་དཔར་དེ་རྒྱལ་དབང་མཆོག་དང་ང་དང་ངའི་ཆུང་མ་བཅས་མཉམ་དུ་སྒྲོན་པའི་སྐུ་དཔར་དེ་རེད། ང་ལ་རྒྱལ་དབང་མཆོག་དང་ལྷན་དུ་སྐུ་དཔར་སྒྲོན་རྒྱུའི་བློ་སྤོབས་ག་ལ་ཡོད་རུང་། སྐྱབས་སུ་མཆི། ཁོང་ནས་ཐུགས་བརྩེ་བ་ཆེན་པོས་ངེད་བཟའ་མི་གཉིས་ཕྱིར་ཐོན་དུས་ང་ཚོ་མཉམ་དུ་དཔར་ཅིག་རྒྱག་དགོས་ཞེས་བཀའ་གནང་སྟེ་ཕྱི་རྒྱལ་བའི་དཔར་པ་ཞིག་འདུག་པ་དེར། སྐུ་དཔར་སྒྲོན་བཅུག་སོང་། སྐུ་དཔར་དེ་ངེད་ལ་ཡོད་པས་གཏོང་རྒྱུའི་སྐུ་ངལ་གནང་མི་དགོས།
ངེད་ནས་ཁྱེད་ཀྱི་དྲ་རྒྱའི་མཚན་དེའི་ཐོག་ནས་ཁྱེད་སུ་ཡིན་གསལ་པོ་ཞིག་ཧ་གོ་གི་མི་འདུག འོན་ཀྱང་ངེད་ཀྱི་གློག་འཕྲིན་ཁ་བྱང་GomdeLharampa@hotmail.com ཐོག་ཕྱག་བྲིས་ཤིག་གནང་རོགས། ཐུགས་རྗེ་ཆེ།
ཧ་ཧ་ཧ་ ད་རེས་དགེ་ཤེས་ལྷ་རམ་པའི་ ངེད་ཚོ་འཇིགས་རྟེན་ཁྱིམ་པ་དག་ལ་ཁ་བརྡ་སླབས་བྱའི་ སྒྲུང་གཏམ་རིང་པོ་དང་བཀའ་སྐྱོན་ཡང་ཚ་ཙམ་གནང་འདུག་ག་ ཡིན་ཡང་ཞོར་དུ་ཞབས་འདྲེན་ཏོག་ཙམ་ཞིག་ཀྱང་ཞུས་ཞག་ ཧ་ ཧ་ ཧ་ སྐྱེས་བུ་སེར་སྐྱ་ཞེས་པ་དེས་དགེ་འདུན་ལ་མིང་བཏགས་པ་ཙམ་གྱིས་ཁོ་ཤི་ནས་ཆུ་སྲིན་མགོ་བཅོ་བརྒྱད་བྱས་པ་ཞིག་ཏུ་སྐྱེས་པ་དང་དམྱལ་བ་མནར་མེད་དུ་སྐྱེས་ཡོད་གསུངས་པར་ གལ་ཏེ་མིང་ཐོགས་བཏགས་པ་ཙམ་གྱིས་འདི་འདྲའི་རྣམ་སྨིན་ཡོད་པར་དགེ་ཤེས་ལྷ་རམ་པ་ (ད་ཧ་ལམ་སྔགས་རམ་ལ་ཡང་སླེབ་གྲོ་་སླེབ་གྲོ་བྱེད་པ་) ཁྱེད་རང་ལ་ཡིད་ངག་གཉིས་ནས་ཡིད་ཆེས་དང་དད་པ་དངོས་ནས་ཡོད་ན་ ་ལྷ་རམ་ཁྱེད་ནས་རྣམ་སྨིན་ཇི་ཡོད་ཤེས་བཞིན་དུ་ང་ཚོ་དྲ་གྲོགས་ཚང་མར་ ནད་འབུ་དང་ ཁྱི་རྒན་ཁྱེད་ཚོ་ཞེས་མིང་ཐོགས་བཏགས་པའི་ན་ད་ཁྱེད་རང་ཡང་དམྱལ་བ་མནར་མེད་དུ་ལྷུང་ཚར་ཞག་ དྲ་གྲོགས་ཞིག་ཡིན་པས་ཆ་ནས་ངས་ཁྱེད་དམྱལ་བ་ལས་ཐར་ཐབས་དང་ ཆུ་སྲིན་མགོ་ཉུང་བ་ཞིག་ལ་སྐྱེ་བའི་སྨོན་ལམ་འདི་ལྟར་འདེབས་སོ་། ཨོམ་མ་ཎི་པདྨི་ཧུྃ་། འདི་ནས་འཆི་ཕོས་གྱུར་མ་ཐག་ དགའ་ལྡན་སྐྱེ་གནས་ཡི་དགའ་བར་ མྱུར་དུ་བྱམས་མགོན་ཐོབ་གྱུར་ནས་ བྱང་ཆུབ་ལུང་སྟན་ཐོབ་པར་ཤོག་། སྐྱེས་བུ་སེར་སྐྱ་ཁོ་ད་ཆུ་སྲིན་མགོ་བཅོ་བརྒྱད་བྱས་པ་ཞིག་ཏུ་སྐྱེས་ཀྱང་སྟབས་ཡག་ཏེ་སངས་རྒྱསབཅོམ་ལྡན་འདས་ཞལ་བཞུགས་ནས་ཆུ་སྲིན་དེར་བྱིན་གྱིས་བརླབས་འདུག་ག་ ད་ལྷ་རམ་ལགས་ཁྱེད་རང་ཆུ་སྲིན་མགོ་ག་ཚོད་བྱས་པ་ཞིག་དུ་སྐྱེས་ཀྱི་ཡོད་དམ་ སུའི་བྱིན་གྱིས་བརླབས་ཀྱི་ཡོད་ ཆུ་སྲིན་དུ་སྐྱེ་དུས་མི་སྐད་དྲན་ས་རེད་དམ་ དྲན་ན་བོད་སྐད་རྒྱགས་ས་རེད་དམ་ དབྱིན་སྐད་རྒྱགས་ས་རེད་ ཡང་ན་ཧིན་སྐད་རྒྱགས་ས་རེད་དམ་ ད་ལྷ་རམ་ལགས་ཁྱེད་རང་ངས་བྱས་ན་དྲ་རྒྱར་ཡོང་རྒྱུ་སྤངས་ཏེ་དམྱལ་བ་མནར་མེད་དང་ཆུ་སྲིན་མགོ་བཅོ་བརྒྱད་ལས་མང་བ་ཞིག་དུ་སྐྱེ་བ་ལས་ཐར་ཐབས་ཀྱི་ཉིན་ཏར་གསོས་སྦྱོངས་གྱིད་པར་འབད་ན་ཡག་ས་མ་རེད་པས་།
ཡང་དེང་སང་འདི་ད་ག་ནུབ་ཕྱོགས་ཁུལ་དུ་ནི་རང་ཉིད་མའི་མངལ་ནས་སྐྱེས་པ་ཕོ་རྟགས་ཅན་ཞིག་དུ་སྐྱེས་ཏེ་ ཕོ་ལོ་ ༣༠/༤༠ ནང་སླེབ་ཀྱང་ འགའ་རེ་ཞིག་ནས་བཤགས་བཅོས་ཀྱི་འགྲོ་གྲོན་ཆེན་པོ་བཏང་ནས་ཕོ་རྟགས་ མོ་རྟགས་ལ་བསྒྱུར་ གྱོན་གོས་ཡང་བེུད་ཀྱི་གྱོན་ཆས་གྱོན་ མིང་ཡང་མོ་མིང་དུ་བརྗེ་བསྒྱུར་གྱི་ཁྲིམ་ཐོག་རང་ནས་བེུད་དུ་ངོས་འཛིན་ཡོད་པའི་ཁྱབས་སྒྲགས་ཀྱང་བྱེད་ཀྱི་ཡོད་པ་མ་ཟད་སྐྱེ་ཕོ་ལ་ཡང་ཕྲུ་གུ་སྐྱེ་གི་ཡོད་ དེང་སང་ཧ་ལམ་རྒྱ་གར་ནང་ཡང་རིགས་ཞུང་གི་བལྟ་བ་ཧ་ཅང་ཁྲེགས་པོར་གནས་སའི་ཡུལ་གྲུ་མཐའ་ཁོབ་འགའ་རེ་ནང་ཙམ་དང་ ད བཞིན་འཛམ་གླིང་རྒྱལ་ཁབ་ཉུང་ཤས་གི་ནང་ཙམ་ལས་ ཡར་ཐོན་ཅན་གྱི་ལུང་པ་མང་ཆེ་བའི་ནང་ཕོ་མོ་གང་དུ་སྐྱེས་ཀྱང་ལེགས་ཉེས་འདྲ་མཉམ་དུ་བརྩི་ཞིང་ ལྷག་པར་དེང་སང་བེུད་མང་པོ་ལྗོན་ཐང་ཆེ་བ་དང་ལས་དོན་ཐོག་ཁུར་ཆེ་བ་ རུ་ངར་བ་སོགས་ལ་རྟེན་ནས་ཁོང་ཚོས་ཇོ་ལགས་ཀུན་དགའ་དོན་གྲུབ་བམ་ (ཀམ་མྰཡེ) ཡང་མང་བ་བཟོ་གི་ཡོད་པ་ནི་རང་རེའི་སྤྱི་ཚོགས་ནང་དུའང་མང་པོ་མཐོང་ཐུབ་ དེས་ན་དུས་རབས་༢༡ ནང་ སྐྱེ་བ་ལྔ་བརྒྱ་བེུད་དུ་སྐྱེས་ཀྱང་ དེ་སྐྱེ་བ་དམ྄ན་པ་ཞིག་ཡིན་པར་རྩི་ཨེ་རུང་ དཔེ་ལུང་ཞེ་དྲག་གྲངས་ཀ་བྱས་མ་ཏོག་ ཡང་དགེ་ཤེས་ལྷ་རམ་ལགས་ སྒོམ་ཁང་གི་ཕྱིར་སླེབས་ཏེ་བོུ་ལྷམ་ཁོག་ཏིང་པ་ཙོག་ཙོག་གཅིག་དང་ འཇའ་མ་དཔུས་མོའི་སྒང་དུ་གྱོན་པ་ཞིག་མཐོང་དུས་ སྒོམ་དང་ དགོན་སྡེ་ ལྷ་རམ་པའི་དམ་བཅའ་བཅས་པར་ (སྒོ་ལི་སྨར་རོ) མ་གསུངས་མ་ཏོགས་ ཟབ་ཟབ་མ་བྱས་ན་སྒོམ་སྡེར་བར་ཆད་ཡོང་ཉེན་འདུག་ཏ་།།
ལྷ་ལུང་དཔལ་རྡོར་ལགས།
དང་ཐོག་ངེད་ནས་ཚིག་ངན་ཤོར་བར་དགོངས་དག་ཞུ་རྒྱུ་ཡིན།
ངའི་བསམ་པར་ངེད་ནས་ཁ་སྡིག་སྣ་སྡིག་མང་པོ་ཞིག་བསགས་སོང་། ད་ཁུམ་སིམ་མེར་ཆོས་ཀྱི་བགྲོ་གླིང་ཞིག་བྱ་སྙམ་བསྡད་ཡོད་ཀྱང་། ཡང་ཁྱེད་ནས་ངའི་ཁ་གོག་དེ་ཡང་བསྐྱར་ཐེངས་ཅིག་བསྔོག་བཅུག་སོང་།
གསལ་བཤད། སྤྱིར་བཏང་དགེ་འདུན་ལ་སྐུར་བ་འདེབས་པ་དང་། སྐྱ་བོ་སྤྱོད་ངན་ཞིག་ལ་ཁྱི་རྒན་ཟེར་བ་གཉིས་ལ་གནམ་སའི་ཁྱད་པར་ཡོད། ངའི་ཁྱེད་ཅག་ལ་ཁྱི་རྒན་ཞེས་འབོད་པ་དེ་སྡིག་པ་མི་དགེ་བའི་ཚིག་ཏན་ཏན་རེད། འོན་ཀྱང་ཕན་སེམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་བཤད་པ་ཡིན་ཙང་། ཅུང་ཟད་དྲག་གི་རེད།
དེ་ལ་རྒྱུའི་ཀུན་སློང་བཟང་པོ་དང་། དུས་ཀྱི་ཀུན་སློང་ངན་པ་ཡིན་པས། སྡིག་པ་ཅུང་ཆུང་།
གལ་ཏེ་ངེད་ཀྱི་ཚིག་འདིས་དད་ལྡན་གྱི་སྐྱེ་བོ་སྟོང་ཕྲག་མང་པོ་ལོག་རྟོག་གི་གཡང་ས་ལས་བསྐྱབས་ཏེ་བདེ་བའི་དབུགས་དབྱུང་བ་དང་། སྐུར་བ་འདེབས་པ་པོ་ཡང་ལེགས་པའི་ལམ་དུ་བསྒྱུར་ཏེ་ཤེས་རབ་ཀྱི་མིག་ཕྱེ་བ་ཞིག་བྱུང་ན། ང་རང་དམྱལ་བ་ལ་སྐྱེས་ཀྱང་འགྱོད་པ་མེད། ལར་ནས་དམྱལ་བ་ལ་སྐྱེས་སྐྱེས་བར་སྒུག་མི་སྡོད་པར་བཤགས་བསྡམ་ལ་ལ་འུར་འབད་ཀྱི་ཡིན།
འོན་ཀྱང་དེ་ལ་ངེད་ནས་སླར་ཡང་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན།
སྤྱིར་བཏང་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསད་པའི་ལོ་རྒྱུས་དང་། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་སྡོང་དུམ་བསད་པའི་ལོ་རྒྱུས་ཡོད་པ་མཁྱེན་གསལ་རེད། འདིར་ཡང་གླང་དར་མ་མང་པོ་འདུག་ག འོ་ན་གླང་དར་མ་འདི་དག་རང་འགར་བཞག་དགོས་སམ།
ངེད་ནས་ལན་མང་པོར་༼ང་གྲྭ་ལོག་ཐེབས་ཆག༽ཅིག་ཡིན་ཞེས་གསལ་བཤད་ལན་མང་ཞུས་པ་ཡིན། ང་ཁྱེད་ཅག་གིས་སྐུར་བ་འདེབས་ཡུལ་གྱི་སྐྱབས་གནས་དགེ་འདུན་གྱི་གྲལ་དུ་མེད། འོན་ཀྱང་ངོས་ནས་མི་ཧྲིལ་པོ་ཉི་ཤུ་རྩ་གསུམ་ཙམ་དགོན་པར་བསྐྱལ་བས། དགོན་པའི་སྐྱོན་དང་ཡོན་ཏན་ཐམས་ཅད་མཐོང་ཀྱང་། ཡོན་ཏན་གྱི་ཆ་བརྒྱ་ཆ་དགུ་བཅུ་དང་། སྐྱོན་གྱི་ཆ་བརྒྱ་ཆ་བཅུ་ཙམ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
ཁྱེད་ཅག་གིས་ང་ལ་སྐུར་བ་ཇི་ཙམ་བཏབ་ཀྱང་ཁྱེད་ཅག་ཁ་ཡ་མི་བྱེད། འོན་ཀྱང་སྐྱབས་ཡུལ་དགེ་འདུན་ལ་སྐུར་འདེབས་བྱེད་ན་དེ་ཚབས་ཆེན་པོ་རེད་ཅེས་སླར་ཡང་གསལ་འདེབས་ཞུ་རྒྱུ་ཡིན།
ང་སྐབས་རེར་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པར་དཀར་ཞེན་ཡོད་པའི་ལས་བྱེད་པའམ་ཐ་ན་རྩོམ་འབྲི་བ་དང་མཆན་འདེབས་མཁན་ཡན་ཆད་ལ་སྙིང་རྗེ་ཚད་མེད་སྐྱེ་གི་འདུག
འདི་རུ་རྩོམ་ཡིག་འབྲི་བའམ་མཆན་འདེབས་པ་ནི་ངའི་མཚང་ནས་འབྲུ་རོགས་ཞེས་རེ་སྐུལ་ཞུས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག མི་སེམས་ཆུང་བ་དང་ཡ་རབས་དེ་ཚོ་སྐད་ཆ་ཤོད་པའི་དབང་ཆ་ཆ་ཚང་མི་ངན་རེ་ཟུང་གིས་འཕྲོག་འགྲོ་གི་འདུག དེར་བརྟེན་ངས་ཁོང་ཅག་ལ་ཁ་གཏད་ཅོག་རྐྱང་བྱེད་ཀྱི་ཡོད།
ངེད་ལ་ཡོན་ཏན་ཆུང་ཆུང་ཞིག་ཡོད། དེ་ནི་རང་ལས་བློ་ཁ་དམའ་བར་བརྙས་བཅོས་དང་མཐོང་ཆུང་མི་བྱེད་པ་དེ་ཡིན། ཁྱེད་ཅག་ངེད་ཀྱི་མཆན་དག་ལ་ལྟོས་དང་ངས་སུ་ལའང་དོན་མེད་སྐུར་འདེབས་ཞུས་མེད། མི་སྙོམས་ཆུང་དང་གྲྭ་པ་ཉམས་ལེན་ཡག་པོ་དེ་དག་གཙུག་ཏུ་བཀུར་གྱི་ཡོད། མི་ལྟ་བ་མཐོན་པོ་དང་ང་རྒྱལ་ཆེན་པོ་དག་ལ་ང་ཡང་ང་རྒྱལ་ཆེན་པོ་དང་ལྟ་བ་མཐོན་པོ་ཡིན། དེ་ངའི་གཤིས་ཀ་རེད།
ད་ཡང་འཆལ་གཏམ་མང་པོ་ཞིག་ཐལ་སོང་།
མཐོང་ཡང་། ནོར་བཅོས།
གྲྭ་ལོག་གྲྭ་པའི་ཞབས་འདྲེན་ཡིན་ཟེར་བ་གོ་མྱོང་་་་་་་་་་་་ ཉེ་ལམ་བླ་མ་ཡེ་ཤེས་པའི་དབྱིན་ཇིའི་སྐྱག་སྤྲུལ་བླ་མ་འོད་ཟེར་བྱ་བ་ཁོས་གྲྭ་པ་ལོག་པ་མ་ཟད་སྐྱོན་ཁག་ཚང་མ་བོད་ཀྱི་ནང་པའི་ཆོས་ལ་འགེལ་འདུག་་་་་་་་ ངས་མཐོང་བའི་གྲྭ་ལོག་ཐེབས་ཆག་མང་པོས་ཀྱང་ག་ཚོད་ཐུབ་ཐུབ་ཀྱི་ཆོས་ལ་ཁ་བཏང་ག་བྱེད་ཀྱི་འདུག་་་་་་་་་་་ དགེ་ལུགས་པའི་ནང་ལ་སྤྱིར་བཏང་དེ་རིགས་དཀོན་ཙམ་འདུག་་་་་་་་་་་་ གང་ལྟར་གང་ནས་བསམ་ཀྱང་སྒོམ་སྡེ་འདི་གྲྭ་ཟུར་ཤེས་འཇོན་ལྡན་པ་ཞིག་ཡིན་སྲིད་ཀྱངགྲྭ་ལོག་ཐེབས་ཆག་ཅིག་རྩ་ནས་རེད་མི་འདུག་་་་་་་་
བཀུར་འོས་ཁས་མཆོག་སྒོམ་སྡེ་ལྷ་རམས་ལགས་
སྐུ་ཉིད་ལ་སྙན་བསུན་དང་ཐུགས་དཀྲུགས་གཞིརགྱུར་ཉེན་གྱི་གོང་དུ་གུས་པའི་འཆལ་གཏམ་དེ་དག་ཤོར་ཐལ་སོང་བ་བཟོད་གསོལ་ཡོང་བ་ཞུ་ མཆན་ཨང༧༨ ནང་སྐུ་ཉིད་ཀྱི་དགེ་འདུན་ལ་སྐུར་བ་བྱས་པའི་རྣམ་སྨིན་ཇི་ལྟར་འཁོར་མིན་ཐད་ཆུ་སྲིན་མགོ་བཅོ་བརྒྱད་སྐོར་གྱི་ལུང་འདྲེན་དག་གུས་པར་སྙན་ཅིང་དགོད་བྲོ་ལ་ཡིད་ལ་འཇུག་པོ་བྱུང་པ་ན་དེ་ལས་ཕྲོས་ཏེ་ཀུ་རེའི་ཚུལ་དུ་འཆལ་གཏམ་འབའ་ཞིག་ཞུ་ཐལ་སོང་བ་དེར་སྒོ་གསུམ་གུས་པས་ངང་ནས་དགོངས་དག་ཞེས་སྐུ་ཉིད་ལ་ཕར་ཞུ་རྒྱུ་ལགས་ སྔོན་དུ་མཆན་བུ་དག་ལ་རེ་རེ་བཞིན་དོ་ཁུར་གྱིས་སུའི་མཆན་གང་བཏབས་ཞིབ་རྒྱས་ངང་དམིགས་བསལ་དོ་སྣང་མ་བྱས་པའི་ཉེར་ལེན་ལས་གུས་ནས་སྐུ་ཉིད་སྐྱི་ཐུགས་ཀྱི་མཁྱེན་རྒྱའི་ཚོད་དཔགས་མ་ཤེས་པར་སྐྱེས་བུ་ཕལ་པ་འཆལ་སྤྱོད་་དག་དང་མཉམ་པར་ཤོར་ཡང་ རྗེས་སུ་སྐུ་ཉིད་ཀྱི་གོང་གསལ་མཆན་ཨང་༩༠ དང་༩༢པ་ དག་མཐོང་རྗེས་ཉིད་ཀྱི་མཆན་བུ་ཁག་ལ་སྐྱར་དུ་བལྟ་ཞིབ་བགྱིས་པ་ན་ སྐུ་ཉིད་ནི་མཁྱེན་རྒྱའི་མངའ་ཐང་ཤིན་དུ་རྒྱས་པའི་མཁས་དབང་བང་བཛོད་ཀྱི་ནོར་བུ་བཞིན་བཀུར་འོས་ཞིག་རེད་འདུག་པ་ལས་གྲ་ལོག་ཐེབས་ཅག་གཅིག་རེད་མིན་འདུག་ན་ ད་ནས་བདག་ནི་ཁྱེད་ཉིད་ཀྱི་ཞབས་ཀྱི་པདྨོའི་དྲུང་ནས་དགེ་སྡིག་བླང་དོར་གྱི་གསུངས་ཀྱི་བསྡུད་རྩི་ཞུ་བར་གསོལ་རྒྱུ་ལས་འཆལ་འཆོལ་གང་བྱུང་ཀུ་རེ་ཞུ་བར་མི་ཕོད་ལ་གལ་ཏེ་གོང་དུ་གུས་པས་མ་རིགས་མུན་པའི་དབང་གིས་ཚིག་དོན་སྒྲ་སྦྱོར་སོགས་ལ་སྐུར་བར་དགོངས་ཚུལ་བྱུང་ཡོད་ན་ནི་ཐོལ་ལོར་བཤགས་སོ་ ལྷ་རབ་བྱུང་ན་སྐུ་ཉིད་དྲ་ནང་འདིར་སྔར་བཞིན་ཕེབས་ཏེ་བླང་དོར་གྱི་ལམ་སྟོན་རྒྱུན་མི་ཆད་པར་གནང་དུ་གསོལ་ གལ་ཏེ་མེད་ན་ཉིད་ནས་ཆོས་ཀྱི་བགྲོ་གླེང་དེ་དྲ་རྒྱ་གང་གི་ནང་དུ་གནང་གི་ཡོད་དམ་གུས་པ་ཆོས་ཞུར་བཅར་འདོད་ཡོད་། འོའ་ཐུགས་རྗེ་ཆེ་ ད་བཀྲིས་བདེ་ལེགས་།།།
ཁ་སང་བེ་རི་འཇིགས་མེད་ལགས་ཀྱི་༼འཐབ་འཛིངས༽ཞེས་པའི་རྩོམ་ཐུང་ཞིག་འདུག་པ་དེའི་མཆན་བུ་ཞིག་གི་ཚིག་ཅིག་ལ་རྨོངས་འཆར་ཞིག་ཤོད་འདོད་བྱུང་ཡང་། དུས་ཁོམ་མ་བྱུང་། དེ་རིང་རྩོམ་ཐུང་དེ་བཙལ་ཀྱང་མ་རྙེད། དེར་བརྟེན་རྨོངས་འཆར་དེ་འདིར་བཤད་ཆོག་པའི་གནང་བ་ཞུ་གི་ཡིན།
༼བག་ལ༽མ་རེད། ༼པག་ལཱ༽རེད།
༼པག་ལཱ༽ཞེས་པའི་ཚིག་འདི་ནི། རྒྱ་གར་གྱི་ཡུལ་སྐད་དེ། पगला པག་ལཱ་ཞེས་པ་འདིའོ། །འདི་ནི་མི་༼སྨྱོ་འཚུབ་འཚུབ༽ཅེས་པའི་དོན་རེད། འོན་ཀྱང་བོད་མི་སྤྱི་དང་ལྷག་པར་གྲྭ་སའི་རྒན་པ་ཚོས་བསྟན་པ་བཤིག་མཁན་༼བསྟན་བཤིག༽ལྟ་བུའི་སྤྱོད་ངན་ཞིག་ལ་ངོས་འཛིན་བྱེད།
पगला༼པག་ལཱ༽སྟེ་སྨྱོ་འཚུབ་འཚུབ་ཅེས་པའི་ཚིག་འདི་དང་། पागल༼པཱ་གལ༽ཏེ་སྨྱོན་པ་ཞེས་པའི་ཚིག་འདི་གཉིས་ལ་འབྲེལ་བ་ཅུང་ཟད་ཡོད།
ནོར་འཁྲུལ་ཡོད་ན་གསུང་རོགས།
ང་ལ་མཁྱེན་ལྡན་ཚོར་དོགས་འདྲི་ཞིག་ཡོད། དཔེར་ན། སྐྱག་རྫུན་ལ་དབུས་གཙང་སྐད་དུ༼མ་པིང༽ཞེས་པ་ལྟ་བུ་ཞིག་གསུང་གི་འདུག་ག དེ་ཡིག་སྐད་དུ་ག་འདྲ་སེ་བྲི་དགོས་སམ། བློ་སྐྱེད་གནང་རོགས།
ཅིག་བརྗེད་འདུག
पगला༼པག་ལཱ༽སྟེ་སྨྱོ་འཚུབ་འཚུབ། དབྱིན་སྐད་དུ་Crazy/Kook
पागल༼པཱ་གལ༽ཏེ་སྨྱོན་པ། དབྱིན་སྐད་དུ་Crazy/Insane/Mad
འོ་གསལ་བཤད་ཅིག་བརྗེད་འདུག སྒྲོལ་མའི་སྤྲུལ་བ་རྒྱ་མོ་གཉིས་པ་དེ་པན་ཆེན་སྐུ་ཕྲེང་བཅུ་བའི་རིག་མ་དེ་རེད། དེའི་མིང་བརྗེད་ཚར་འདུག ངོ་ནས་ཡག་མ་ཟིག་ཡིན་ཡ། དེ་དུས་མཚོ་སྔོན་ལ་ཕེབས་དུས།། །།
དྲ་གྲོགས་ཚོ། དྲ་གྲོགས་ཨ་མའི་གཅེས་ཕྲུག་ལགས་ཀྱིས་རང་སེམས་མཚོན་བྱེད་ལ་ཨ་མ་ཆུང་ཆུང་དེར་སྒོར་༢༠༠༠་ཡི་ཞལ་འདེབས་གནང་བ་དེ་བུད་མེད་ལྷན ཚོགས་རྒྱུད་སྤྲོད་རྒྱུ་བྱེད་ཡོད། ད་ནི་ང་རང་ལ་འདིར་སྡོད་པའི་དུས་་ཡུན་ཉིན་ཤས་ལས་མེད་པས་ངས་མུ་མཐུད་ནས་ལས་འགན་འདིར་འཇུ་མི་ཐུབ་རྐྱེན་བུད་མེད་ལྷན ཚོགས་རང་ལ་འགན་ཁུར་རོགས་ཞུ་རྒྱུ་བྱུང་།
དྲ་གྲོགས་ལྷ་རླུང་དཔལ་རྡོར་ལགས་ཀྱིས་ཨ་མ་ཆུང་ཆུང་དེར་རོགས་རམ་བྱ་འདོད་ཡོད་གསུངས་པ་བཞིན་གློག་འཕྲིན་འབྱོར་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། དབུས་བུད་མེད་ལྷན ཚོགས་ཀྱིས་སྐུ་ཉིད་ཀྱི་རོགས་རམ་གང་གནང་ཨ་མ་ཆུང་ཆུང་དེར་ངོ་འཕྲོད་རྒྱུ་ཡིན་པས་དབུས་བོད་ཀྱི་བུད་མེད་ལྷན ཚོགས་ལ་འབྲེལ་བཏུགས་བྱ་རོགས་ཞུ་རྒྱུ་ཡིན་པ་མ་ཟད། ང་རང་གིས་འདིར་ཨ་མ་ཆུང་ཆུང་དེའི་ཚབ་བྱེད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཤམ་གྱི་འབྲེལ་བཏུགས་ཁྲོད་དྲུང་ཆེ་ཚེ་དབྱངས་ལ་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན།
twa@tibetanwomen.org
Tibetan Women’s Association
Central Executive Committee
Bhagsunath Road
P.O. Mcleod Ganj
Dharamsala 176219
Kangra, HP
India
Phone Number: 91-1892-221527 or 91-1892-221198
དེ་རིང་ཉིན་གུང་ང་རང་དབུས་ལས་ཁུངས་སུ་ཉིན་གུང་ཟ་མ་ཟ་རུ་སོང་ནས་ཕྱིར་་ཡོང་བའི་ལམ་བར་དུ་ཨ་མ་ཆུང་ཆུང་དེར་ཐུག་བྱུང་། ཐོག་མར་ངས་ཁོ་མོ་ཡིན་པ་གློ་བུར་དུ་ངོ་ཤེས་མ་བྱུང་། སྐྲ་ལོ་རིང་པོ་དེར་བཟོ་ལྟ་སྙིང་རྗེ་ཞིག་བཟོས་འདུག་ལ་གྱོན་གོས་ཀྱང་བདེ་བོ་དང་རན་པོ་ཞིག་གྱོན་འདུག ལམ་འགྲམ་ནས་བུ་མོ་ཞིག་གིས་ང་ལ་འཛུམ་ཙམ་བྱེད་ཀྱིན་འདུག་པ་ངས་ལས་གྲོགས་ཀྱིས་ང་ལ་བསྟན་བྱུང་། འཁྲིས་སུ་གྱོན་ཆས་དར་སོ་ཆེ་ལ་སྐྲ་ལོ་ཤམ་ཤམ་གཡོ་བཞིན་པའི་བུ་མོ་ཞིག་ཀྱང་འདུག ངས་དེ་མ་ཐག་ཁོ་མོ་སྐད་བཏང་ནས་ཉིན་ཤས་ལ་ཁ་པར་བཏང་ཡང་ཁ པར་ནི་འགྲོ་ཡ་མི་འདུག གང་གནང་སོང་ངམ། བྱིས་པ་གང་དུ་ཡོད། བདེ་བོ་རེད་དམ་ཞེས་དྲིས་པ་ན། ཁ པར་སླེབས་མ་སོང་། བྱིས་པ་ཨ་ཅག་དེ་ཡིས་བདག་རྒྱབ་ཡོད། ང་དེ་རིང་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱ་བར་སོང་བ་ཡིན། ལམ་ནས་གྲོགས་མོ་དེར་ཐུག་བྱུང་བས་འདིར་བསྡད་ཡོད་ཟེར་ཞོར་ཁ པར་ང་ལ་བསྟན་བྱུང་། ངས་ཁ་པར་ལག་ཏུ་བླངས་ནས་ང་རང་གི་ཁ་པར་ཨང་གྲངས་ཀྱིས་མནན་ནས་བཏང་བ་ཡིན་ཡང་ཁ པར་འགྲོ་གིན་མི་འདུག་པས། ངས་ཁོ་མོར། ཁྱེད་ཀྱི་ཁ་པར་འདིའི་ལས་ཀ་བྱེད་ཀྱིན་འདུག་གམ་ཞེས་དྲིས་པ་ན།་ཚུར་ཁ་པར་ཡོང་གི་རེད་དེ་ཕར་འགྲོ་གི་མ་རེད། ནང་དུ་པེ་ཆ་མེད། ཅེས་བརྗོད་བྱུང་། ངས་ཁོ་མོར། ད་ཁྱེད་ཨ་མ་ཞིག་ཆགས་ཚར་རེད། བུ་མོ་གཞན་པ་དང་འདྲ་གི་མ་རེད། བྱིས་པ་ལ་ལྟ་སྐྱོང་བྱ་དགོས་རེད། སང་ཉིན་བྱིས་པ་ཁྱེར་ནས་ངའི་སར་ཡོང་རོགས། ངས་བྱིས་པར་མཁོ་བའི་ཅ་ལག་ཁ་ཤས་ཉོད་ཡོད་པ་ཁྱེད་ལ་སྤྲད་ཆོག དེ་བཞིན་ཁྱེ་ལ་སེམས་བཟང་ཁ་ཤས་ཀྱིས་མང་ཉུང་ལ་མ་ལྟོས་པར་ཞལ་འདེབས་དང་རོགས་པ་བྱ་འདོད་ཡོད་ཟེར་གིན་མ་འདུག ཁོ་ཚོས་ཁྱེད་ལ་མི་ཚེ་ནང་སློབ་སྦྱོང་ཞིག་རག་ཚར་རེད། ད་ཡག་པོ་བྱེད་ནས་བྱིས་པ་གཉོར་སྐྱོང་བྱ་དགོས་པའི་རེ་བ་རྒྱག་གིན་ཡོད་པ་དང་། གཞོན་པའི་སྣང་བ་བཞིན་གང་བྱུང་བྱེད་ན་དཀའ་ངལ་དེ་ལས་མང་པོ་འཕྲད་གི་རེད་ལ་དེ་དུས་རོགས་རམ་བྱ་མཁན་ཡང་རག་གིན་མ་རེད། ཅེས་སློབ་གསོ་བཏང་བ་ཡིན། ཁོ་མོས་ནན་ཏན་གྱིས་ཉན་ཞོར་མགོ་བོས་ཡ་ལན་བྱས་བྱུང་། ངས་ཁོ་མོར་བྱིས་པར་ནུ་ཞོ་སྤྲོད་ཀྱིན་ཡོད་དམ་དྲིས་པ་ན་སྤྲོད་ཀྱིན་ཡོད་ཟེར། གང་ལྟར་དེ་རིང་ཨ་མ་ཆུང་ཆུང་དེར་ཐུག་པས་སེམས་པ་ཅུང་བདེ་བོ་བྱུང་སོང་ལ། ཁོ་མོ་ཡང་རང་གི་དཀའ་སྡུག་དེའི་འོག་ཏུ་དཔའ་མ་ཞུམ་པར་གཙང་མ་དང་ལྟ་སོ་དོད་པོས་འགྲོ་བཞྀན་པར་དགའ་སྤྲོ་སྐྱེས་སོང་།
ཡིག་ནོར་མང་པོ་བྱུང་འདུག བྲེལ་བ་རྐྱང་རྐྱང་གི་བར་ནས་ཐད་ཀར་བྲིས་རྗེས་ཡང་བསྐྱར་མ་ལྟོར་གཏོང་རྒྱང་བྱེད་པར་དགོངས་འགལ་མེད་པར་མཁྱེན། ཡིག་ནོར་རེ་རེ་གླེང་མ་དགོས་པར་ཚིང་གྲུབ་ཅིག་ནོར་འདུག
༼དེ་བཞིན་ཁྱེ་ལ་སེམས་བཟང་ཁ་ཤས་ཀྱིས་མང་ཉུང་ལ་མ་ལྟོས་པར་ཞལ་འདེབས་དང་རོགས་པ་བྱ་འདོད་ཡོད་ཟེར་གིན་མ་འདུག ༽དེ་བཞིན་ཁྱེ་ལ་སེམས་བཟང་ཁ་ཤས་ཀྱིས་མང་ཉུང་ལ་མ་ལྟོས་པར་ཞལ་འདེབས་དང་རོགས་པ་བྱ་འདོད་ཡོད་ཟེར་གིན་འདུག ཅེས་བཅོས་རོགས།
གཏོང་རྐྱང་། ཚིག་གྲུབ་
འ་རོགས་ཚོ། ཚེ་རིང་སྐྱིད་ཟེར་བ་འདི། བོད་ཀྱི་མཛངས་མའི་གཟེངས་རྟགས་ཐོབ་མཁན་ཚེ་རིང་སྐྱིད་ཟེར་བ་ཅིག་ you tube ལས་མཐོང་རྒྱུ་ཡོད་པ་དེ་ཡིན་རྒྱུ་མ་རེད་པྰ།། །།
ཡིན་མིན་གལ་ཆེན་པོ་རེད་དམ། ཡིན་ན་ངས་བཤད་ཆོག ཡིན་ཡང་ཚེ་རིང་སྐྱིད་ཟེར་བ་འདི་མི་ཚོས་བཤད་པའི་འགྲན་ཡ་མེད་པའི་མཛངས་མ་ཐོབ་པ་དེ་རེད། ཡིན་ཡང་ང་ཡིན་མིན་གལ་ཆེན་པོ་ཆགས་ཡོད་ན་ངས་བཤད་ཆོག
འོ་བོད་ཀྱི་མཛངས་མ་ནང་ན་ཡང་བོད་དྲི་བྲོ་མཁན་ཡོད་པར་མ་ཟད། བོད་ཀྱི་ལ་རྒྱ་ཅན་དང་བོད་ཀྱི་འགན་ཁྱེར་མཁན་ཅིག་འདུག་པས་ང་ཡིན་གཅིག་མིན་གཅིག་མཇལ་ཐུབ་པ་བྱེད་ཀྱི་ཡིན། ད་དུང་རྒྱུན་མཐུད་དང་། ཁྱོད་ལ་རྒྱབ་རྩ་མང་ཙམ་རེག་པའི་ཡིད་ཆེས་ཡོད།། །།
སྐྱག་རྫུན་ལ་དབུས་གཙང་སྐད་དུ༼མ་པིང༽ཞེས་པ་ལྟ་བུ་ཞིག་གསུང་གི་འདུག་ག དེ་ཡིག་སྐད་དུ་ག་འདྲ་སེ་བྲི་དགོས་སམ།།
ལན། དམའ་འབེབ།
མ་པིང་ཟེར་ན་མ་ཅང་ཡིན་ས་རེད། ངས་ལན་འགྲིག་མི་འདུག་ན་ཡང་བསྐྱར་ལན་འདེབས་ཀྱི་ཡིན། ཡང་ན་མ་པིང་ཟེར་ན་ངའི་གོ་བ་ལྟར་ན་མ་ཕིས་འདྲ་བོ་ཟེར་གྱི་འདུག་ན། དེ་རྒྱ་སྐད་ཅིག་ལོས་ཡིན་སྙམ། དེ་ཡང་གཙོག་སྐད་ཅིག་དང་འདྲེས་ནས་ལོས་ཡོད་སྙམ། རྒྱ་རྒན་དེ་ཚོས་མ་དེ་ཕིས་ཟེར་གི་འདུག་ག དེ་འདྲ་བོ་ཅིག་མ་རེད་དམ།། །།
བོད་ཀྱི་མཛངས་མའི་ནང་ཞུགས་མཁན་བུ་མོ་མང་ཕལ་ཆེར་ལ་བོད་ཡིག་གི་གནས་ཚད་ཡོད་པའི་བཟོ་མ་མཐོང༌། ཁོ་ཚོར་བོད་སྐད་ནང་དྲི་བ་དྲི་ལན་སྐབས་ཐ་ན་བོད་ཀྱི་རྒྱུན་ལྡན་འཚོ་བའི་ནང་གི་ཐ་སྙད་དཀྱུས་མ་རྣམས་ཀྱིས་ཀྱང་མ་འདངས་བའི་གནང་སྟངས་དེ་འདྲ་རེད་འདུག དེས་ན་ངས་མཛངས་མ་ཚོར་སྨ་འབེབས་བྱེད་ཀྱི་མེད། སྐྱེས་ཡུལ་ཁོར་ཡུག་གི་གནས་དུས་རྐྱེན་གྱིས་ཁོ་ཚོ་ལ་ཡང་ཐུགས་ཁག་དེ་ཙམ་མེད།
ཡིན་ནའང་གོང་གི་ཚེ་རིང་སྐྱིད་ཟེར་བ་དེ་བོད་ཀྱི་མཛངས་མའི་མགྲན་སྡུར་ལས་ཐོན་པ་དེ་ཡིན་ན་ང་ཚོ་བོད་ཀྱི་མཛངས་མའི་ནང་བོད་ཡིག་ཐོག་གང་ལ་གང་འཚམས་འབྲི་རྩོམ་བྱེད་ཐུབ་མཁན་ཡོད་པར་དགའ་སྤོབས་བསྐྱེད་འོས་པ་ཞིག་རེད།
འོན་ཀྱང་མ་ཡིན་ཡིན་ཁུལ་བྱས་ན་བྱབ་ཆུང་དང༌། ཡིན་ལ་མིན་ཁུལ་བྱས་ན་ཡང་ལྐུགས་པ་ཡིན།
ཚེ་རིང་སྐྱིད་ཟེར་བ་ཅིག་དྲ་རྒྱ་གཞན་ཞིག་གི་ནང་ན་འབྲི་རྩོམ་བྲིས་བ་ཤིག་མཐོང་སོང་། དེའི་ནང་ན་དཔར་ཡང་འདུག ངོ་ནས་སྙིང་རྗེ་བོ་ཅིག་འདུག བོད་ཀྱི་མཛངས་མ་ནང་གི་ཚེ་རིང་སྐྱིད་དེ་མིན་འགྲོ་བསམ་སོང་། འོན་ཀྱང་དོགས་པ་ཆོད་པ་ཅིག་ཤེས་མ་སོང་། ད་དེ་རིང་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་དེ་དང་། ཡང་དྲ་རྒྱ་གཞན་ཞིག་གི་ནང་གི་ཚེ་རིང་སྐྱིད་དེ། ཁ་བརྡ་ནང་གི་ཚེ་རིང་སྐྱིད་འདི་གསུམ་གཅིག་ཡིན་ས་རེད་འདུག ཁྱོད་ཚོས་བལྟས་ན་དེ་འེ་རེད།
ཛཱ་ཏི་ལགས་ནས་༼མ་པིང༽གི་འགྲེལ་བཤད་ལ། དམའ་འབེབས་ཞེས་གསུངས་པ་གོ་རྒྱུ་འདུག
གཞོན་ནུ་ཟླ་མེད་ལགས་ཀྱིས་གསུངས་པ་དེ་ལ་ཏན་ཏན་གོ་རྒྱུ་ཡོད་ཀྱི་རེད། འོན་ཀྱང་ངེད་ནས་གོ་བ་བླང་ཐུབ་མ་སོང་བས་འགྲེལ་བཤད་ཅིག་གནང་རོགས།
ཁྱེད་ཀྱིས་ ༼མ་པིང༽གི་དོན་ལ། མ་ཅང་ཟེར་བ་དེ་ག་རེ་ཡིན་སྙམ་ལགས།
གཞན་ཡང་། རྒྱ་སྐད་དུ་༼མ་དེ་ཕིས༽ཟེར་བའི་དོན་གང་ཡིན་གསལ་བཤད་དང་། རྒྱ་སྐད་ཟེར་བ་རྒྱ་མིའི་སྐད་ལ་གསུང་གི་ཡོད་དམ། རྒྱ་གར་སྐད་ལ་གསུང་གི་ཡོད།
༼མ་པིང༽གི་སྐོར་ལ་ངེད་ཀྱིས་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་ནས་༼གཞོན་ནུ་ཚིག་མཛོད་སེམས་ཀྱི་ངལ་གསོ༽ཞེས་བྱ་བ་ད་ལྟ་ཤོག་ངོས་༣༤ཙམ་ཡོད་པ་ཞིག་འབྲི་མུས་ཡིན། དེའི་ནང་འདི་འདྲ་ཞིག་འགྲེལ་བཤད་བྱས་ཡོད། ནོར་ཡོད་ན་ཐད་ཀར་བློ་སྐྱེད་གནང་རོགས།
མ་པིང་བཤད་པ། (ནོར) མ་བྲིན་བཤད་པ། (མ་བིན་བཤད་པ) གཞན་གྱིས་ཁས་མ་བླངས་ཀྱང་ཨུ་
ཚུགས་ཀྱིས་སྐྱག་རྫུན་བཤད་པ་དང་། རྫུན་ཕུག་རྡོལ་བཞིན་དུ་ནན་གྱིས་སྐྱག་རྫུན་བཤད་པའི་དོན། ལྷ་
ས་བའི་སྐད་ལ་ར་བཏགས་དོར་ནས་ཀློག་པར་བྱེད་པས། མ་བྲིན་ལ་མ་བིན་དང་། བྲག་གོང་ལ་བག་
གོང་དང་། སྤྲང་པོ་ལ་སྤང་གོ་ཞེས་པ་ལྟ་བུས་མཚོན་ནོ། །
གཞན་ཡང་།
དབུས་གཙང་གི་སྐད་དུ་སྐད་ཅོར་རྒྱག་པར། ༼ཕད་རས་རྒྱབ༽ཟེར་བ་དང་།
བྲོ་བ་མེད་པ་ལ། ༼བྲོ་ལག་མི་འདུག༽ཅེས་པ་འདི་གཉིས་ཇི་ལྟར་བྲི་དགོས་སམ། ངེད་ནས་བསམ་
བློ་ཇི་ཙམ་བཏང་ཡང་ཤེས་མ་སོང་། མཁྱེན་ལྡན་རྣམ་པ་ཚོས་བློ་སྐྱེད་གནང་རོགས།
མ་པིང་ཡང་ན་མ་བིང་བྱ་བའི་ཚིག་འདི་གཅིག་བྱས་ན་བོད་སྐད་ཀྱི་སྒྲ་ཉམས་པ་ཡིན་སྲིད་ལ་གཅིག་བྱས་ན་སྐད་ཡིག་གཞན་ནས་ཟུར་ཆགས་པ་དེ་འདྲའང་ཡིན་སྲིད་་་་་་་་་་་་་་་་ གང་ལྟར་ཚིག་འདི་ལ་བོད་སྐད་ལ་ཡོངས་སུ་གྲགས་པ་ཞིག་ཡིན་ན་འདི་ལ་བོད་ཀྱི་བརྡ་སྤྲོད་དང་མཐུན་པའི་ཡི་གེའི་ཐོབ་ཐང་དེ་སྔ་མེད་ནའང་སྤྲོད་དགོས་པ་ལས་ཟུར་ཆགས་ཡིན་ན་ཐོག་མར་རྒྱ་དཀར་ནག་གང་ནས་ཟུར་ཆག་པ་ཡིན་མིན་དཔྱད་པ་གཏོང་བ་དགོས་པ་ཆུང་པར་སྙམ་་་་་་་་་་་་་་ དཔེར་ན་དབྱིན་ཡིག་ལྟ་བུ་ཐ་སྙད་ཤིན་ཏུ་ཕྱུག་པའི་སྐད་ཡིག་འདི་ཚོའི་གསང་བ་ནི་ཟུར་ཆག་ལེན་ཤེས་པ་དང་ལེགས་སྦྱར་བཞིན་དུ་ཚིག་གཉིས་ལྷན་དུ་ལེགས་པར་སྦྱོར་ཤེས་པ་དེས་ཡིན་པ་གསལ་པོ་རེད་་་་་་་་་་་་་་་
མཆན་འདི་ཚོ་ཡང་ཚེ་རིང་སྐྱིད་ཀྱིས་བྲིས་པའི་གནད་དོན་དེ་ལས་རིང་དུ་འགོང་གིན་འདུག བརྗོད་བྱ་དངོས་དེའི་སྟེང་ནས་གླེང་སློང་རེ་བྱེད་རོགས། ཁ་སྔོན་བླ་མ་ལགས། མིག་ཆུའི་བཞུར་སྒྲ་འདི་གསན་ནམ་ཞེས་པའི་འོག་གི་མཆན་བུ་ཚོ་ཡང་བརྗོད་བྱ་ལས་རིང་དུ་སོང་ནས་མཐའ་མར་དགོན་པའི་ཆོས་གྲྭ་ལྟ་བུ་ཞིག་ཆགས་སོང་།
དགོན་པའི་ཆོས་གྲྭ་ལྟ་བུ་ཆགས་ན་སྤྱིར་ན་འགྲིག་གི་འདུག་ཀྱང་རྩོམ་པ་པོ་གང་དེས་བརྗོད་པའི་དོན་གནད་དེ་རང་གི་སྟེང་ནས་གླེང་སློང་རེ་གནང་ཐུབ་ན་སྐབས་སུ་བབས་པའི་ཕྲན་བཤད་དུ་འགྲོ་གི་འདུག
འོ་ཡ། མ་ཅང་ཟེར་བ་དེ་ག་ཟིག་བཤད་པ་ཡིན། འོན་ཀྱང་ངོ་ནས་དེ་སྒྲ་ངོ་ནས་ལ་བརྟག་ན་མ་ཕིས་འདྲ་བོ་ཟེར་གྱི་འདུག དེ་ནི་རྒྱ་མིའི་སྐད་ཀྱི་མ་དེ་ཕིས་ཟེར་བ་དེ་ལོས་ཡིན་སྙམ། དེ་ཡང་མི་རིགས་གཞན་དག་གི་སྐད་ལ་མི་ཅིག་གིས་སྐྱག་རྫུན་བཤད་ཚེ། གཞན་ཅིག་གིས་མི་འདོད་པའི་ཚིག་བརྗོད་སྐབས་མཇེ་རླུག་དང་འབྲེལ་བའི་ཚིག་མང་ཐག་ཆོད་འདུག་ག དཔེར་ན་ཨ་རིའི་མི་འདི་ཚོས་ཨ་མ་རྒྱོ་མཁན་ཟེར་བ་དང་། རྒྱ་གར་བ་དེ་ཚོས་སྲིང་མོར་རྒྱོ་མཁན་ཟེར་བ་དང་། ཡང་རྒྱ་མི་དེ་ཚོས་ཨ་མའི་སྟུ་ཟེར་བ་འདྲ་བོ་དེ་འདྲ་འདུག་ག ཡིན་ན་ཡང་བོད་ཆོས་ལྡན་གྱི་ཞིང་ཁམས་ན་ད་ལྟའི་བར་དུ་དེ་འདྲའི་ཚིག་སྡུག་ག་བེད་སྤྱོད་གཏོང་གི་མེད་ན་ཡང་། ད་དེང་སང་ཅུང་ཟད་མི་རིགས་གཞན་དག་གི་ངན་པའི་ཆ་ཁ་སྐོང་ཅི་ཐུབ་བྱེད་ཀྱི་ཡོད་པའི་ཟུར་གཅིག་ལོས་ཡིན་སྙམ། དེ་ན་མ་ཕིས་ཟེར་བ་དེ་རྒྱ་མིའི་སྐད་ཀྱི་ཨ་མའི་སྟུ་ཟེར་བ་རེད་སྙམ།
དེ་མིན་ཕེད་རས་རྒྱབ་ཟེར་བ་འདི་ལ་ཨ་མདོ་ན་ཡང་ཧེ་ར་རྒྱང་ཟེར་གི་འདུག དེ་ནི་ཨ་མདོ་ནས་ཕ་ཕལ་ཆེར་ཧ་ཅེས་ཀློག་སྟངས་དེ་རེད་སྙམ། ཡང་ཨ་མདོའི་ས་ཆ་ལ་ལ་ན་ཧེ་རས་རྒྱང་བ་ནི་ངུ་བ་ལ་ཟེར་མཁན་ཡང་འདུག དེས་ན་དོན་མེད་ངུ་རྒྱང་བྱེད་པའི་དོན་མ་ཡིན་ནམ་སྙམ་མོད། དེ་ན་ཡིག་སྲོལ་ཅི་ལྟར་འབྲི་དགོས་ཟེར་ན་ཕེ་ར་རྒྱང་ཅེས་འབྲི་དགོས་སམ་སྙམ། ཡང་འབྲོག་ཁུལ་གྱི་ས་ཆ་ལ་ལ་ན་ངུ་བ་ལ་ཕེ་འདེབས་ཟེར་བ་བཞིན། སྔོན་མ་བོད་ནང་གི་རྩོམ་ཡིག་ཅིག་ཏུ་དེ་ལྟར་བྲིས་བ་ཡང་མཐོང་སོང་བསམ་ཡང་། ད་ལྟ་དྲན་མི་སོས་གི སྤྱིར་ཚིག་གི་ཆ་ནས་ནང་དོན་སྟོན་གྱི་མེད་ན་ཡང་། ནང་གི་ཚོར་བ་ཕྱིར་སྟོན་པའི་ངག་གི་རྣམ་འགྱུར་ལ་རྣམ་གྲངས་མང་བ། ཨེ་མ་ཟེར་བ་དང་། ཨ་ཧོ་ཟེར་བ་དང་། ཕེཾ་ཟེར་བ་སོགས་ཡོད་པ་ལྟར། ཕེ་ར་དེ་ཡང་དེ་འདྲ་ཅིག་ལོས་ཡིན་སྙམ།། །།
དྲ་གྲོགས་ཚོ། ངས་་ནམ་ཡང་འདི་ལྟར་ཤོད་ཀྱིན་ཡོད། སྤྱི་ཚོགས་སྟེང་ནས་རང་གིས་ལངས་ཕྱོགས་དང་ལྟ་བ་གང་འདྲ་ཞིག་བཟུང་ཡང་ཆོག་མོད། ཡིན་ཡང་རྩ་དོན་དེའི་སྒང་ནས་རང་གིས་རང་ལ་འགན་ཁུར་དགོས་པ་དང་རང་གིས་སྤྱི་ཚོགས་ལ་འགན་ཁུར་དགོས་པ། རང་གིས་མི་རིགས་ལ་འགན་དགོས་པ། རང་གིས་བོད་མི་རིགས་ཀྱི་ད་ལྟའི་འཐབ་རྩོད་ལ་འགན་ཁུར་དགོས་པ་སོགས་མདོར་ན་མི་རེ་ངོ་རེ་ལ་འགན་འཁྲིའི་འདུ་ཤེས་ལྡན་དགོས་པ་རེད་ཟེར་ནས་ཤོད་ཀྱིན་ཡོད་ལ། འུ་ཚང་གི་བླ་ཆེ་དཔོན་ཆེ་ཚོས་ནམ་ཡིན་ཡང་ཆོས་བྱེད་ན་ལྷག་བསམ་རྣམ་དག་བྱ་དགོས་པ་རེད་ཟེར་གྱིན་འདུག ང་རང་གིས་བྱ་བ་གང་འདྲ་ཞིག་སྒྲུབ་ཀྱང་དེར་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་ཆོས་བྱེད་པ་ལས་ཀྱང་གལ་ཆེན་པོ་དང་གནད་ཆེན་པོ་ངོས་འཛིན་བྱ་གིན་ཡོད།་དེ་བས་ནམ་ཡིན་ཡང་རང་ཉིད་ཀྱིས་གང་བྱ་ཐུབ་ཀྱིན་ཡོད་པ་དང་སྤྱི་ཚོགས་སྟེང་བགྲོ་གླེང་ག་རེ་ཡོང་གི་ཡོད་ཚེ་དེར་རང་གིས་འགན་ལེན་གྱིན་ཡོད་ལ། འགན་ལེན་སྐབས་བརྡར་མ་ལྟ་བུའི་བཟོ་འདྲ་བོའི་སྲོལ་གྱིས་མིང་གཏན་ནས་སྤས་མ་མྱོང་། ཡག་གཙོག་གཉིས་ཀ་བཤད་ཀྱིན་ཡོད་ལ་ཡག་གཙོད་གཉིས་ཀས་རང་ཉིད་སྟོན་གྱིན་ཡོད། མཆོད་མེ་དང་སྐད་ཡིག་དྲ་ཚིགས། དགེ་མདུན་ཆོས་འཕེལ་དྲ་ཚིགས། ཧི་མ་ལ་ཡའི་དྲ་ཚིགས། བོད་ཀྱི་དུས་བབ་དྲ་ཚིགས་སོགས་སུ་ཡོད་པའི་ཚེ་རིང་སྐྱིད་ཟེར་བ་དེ་དེ་རིང་ཁ་བརྡའི་ཁྲོད་ཞུགས་ཡོད་པའི་ཚེ་རིང་སྐྱིད་ཀྱང་་ཡིན།
སྔོན་ཆད་ཡིན་ན་ངའི་ཨ་མ་ལྟ་བུའི་བོད་ཀྱི་ཨ་མ་མང་པོ་ཞིག་གིས་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་སོགས་ཀྱི་དོན་ཆེན་སོགས་ཕར་ཞོག ཐ་ན་རང་ཁྱིམ་གྱི་དོན་ཆེན་སོགས་ལ་ཁ་དབང་མེད་པ་ལྟ་བུའི་སྲོལ་འདྲ་བོ་མཐོང་མྱོང་། ཡིན་ཡང་འདི་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་དང་ཤེས་རིག་གིས་ཕྱུག་པའི་དུས་རབས་འདིའི་འོག་ནས་སྐྱེས་པ་དང་སྐྱེས་མ་སོགས་སུ་ཡིན་ཡང་མི་ཡིན་པའི་འདུ་ཤེས་འཛིན་པ་ནས། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ང་ཙོས་ཐོག་མར་ཱགྲོ་བ་མི་ཐུན་མོང་གི་འགན་འཁྲིའི་ཐོབ་ཐང་དང་འགན་འཁྲིའི་འགན་འཁྲི་སོགས་ཀྱི་ཆ་ཤས་ལེན་དགོས་པ་གལ་ཆེན་པོར་མཐོང་ཏེ། གནས་ཚུལ་དང་གནད་དོན་ག་རེ་ཡིན་ཡང་རང་གི་བསམ་ཚུལ་དང་རྣམ་དཔྱོད་ལྟར་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་རེ་བཟུང་ནས་ནམ་ཡིན་ཡང་ཚེ་རིང་སྐྱིད་ཀྱིས་ཚེ་རིང་སྐྱིད་ཀྱི་ལངས་ཕྱོགས་དང་ལྟ་བ་གསལ་འདོན་བྱེད་ཀྱིན་ཡོད།
ངས་བོད་ཡིག་འབྲི་ཤེས་པ་ཙམ་ཡིན་མིན་དང་ང་བོད་ཀྱི་མཛངས་མ་ཡིན་མིན་དེ་བྱེ་བྲག་གི་གཙོ་བོ་ཞིག་ལ་ངོས་བཟུང་ན་འགྲིག་ཀྱང་། ང་བོད་མི་ཞིག་ཡིན་པའི་ཆ་ནས་ངས་རང་ཉིད་ལ་དུས་རབས་དང་ལོ་རྒྱུས་ཀྱིས་འགན་ག་རེ་སྤྲད་ཡོད་པ་དེ་འགན་ལེན་ཐུབ་ཀྱིན་ཡོད་མེད་དེ་ངས་གང་ལས་ཀྱང་གལ་ཆེན་པོར་བཟུང་ཡོད་ལ། ང་ཚོ་མི་རེ་ངོ་རེ་ནས་རང་ཉིད་ལ་བསྐྱར་ཞིབ་བྱ་དགོས་པ་གལ་ཆེན་པོ་རེད། དེ་མ་ཡིན་པར་ཆུ་ཚོས་ཁོམ་ལོང་རེ་ཡོད་ན་དྲ་ཚིགས་ཁ་ཤས་ལ་ཡོང་ནས་འགན་མི་ཁུར་བའི་ངང་སྐད་ཆ་གང་བྱུང་བཤད་པ་དང་དོནད་ངོས་འཚོ་བའི་ཁྲོད་དུ་བོད་མིའི་རྒྱུན་སྤྱོད་དང་འགན་འཁྲི་སོགས་རྨང་ནས་དོར་ཡོད་ན་དེ་དག་ནི་ཐབས་སྐྱོ་བོ་རེད་བསམ་གྱིན་ཡོད།
གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱི་ཧེ་ར་རྒྱང་༼ཕེ་ར་རྒྱང༽ཟེར་བ་དེ་བློ་སྐྱེད་ཆེན་པོ་ཞིག་གནང་སོང་། ཐུགས་རྗེ་ཆེ། ད་དུང་མུ་མཐུད་ནས་ཞིབ་འཇུག་བྱེད་ཀྱི་ཡིན།
ད་ཀླུ་སྨྱོན་ལགས་ཀྱི་གསུང་ལ་གུས་བརྩི་ཞུས་ནས་སྐབས་དོན་དང་མ་འབྲེལ་བའི་མཆན་འཇོག་གི་མིན།
ཡིན་ནའང་སྐབས་རེར་བརྗོད་གཞི་དེ་རྙིང་པ་ཆགས་ནས་མཆན་འདེབས་མཁན་མེད་པ་ལས། ཅིག་བཤད་ན་ཕན་ཐོགས་ཆེ་བ་འདུག་སྙམ། དེ་ནི་ངའི་རྨོངས་འཆར་ཙམ་ཡིན།
སྔོན་མ་ལྷ་སར་སྡོད་སྐབས་མི་ཁ་ཤས་ཀྱིས་མ་བིན་དང་ཡང་ཁ་ཤས་ཀྱིས་མ་ཝིན་དང་མ་ཕིས་མ་བཤད་ཟེར་བ་རྟག་པར་ཐོས་ཀྱི་ཡོད་དོན་ལ་སྐྱག་རྫུན་མ་བཤད་ཟེར་བ་ཡིན་སྙམ། འོན་ཀྱང་དེའི་སྐབས་གོ་བདེ་པོ་ཞིག་མ་བྱུང༌། ཕྱིས་སུ་ངའི་གོ་བར་མ་བིན་ཞེས་པ་དེ་མ་རབས་དང༌། འདྲ་མ་ཆགས་པ། བབ་ཆགས་མ་ཡིན་པ། འོས་སུ་མ་མཆིས་ཟེར་བ་ལས་ཆད་པ་ཞིག་ཡིན་ནམ་སྙམ་པ་བྱུང༌། མ་པིང་དང་ མ་ཕིང་སོགས་ལ་དེས་ཀྱང་གོ་བདེ་ཞིག་མི་འདུག་པས་གཅིག་བྱས་ན་རྩ་བ་རྒྱ་སྐད་ཀྱི་བཙོག་ཚིག་དེ་ཡིན་ནའང་ཐང༌། གང་ལ་ཟེར་ན་བོད་སྐད་དངས་མ་ཞིག་ཡིན་ན་ཕལ་ཆེར་ལ་ཚིག་དེའི་རྒྱབ་ལྗོངས་སུ་གོ་བ་ཞིག་དང་ཚིག་དེ་གོ་སྐབས་བདེ་པོ་ཞིག་ཡོད། བོད་སྐད་ནང་མི་རིགས་གཞན་གྱི་སྐད་འདྲེས་བསྡད་པའི་ཚིག་དེ་དག་ལ་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད་ལ་ཚིག་དེ་གོ་སྐབས་གྲམ་གཞུང་དུ་རྟ་རྒྱུག་ལེན་པ་ལྟ་བུའི་མ་བདེ་བ་ཞིག་ཡོད། དཔེར་ན་ཆོས་གཞུང་ནང་གི་གཟུངས་སྔགས་དེ་དག་ཀློག་ཚེ་དེའི་གོ་དོན་ངོ་མ་དེ་བློ་ལ་མི་འཆར་བ་མ་ཟད་དེ་དང་སྒྲ་འདྲ་བའི་བོད་སྐད་ཀྱི་ཚིག་གཞན་ཞིག་གི་དོན་སྤྱི་བློ་ངོ་རུ་ཤར་ཡོང༌།
སྤྱིར་ལྷ་ས་དེ་ཕྱོགས་ཡོངས་ཀྱིས་འདུས་མདོ་ཞིག་ལ་སོང་མི་རིགས་གཞན་གྱི་ཐ་སྙད་འདྲེས་ཡོད་ལ་ལྷག་པར་དུ་ཅ་དངོས་སོགས་ཐོན་ཁུངས་ཀྱིས་དབང་གིས་གཞན་སྐད་མང་པོ་ཞིག་འདྲེས་དང་འདྲེ་བཞིན་ཡོད། སྔོན་དུས་མ་ལོག་གོང་རྒྱ་གར་ནས་ཐོན་པའི་དངོས་རྫས་ལ་བརྟེན་ནས་རྒྱ་གར་དང་དབྱིན་ཇིའི་སྐད་ལྷ་སར་ད་ལྟའང་བེད་སྤྱོད་བྱེད་བཞིན་པ་དཔེར་ན་བྱེ་མ་ཀ་ར་ལ་ཅིའི་ནེ་དང་ཤེལ་དམ་ལ་སྦོ་ཏོལ་ཟེར་བ་ལྟར་ཡིན། དེ་བཞིན་ལྷ་སའི་སྐད་དེ་བཅོས་བསྒྱུར་ཧ་ཅང་ཆེ་དྲགས་པ་ཞིག་སྟེ་དཔེར་ན་ཕྲུ་གུ་ངན་ལང་དུ་ཤོར་བའི་གཅེས་སྐད་བཞིན་གྱུར་ཡོད། འགའ་ཞིག་ནས་བོད་ཀྱི་སྤྱི་སྐད་དེ་ལྷ་སའི་སྐད་ཡིན་ཟེར་བ་ནི་བདེན་པ་མིན། བོད་ཀྱི་སྤྱི་སྐད་ནི་ཡིག་སྐད་ཡིན་པ་ལས་ལྷ་སའི་སྐད་མིན།
ཀླུ་སྨྱོན་གྱིས་ “མཆན་འདི་ཚོ་ཡང་ཚེ་རིང་སྐྱིད་ཀྱིས་བྲིས་པའི་གནད་དོན་དེ་ལས་རིང་དུ་འགོང་གིན་འདུག བརྗོད་བྱ་དངོས་དེའི་སྟེང་ནས་གླེང་སློང་རེ་བྱེད་རོགས།” ཟེར་བཞིན་དུ་ཁོ་རང་གི་མཆན་དེ་བརྗོད་གཞི་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རྒྱབ་འདུག་་་་་་་་་་་་
ཚེ་རིང་སྐྱིད་ཀྱིས་བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་ལ་རྒྱ་སོགས་སྤྱི་པའི་ཐོག་འགན་ཁུར་ཆེན་པོ་ལེན་གྱི་ཡོད་པའི་བཟོ་བསྟན་འདུག མོ་རང་གིས་བཤད་པ་ལྟར་དོན་ལ་དེ་ལྟར་ཡིན་ན་དངོས་གནས་ཡག་པོ་རེད། འོན་ཀྱང་དེང་སང་སྤྱི་ཚོགས་ཐོག་འགན་ཁུར་ཡོད་མེད་ལ་མ་བལྟོས་པ་སྐད་ཆ་དེ་འདྲ་རླུང་ལྟར་གྲགས་བཞིན་ཡོད། ལྷག་པར་དུ་མགོ་བདེ་ཅན་དང་རྒྱུ་ནོར་ལ་ཐུག་སྐབས་དྲང་ཚུགས་བཟུང་མི་ཐུབ་པའི་སྐུ་དྲག་རེ་འགའ་སྐད་ཆ་དེ་འདྲ་ཆུ་རྒྱུག་རྒྱུག་རེད། ཡང་འགའ་རེས་སྤྱི་དོན་བསྒྲུབས་ཡོད་འགན་ཁུར་བླངས་ཡོད་ཟེར་ཏེ་ལུང་པ་གང་བཤད་དོན་ངོ་མའི་ཐོག་བསྟན་རྒྱུ་ཅི་ཡང་མེད་མཁན་དེ་འདྲ་ཡང་ཡོད།
ཁ་བརྡའི་དྲྭ་དཔོན་ལགས་ལ་ཞུ་རྒྱུ་ཡིན།
ཁ་བརྡ་འགོ་འཛུགས་ནས་བྱུང་མྱོང་མེད་པའི་མཆན་མང་ཤོས་ཅན་༼བླ་མ་ལགས་མིག་ཆུའི་བཞཱུུར་སྒྲ་འདི་གསན་གྱི་འདུག་གམ་༽ཞེས་པ་དེ་༧་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་རྗེས་དྲན་དང་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་བགྲོ་གླེང་གི་སྟེགས་བུ་རྩ་ཆེན་ཞིག་ཡིན་ཡང་། ཟིན་བྲིས་ཀྱི་མདུན་ངོས་ནས་རྒྱབ་ལ་དེད་ཟིན་ཁར་མཆན་ཡང་འདོགས་ཡུལ་མེད་ས་ཞིག་བཟོས་ཟིན་འདུག་པ་ཅིས་ལན་སོང་པ་རེད། ཁ་བརྡའི་སྒྲིག་ཁྲིམས་གང་ཞིག་ལག་བསྟར་བྱས་པ་སོགས་རྒྱུ་མཚན་ངེས་ཅན་གྱི་གསལ་བཤད་ནན་པོ་དགོས་ཡོད། དེ་མིན་ན་ངེད་བགྲོ་གླེང་བ་
༡་དཔལ་དགྱེས་པ་རྡོ་རྗེ། ༢་གཞོན་ནུ་ཟླ་མེད། ༣་སྒོམ་སྡེ་ལྷ་རམས་པ། ༤་ཀླུ་སྨྱོན། ༥་ལྷག་བསམས། ༦མགོན་པོ། ༧རྡོ་རྗེ་མཚོ། ༨ལྷ་ཀླུ། ༩་ར་ལོ་མགོན་པོ། སོགས་ངེད་ཅག་ཡོངས་ལ་མཐོང་ཆུང་ཞིག་གི་ཚོར་སྣང་། བརྙས་བཅོས་ཞིག་གི་ལྟ་ཚུལ་ལས་མི་སྣང་བས་དེ་དོན་དགོངས་བརྡ་ལན་ཡོང་བར་ཞུ་ཞུ་ཞུ།
ཁ་བརྡས་གསལ་བཤད་བྱས་པ་ཐུགས་རྗེ་ཆེ།
འོན་ཏང་དོན་ཚན་དང་པ་དེ་ལ་ཁུངས་ལུང་མི་འདུག ༼ཟླ་བ་གསུམ་གྱི་དུས་ཡུན་ནང་ཚུན་གྱི་རྩོམ་ཡིག་ལ་མཆན་མང་ཤོས་དེ་དག་མདུན་ངོས་སུ་ཤར་དུ་བཅུག་ཡོད། ཟླ་བ་གསུམ་གྱི་དུས་བཀག་དེ་ཡོལ་མཚམས་མཆན་ག་ཚོད་མང་ན་ཡང་དཀར་ཆག་གི་ཁོངས་སུ་མི་ཤར་བ་ཡིན། དེ་གསལ་བཤད་དང་པོ་དེ་ཡིན།༽
གང་ཡིན་ཟེར་ན་བླ་མ་ལགས ཞེས་པའི་རྩོམ་ཡིག་འདི་ཕྱི་ཟླ་བདུན་པའི་ནང་སྤེལ་འདུག
དོན་ཚན་གཉིས་པའི་ཕྱོགས་ནས་དཀའ་ངལ་ཡོད་ན་ཐུགས་ཁག་མེད།
དེ་དོན་ཆེན་རེད། རེད་དེ་དའི་སྐོར་ལ་རང་ངོས་ནས་རྒྱུས་མངའ་མེད།
སྒོ་སྡེ། ཁྱེད་རང་གིས་ངའི་མ་ཕིས་ལ་ལེགས་སོ་ཟེར་མི་འདུག དེ་ངོ་ནས་ཡིན་ཟླ རྩེ་རྒྱལ་ནས་དེ་ལ་འཐད་པའི་རྣམ་འགྱུར་བསྟན་འདུག་ག
རྩེ་རྒྱལ་ལགས། ཁྱོད་ཀྱི་ག་རེ་བཤད་ན་ཡང་ང་ཁྱེད་ཀྱི་རྒྱབ་ནས་ཀ་ལངས་ལངས་ཡིན། ཡིན་ན་ཡང་ཁྱོད་ཀྱིས་ཚེ་རིང་སྐྱིད་ལ་ཅིག་བཤད་ན་ངས་ཁྱོད་ལ་ངོ་རྒོལ་བྱེད་ཐག་ཆོད་ཡིན་དྰ། ཧཧཧཧཧ
གྲོགས་པོ་གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱིས་གསུངས་པ་ལྟར་ཁྱོད་དངོས་གནས་དྲང་བདེན་གྱི་གཞོན་ནུ་ཟླ་མེད་ཅིག་རེད་འདུག ངས་ཁ་སང་བླ་མ་ལགས་མིག་ཆུ་བཞུར་སྒྲ་་་་་་་ཞེས་པའི་ནང་ཁྱེད་ལ་རྩེད་མཚར་གྱི་ཟུར་ཟ་ལྟ་བུའི་མཆན་ཆུང་ཞིག་བཀོད་ཡོད་ཀྱང་དེ་ལ་ཡ་རིག་གང་ཡང་མི་འདུག དེ་རིང་ངས་ཚེ་རིང་སྐྱིད་མའི་མིང་བཏོན་པ་ཙམ་གྱིས་ཁྱེད་ཀྱིས་ཕུ་དུང་དཔུང་མགོ་ལ་བརྫེས་ཏེ་གད་རྒྱངས་ཀྱི་ཧ་ཧ་སྒྲོགས་ཚུལ་ལ་བལྟས་ན་ཁྱོད་དངོས་གནས་སྨན་ཆུང་སྙིང་སྡུག་མའི་མཛའ་གཅུགས་ཀྱི་བློ་སྣ་གཏད་འོས་པའི་ཕོ་རྫིག་ཞིག་ཡིན་པ་གོར་མ་ཆག འོན་ཀྱང་ཁྱེད་ཐུགས་སེམས་ཀྱི་རྩ་བ་གཏན་ནས་འཁྲུག་མི་དགོས་པ་ཞིག་སྟེ་ངས་ཚེ་རིང་སྐྱིད་ལ་ཕོག་ཐུག་དེ་ཙམ་ག་ལ་གཏོང་ཕོད། དྲང་པོར་བཤད་ན་ང་ཡང་རྒྱུན་དུ་མོ་ལ་སྙིང་ཆུང་གཡོ་འདུག་མཁན་ཞིག་ཡིན་པ་མ་ཟད་ལྷག་པར་དུ་དེང་སྐབས་ཚེ་སྐྱིད་འདི་བོད་ཀྱི་མཛངས་མའི་རྩེ་ཕུད་ཡིན་མིན་བཤད་སྐབས་ངའི་མཆུ་ཏོ་འདི་ཡང་ཁ་བརྡའི་དྲ་ངོས་སུ་རིང་རུ་འགྲོ་བའི་སྣང་བ་ཞིག་ཡོང་གི་འདུག ཚེ་རིང་སྐྱིད་མོ་རང་ལ་མཚོན་ནའང༌། གནའ་མི་བོད་ཀྱི་གཏམ་དཔེ་ལ་སྐྱེས་ཕོ་བརྒྱ་ནང་གི་སྨན་གཅིག་སྐྱིད། སྤང་ནར་ཐུར་དཀྱིལ་གྱི་མེ་ཏོག་མཛེས་ཟེར་བ་ལྟར་ང་ཚོ་ཚང་མས་མོ་ལ་བྱམས་བྱམས་དང་ཉེ་ཉེ་འདྲ་བྱེད་ཐུབ་ན། མོ་ཡང་སྐྲ་ལོ་ཁྱུག་ཁྱུག་དང་སྐེད་རྐུབ་ལྡེམ་ལྡེམ་ངང་དྲ་རྒྱའི་བྲོ་ར་འདིར་ཡང་སེར་ཕེབས་རྒྱུའི་སྤྲོ་སྣང་འཕེལ་རྒྱུ་མ་ཟད་དེ་ལས་རྒྱ་ཆེ་ས་ནས་བཤད་ན་ཟུར་གྱི་ལྟད་མོ་བ་མོ་དང་མོ་འདྲ་བའི་ང་ཚོ་བོད་ཀྱི་གཞོན་ནུ་མ་དག་ཀྱང་བུ་མོ་ཚེ་སྐྱིད་ཀྱི་འབྲི་རྩོམ་སྟངས་སྟབས་ལ་བརྟེན་ནས་ཁོ་ཚོ་ཡང་ལྡེམ་མཛུག་གསང་གནས་སུ་མ་བསྐོར་བར་བོད་ཀྱི་དྲ་གཞོང་ཐོག་འདེབས་ཐུབ་པའི་རེ་བ་ཡོད་ལ་དེ་ལྟར་བྱུང་ན་ང་ཚོ་བོད་རིགས་བུད་མེད་ཀྱི་རྩོམ་རིག་དཔུང་ཚོགས་རྒྱས་ཏེ་དྲ་རྒྱའི་གར་སྟེགས་འདི་ཡང་སྣ་བརྒྱའི་མེ་ཏོག་འཛོམས་པའི་བྲོ་ར་ཞིག་ཏུ་གྱུར་རྒྱུ་ཉག་གཅིག་ཡིན།
རྩེ་རྒྱལ་དྲིན་ཆེན་པོ། ད་ངེད་གཉིས་ཀ་ཁ་གདངས་དུས་འོ་མ་རྐྱང་རྐྱང་བཞུར་ཡོང་བ་གཅིག་པ་གཅིག་རྐྱང་རེད་འདུག གང་ལྟར་ཁ་བརྡ་འདིའི་ནང་དུ་མཛེས་མ་མང་པོ་ཅིག་གདན་འདྲེན་ཞུ་རྒྱུ་དེ་ངེད་གཉིས་ཀྱིས་འགན་ཁས། ངེད་གཉིས་ཁ་བརྡ་དྲ་ཁང་ནང་གི་བུད་མེད་ཚོའི་གཉེར་བ་ཡིན་དྰ། ཡིན་ན་ཡང་ང་སེམས་མི་བདེ་པ་ཅིག་ཡོད་པ་ནི་ཁྱེད་རང་ཚེ་རིང་སྐྱིད་དང་ཐག་ཉེ་ན་ཡོད་པ་དང་ང་ཐག་རིང་དྲག་པ་འདི་བློ་མི་བདེ་བའི་གཞི་ཅིག་རེད་འདུག། །།
གྲོགས་པོ་གཞོན་ནུ་ཟླ་མེད་ལགས།
མཛེས་མ་མང་པོ་ཞིག་ཁ་བརྡ་དྲ་བར་གདན་འདྲེན་ཞུ་རྒྱུ་དེ་དངོས་གནས་གལ་ཆེ་ནང་གི་དོན་ཆེན་ཞིག་ཡིན་ཀྱང་མཛེས་མ་དེ་དག་བདག་ཉར་བྱེད་རྒྱུ་དེ་ཡང་དཀའ་ངལ་ནང་གི་ཡང་ངལ་ཞིག་རེད་འདུག་ད། ཁོ་ཚོ་རྒྱུན་དུ་ཡ་ང་སྙིང་རྗེ་མེད་པར་ཁ་གདང་གདང་ལ་སྡོད་ཀྱི་འདུག་པས་ང་ཚོའི་ལུས་ལ་ཁྲག་མི་དགོས་ཆུ་སེར་ཡང་མེད་པ་བཟོ་གི་འདུག་ག མ་གཞི་ནས་ཁྱོད་གཞོན་ནུ་ཟླ་མེད་ཅིག་ཡིན་པ་སོང༌། ཕལ་ཆེར་ངས་བལྟས་ན་ཁྱོད་ལ་ཟླ་བོ་འགའ་ཞིག་དགོས་ཀྱི་ཡོད་ཤས་ཆེ། འོན་ཀྱང་ང་གཉིས་ཚེ་རིང་སྐྱིད་ལ་ཐུག་སྐབས་དིང་རབས་དཔལ་འབྱོར་སྤྱི་ཚོགས་ཀྱི་འགྲན་རྩོད་ལྟར་ཕོ་སུ་རྒོད་ཀྱིས་ཁ་གཏད་ལང་རྒྱུ་ལས་དེ་ཡིན་འདི་མིན་གྱི་གཏམ་གང་ཡང་ལྷག་མེད་དོ། ཧ་གོ་སོང་བས་ཁོ་རེ།
འ་ཡ་ཡང་འགྲིག་མ་སོང་། ཚེ་རིང་སྐྱིད་ནས་དབུས་བུད་མེད་ལྷན་ཁང་ལ་ལས་ཀ་ལས་གི་འགྲོ་སྐབས་མི་ཟེར་བར་། ཟ་མ་ཟ་གི་འགྲོ་སྐབས་ཟེར་འདུག་ག བུད་མེད་ལྷན་ཚོགས་དེ་ཟ་ཁང་འདྲ་བོ་ཅིག་འེ་ཡིན་ན། ཡང་མོ་རང་གིས་ད་རྒྱུན་རིང་པོར་མི་སྡོད་ཟེར་འདུག མགྱོགས་སུ་འགྲོ་ཡིན་ཟེར་འདུག མོ་གང་ནས་གང་དུ་མགྱོགས་སུ་འགྲོ་གི་ཡིན་ཟེར་གི་ཡོད་ན། རྩེ་རྒྱལ་ད་མོ་བུད་སོང་ན་ང་གཉིས་རྩད་རྒྱབ་མ་རྒྱབ་མི་འདུག་པས དེ་ལས་ཁྱོད་རང་གིས་མོ་རྒྱུན་ཏུ་སྡོད་རྒྱུའི་ཞུ་བ་ཅིག་ཕུལ་དང་། ངས་ཁྱོད་གཉིས་ལ་ཇ་བསྐོལ།། །།
མཆན་ ༡༡༡ པ་སྒོམ་སྡེ་ལྷ་རམས་པ་ལགས་སུ་། དབུས་གཙང་སྐད་དུ་། བྲོ་བ་མེད་པ་ལ་། བྲོ་ལག་མི་འདུག་ཟེར་བ་དེ་། བྲོ་བ་ལེགས་པོ་མི་འདུག་ཞེས་བ་འེ་ཡིན་། ཨམ་སྐད་ལ་བཤད་གསོལ་འདི་འདྲ་ཞིག་འདུག་། མི་འདིའི་སྐྱེས་མེད་ལ་ལག་ཟས་ཡག་པོ་འདུག་། མི་འདིའི་སྐྱེས་མེད་ལ་ལག་ཟསཡག་པོ་མི་འདུག་ཞེས་བཤད་གསོལ་ཡོད་། ད་སྐབས་མི་ཁ་ཤས་ཀྱིས་དེའི་སྐད་ཆ་ལ་བྲོ་ལག་མི་འདུག་ཟེར་གྱིན་འདུག་། འདི་ལ་ལྟས་ན་ཡག་པོ་མེད་པ་ལ་གོ་དགོས་བ་འདྲ་།
ཁ་བརྡ་དྲ་དཔོན་ལགས་སུ།
ཁྱོད་ཚོའི་དམིགས་ཡུལ་ངོ་མ་གང་ཡིན།
ཆོས་ལུག་རིས་མེད་ཡིན་ནམ།
རྒྱལ་བའི་བཀའ་རྗེས་འཇུག་མཁས་པའི་བསྟན་བཅོས་ནི་ཁ་བརྡ་ངོ་མ་རེད་དི་བཀོད་མ་ཆོག་ན།
ཆོས་བརྒྱུད་ནང་ཁུལ་འགལ་འདུ་དང་ལྷ་དང་བླ་མ་དགེ་འདུན་བཅས་བསྐུར་བ་འདེབས་ས།
རྒྱ་མིས་གསང་ཉུལ་དང་དོ་རྒྱས་ཚོགས་པ་འཛོམ་ནས་ངག་འཁྱལ་དང་ལྟ་བ་ལོགས་པའི་སྡིག་རྩ་དྲྭ་བར་འགྱུར་ངེས་འདུག་པས་ཟབ་པར་བྱོས།
ཡ་ད་ཚེ་རིང་སྐྱིད་འདི་ལ་རྩད་ཅིག་མ་རྒྱབ་རང་རྒྱབ་རེད་འདུག འདིས་མོ་རང་ལ་འགན་ཁས་པ་ནས། མི་རིགས་དང་རྒྱལ་ཁབ་ལ་འགན་ཁས་རྒྱུ་ཡིན་པ་ཆ་ཚང་འདུག་མོད། ཁྱིམ་ཚང་ལ་འགན་ཁས་རྒྱུའི་རྣམ་པ་རྩ་ནས་མི་འདུག་པར་མ་ཟད། མོ་རང་གི་ཨ་མས་ཁྱིམ་ཚང་ལ་འགན་ཁས་པ་དེར་ཡང་ངོ་རྒོལ་འདྲ་བོ་བྱས་གི་འདུག འདིའི་ཁྱིམ་ཚང་ལ་འགན་མ་ཁས་ན་ཁྱོ་ཀ་དང་བྱིས་པ་ཚོ་ཅི་བྱེད་དགོས། ད་དུང་མོ་རང་གི་རྩོམ་ཡིག་འདིའི་བརྗོད་གཞི་བྱས་པའི་བུ་མོ་ཆུང་ཆུང་དེ་ནང་བཞིན། ཕ་སུ་ཡིན་མིན་མི་ཤེས་པའི་ཐང་བུ་ཅིག་ནང་ལ་ཁས་ཡོང་ན་ཅི་བྱེད་དགོས། དེ་ནས་ཁྱོ་ཀ་ཁ་གནམ་ལ་འདེངས་ཞིང་མིག་ཅེར་ནས་སྡོད་པ་ལས་ལྷག་མི་འདུག འདི་ནི་བུད་མེད་ཚོ་ཁྱིམ་ཚང་གི་ཨ་མ་ཡིན་པའི་འགན་ཁུར་གྱི་ཆ་ནས་མི་གླེང་བ་ག་རེ་ཡིན་ན།། །།
མེ་ཆ་ལགས།
བྲོ་ལག་གི་སྐོར་ལ་བློ་སྐྱེད་ཡག་པོ་ཞིག་གནང་བྱུང་བར་ཐུགས་རྗེ་ཆེ།
ཚེ་རིང་སྐྱིད་ལགས་
གོང་གི་ཁ་སྦྱང་དེ་དག་བཀོད་གནང་བར་ཐུགས་རྗེ་ཆེ་། ད་རིང་ངོས་ནས་བེུད་ལྷན་ཚོགས་ཀྱི་འཕྲིན་གཏོང་ཁ་སྦྱང་ལ་ངོ་ཤུས་ཞིག་སྦྲགས་ ཉིད་ལ་ད་ལྟ་གློག་འཕྲིན་ཞིག་བཏང་ཡོད་པར་ཉིད་རང་ད་ལྟ་རྡ་སར་ཡོད་ན་གང་མྱུར་གཟིགས་རོགས་གནང་། དེ་དང་ ཁྱེད་རང་ལམ་བར་སྤྲོ་སྣང་ངང་རྒྱལ་ས་ཝྰ་ཤིང་ཀྲོན་དུ་བདེ་འབྱོར་དང་ ལས་དོན་གསར་པའི་ཐོག་ཚག་ཚུད་ལམ་ལྷོང་ཡོང་བའི་རེ་སྨོན་ཞུ་།
སྒོམ་སྡེ་ལྷ་རམས་པ་ལགས། ཁྱེད་ཀྱི་མཚན་གོང་དུ་ལྷ་རམས་པ་ཞེས་དུས་རྒྱུན་སྦྱར་འདུག་པ་དང་། དེ་རིང་དམ་ཆོས་འདུལ་བའི་སྐོར་ལ་འདུལ་བ་དང་གཏན་ནས་མི་མཐུན་པའི་བཀའ་མོལ་ཞིག་གནང་འདུག་པས། བགྲོ་གླེང་ཞིག་བྱེད་འདོད་བྱུང་། ཁྱེད་ཀྱིས་“འདི་སངས་རྒྱས་ཞལ་བཞུགས་དུས་ནས་བརླ་ལ་བྱེད་པ་དང་། བྱིན་པར་བྱེད་པ་དང་། ལག་པར་བསྐྱོད་པ་ཞེས་བྱ་བ་སོགས་པ་བྱུང་ནས། དེ་ལ་སངས་རྒྱས་ཀྱིས་བཅས་པ་མཛད་ཡོད། དེ་ནི་ཕམ་པའི་འོག་གི་ལྟུང་བ་ཚབས་ཆེ་ཤོས་གཉིས་པ་དེ་རེད། འོན་ཀྱང་སངས་རྒྱས་ཀྱིས་ལྟུང་བ་དེ་དག་བཤགས་པའི་ཐབས་ཀྱང་གསུངས་ཡོད། ཁོང་ཅག་ཟླ་རེར་གསོ་སྦྱོང་ཐེངས་གཉིས་རེར་འཚོག་རྒྱུ་ཡོད། དེ་དུས་བཤགས་སྡོམ་ཚུལ་བཞིན་བྱས་ན་ཉེས་ལྟུང་དེ་དག་ལྷག་མེད་དུ་འདག་ཐུབ་ཀྱི་ཡོད་རེད། ཕམ་པ་དང་མི་འདྲ།” ཞེས་གསུངས་འདུག་པས། ཕྱོགས་གཅིག་ནས་གད་མོ་ཤོར་དགོས་པ་དང་། ཕྱོགས་གཅིག་ནས་ངུ་ཤོར་དགོས་པའི་གནད་དོན་ཞིག་རེད། སྙིགས་མ་ལྔ་བདོ་བའི་དུས་ངན་འདིར་དགེ་བཤེས་ལྷ་རམས་པའི་མཚན་ཡོད་མཁན་ཞིག་གིས་ཀྱང་འདུལ་བའི་སྐོར་འགྲེལ་བཤད་རྒྱག་དུས་ལོག་འགྲེལ་རྫུན་གཏམ་དང་སྦྲགས་ནས་བཤད་འདུག ལྷག་མ་བཅུ་གསུམ་གྱིས་གོས་ཟིན་པའི་དགེ་སློང་ཞིག་ལ་མཚོན་ན་གསོ་སྦྱོང་གི་སྐབས་སུ་བཤགས་སྡོམ་བྱས་ན་ལྷག་མེད་དུ་འདག་ཐུབ་པ་ཞིག་འདུལ་ལུང་སྡེ་བཞི་གང་གི་ནང་དུ་གསུངས་ཡོད། སྤྱིར་སྐབས་དོན་འདི་བརྗོད་གཞི་དང་ཐད་ཀར་འབྲེལ་བ་གང་ཡང་མེད་ཀྱང་། ལན་འདེབས་ཤིག་མ་ཞུས་ཐབས་མེད་ཆགས་སོང་།
༡༽ སྔོན་རྒྱ་གར་དུ་བསྟན་པ་དར་བའི་དུས་སུ་ལྷག་བཅུ་གསུམ་གྱི་གང་རུང་ཞིག་བྱུང་བར་བཤགས་པའི་ཐབས་སུ་སྤོ་བ་དང་། མགུ་བ། དབྱུང་བ་གསུམ་གྱི་སྒོ་ནས་ལྷུང་བ་བཤགས་པའི་ཐབས་ཡོད་མོད། བོད་གངས་རིའི་ལྗོངས་འདིར་འདུལ་བསྟན་དར་ནས་ད་བར་སྔོན་བྱོན་གྱི་སྐྱེས་ཆེན་མང་པོ་ཞིག་གིས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ནས་སྤོ་མགུ་དབྱུང་གསུམ་གྱི་ལས་འདི་ལག་ལེན་ལ་གཏན་ནས་བསྟར་མེད། དེར་བརྟེན་ལྷག་མ་བཅུ་གསུམ་གྱིས་གོས་པའི་བོད་པའི་དགེ་སློང་ཞིག་ལ་མཚོན་ན་གཉེན་པོ་སྟོབས་བཞི་སོགས་ལ་བརྟེན་ནས་སྡིག་པ་ལ་བཤགས་པའི་ཐབས་ཡོད་ཀྱང་། ལྷུང་བ་བཤགས་ཐབས་གཏན་ནས་མེད་པ་དང་། ལྷག་མ་བཅུ་གསུམ་གྱིས་གོས་པའི་དགེ་སློང་ཞིག་ལ་མཚོན་ན་དགེ་འདུན་གྱི་ལས་ལ་མི་དབང་བ་སོགས་འདུལ་བའི་དགོངས་དོན་ཡིན། ལྷ་རམས་པས་ལྷག་མ་བཅུ་གསུམ་གསོ་སྦྱོང་གི་སྐབས་སུ་བཤགས་ཐུབ་པ་ལྟ་བུ་གསུངས་པ་ཁུངས་ལུང་རྒྱུ་མཚན་གཏན་ནས་མེད་པའི་རྫུན་རེད།
༢༽ ཉེས་ལྷུང་གང་ཐད་ནས་ལྷག་མ་བཅུ་གསུམ་ལས་ཡངས་པའི་སྤང་ལྟུང་སུམ་ཅུ་ཡིན་ནའང་ཆད་ལས་སྤང་བྲལ་སྔོན་དུ་འགྲོ་བའི་ཐོག་ནས་བཤགས་དགོས་པ་ལས་གསོ་སྦྱོང་གི་སྐབས་སུ་བཤགས་མི་ཐུབ་པ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལ་མཚོན་ན་གསོ་སྦྱོང་གི་སྐབས་སུ་གང་དང་གང་བྱུང་བའི་ལྟུང་བྱེད་དེ་ཡིད་ལ་ངེས་པར་བྱས་པས་བཤགས་པ་བྱས་ན་གསོ་སྦྱོང་གི་སྐབས་སུ་འདག་ཐུབ་པ་འདུལ་བའི་དགོངས་དོན་ཡིན་པ་ལས། ལྷག་མ་བཅུ་གསུམ་གསོ་སྦྱོང་གིས་འདག་ཐུབ་ཚུལ་གསུངས་མེད་པ་དངོས་ཡོད་གནས་ཚུལ་རེད། ང་ཡང་གྲྭ་ལོག་ཅིག་ཡིན་པས་འདུལ་བའི་སྐོར་གླེང་རྒྱུའི་སྤོབས་པ་ཧ་ཅང་ཞན་ཡང་། སྟོན་དང་བསྟན་པ་དད་ཞེན་ཤ་ཚ་ལྷོད་མེད་ཡོད་མཁན་ཞིག་ཡིན་པས་རང་གིས་གང་སྦྱངས་མྱོང་བ་དང་གང་ཤེས་པ་དེ་བྲིས་ཀྱང་འགལ་བ་ཆེར་མེད་པར་སྣང་།
དགེ་བཤེས་ལགས་ཁྱེད་ཀྱིས་གནད་དོན་འདིའི་སྐོར་ལ་གསལ་བཤད་ལན་འདེབས་རེ་ངེས་པར་གནང་རོགས། གསེར་སྨྱུག་གིས་རྡ་ས་ནས།
ལྷ་ལུང་དཔལ་རྡོར་ལགས། རྒྱལ་ས་ཝྰ་ཤིང་ཀྲོན་ཟེར་ན་གང་ན་ཡོད་ནི་རེད། དེ་ཐག་རིང་ཅིག་འེ་རེད། དེ་ལ་བོང་བུ་འགྲོ་ཐུབ་ས་ཅིག་ཡིན་ན་ང་བོང་བུར་ཞོན་ནས་འགྲོ་གི་ཡིན། དེ་ནས་རྩེ་རྒྱལ་ཡང་བོང་བུར་ཞོན་ནས་ཤོག་འ། ངོ་ཚོ་སྡེ་བ་ལ་འཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཟེར་ནས་ག་ས་གང་དུ་ཚེར་མ་བཏབ་འདུག་པས་རྟ་གསོ་མ་ཐུབ་པར། བོང་བུ་མང་པོ་གསོས་ཡོད་ནི་རེད། བོང་བུ་རྟ་འདྲ་བོ་ཁ་ཤས་ཡོད།།
དྲ་གྲོགས་ལྷ་ལུང་ལགས་སུ།་
ཉིད་ཀྱིས་སྐུར་གནང་བའི་དངུལ་དེ་ངས་བོད་ཀྱི་བུད་མེད་ལྷན ཚོགས་ཀྱི་དྲུང་ཆེ་ཚེ་དབྱངས་ཀྱི་མིང་ཐོག་ལ་གཏོང་རོགས་ཟེར་བ་དེ་ཡང་དྲ་གྲོགས་རྩེ་རྒྱལ་ཟེར་བ་ལ་སོགས་པའི་མི་དེ་ཚོའི་ཧམ་བཤད་ལ་ལན་འདེབས་བྱེད་ཡིན་ལ། དམིགས་བསལ་གྱིས་དངུལ་གྱི་ཐོག་ནས་མི་སུ་ཡང་རུང་བ་མང་པོར་སྒྲུང་ཡ་མཚར་དེ་འདྲ་ཤོད་རྒྱུ་ཡོད་པས་ངས་འགན་འདི་དབུས་བོད་ཀྱི་བུད་མེད་ལྷན ཚོགས་རང་ལ་སྤྲད་པ་ཡིན། མ་ཟས་ངས་བྱིས་པ་དེའི་པར་དང་ཨ་མ་ཆུང་ཆུང་དེའི་ལག་བྲིས་ཡི་གེ་སོགས་ཁྱེད་ལ་པར་ཐོག་ནས་བཏང་ཡོང་ཆོག
གཞན་ཉིད་ནས་ངའི་གློག་འཕྲིན་སྐུར་ཡོད་པ་དེར་ཅིག་ལྟ་རོགས་ཞུ།
དྲ་གྲོགས་རྩེ་རྒྱལ་ཞུ་བར། ང་རང་ཁ་གཞིས་དབང་ཐང་ཆེ་བའི་མི་ཚང་ཞིག་ནས་སྐྱེས་པ་བདེན་ཡང་སྐྱབས་བཅོལ་ལ་སླེབས་པ་ནས་འུ་ཚོ་ཐུན་མོང་ལ་དབང་བའི་འགན་ཞིག་ཡོད་པ་ནི་ཕ་ཡུལ་ལ་ལོག་ཐུབ་པའི་རེ་བ་དེ་གཅིག་པུ་ཡིན། ང་རང་འདིར་སྐུ་དྲག་མི་དྲག་དང་། རྒྱུ་དང་འབྱོར་བ་ཆེ་བ། ཡང་ན་གོ་སྐབས་རིང་ལུགས་པ་དང་ཆབ་སྲིད་པ་མགོ་བདེ་དྲན་འཁྲུལ་ཅན་སོགས་སུ་ཞིག་གི་རུམ་ཁ་ནས་ཀྱང་འཚར་ལོངས་བྱུང་བ་མིན་པར། ཨ་མདོ་ཡུལ་ནས་ཡོང་བའི་འབྲོག་ཁྱིམ་ཞིག་གི་བུ་མོ་དང་། ཆུང་དུས་ནས་སློབ་གྲྭའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་བོད་མོ་ཞིག་ཡིན་པ་ལས་གཞན་གང་ཡང་མིན། ངས་མི་རིགས་ཀྱི་རྩ་དོན་དང་ཆོས་དང་རིག་གཞུང་གང་ཡང་བརྗོད་ཀྱིན་མེད། ངས་རང་ཉིད་ལ་ཕ་ཡུལ་ཞིག་ཡོད་འདོད་པ་དང་ངས་རང་གི་ཕ་ས་དྲོན་མོ་ནས་ཁྱིམ་ཚང་དྲོན་པོ་ཞིག་ཡོད་འདོག་ལ། འདི་ལྟ་བུའི་རེ་བ་དེ་ང་དང་བོད་མི་ས་ཡ་དྲུག་གི་རེ་བ་དང་འདོད་པ་ཡིན་པར་འདོད་ཀྱིན་ཡོད།
རང་གི་ཕ་ས་དྲོན་མོ་དང་ཕ་སྐད་དྭངས་མ་ཞིག་བཤད་དེ། ཕ་ཁྱིམ་དྲོན་མོ་ཞིག་ནས་ཕ་མ་བཟང་བོ་ཞིག་བྱ་འདོད་པ་ལས་གཞན་ཁྱེད་ཀྱི་བདེ་སྐྱིད་བཤད་ནས་རང་གི་རླུང་རྟ་འཚོལགྱིན་མེད་ལ་ངས་ཁྱེད་ཀྱི་བགོ་བསྐལ་འཕྲོག་ནས་རང་གི་བདེ་སྐྱིད་འཚོལ་བཞྀན་མེད།
ད་དུང་ང་རང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་ཟ་མ་ཟ་རུ་སོང་བ་ཞེས་པའི་དོན་དེ་ནི། ད་ལོ་ནས་དབུས་བོད་ཀྱི་བུད་མེད་ཚོགས་ཀྱིས་ཉམས་ཞིབ་པར་ལས་ཁུངས་གསར་འཛུགས་གནང་ཡོད་ལ། དེ་ནི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་དང་གཅིག་པ་མ་ཡིན་པར་ལས་ཁུངས་གསར་བ་དེ་བུད་མེད་ལྷན་ཚོགས་ཀྱི་མགྲོན་ཁང་གི་ནང་དུ་ཡོད་པས། ང་རང་ལས་ཁུངས་གསར་བ་ནས་ཉིན་གུང་ཟ་མ་ཟ་སྐབས་དབུས་ལས་ཁུངས་སུ་འགྲོ་གིན་ཡོད། སྐད་ཆ་ཐུང་ཐུང་རེ་བླངས་ནས་ཚོགས་པ་དང་མི་སྒེར་གྱི་གཞི་རྩར་དམའ་འབེབས་དང་མཐོང་ཆུང་མ་བྱ་རོགས།
སྤྱིར་ང་རང་སྐད་ཆ་ཚཽན་རྩི་ཅན་ཁོ་ནར་ཉན་རྒྱུར་དགའ་བོ་མེད་དེ་མིང་ཡག་པོ་དང་ཁ་གཡང་སྙན་མོ་ཁོ་ན་འདོད་མཁན་དང་བརྩོན་མཁན་དེའི་རིགས་མིན། ང་རང་གི་བྱ་སྤྱོད་དང་སྐྱེས་གཟུགས། ཤེས་ཡོན་སོགས་ཀྱིས་མི་མང་པོ་འགུག་ཐུབ་མཁན་དེ་འདྲ་གཏན་ནས་མིན། ཡིན་ཡང་ངས་གོང་ནས་བཤད་པ་བཞིན་རང་ཉིད་ཀྱིས་འགན་བླངས་ནས་ལས་ཀ་བྱེད་སྐབས་དེ་ནི་ཆོས་བྱེད་པ་ལས་ཀྱང་གལ་ཆེ་བར་ལྷག་བསམ་རྣམ་དག་བྱ་དགོས་ཟེར་གྱིན་ཡོད། རང་ཉིད་ཀྱིས་རང་ཉིད་ལ་འདོད་པ་མ་ཁེངས་པ་མ་བྱེད་པ་དང་མེ་ལོང་ནང་དུ་ལྟ་སྐབས་སོ་སོས་སོ་སོར་མགོ་སྐོར་བཏང་མེད་ན་འདོད་པ་ཚིམས་ཡོད་མཁན་དེའི་རིགས་ཡིན།
དེ་བས་ཁ་ཁོམ་ན་སྐད་ཆ་གད་སྙིགས་རིགས་མང་པོ་མ་བཤད་ན་ལེགས།
སྒོམ་སྡེ་ལྷ་རམས་པ་ལགས། གོང་དུ་ངས་བཀོད་པའི་མཆན་ལ་ངེས་པར་དུ་གཟིགས་རོགས་ཞུ།
དྲ་གྲོགས་ལྷ་ལུང་ལགས་སུ།
ང་རང་ད་ལྟ་རྡ་སར་ཡོད་ལ། ཉིད་ལ་འཕྲིན་པ་ཞིག་བཏང་ཡོད་པས་ད་ལྟ་ཉིད་ནས་ལྟ་རོགས་མཛོད།
ང་རང་ཚེས་ ༡༦ ཉིན་རྡ་ས་ནས་འགྲོ་གིན་ཡོད།
ཚེ་རིང་སྐྱིད་ལགས་
གོང་དུ་ ཉིད་ནས་བཏང་ཡོད་གསུངས་པའི་འཕྲིན་དེ་ ངའི་གློག་འཕྲིན་གྱི་ཡིག་སྒམ་ནང་མཐོང་རྒྱུ་མིན་འདུག་ ངོས་ཀྱི་་བློ་དོགས་སུ་ ཕལ་ཆེར་ཉིད་ཀྱི་གློད་འཕྲིན་གྱི་་ཟིན་བྲིས་ཡིག་སྣོད་ནང་དུ་སོང་སྟེ་ དེར་ལྷག་བསྡད་མེད་དམ་བསམ་ དེར་གཅིག་གཟིགས་ཏེ་བསྐྱར་གཏོང་གནང་རོགས་ཞུ་། ཐུགས་རྗེ་ཆེ་།
བློ་བཟང་དབང་རྒྱལ་གི་མཛེས་མ་ཚེ་རེང་སྐྱེད་ལགས ་་་་་་་དངོས་གནས་ཁྱོད་འདྲ་བའི་བུ་མེད་ཞིག་གི་བྱེད་མི་ནུས་པའི་བྱ་བ་ཞིག་ཡོད་རེད་དམ་ ངས་ལྟས་ན་དེང་སྐབས་བུ་མེད་འཚོའི་སྙིང་རྗེ་ཡོད་པ་ཞིག་དང་་་་ངོ་ཚར་ཡོད་པ་ཞིག་གནང་དགོས་པ་འདུག་་་་་བྱུང་ན་བློ་བཟང་དབང་རྒྱལ་རེན་པོ་ཆེའི་གནང་བའིསྒོར་འབུམ་༡་དེའི་འདོད་པ་ཚིམ་པ་བྱེད་ཏེ་་བོད་པའི་སྤྱི་ཚོགས་ནང་སྤྱོད་ངན་ཁྲོམ་སྟོན་མ་གནང་རོགས་
དྲ་གྲོགས་ལྷ་ལུང་ལགས།
ངས་ཡང་བསྐྱར་གློག་འཕྲིན་དུ་ཡི་གེ་ཞིག་སྐུར་ཡོད།
འབྱོར་ཡོད་མེད་བཀོད་རོགས་གནང་།
ཚེ་སྐྱིད་ལགས་
འབྱོར་བྱུང་ ཐུགས་རྗེ་ཆེ་ ཆོུད་འགའ་ཤས་རིང་ ལས་དོན་ཆེད་ཕྱིན་ཏེ་ རྗེས་སུ་ཁྱེད་ལ་གློག་འཕྲིན་བཏང་མཆོག་
བཤད་སྒྲུབ་ཟེར་བ་ལགས། ཁྱེད་མ་དགའན་སྡུག་གྱོང་རེད། ང་སྒོར་མོས་ཚིམས་པའི་བུ་མོ་ཞིག་མིན།
ལྷ་ལུང་ལགས་སུ།
ཉིད་ཀྱི་འཕྲིན་པར་ལྟོས་ཟིན། དབུས་བུད་མེད་ལྷན ཚོགས་ཀྱི་དྲུང་ཆེ་ཚེ་རིང་དབྱངས་འཛོམས་ཨོ་ཤོད་ཚང་གིས་ངའི་ལས་འགན་འདི་མུ་མཐུད་དུ་མཇུག་སྐྱོང་རྒྱུ་ཡིན་པ་དང་། ཨ་མ་ཆུང་ཆུང་དེ་དང་ཁོ་མོ་གཉིས་མཉམ་འཛོམས་ཐོག་ངས་་སྐད་ཆ་གསལ་བོར་བཤད་ཡོད།
ཉིད་ལ་གང་མགྱོགས་ལན་ཡོང་གི་རེད་ལགས། དེ་ནས་ཉིད་ཀྱི་ཡིག་སྒམ་ནང་དུ་བྱིས་པ་དེའི་འདྲ་པར་དང་ཨ་མ་ཆུང་ཆུང་དེ་ཡི་ལག་བྲིས་ཡི་གེ། དབུས་བུད་མེད་ལྷན ཚོགས་ཀྱིས་ཕྱག་འཕྲིན་བཅས་སྐུར་རྒྱུ་བྱས་ཡོད་པས་ན། སྐུ་ཉིད་ཀྱིས་ཐུགས་མཇོག་མཚལ།
ཁ་བརྡའི་དྲ་ཚིགས་འདི་སྒེར་གྱི་སྙིང་ནད་སངས་ཆེད་ང་ཚོར་གོ་སྐབས་སྤྲད་པ་མ་ཡིན་པར་མི་སུ་ཞིག་གིས་བརྗོད་གཞི་གང་འདྲ་ཞིག་སྤེལ་ན་དེར་མི་ཚང་མས་བརྗོད་གཞི་དང་མ་འགལ་བའི་དཔྱད་གཏམ་སྤེལ་རྒྱུ་དེ་རེད། གལ་ཏེ་བརྗོད་གཞི་དང་འབྲེལ་བའི་སྐད་ཆ་བཤད་མི་ཤེས་པའམ་ཡང་ན་བཤད་རྒྱུ་གང་ཡང་མེད་ཚེ་ཆེད་དུ་འདིར་སྙིང་ནད་བཟུང་ནས་སྒེར་བའི་མི་ཚེ་དང་མི་གཤིས་ལ་རྡོག་རོལ་བཏང་ན་དེ་ནི་འུ་ཐུག་ཐབས་རྡུག་གི་བྱེད་ཐབས་རེད།
དྲ་རྒྱའི་དོ་དམ་པས་འདི་འདྲའི་རིགས་ལ་གོ་བརྡ་སྤྲོད་ཀྱིན་ཡོད་པ་མ་ཡིན་ནམ།
ཚེ་རིང་སྐྱིད་ལགས།
ཁྱོད་དངོས་གནས་ཕ་བཟང་གི་བོད་མོ་ཞིག་ཡིན་པ་མ་ཟད་བོད་མོའི་ནང་ནས་ཀྱང་འབྲོག་མོ་རྙི་དྲི་འཚུབ་འཚུབ་ཅིག་རེད་འདུག་ལ་ང་ཡང་འབྲོག་རྒན་ཕྱིང་ཞ་ཅན་ཞིག་ཡིན་པས་ང་ཁྱེད་ལ་དགའ་ཞེན་གྱི་དང་བ་མི་འདྲེན་པ་ཅི་ལ་སྲིད། དེས་ཀྱང་མི་ཚད་ཁྱོད་རྒྱལ་ས་ཝཱ་ཤིང་ཀྲོན་ལ་འབྱོར་རྗེས་འབྲོག་ཐང་པགས་རྩག་འགབ་ཀྱི་འོབས་སྐྱུར་གྱི་དྲི་ངད་རྣམས་ལྷག་ལུས་མེད་པར་དིང་རབས་ཆུ་གཙང་གི་སྦྱར་དྲིའི་ངོ་བོ་བསྒྱུར་ཟིན་ནའང༌། དེ་དང་ཆབས་ཅིག་གངས་ལྗོངས་ཕ་ཆེན་བུ་མོའི་ལ་རྒྱའི་གཤིས་དྲི་དེའང་མི་ཉམས་གསོན་ཉར་ཐུབ་པ་ནི་ང་འབྲོག་རྒན་སྙིང་མེད་ཅིག་ཡིན་རུང་གློ་མཆིན་གྱིས་སེམས་རྩ་གཡོས་ཏེ་དགའ་དད་ཀྱིས་གུས་བཀུར་ལུས་ཞུ།
ཡ་ཕ་བཟང་གི་བུ་མོ་མི་རིགས་ཀྱི་འགན་ཁུར་དང་ལ་རྒྱའི་ཚ་བ་འབར་ཏེ་འཕགས་ཤོག་དང༌། ང་ཡང་གདོང་དམར་ཕ་ཚན་གྱི་རྩ་རྒྱུད་མ་ཆད་ཙམ་གྱི་བུ་ངན་འདི་ག་ཝཱ་ཤིན་ཀྲོན་གྱི་སྲང་མདོ་འགྲིམ་མཁན་ཞིག་ཡིན་པས་ཁྱེད་ཀྱི་ཞལ་ནས་ཡར་འདྲེན་མ་ཐུབ་ཀྱང་འོག་ནས་ཡར་འཕུལ་ཨེ་ཐུབ་ལྟ་ཐག་ཆོད་ཡིན།
དྲ་གྲོགས་ཚོ་ངས་ཝ་ཟུར་རྩ་བ་ནས་འདོགས་ཐུབ་ཀྱི་མི་འདུག་པས་འདོགས་ཅན་བཞི་ལས་ཅིག་བེད་སྤྱོད་གཏོང་མ་ཐུབ་པར་དགོངས་འགལ་མེད་པ་མཁྱེན་མཁྱེན།
གུས་རྩེ་རྒྱལ་ནས།
བུ་མོ་ཚེ་རིང་སྐྱིད་ལགས།
གོང་གི་དེ་དག་དངོས་གནས་ཀུ་རེ་ཞུས་པ་ཡིན། དགོངས་པ་མ་འཚོམས་རོགས།
ང་ཚོ་བོད་ཀྱི་གནས་དུས་འདི་འདྲའི་ནང་བུ་མོ་ཁྱོད་དང་ཁྱོད་ལྟ་བུའི་སེམས་ཤུགས་ཅན་དག་ལ་བརྩི་བཀུར་དང་ཆ་འཇོག་ཡོད། ལྷག་དོན་ཁྱེད་ནས་ད་ལྟ་བསྒྲུབས་དང་སྒྲུབ་བཞིན་པའི་ཨ་མ་ཆུང་ཆུང་དེའི་རོགས་སྐྱོར་འཚོལ་ཐབས་ལ་དངོས་གནས་དགའ་གུས་དང་ཡིད་རང་ཡོད། འདྲ་མཉམ་དང་མདུན་སྐྱོད་ནི་དེང་རབས་སྤྱི་ཚོགས་ཀྱི་ཉིང་འགྲོས་ཡིན། ང་ཚོ་བོད་ཀྱི་བུད་མེད་ཚོ་ཡར་ལང་དགོས། འགན་ཁུར་དགོས། དིང་རབས་བུད་མེད་དང་དཔུང་པ་མཉམ་གཤིབ་བྱེད་པའི་སྤོབས་པ་བསྐྱེད་དགོས། དེ་ལྟར་བྱུང་ན་ང་ཚོ་བོད་ཀྱི་རྩ་དོན་ལ་ཟུང་འབྲེལ་ནུས་ཤུགས་ཀྱི་རྣམ་པ་གསར་པ་ཞིག་ཐོན་ངེས་ཡིན། ཡར་རྒྱས་ཅན་གྱི་ལུང་པ་ཚོར་མཚོན་ན་ང་ཚོ་བོད་ཀྱི་བུད་མེད་ཚོ་རང་བཞིན་གྱིས་ཉམ་ཆུང་ལྟ་བུ་ལས་གདེང་སྤོབས་ཀྱི་ནུས་པ་དེ་ཙམ་རྒྱས་ཐུབ་མེད། དེ་ནི་ང་ཚོ་བོད་ཀྱི་བུད་མེད་ཚོར་གཞི་རྩའི་འཇོན་ཐང་མེད་པ་དེ་འདྲ་གང་ཡང་མིན། གང་རེད་ཟེར་ན་ང་ཚོའི་སྤྱི་ཚོགས་འདི་སྲོལ་རྒྱུན་རིང་ལུགས་ལས་འགྱུར་བ་ཆེན་པོ་ཕྱིན་མེད་པ་དང༌། ལྷག་པར་དེང་གི་དུས་འདིར་བོད་ཀྱི་བུད་མེད་ཚོའི་ནང་སྔོན་ཐོན་རང་བཞིན་གྱི་རྣམ་དཔྱོད་དང་བློ་སྟོབས་ཅན་མིག་དཔེ་ལྟ་ས་དེ་འདྲ་མང་པོ་མེད་པའི་རྐྱེན་གྱིས་ཡིན། ༧གོང་ས་མཆོག་ནས་ཀྱང་རྒྱུན་དུ་སོ་སོའི་འཇོན་ན་འདྲ་མཉམ་ཡིན་གསུང་གི་ཡོད། དེས་ན་ཁྱོད་དང་ཁྱོད་ལྟ་བུའི་ཕྱི་ནང་གི་གནས་སྟངས་མཁྱེན་མཁན་བུད་མེད་ཚོས་རྩ་དོན་འགན་ཁུར་གྱིས་ལམ་སྟོན་གནང་ཐུབ་ན་ང་ཚོས་སྙིང་ནས་དགའ་ཚོར་དང་རྒྱབ་སྐྱོར་ཡོད།
ད་མང་པོ་མི་བཤད་གོང་དུ་མཆན་ཨང་༡༢༠ནང་ངས་སྤྱི་སྟངས་གནས་བཤད་ཙམ་ལས་ཁྱེད་ལ་དམིགས་ཀྱིས་ཧམ་བཤད་དང་སྐྱོན་འཛུགས་དེ་འདྲ་གང་ཡང་བྱས་མེད་སྙམ། འོན་ཀྱང་རང་སྐྱོན་རང་གིས་མི་མཐོང་བས་སྐྱོན་ཐལ་འདྲ་བྱུང་ཡོད་ན་ངས་སླར་ཡང་ཁྱེད་ལ་དགོངས་དག་ཞུས་གིན་ཡོད།
གྲོགས་པོ་གཙང་ཕྲུག་ལགས།
ཁྱེད་ཀྱི་བཀའ་བཀྱོན་དེ་ཡང་བརྗོད་གཞི་དང་འབྲེལ་མི་འདུག
རྩེ་རྒྱལ་ལགས། ཉིད་ཀྱིས་ཝྭ་ཟུར་འདོགས་ལུགས་མི་ཤེས་ན་འདི་འདྲ་རེད། ནམ་རྒྱུན་འུ་ཅག་གིས་བརྩེགས་མ་བྱེད་སྐབས་སུ་mབསྣུན་བཞིན་ཡོད་པ་ཉིད་ཀྱིས་ཤེས་གསལ་རེད། དེས་ན་ཝ་ཟུར་འདོག་དགོས་སར་ཐུག་དུས། mབསྣན་རྗེས་སུ་uགཅིག་བསྣན་པ་ཡིན་ན་ད་གཟོད་ཝ་ཟུར་འགྲུབ་ཐུབ་པ་ཡིན་ལགས།
mབསྣུན་རྗེས་སུ་uགཅིག་སྣུན་པ་ཡིན་ན་ད་གཟོད་ཝ་ཟུར་འགྲུབ་ཐུབ་པ་ཡིན་ལགས།
དྲ་གྲོགས་ཚེ་རིང་སྐྱིད་ལགས་།
ཁྱེད་་དྲ་ཁང་འདི་ནང་ངོ་ཤེས་པར་དགའ་སྤྲོའི་ངང་ ལས་དོན་འདི་ཐོག་འཁུར་ལེན་ཆེ་སྐྱེད་ངང་ནས་མཇུག་སྐྱོངས་འཐུས་གཙང་གནང་བར་ཐུགས་རྗེ་ཆེ་། ད་ནི་ཁྱེད་རང་ཡང་ཐོན་རེན་པ་དང་ ལས་དོན་འདི་ཡང་འགྲུབས་ཉེ་བ་ མ་ཟད་རྩོམ་ཡིག་འདི་ཡང་ད་ཆ་མཆན་མང་ཤོས་ཀྱི་རྩོམ་ཡིག་རྩེ་མོར་བསླེབས་འདུག་སྟབས་མགྱོགས་མྱུར་དྲ་ངོས་ནས་ཡལ་འགྲོ་བའི་དུས་ཉེ་བར་ ད་ནས་ཁྱེད་ལ་བསུན་པོ་བཟོ་གི་མིན་ གོང་གི་ལས་དོན་ཐོག་འབྲེལ་བ་བྱེད་དགོས་བྱུང་ཚེ་ ཁྱེད་ནས་མངགས་ཟིན་པ་ལྟར་ཚེ་དབྱངས་ལགས་སུ་ཞུ་གི་ཡིན་། ཉིད་ནས་མཆན་ལན་དང་ འཕྲིན་ལན་སོགས་སྐབས་མཚམས་དུས་ཐོག་གནང་བར་ཡང་བཀའ་དྲིན་ཆེ་། ད་འོ་ན་ ག་ལེར་ཕེབས་རོགས་ ཉིན་གཅིག་འདི་གར་མཇལ་ཡོང་ མ་མཇལ་རིང་ལ་ཐུགས་བཅག་དང་ སྐུ་ཁམས་བཟང་བའི་སྨོན་འདུན་ རང་རེ་གཞིས་བྱེས་བོད་མིའི་བདེན་དོན་གྱི་ཉི་མ་མྱུར་དུ་ཤར་བའི་སྨོན་ལམ་ཞུ་། བཀྲེས་བདེ་ལེགས་།།
གསེར་སྨྱུག་ལགས།
སྤྱིར་ན་གྲྭ་ལོག་དང་མི་སྐྱས་འདུལ་བ་ལ་ཞུས་དག་གཏོང་ཡ་འདི་ཤིན་ཏུ་མ་འོས་པ་ཞིག་མཐོང་གི་འདུག གསང་སྔགས་ལས་ཀྱང་གསང་བ་ཆེ་བ་བྱེད་དགོས་པ་ཞིག་རེད། གང་ལགས་ཤེ་ན། བོད་རིགས་ནང་བླ་མེད་ཀྱི་དབང་མ་ཐོབ་པ་ཕལ་ཆེར་མེད་པས། གསང་སྔགས་ཀྱི་སྐད་ཆ་བཤད་པར་དེ་ཙམ་འགལ་ཚབས་ཆེ་བ་མ་རེད། འདུལ་བ་ལ་ནི་མི་སྐྱ་ལྟ་ཞོག་དགེ་ཚུལ་གྱིས་ཀྱང་། དགེ་སློང་གིས་གསོ་སྦྱོང་དང་ལྟུང་བ་ཕྱིར་བཅོས་གནང་སྐབས། དགེ་ཚུལ་རྣམས་ནང་དུ་ཡོང་མི་ཆོག་པར། ཕྱི་རོལ་ཏུ་སྒོ་རྒྱབ་ལ་སྡོད་དགོས་པ་རེད།
འོན་ཀྱང་འདིར་ལན་ཞིག་མ་བརྒྱབ་ན་སླར་ཡང་མི་མང་པོ་ཞིག་ལ་རྣམ་དོགས་མང་པོ་ཞིག་འོང་བར་འདུག་པས། ལན་འདེབས་པ་ལ་ལྷ་དང་བླ་མས་སྡིག་པ་དང་སྒྲིབ་པར་མི་འགྱུར་བར་མཛད་དུ་གསོལ། །
༼སྒོམ་སྡེ་ལྷ་རམས་པའི་ཚིག་མཛོད༽ཅེས་པའི་རྩོམ་ཡིག་དེར་ཕེབས་རོགས། གང་ལགས་ཤེ་ན། འདིར་མཁྱེན་ལྡན་འགའ་ཞིག་གིས་བརྗོད་གཞི་དང་མ་འབྲེལ་བའི་མཆན་མི་འཇོག་རོགས་གསུངས་སོང་། དེ་ལ་གུས་བརྩི་ཞུ་བ་ཡིན།
འ་འ་རྩེ་རྒྱལ་ཁྱོད་ད་ངོ་ནས་སྐྱེས་སྨན་ཅིག་གི་ཚོགས་གཏམ་རྩ་ནས་རེག་མྱོང་མི་འདུག ལམ་སེང་དགོངས་དག་ཞུ་འདུག ང་ཡིན་ན་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ཀྱིས་ཚོགས་གཏམ་བཏང་བ་ཡིན་ན་དགའ་ནས་གཉིད་ཀྱང་ཁུག་མི་ཐུབ། འོན་ཀྱང་ངས་འདི་ནས་ཚེ་རིང་སྐྱིད་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཅིག་ནི། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བཀོད་པའི་སྐོར་གསུངས་འདུག་པ་དེ་ཡིན། ང་རང་ཡིན་ན་རྡ་རམ་ས་ལ་ཐེངས་གཉིས་མ་གཏོགས་སོང་མྱོང་མེད། དེ་ལས་ཀྱང་ཡ་མཚན་པ་ཅིག་ལ་ལས་ཁུངས་དེ་ཚོའི་ནང་དུ་རྩ་ནས་སོང་མྱོང་མེད། དེའི་རྐྱེན་གྱི་རྡ་སའི་ལས་ཁུངས་དེ་ཚོའི་ནང་གི་བཀོད་པ་རྩ་ནས་མི་ཤེས། ངས་མ་ཤེས་ནས་བུད་མེད་ལྷན་ཁང་དེ་ཟ་ཁང་ལྟ་བུ་ཡིན་རྒྱུ་མ་རེད་ཟེར་ནས་བྲིས་ཤོར་བ་རེད་མ་གཏོགས། མི་གཞི་ལ་གནོད་པའི་ཡི་གེ་གང་ཡང་བྲིས་མེད་སྙམ། གང་ཡིན་ཟེར་ན། ང་ནི་སྐྱེས་པ་ནས་བཟུང་སེམས་ཆུང་ཅིག་ཡིན་པས་མི་ལ་གནོད་པའི་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་ཐོན་མི་ཐུབ། གལ་ཏེ་མི་གཞི་ལ་གནོད་པའི་ཚིག་བཤད་འདུག་ན་འདི་རེད་ཅེས་བསྟན་ན། ངས་ཀྱང་རྩེ་རྒྱལ་ལྟར་དགོངས་དག་ཞུ་དང་ཞུ།
དེ་མིན་རྩོམ་རིག་དང་། གང་ཅིའི་ཐད་ནས་ངས་བལྟས་ན་ཡིད་སྨོན་སྐྱེས་དགོས་པ་ཅིག་འདུག འཚམ་འཚམ་ལ་བོད་མིའི་གཏན་དཔེ་ལ། གཏམ་ཀུ་རེ་མེད་ན་ཉན་སྲོལ་མེད། ཟས་མཆོད་ཀ་མ་ཕུལ་ཟ་སྲོལ་མེད་ཟེར་བ་ཅིག་ཡོད་ཀ ཡང་ན་ས་སྐྱ་པན་ཆེན་གྱིས། མཁས་པ་རྩད་ཅིང་མ་དྲིས་ན།། དེ་ཡི་བར་དུ་གཏིང་མི་དཔོག་གསུངས་ཡོད་པ་དེ་ཚོ་ལ་ཡང་རྒྱུ་མཚན་ལོས་ཡོད། ཀུ་རེ་ཅུང་ཟད་རྩེ་བ་ལ་སེམས་ལ་གནོད་ཡོད་ཀྱི་མ་རེད་བསམ།། །།
དྲ་གྲོགས་བོད་ལྷ་ཀླུ་གཉན་གསུམ་ལགས།
བསམ་པ་བཟང་ན་ས་དང་ལམ་ཡང་ཟེར་བ་ལྟར་ང་ངོ་མར་མི་སེམས་བཟང་ཅན་ཞིག་ཡིན་པ་འདྲ། མི་མ་ཟད་ལྷ་ཀླུ་གཉན་གྱིས་ཀྱང་སྡོང་གྲོགས་འདི་འདྲ་ཡོང་གི་འདུག
ཨ་ལ་ཀུ་རེ་སྟེ་གྲོགས་པོ་ལྷ་ཀླུ་ལགས། སྐུ་ཉིད་ནས་རོགས་མགོན་སློབ་སྟོན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ངའི་གློག་ཀླད་འདིའི་ནང་མཛུབ་གནོན་དེ་ལྟར་ལམ་ལ་འགྲོ་གི་མི་འདུག ངས་རྒྱུན་དུ་ཡིག་གཟུགས་སམ་བྷོཊ་དང་མཛུབ་གནོན་wylieལྟར་བོད་ཡིག་བརྒྱབས་རྗེས་UDBནང་ཡིག་གཟུགས་བསྒྱུར་མཚམས་གཞི་ནས་དྲ་ངོས་སུ་འགོད་ཀྱི་ཡོད།
གྲོགས་པོ་གཞོན་ནུ་ཟླ་མེད། ཨོ་ད་གང་དྲག་ང་རང་གཉིས་ཀྱི་རྩེད་མཚར་གྱི་ལབ་གླེང་དེ་དག་ཁ་བརྡ་རྣམ་ཚང་གི་བློ་ལ་འགྲོ་གི་མི་འདུག་ག མདང་དགོང་རང་གཉིས་ཀྱིས་དཀའ་ལས་བརྒྱབས་པ་གང་ག་བསུབས་ཚར་འདུག སྨན་པས་རྒྱུན་དུ་མཚར་གཏམ་ལ་དགའ་མོས་དང་གད་མོ་མང་ཙམ་ཤོར་ན་འཕྲོད་བསྟེན་ལ་ཕན་ཚུལ་གྱི་བསླབ་བྱ་དེ་དག་ཁ་བརྡའི་དྲ་དཔོན་ཚོས་རྣ་བའི་ལྟག་རྒྱབ་དུ་གཡུག་རྐྱང་བྱེད་པ་འདི་གྲོགས་པོ་ཁྱེད་ཀྱིས་བལྟས་ན་དེ་ཡག་རྟགས་ཤིག་ཡིན་ནམ་ཡང་ན་སྡུག་ལྟས་ཤིག་རེད།
ཨ་ཙི་རྩེ་རྒྱལ་ལགས། བོད་ཀྱི་མཛེས་མ་ཟེར་བ་མ་རེད། མཛངས་མ་ཟེར་བ་རེད། མཛངས་མ་ཟེར་ན་ཕྱི་རྣམ་པ་གཅིག་བུ་མ་ཡིན་པར་ནང་སེམས་པའི་སྟེང་ན་ཅིག་ཡོད་ནི་རེད། ཁྱོད་དང་ངེད་གཉིས་ཀྱི་ཀུ་རེ་ཙམ་ཐུགས་ལ་ཕོག་ནི་མ་རེད། ལྷག་པར་དུ་ཁྱོད་དགའ་དགོས་ནི་རེད། ངེད་གཉིས་ཀྱི་ཀུ་རེ་རྩེ་བ་ཙམ་ལ་ཡང་མོ་རང་གིས་ཡ་གནང་གི་འདུག་ག གལ་ཏེ་མོ་རང་གིས་ཡ་མ་བྱས་པ་ཡིན་ན། དེ་ནས་ཁྱོད་རླུང་ལངས་ན་འགྲིག་ནི་རེད། ཝ་ཤིང་ཀྲོང་དུ་མ་ཟད་ཝ་ཁུང་ནང་ལ་འཛུལ་སོང་ན་ཡང་རྗེས་འདེད་བྱ་དགོས་ནི་རེད།
མ་གཞི་ཁྱོད་རང་ཡང་ཚོད་ཚོད་ཅིག་འདུག མོ་ཝ་ཤིང་ཀྲོང་ལ་འགྲོ་གི་ཡིན་ཟེར་ན། ཁྱེད་རང་ཡང་དེར་འགྲོ་གི་ཡིན་ཟེར་ནས་བྲིས་འདུག་ག ཁྱོད་ཝ་ཤིང་ཀྲོན་ལ་རྗེས་འདེད་བཏང་ན། ངས་ཁྱེད་རང་གི་རྐང་དེ་བཅགས་བཞག་གི་ཡིན་དོ།
ངས་བོད་ནང་གི་དྲ་རྒྱ་མང་པོ་ཅིག་གི་ཐོག་ནས་མོ་རང་གི་རྩོམ་བྲིས་མང་པོ་ཀློག་མྱོང་། མོ་རང་ངོ་ནས་ཤེས་ཡོན་ཅན་ཡིན་པར་མ་ཟད། རྒྱལ་གཅེས་བ་ཅིག་ཀྱང་རེད། དེ་བཞིན་དུ་ཁོག་པ་ལ་ཡང་མདའ་ཤོང་མདུང་ཤོང་ཅིག་ཡིན་རྒྱུ་རེད། ཨ་མདོ་ན་གཏམ་དཔེ་འདི་འདྲ་ཅིག་ཡོད་པ་མོ་རང་གིས་ཤེས་ནི་རེད། མ་བཟང་མོ་ཁོག་ལ་བུ་ཆུད་ན་ཚིག་ལོས་ཤོང་ཟེར་བ་ཅིག་ཡོད། ཨ་མདོ་བུ་མོ་ལོ་ཆུང་ཅིག་ལ་འདི་འདྲའི་མཛངས་མ་ཅིག་ཡོད་པ་ཨ་མདོའི་སྤོབས་པ་རེད་ལ། ནང་མིའི་བསོད་ནམས་ཡང་རེད་ཟེར་ན་འགྲིག་ནི་རེད། རྩེ་རྒྱལ་ཐུགས་ལྷོད་ལྷོད་ཐོག་ནས་མོ་ལ་བགྲོ་གླེང་གནང་ན་འགྲིག་ནི་རེད།། །།
༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁༁ཨཱ་ཡུ་་་་་་་་་་་་་་་ ཨལ་སྟོང་རིང་པོ་ཡིད་ཚིམས་འགྲོ་བ་ཞིག་རྒྱབ་བྱུ་ཕལ་ཆེར་སྐད་ཆ་མང་པོ་ཞིག་ལ་ཆོ་ཞེ་དྲག་ཡོད་ས་མ་རེད་་་་་་་་་་་་་་་་་་་་ ཁྱོད་གཞོན་ནུ་གཟའ་ཟླ་བ་མེད་པོ་ཡིན་ལུགས་ཀྱིས་ཁྱོད་ལ་བདུན་གཅིག་གི་ནང་ཉིན་ཞག་དྲུག་ལས་མེད་པ་ངས་ཧ་གོ་སོང་འོན་ཀྱང་ཁྱོད་ཀྱིས་ཚིག་དུམ་མང་པོའི་ནང་དུ་གསལ་བྱེད་གཉིས་ཙམ་ཆེད་དུ་སྦས་པ་དཔེར་ན་ “མོ་རང(་ངོ་)ནས་ཤེས་ཡོན་ཅན་ཡིན་པར་མ་ཟད།” ཟེར་བ་སོགས་འདུག་པས་འདི་ཨམ་སྐད་ཡིན་ནམ་མཁའ་འགྲོའི་བརྡ་སྐད་གང་ཡིན་ཆ་མ་འཚལ་བས་ཇུས་གཏོགས་ཚུམས་མ་ཟེར་བར་ཁུངས་ལུང་ལྡན་པའི་ལན་ཞིག་རྒྱབ་པའི་རེ་བ་ཡོད་་་་་་་་་་་་་་་
རིན་ཆེན་འདི་ཡང་ཉེན་རྟོག་པ་མིག་གསལ་བོ་ཅིག་རེད་འདུག ལམ་སང་འཇུས་འགྲོ་གི་འདུག འ་འ་ཉེན་རྟོག་པ་འདི་ཚོ་ད་ངོ་རྫོགས།། །།
སྐྱེས་པ་ཚོ་སྙིང་རྗེ་བྱ་རོག་ཞེས་པའི་འབོད་བསྐུལ་འདི་སྐྱེས་པ་ཚོའི་སྙིང་ལ་ཕོག་པའམ་་་་་་་་་ལེགས་པ་ཡིན་ནའང་འདྲ། བརྗོད་མཁན་དེ་ལེགས་དྲགས་པ་ཡིན་ནའང་འདྲ། དྲ་གྲོགས་རྣམས་སྲེག་པས་རྐམ་པའི་ཡི་དྭགས་མང་ཆེ་བ་ཡིན་ནའང་འདྲ་གང་ལྟར་མཆན་མང་ཤོས་དེ་ཆགས་འདུག་ག
སྤུན་ཟླ་ཚོ་ལགས། དེ་རིང་ཆུ་ཚུད་དྲུག་བདུན་ཞིག་འགྲོ་སོང་། དེའི་རིང་དུ་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེ་ཐུབ་ཀྱི་མི་འདུག་ན། དེའི་གནས་ཚུལ་ཤེས་མཁན་ཡོད་ན་དུས་བབ་ཚང་གི་ལས་བྱེད་ཡོངས་ལ་ཞུ་རོགས་ཞུ། གནད་དོན་གང་གི་རྐྱེན་གྱིས་ཡིན་མིན་དབྱིན་ཡིག་འདི་འདྲ་ཞིག་ཤར་ནས་བསྡོད་ཀྱི་འདུག
Bandwidth Limit Exceeded
The server is temporarily unable to service your request due to the site owner reaching his/her bandwidth limit. Please try again later.
Apache/2.2.11 (Unix) mod_ssl/2.2.11 OpenSSL/0.9.8i DAV/2 mod_auth_passthrough/2.1 mod_bwlimited/1.4 FrontPage/5.0.2.2635 Server at http://www.tibettimes.net Port 80
ལྷ་ཀླུ་གཉེན་གསུམ་ལགས། དུས་བབས་ལ་འདི་ནས་བལྟ་ཐུབ་གི་འདུག
གཞོན་ནུ་ཟླ་མེད་ལགས། ཉིད་ཀྱིས་ལྗག་ལན་གནང་བ་ཐུགས་རྗེ་ཆེ། དུས་ཚོད་བཞི་ལྔ་ཞིག་གི་རྗེས་སུ་ངས་ཀྱང་འདི་ནས་ཀློག་ཐུབ་ཀྱི་འདུག་ལགས།
ཡ་ཡ། རིན་ཆེན་ལགས། ༧ གོང་ས་མཆོག་གི་༼ངོས་༽ཀྱི་ཡུལ་དང་༼ངོས་༽ཀྱི་མི་དམངས་ཟེར་བ་དེ་མཇལ་མྱོང་ཡོད་ཀྱི་རེད་བསམ། ཡང་༧ གོང་ས་མཆོག་ནས་ཁོང་རང་༼ངོ༽ནས་དྲང་ནས་བླ་མ་རྩ་ཆེན་པོ་རེད། སོགས་གསུང་པ་ཡང་གོ་མྱོང་ཡོད་ཀྱི་རེད། དེ་ཚོ་ཚང་མ་ཨམ་སྐད་མ་རེད་ལ་མཁའ་འགྲོའི་བརྡ་ཡིག་ཀྱང་ཡིན་རྒྱུ་མ་རེད།། །།
རྒྱལ་བ་རིན་པོ་ཆེ་མཛད་རྣམ་རྩོམ་པ་པོ་ཡིན་ནའང་དེ་འབྲི་པ་པོ་ཡང་ན་དེ་གློད་ཀླད་དུ་འཇུག་པ་པོ་ཡིན་མི་དགོས་པ་ཁྱོད་ཀྱིས་ཀྱང་ཤེས་མདོག་ཁ་པོ་རེད་་་་་་་་ བྱས་ཙང་དེའི་ནང་གི་ཡིག་ནོར་ཚང་མ་རྒྱལ་བ་རིན་པོ་ཆེ་ལ་ཁག་འཁྲི་མ་བྱས་ན་མི་ལེགས་སམ་་་་་་
གུང་ཕྲན་ཏང་གིས་ཀྱང་་་་ ནོར་འཁྲུལ་ལ་ངོས་ལེན་བྱས་ན་སྲིད་ཇུས་ལ་གུ་ཡངས་ཡོད་ ཟེར་བ་མ་ཐོས་སམ་་་་ རང་གི་ནོར་འཁྲུལ་ལ་ངོས་ལེན་བྱས་ན་སུས་ཀྱང་ཁྱོད་ལ་གུས་བཀུར་ཞུ་གི་ཡོད་་་་
རིན་ཆེན་ར་མའི་རེའུ་མ་ཟིག་འདྲ་མོ་འདིས་ང་བ་གི་མི་གཏོང་ནི་ཆི་ཟིག་རེད་། ངས་འབུ་གྲོག་མའི་གསེར་ཁང་ཚད་ལ་བཞན་ནས་མནའ་ཟིག་བསྐྱལ་ནས། ད་ཡང་ལ་འོར་གི་༼ངོ་༽ གཅིག་གླེང་ན་ངས་ཁྱོད་ལ་ངོ་གཅིག་རྫོགས་རྒྱུ་ཡིན།།
འོ་ཅིག་བརྗེད་འདུག གོང་གི་དེ་དག་ཡིག་ནོར་ཡིན་རྒྱུ་མ་རེད་ལ། ངའི་ཡིག་ནོར་དེ་བས་ཡིན་རྒྱུ་མ་རེད། དེ་ཨམ་སྐད་ཅིག་ག་ལ་ཡིན། ཡིན་ན་དེ་ནི་ལྷ་སའི་སྐད་ཅིག་མིན་འགྲོ གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ན་མཁས་པ་མང་པོ་ཅིག་ཡོད་སྐད་འདུག ལམ་སང་ཡིག་ནོར་རེད་ཟེར་མི་སྤོབས། འདི་ང་ལ་མཚོན་ན་སྐད་ཆ་ཅུང་ཟད་ཚོན་པོ་ཅིག་རེད་འདུག ཟ་མི་ཐུབ་གི
ཡང་ཨམ་སྐད་ནང་ན་༼ངོ༽བེད་སྤྱོད་བྱེད་པ་ཁ་ཤས་ཡོད། ༼ངོ༽་ཆེན་ཞུ། ༼ངོ༽་ལ་བལྟ། ༼ངོ་༽རྫོགས། རྐུ་མའི་༼ངོ༽་ན་ཤིག་ཅིག་ཡོད། ཚོགས་ཆེན་ཞལ་༼ངོ་༽། ཐ་མ་འདི་ཆོད་ཁ་གསུམ་གྱི་བེད་སྤྱོད་གཏོང་བཞིན་པའི་ཚིག་ཅིག་རེད་བསམ། ད་དུང་ ཁ་ཕར་འཁོར་དྰ་རུ་༼ངོ་༽གཉིས་མ། ཁ་ཚུར་འཁོར་ཕུར་བུ་ཟུར་གསུམ་མ། སོགས་ཡོད་གི་མོ།
གཞོན་ནུ་མདའ་མེད་ཁྱོད་ངུ་དགོས་དོན་རང་ད་ཨེ་འདུག་་་་་་་་་་་་་་་་་་་་ ངས་ཁྱོད་ཀྱི་དག་ཆ་དག་རུ་བཏང་བ་ལ་ཁྱོད་དེ་ཙམ་ཁྲོ་དགོས་དོན་མེད་པར་སྙམ་་་་་་་་་་་་ མ་གཞི་ནས་ཁྱོད་ལ་མདའ་མེད་ནའང་ཆོག་ཀི་ལ་གཞུ་མེད་ནའང་ཆོག་ཀི་་་་་་་་་ ཡིན་ནའང་ཁྱོད་རྩོམ་པ་པོ་ཟིག་ལ་དག་ཆ་ཟིག་མེད་མི་ཆོག་ཀི་་་་་་་་
རིན་ཆེན་དྲིན་ཆེན་པོ། བུ་ཡིས་ཕ་ལ་བུ་བཟོ་སྟངས་བསླབ་ན་དེ་འོས་འཚམ་རེད་ལ། ཧཧཧཧཧ
རིན་ཆེན་ལ། གོང་གི་མཆན་༡༦༩ དེ་མཚར་གཏམ་རེད། གྲོག་མའི་གསེར་ཁང་ཤེས་བྱ་ལ་ཡོད་ནི་མ་རེད། མཆན་གཞན་དག་གིས་ཁྱོད་ལ་༼ངོ༽སྐོར་ལ་གསལ་འགྲེལ་བྱས་ཡོད། འོན་ཀྱང་ཁྱོད་རང་གིས་སྐད་ཆ་ཡག་པོ་ཅིག་ཉན་མ་ཤེས་ན། ད་ང་ལ་ཡང་ཐབས་ཤེས་ཟིག་མེད་གི་ཡ
དྲ་པོ་ཚོ་སྐུ་ཁམས་བཟང་།
སྨུག་ཐོག་མ་ཚེ་རིང་སྐྱིད་ལགས་ཀྱིས་ལོ་༡༨ཙམ་ལ་སླེབས་པའི་བུད་མོ་ག་གེ་མོ་ཞིག་གི་མི་ཚེཌྷའི་བགྲོད་གོམ་གྱི་སྔོན་རྟགས་མ་ཤིས་པའི་མཚམས་ཤིག་ལ་ལས་དབང་གིས་ཕོ་གསར་ཞིག་ལྷན་རུམ་སྟེ་མར་ཤེས་ཌྷའཇོན་མ་འདུང་པའི་སྟིང་དམར་རྗེན་ཕྲུ་གུ་ཞིག་སྐྱེས་ཏེ་ལས་ངན་ཌྷབསྒྱུར་ཡོད་པའི་སྐོར་ལ་དངོས་ཌྷའབྱུང་རྩོམ་ཐུང་ཞིག་ཁ་བརྡ་དྲ་ཐོག་སྦྱར་རྗེས། ཚེ་རིང་སྐྱིད་མཛེས་པས་ཡིན་ཡང་། ཨ་མ་འགྱུར་པའི་བུད་མོ་ཆུང་ཆུང་དེར་སྙི་ང་རྗེ་སྐྱེས་པ་ཡིན། ཡང་གཅིག་ཟེར་ན་ཚེ་རིང་སྐྱིད་ལ་མ་དགའ་བའང་གླེང་གཞི་ལ་བསུན་ནས་སྐྱོན་བརྗོད་བྱ་འདོད་གྱི་འདུན་པ་ཡོད་པ་ཅི་ཡང་། མཆན་མང་ཤོག་ལ་གཟེངས་རྟགས་གནང་སྲོལ་ཡོད་ན་ཁོང་མོས་ཐོབ་པ་ཀུན་གྱིས་ཤེས། ལ་ལས་ཚེ་རིང་སྐྱིད་ཀྱིས་མགོ་ལ་བཞག་པའི་བརྗོད་གཞི་དེས་ཕོ་གསར་གྱི་རིགས་ལ་ཟུར་ཟའི་དུག་མདའ་གཅིག་ཕེགས་ཡོད་པ་བཤད། དེ་ལ་ཡང་རྒྱུ་མཚན་ཡོད།
ཚེ་སྐྱིད་ནས་སྤྱིར་ཚོགས་ཀྱི་གནས་སྟངས་འདི་འདྲ་ཞིག་ཐོག་སྐྱོ་ངལ་དང་སེམས་ཀྱི་འཚོ་བའི་སྡུག་བསྔལ་དེ་བུད་མོ་ག་གེ་མོ་དེ་རང་ལ་སྦྱིན་ཤེད་དྲག་པས་སྐྱེས་ཕོའི་རིགས་ཀྱི་་འཇིག་རྟན་དེ་ནག་པོ་སྣང་བ་དེས་ཡིན་སྙམ། གསར་འགོད་པའི་ལྟ་གྲུབ་ལ་གཞི་ན་དོན་དངོས་ཀྱི་རྩོམ་འདིའི་རིགས་ལ་ཆ་འཇོག་དེ་ཙམ་མི་སྤྲོད།
གོང་དུ་གླེང་པའི་སྐོར་ལ་འབྲི་སྐབས་གྱེད་གཞི་ནང་ཡོད་པའི་བུ་ག་གེ་དབང་དེའི་ལོ་རྒྱུས་ལ་ཡང་ཞིབ་ལྟ་གནང་སྟེ་ཁོང་གི་བཤད་སྟངས་དེ་ཡང་འགོད་ཐུབ་ཡོད་ཚད་དྲ་གྲོགས་མང་དག་ཅིག་གི་མཆན་གྱི་ཁ་ཕྱོགས་མ་འདྲའི་སྣང་ཚུལ་ཡོད་པ་ཚིག་ཐག་བཅད་ཆོག།
ཚེ་རིང་སྐྱིད་གཟུགས་རེང་ཞིངཕྲ་བ་དང་ངོ་སྣང་སྣང་མཆིས་པ་མ་ཟད་བོད་ཀྱི་མཛངས་མཌྷའི་སྨྱིང་ཡང་རག་ཡོད་ཙམ། ཡང་རེ་ཌྷའགས་མཛེས་མའང་མཛངས་མ་ལ་གཞི་བཞག་ཏེ་མཆན་གྱི་སྣ་འགོ་རིང་དུ་སོང་ནས་གླེང་གཞི་དང་ཡོངས་སུ་འབྲེལ་མེད་འགྱུར་ཡོད་ཙམ་ཀླུ་སྨྱོན་ལགས་ཀྱིས་གཟུག་སྐད་ཆེ་པོ་ཤོར་ཡོད། གླེང་གཞི་དང་འབྲིལ་མེད་ཐོག་བསམ་ཚུལ་བཤད་རིང་དེས་སྐབས་ཀྱི་གནས་ལུགས་ལ་ཕན་མེད་ཐོག་རིམ་ཞིང་ཁྱེད་ཀྱི་ཁ་དང་ངའི་སྣ་ཞེས་ས༊ྒེར་ལ་གནད་པའི་ཚིག་མཚོན་འཕང་བ་ལས་ལཛྷྷག་མེད།
ཡང་ལ་རིས་སྒེར་གྱི་སྙིང་ནད་ཤིས་ཡོན་གྱི་སྡིངས་ཆའི་ཐོག་འཁུར་སྟེ་རྩོམ་པ་པོར་སྦད་དུ་དམའ་འབེབ་དང་ཉེན་མེད་སྐྱོན་བཙུགས་བྱེད་པ་དེ་ཐལ་དྲགས་པ་རེད་བསམ། ཡང་ན་ཁྱེད་རྨངས་འཆར་ཡལ་བའི་གང་ཟག་གཅིག་ཡིན་ནམ། སྐབས་འདིར་ཁྱེད་སངས་རྒྱས་ཡིན་ནམ། མིན་ཐག་ཆད། གླེང་གཞི་དང་འ༜༜བྲེལ་བའི་ཐོག་རྣ་བ་བརྐྱོངས་འདོད་ལ་བསམ་ཚུལ་ཡང་འབྲི་འདོད་ཡོད། དེ་མེད་སྒེར་གྱི་སྙིང་ནད་སྟོན་རིམ་དགོས་
ན་བོད་གཞུང་ཁྲིམས་ཁང་སྟོང་པ་རེད་འདུག་ག།
ཚིག་ངན་ཤོར་ཡོད་ན་ཁ་བྲོ་བཟོད་སྲན་ཞུ། ད་ལས་ཀ་འགྲོ་རྒྱུ་ཡིན་རྗེས་སུ་མཇལ་ཡོང་།
ད་ཆོག་གི
ཚི་རིང་ས྄ྐ྄ྱིད་ཨ་རི་ནས་མཇལ་ཡོང༌།
གཞོན་ནུ་བརྡ་མེད་་་་་་་་་་་་་་ གྲོག་མ་ལ་གལ་ཏེ་གསེར་ཁང་ཡོད་ནའང་དེ་ཧ་ལས་དགོས་པ་ཞིག་མ་རེད་འོན་ཀྱང་ཁྱོད་ཁ་བརྡའི་ནང་ལ་ཁ་བརྡ་བྱེད་ཐུབ་པ་དེ་ག་ཧ་ལས་དགོས་པ་ཞིག་རེད་་་་་་་་་་་་་་་་་་་་་་
ད་དུང་བརྡ་མེད་ཡིན་ན་གཅིག་་་་་་་་་་་་་་་་་་
གཞོན་ནུ་དང་དང་རིན་ཆེན་བཟང་པོ་འདི་གཉིས་ལ་དམིགས་གསལ་ཞིག་མཐོང་གི
ཕལ་ཆེར་ཁོ་གཉིས་དགའ་རོག་ཡིན་པ་འདྲ། དེ་མིན་ན་གདན་ས་ཁག་གི་དགེ་འདུན་མཁས་པ་གཉིས་རེད་འདུག
མགོན་པོས་་་་་་་་་་་་་་ གཞོན་ནུ་ང་ཚོ་གཉིས་དགའ་གྲོགས་མིན་ན་གདན་སའི་དགེ་འདུན་མཁས་པ་གཉིས་རེད་འདུག་ཟེར་བ་འདི་་་་་་་་་་་་་་་་་་་་་་་་་་ ངའི་མཁལ་རིལ་་གཉིས་པོ་དེ་སྒོང་རྡོག་ཆ་གཅིག་པོ་དེ་མིན་ན་གདོང་གི་སྟེང་དུ་ཡོད་པའི་མིག་རིལ་གཉིས་པོ་དེ་ད་ཡིན་ཤག་རེད་ཟེར་བ་དང་གཅིག་མཚུངས་སུ་མཐོང་སྟེ་བགད་མོ་དགོད་དགོད་ནས་གྲོད་ཁོག་ཀྱང་ན་ཐིང་ངེར་བཏང་་་་་་་་་་་་་་་་་་་
བཤད་ཀྱིན་བཤད་ཀྱིན་བརྗོད་གཞི་བརླགས་འགྲོ་བའི་གོམས་གཤིས་འདིའི་རིགས་ཕལ་ཆེར་གྲྭ་ས་ནས་དགོངས་པ་ཞུས་པའི་མི་བུ་དག་གི་རང་གཤིས་ཡིན་ཤས་ཆེ། འདི་ཚོ་ཕལ་ཆེ་བ་ཞིག་ཚེ་རིང་སྐྱིད་ལ་སྨྱོ་འགྲོ་གི་འདུག ད་ཡིན་ན་ཞབས་འདྲེན་རེད། སྟུ་དཀོན་མདོག་འདྲ་ཞིག་འདུག
སུར་མཁར་བརྗོད་གཞི་ཐོར་འགྲོ་བའི་སེམས་ཁྲལ་དེ་མི་བློ་ཆུང་མང་པོ་ལ་གཅིག་མཚུངས་སུ་ཡོད་་་་་་་་་་་ མ་གཞི་གྲྭ་ས་ནས་དགོངས་པ་ཞུས་དུས་ངོ་མི་ཚ་བར་ཚེ་རིང་སྐྱིད་ལ་དགའ་བ་དེས་ཞབས་འདྲེན་ལུགས་ཤིག་ཤོད་དང་་་་་་་་
ཁྱོད་རང་ལྟར་ན་ཚེ་རིང་སྐྱིད་ཀྱི་བརྗོད་གཞི་ག་རེ་གདམ་ནའང་དེའི་སྐོར་མ་གཏོགས་བཤད་མི་ཆོག་བྱ་བ་དེ་ཚེ་རིང་སྐྱིད་སྤྲད་ལེད་མ་ཡིན་ན་ག་རེ་རེད་་་་་་་་ དྲང་པོ་བཤད་ན་ཚེ་རིང་སྐྱིད་ལ་དགའ་བ་དེ་ཞབས་འདྲེན་ཡིན་ན་ཞབས་འདྲེན་པ་དེ་ཁྱོད་རང་ཡིན་སྲིད་་་་་་་་་་་་
སུར་མཁར་བརྗོད་གཞི་ཐོར་འགྲོ་བའི་སེམས་ཁྲལ་དེ་མི་བློ་ཆུང་མང་པོ་ལ་གཅིག་མཚུངས་སུ་ཡོད་་་་་་་་་་་ མ་གཞི་གྲྭ་ས་ནས་དགོངས་པ་ཞུས་དུས་ངོ་མི་ཚ་བར་ཚེ་རིང་སྐྱིད་ལ་དགའ་བ་དེས་ཞབས་འདྲེན་ལུགས་ཤིག་ཤོད་དང་་་་་་་་
ཁྱོད་རང་ལྟར་ན་ཚེ་རིང་སྐྱིད་ཀྱི་བརྗོད་གཞི་ག་རེ་གདམ་ནའང་དེའི་སྐོར་མ་གཏོགས་བཤད་མི་ཆོག་བྱ་བ་དེ་ཚེ་རིང་སྐྱིད་སྤྲེལ་ལད་མ་ཡིན་ན་ག་རེ་རེད་་་་་་་་ དྲང་པོ་བཤད་ན་ཚེ་རིང་སྐྱིད་ལ་དགའ་བ་དེ་ཞབས་འདྲེན་ཡིན་ན་ཞབས་འདྲེན་པ་དེ་ཁྱོད་རང་ཡིན་སྲིད་་་་་་་་་་་་
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
འོ་ད་ངོ་ནས་དྲང་ནས་ཚེ་རིང་སྐྱིད་བརླགས་ཚར་འདུག རིན་ཆེན་ཡང་དགོངས་པ་ཚོམས་འདུག ད་རིན་ཆེན་ཏོག་ཙམ་སྒུག་དང་མོ་ཡོང་གི་ཡོད་ཀྱི་རེད། རླུང་མ་བྱས་ལོ།
ང་རླུང་ལང་མེད་ད་གཞོན་ནུ་་་་་་་་་་་་་་་་་་
ཀུན་དགའ་ཟེར་བ་ལགས་་དེ་འདྲ་མ་གསུངས་་བུ་མོ་ཚེ་རིང་སྐྱེད་ནི་དིང་རབས་བོད་ཀྱི་བུ་མེད་སྙན་ངག་པ་ཞིག་རེད་ལ་བོད་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཀྱང་རེད་་གནས་ཚུལ་གཞན་པ་གང་ཞིག་ཡིན་མིན་གཙང་མ་བྱེད་དགོས་དོན་མི་འདུག་་ཁྱེད་རང་གི་གསུང་ལྟར་ཡིན་ནའང་དེར་འདྲ་མི་འོས་པ་དང་མ་ཚོམས་པ་ཞིག་མཐོང་གི་མི་འདུག་་གང་ལྟར་སྐད་ཆ་བཤད་དུས་སྐྱོན་ཁོ་ན་བཤད་ན་དྲ་མོ་མ་རེད་བསམ་གི་འདུག་
ད་ཚང་མས་ཚེ་རིང་སྐྱེད་ཟེར་གི་མ་འདུག་་་་གནས་ཚུལ་གང་ཞིག་གི་ཡིན་མིན་མི་ཤེས་་་་་ཡོངས་ནི་མེད་འདུག་་རིན་ཆེན་ལགས་ཀྱི་གནས་ཚུལ་འདྲ་གསུང་རྒྱུ་ཨ་ཡོད་
འཇིག་ཐག་ཡ་་་་་་་་་་ཀུན་དགའ་ཟེར་བ་དེའི་ཚེ་རིང་སྐྱེད་ལ་སྐྱོན་བརྗོད་བྱེད་པ་དེར་དཀོན་མཆོག་གི་སེམས་ཁུལ་བྱེད་ཏེ་བསུབ་ཚར་འདུག་་་་ངས་ཀྱང་གོང་ཏུ་དེ་འདྲ་མ་གསུངས་ཅེས་རེ་བསྐུལ་བྱེད་ཡོད་་་་་་ཕྱོགས་གཞན་ཞིག་ནས་ལྟས་ན་འོས་ཤིང་མི་ཚོམ་པ་ཞིག་རེད་ལ་རྗེས་ལུས་གི་རྣམ་པ་ཞིག་ཀྱང་མཐོང་་་་་་ད་དུང་་བོད་པ་ཚང་ལ་ངོ་སྟོད་བྱེད་རྒྱ་ལས་ཚད་ལྡན་གྱི་རང་དབང་གི་འདུན་ལམ་ཡོངས་ས་མི་འདུག་ཨ་་་་་་་་དྲང་མོ་བཤད་ན་ཡོད་ཏན་ལྡན་པའི་མི་དང་གོ་གནས་ཡོད་པའི་མི་ལ་སྐྱོན་བརྗོད་བྱེད་པ་འགྲོ་ལུགས་ཞིག་མ་རེད་པས་་མ་ཚད་་དེར་ཁོ་རང་གི་མཛེས་ཉམས་ཞིག་རེད་སྙམ་
དྲ་གྲོགས་རིན་ཆེན་ལགས་་་་་་་་་་་ཁྱོདཀྱི་་གསུང་ན་འདྲིག་མིན་མི་ཤེས་་་་་་་་་་་་སྐྱེས་པ་འཚོའི་སྙིང་རྗེཡོད་པ་བྱེད་རོགས་ཅེས་པའི་ཚེ་རིང་སྐྱེད་གྱི་རྩམ་དེའི་ནང་དོན་གང་ཞིག་རེད་་་་་་ཨ་མ་ཆུང་ཆུང་ཞིག་ཡོད་པ་དེར་ལ་རོགས་དངུལ་ཞུ་རྒྱུའི་ཆད་དུ་ཡིན་རྒྱུ་མ་རེད་་་གལ་ཏེ་དེ་འདྲ་ཡིན་ན་་དངོས་གནས་ཡག་པོ་རེད་་་་་འབྲེལ་བ་གནང་ཡུལ་བོད་ཀྱི་མཛེས་་མ་ཚེ་རིང་སྐྱེད་ཡིན་ནམ་་ཨ་མ་ཆུང་ཆུང་དེར་རེད་་་་་་གང་ལྟར་ཁོང་གཉིས་ཀྱི་ཞལ་སྦྱང་སོགས་གང་ན་རག་གི་རེད་
བུ་མོ་ལས་ངན་མ།་་སྙིང་རྗེ།་་འགྲོ་སྟངས་བསྡོད་སྟངས་གཟབ་གཟབ་མ་བྱས་པའི་རྐྱེན་རེད།་་་རང་དབང་ལུང་པའི་ནང་བོད་རིགས་ལས་མེད་དང་འགན་མེད་ཀྱི་ཕོ་གསར་དེ་ཚོས་རང་གཞན་གཉིས་གནོད་ཀྱི་བྱ་བ་འདི་ལྟ་བུ་གང་མང་བྱེད་ཀྱི་འདུག་ལ།་་་ད་དུང་མུ་མཐུད་བྱེད་ཀྱི་རེད།་་་བོད་རིགས་བུ་མེད་ཚོས་རང་ལུས་རང་སྲུང་གིས་གཟབ་གཟབ་བྱེད་དགོས།་་་ཚེ་རིང་སྐྱིད་ཀྱི་རྩོམ་ཡིག་འདིར་རྒྱབ་སྐྱོར་ཡོད།་་་མུ་མཐུད་བོད་རིགས་བུ་མེད་ཚོའི་ཆེད་དྲང་གཏམ་འདི་ལྟ་བུ་གང་མང་བཤད་རོགས་གནང།་་་གོང་འཁོད་ཀྱི་དྲ་གྲོགས་འགའ་ལ་འབོད་སྐུལ་ཞུ་རྒྱུ།་དགོས་མེད་ཀྱི་མཁས་གཏམ་དང་འཁྲིག་གཏམ་ཁོ་ན་མ་བཤད་རོགས།་་་དྲ་གནས་འདི་བོད་མི་རིགས་ཀྱི་བདེ་སྡུག་གླེང་སྟེགས་ཡིན་པ་ལས་འགན་མེད་རིང་ལུགས་འགའི་ཁྲམ་གཏམ་བཤད་ས་མ་རེད་སྙམ།
ཁམས་པ་ཤི་ཐར་ནས།
མི་རྐྱང་གྲྭ་ཟུར་ཚང་མས་བཤད་ནོ་འཇིགས་གི་ཡ། དེ་ཚོ་ཚང་མ་ཚེ་རིང་སྐྱིད་ཀྱི་བཀའ་དྲིན་རེད།
འོ་ཡག་བྱུང་ཞུ་རྒྱུ་ཡིན། རྗེས་ལ་ཐུག་ཡོང་
ཙོང་ཁ་པ་ལགས་་་་་ཁྱོད་གྱི་གཏམ་བཤད་དེར་རྒྱབ་སྐྱོར་ཡོད་ལ་གནས་ཚུལ་འདི་འདྲ་ཞིག་དོགས་དྲི་བྱུང་བས་དུས་ཚུད་བྱུང་ཐེངས་གཅིག་ཀླག་རོགས་གནང་་་་མ་གཞི་སོ་སོའི་བཤད་པའི་སྐད་ཆ་ལ་བདག་པོ་རྒྱབ་དགོས་ནི་རེད་་་གོང་ཏུ་འཆན་བསྐོད་མཁན་ཚང་མ་གྲ་ཟུར་ག་ནས་ཡིན་་་་གལ་ཏེ་ཡིན་ན་དེ་ནི་ཚེ་རིང་སྐྱེད་གྱི་བཀའ་དྲིན་རེད་ཅེས་བརྗོད་དོན་ཅི་ཡིན་་་་་་་་་་་་་་དྲང་མོ་བཤད་ན་འཕེལ་ཆེར་འདི་ཡོད་དྲ་གྲོགས་མང་ཆེ་བ་གྲ་ལོག་དང་ཕ་ཡུལ་ཨ་མདོ་ནས་ཡིན་པ་འདྲ་་ངས་ཁྱེད་རྣམས་ལ་གནད་དོན་མི་འདྲ་བ་ཅང་ཞུ་རྒྱུ་མེད་་་་་མ་གཞི་ནས་གྲ་ལོག་དེ་འཚོ་དོན་ཅན་གང་ཞིག་གི་བྱེད་པ་མི་ཤེས་དགེ་འདུན་ཆོས་འཕེལ་ལ་འགྲན་ཟླ་བྱེད་གི་འདུག་་་་ཁ་བརྡ་དྲ་རྒྱ་འདིར་དངོས་གནས་དེང་རབས་གྱི་རྗེས་སྙིག་འདུག་ད་དུང་སྑབས་རེ་འཁྲིག་ཚིག་བཤད་ས་ཡག་པོ་འདུག་ལ་་ཚེ་རིང་སྐྱེད་ཟེར་བ་འདི་ཡང་དེ་འདྲའི་རིགས་ལ་དགའ་མོས་ཆེ་བ་ཞིག་ཡིན་ཐག་ཆོདརེད་་་གོ་ཚོད་ལ་མོ་འདིའི་དབྱིན་ལུགས་དང་རྒྱ་ལུགས་བོད་འབྲོག་པའི་ལུགས་སོགས་ཀྱི་མཁྲིག་སྤྱོད་མི་འདྲ་བ་སྣ་ཚོགས་ཞིག་ལ་མཁས་པ་ཡིན་ཚོད་འདུག་པར་མོར་དེ་སྔོན་ཤེས་རབ་དགའ་ཚལ་གླིང་སློབ་གྲར་སྡོད་དུས་ཐེངས་གཉིས་མཁྲིག་སྤྱོད་གྱིས་གོ་སྐབས་རག་མྱོང་ཕོ་གསར་གི་བཤད་པ་ཐོས་་་་་དངོས་གནས་མཛངས་མ་ཡིན་པ་འདྲ་་
ཡ་ད་ཚེ་རིང་སྐྱིད་མཛེས་མ་ཡིན་ནི་རེད། དེའི་སྟེང་ལ་མཛངས་མ་ཡིན་ནི་རེད། དེའི་སྟེང་ལ་མཁས་པ་ཡིན་ནི་རེད། དེའི་སྟེང་ལ་འཇོན་པོ་ཡིན་ནི་རེད། ད་ཁ་ཤས་ཀྱི་ལག་ལ་མ་རེག་ནི་རེད། དེ་ནས་ཁ་ཤས་ཀྱིས་ཅི་བཤད་འདི་བཤད་མེད་པར་མོ་རང་མཉམ་དུ་ཉལ་བ་ཡིན་ཟེར་ན་འེ་དྲག ཡང་མོ་རང་མི་གཞན་དང་མཉམ་པོ་ཉལ་བ་རེད་ཟེར་ན་འེ་དྲག་སོགས་འདྲ་མི་འདྲ་ལབ་ཀྱི་འདུག ཡིན་ན་ཡང་སེམས་ཅན་མོས་བ་སྣ་ཚོགས་པ་ཡིན་པ་ལོས་བདེན། ད་འདི་ནང་གི་སུ་ལ་ཡང་རེག་ནི་མ་རེད། གསར་འགྱུར་ལྟར་ན་འཆང་ས་བརྒྱབ་ཚར་འདུག་ཟེར་གི དེས་མ་ཚད་ཁྱོ་ཀ་མཉམ་པོ་ཨ་རི་ལ་འགྲོ་སོང་ཟེར་གི ཁ་སང་ནེའུ་ཡོག་གནམ་ཐང་ནས་སྒུག་སྒུག་པ་ཡིན་ད་སླེབས་མ་སོང་།།
འོ་ད་ངའི་གྲོགས་པོ་ཚོའི་གསར་འགྱུར་དེ་ཚོ་ཡང་རྫུན་མ་རྫུན་མ་རེད་འདུག དེ་ལས་གློག་བརྙན་ལ་ལྟོས་བསྡད་ན་དེ་ཡག་ས་རེད་འདུག
ཨེ། མོ་རེ་ཀུན་དགའ་ལགས། བུ་མོ་ཉམ་ཆུང་ཞིག་ལ་ཁུངས་ལུང་མེད་པའི་མིང་ཆད་རྫུན་མ་དེ་འདྲ་བཟོ་རྩིས་མ་བྱེད་ཅིག ཁྱེད་རང་ཡང་གྲ་ཟུར་ཞིག་ཡིན་པ་ཐག་ཆོད། ད་གང་ཟག་སྒེར་དང་། སྤྱི་ཚོགས ཆོལ་ཁ ཆོས་ལུགས་ལ་གནོད་པའི་སྐད་ཆ་དེ་འདྲ་རྐྱང་རྐྱང་མ་གཏོགས་བཤད་མ་ཤེས་ནི་ཨེ་རེད། ཁྱེད་ཀྱི་སྲིང་མོ་ལ་མིས་ཁུངས་ལུང་མེད་པའི་མིང་ཆད་དེ་འདྲ་བཟོས་ན་ཁྱེད་ཀྱི་ག་རེ་བསམ་ས་རེད། འདི་ཀུན་དགའ་གཅིག་པུར་ཞུས་པ་མིན། ཁ་ལ་བདག་པོ་མེད་པའི་དྲ་གྲོགས་ཚང་མ་ལ་ཞུས་པ་ཡིན།
ཙོང་ཁ་པ་ལགས་ངས་དངོས་ཡོད་མཐོང་སྣང་ཙམ་ལསབཤད་དོན་གཞན་ཞིག་མེད་པ་གོང་གི་གཏམ་བཤད་ལ་ཡག་པོ་གཟིགས་ན་ཤེས་ཐུབ་་་་་་་་ཁྱོད་ལ་བཤད་དོན་ནི་ང་རང་གྲ་པ་བཟོ་མ་མྱོང་བས་གྲ་ཟུང་ཞིག་མིན་དེ་བཞིན་བུ་མོ་ཚེ་རིང་སྐྱེད་ཟེར་བའི་བུ་མོ་དེ་མཐོང་ཐོས་དང་པོ་ནི་བློ་བཟང་དབང་རྒྱལ་ཟེར་བའི་ཕོ་གསར་སྐྲ་རིང་ཞིག་ཡོད་པ་ཁོང་གི་གཙུག་གནང་བའི་བོད་ཀྱི་མཛེས་མ་འགྲན་བསྡུར་ཟེར་བའི་མཚན་ཚོགས་དེར་འགྲོ་སྐབས་བོད་མཛེས་མ་འགྲན་བསྡུར་ཟེར་ཡང་་བོུ་ཚེ་རིང་སྐྱེད་དང་བློ་བཟང་དབང་རྒྱལ་གཉིས་འགྲན་བསྡུར་ཡིན་པ་འདྲ་ཅེས་མི་མང་གི་སྐད་རྒྱབ་པའི་ཁྲོད་དུ་ཁོང་ཁོང་གི་ལོ་རྒྱུས་གསལ་པོ་མཐོང་ཐོས་བྱུང་བ་དང་པོ་ཡིན་པས་སྒེར་གྱི་ན་ཟུག་མེད་དང་ཕྱོགས་ཞིན་གང་ཡང་བྱེད་དོན་མེདཔ་གསལ་པོ་རེད་་་་འོན་ཀྱང་གོང་གི་གཏམ་བཤད་དེའི་ཁྱོད་རང་ཕ་ཡུལ་ཨ་མདོ་ཡིན་པ་དང་ཚེ་རིང་སྐྱེད་ལ་དགའ་མོས་ཡོད་པས་ཕྱོགས་ཞེན་གྱི་ཐུགས་ལ་མ་འགྲོ་བ་འདྲ་ཡོད་ན་དགོང་འགལ་མེད་པ་ཞུ་་་་་་་་་་ཁྱོད་ཀྱི་གསུང་པར་ལྟས་ན་་བུ་མོ་ཚེ་རིང་སྐྱེད་ཟེར་བ་དེར་ཉམ་ཆུང་ཞིག་ཡིན་ན་གཏམ་བཟང་རེད་ངའི་རེ་བར་གསང་འགྱུར་གསར་པ་འདི་གང་གསལ་ཞིག་འགོད་རྒྱུའི་རེ་བ་ཡིན་
ནོར་བཅོས་ལ་་་་་་་་་་་་་་་་ཁོང་ཁོང་ཅེས་པ་་་་་་་་་་་་་་་་་་་ཁོངདངཁོང་གི་ལོ་རྒྱུས་
བུད་མེད་ཕུལ་བྱུང་མཛངས་མ་ཚེ་རིང་སྐྱིད།།
རྩོམ་རིག་ཕུལ་བྱུང་བུད་མེད་ལས་དབང་གླེང་།།
མཆན་འགྲེལ་ཕུལ་བྱུང་བརྒྱ་དང་གོ་དགུ་བཞུགས།།
ཚིག་བཅད་ཕུལ་བྱུང་འདི་ཡིས་ཉིས་བརྒྱ་ལོངས།།
བསམ་བློ་ཕུལ་བྱུང་གཙང་ཆུའི་བཞུར་རྒྱུན་ལ།།
འགལ་རྐྱེན་བར་ཆར་མེད་པའི་ཡིད་སྨོན་ཡོད།།
མུ་མཐུད་བརྩོན་སེམས་བསྐྱེད་དང་མཛེས་མའི་ཕུད།།
བོད་ཀྱི་རིག་གཞུང་གསོས་སུ་དགེ་མཚན་ཆེ།།
རྒྱ་གར་ཡུལ་ལམ་ཨ་རི་གང་ཡོད་རུང་།།
བོད་སེམས་མི་འདོར་བོད་དོན་ལས་ལ་བརྩོན།།
བོད་དུ་སྐྱེས་པའི་དོན་གོ་དེ་ནས་བྱུང་།།
མདུན་ལམ་འོད་སྟོང་འབར་བའི་སྨོན་འདུན་ཞུ།།
གཞོན་ནུ་ཟླ་མེད་ཟེར་བ་ལགས་་་་ཁྱེད་ཀྱི་ཚེ་རེང་སྐྱེད་ཟེར་བའི་བུ་མོ་དངུལ་ལ་དགའ་དྲགས་པ་དེར་བསྟོད་སྔགས་བྱེད་དགོས་དོན་ཅི་ཡིན་་་་་་་་་འོ་ན་ངོ་མ་འཇིག་རྟེན་ཐོག་བཟང་སྤྱོད་ཟེར་བ་དེ་མེད་པ་ཡིན་ནམ་ ་་་་་ཁྱོད་རང་བློ་བཟང་དབང་རྒྱལ་བཞིན་མོར་དགའ་དྲགས་པའི་ཆགས་སྨྱོན་ཞིག་མིན་ན་་་་་་་་གཞི་བྱེས་བོད་མི་ཀུན་གྱི་མཐོང་བ་དེར་་མོ་དང་མའི་རྩམ་རིགས་མ་རེད་་་་་་་་་་་་དེ་ནི་མོའི་བློ་བཟང་དབང་རྒྱལ་དང་ཁོང་གི་ལས་རོགས་དག་གི་འདོད་པ་བསྐང་ཏེ་སྡ་སའི་མཚན་ཚོགས་ཞིག་ལ་sxeyལྟོན་བཞིན་ཁོང་རང་གཅིག་པུ་འགྲོ་བ་དེ་རེད་་་་་་་་་་་་དངོས་གནས་བྱེད་ན་མོའི་སྟུ་ལྟོན་ནའང་ལོ་དེར་མཛེས་མ་ཁོང་ལ་གཏེར་་ས་མ་རེད་་་བུ་མོ་གཅིག་ལས་མེད་པ་དེར་བོད་ཀྱི་མཛེས་མ་འགྲན་བསྡུར་ཟེར་ན་དོན་དངོས་དང་མི་འཚམ་པ་ཁྱོད་ཀྱི་ཤེས་དགོས་་་་་་་དེང་སྐབས་མི་འཚོའི་སྐྱབས་བཅོལ་ནང་བོད་རྒྱལ་ཚོང་བ་ཚོགས་པ་གཉིས་ཡོད་ཟེར་བ་དེ་བོད་ཀྱི་མཛེས་མ་་ཟེར་བ་དང་བོད་ཀྱི་རྩམ་པ་པོའི་མཐུན་ཚོགས་ཟེར་བ་འདི་གཉིས་རེད་་་་་དེ་སྔོན་རྩམ་པ་པོའི་མཐུན་ཚོགས་ཟེར་བ་དེའི་ལས་བྱེད་ཨ་མདོ་བ་འགའ་ཞིག་་་་ཆབ་དྲག་ལྷ་མོ་སྐྱབས་དང་ཁ་མཐུན་ཡིན་མིན་གང་ལྟར་གནས་ཚུལ་ག་འདྲས་བྱུང་སོང་་་་་་་་དེ་ལ་བོད་རྒྱལ་ཚོང་བ་ཟེར་དགོས་པ་ལས་གཞན་ཞིག་འཇིག་རྟེན་ཐོག་རྒྱལ་ཚོང་བ་མི་སྲིད་པ་ཡིན་
མཛེས་མ་ཚེ་རང་སྐྱིད་ལགས་ནས། རང་གི་བཟློས་གར་འཁྲབ་བསྟོན་གནང་བ་མ་ཡིན་ན། ངོ་མ་བུ་མོ་དེ་ཤ་ཚ་སྙིང་རྗེ། བུ་མོ་ཆུང་ཆུང་དེ་སེམས་མེད་པའི་གསོན་འདྲེ་རོ་ལོང་ཞིག་ལ་ཐུག་འདུག་པ་ཡིན་ངེས་་་་ཨ་ཕ་ཕོ། ཡིན་ན་ཡང་དྲྭ་གནས་གྲོགས་པོ་རྣམས་ཀྱི་འདི་བདེན་པ་ཡིན་པའི་དཔང་རྟགས་འདྲ་བརྙེད་ཡོད་དམ།??????????????????????????
ཀུན་དགའ་ལགས།
གཅིག་བྱས་ན་ཁྱོད་ལ་ཡང་བདེན་པ་ཡོད་སྲིད། འོན་ཀྱང་ངས་འཇིག་རྟེན་མྱུལ་བའི་མྱོང་བ་ལྟར་ན་དངུལ་ལ་མི་དགའ་བའི་མི་རྙེད་མ་སོང་ལགས། མི་ལ་རས་པ་འདས་པ་རེད། དེ་མིན་ང་ལ་ཁྱད་ཆོས་ཅིག་ཡོད། མི་སྒེར་བ་དང་ཚོགས་པ་གང་ཡིན་ན་ཡང་། སྐྱོན་དང་དགེ་ཕན་ལྗི་ཡང་འགྱོགས་དགོས་པ་འདི་ཡིན་ལགས།
ང་ཚེ་རིང་སྐྱིད་ལ་དགའ་བ་ཆགས་པ་ཡིན་ན། ཁྱོད་མོ་ལ་མི་དགའ་བ་ཡང་ཁོང་ཁྲོ་དང་ཁྲག་དོག་ཡིན་སྲིད། དེ་འེ་རེད། རྩེ་མོ་ཡིན གཅིག་བྱས་ན་ཁྱོད་རང་མོ་ལ་ཆ་རྒྱུས་མང་པོ་ཡོད་པས་དགའ་ནི་ཤི་ཡོད་ན་ཐང་ཡ། ཧཧཧ
དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་་་་་་་དོན་དངོས་ཐོག་ངའི་བདེན་གཏང་དེ་ཁྱོད་ཀྱི་མཁས་ལེན་པ་ཡག་པོ་རེད་ལ་འཚམ་འདི་ནས་ངའི་མཐོང་སྣང་ལ་་ཁྱོད་རང་བསམ་བློ་བའི་མི་ཞིག་ཡིན་པ་དང་་་་་་་རྣམས་དཔྱད་ཀྱི་ལས་ལ་འཇུག་པའི་དྲ་གྲོགས་ཡགཔོ་ཞིག་ཡོང་བའི་རེ་བ་ཡོད་་་་་་ཚེ་རེང་སྐྱེད་ཟེར་བའི་བོུ་དེའི་སྐོར་་སོགས་་་་དོན་མེན་ཀྱི་གཏམ་བཤད་འདི་འཚོ་མ་བཤད་ན་དགའ་བ་མཐོང་ཁྱོད་ལ་དུས་ཚུད་ཡོད་ན་་ང་གཉིས་ས་ཕྱོགས་གཞན་ཞིག་ཏུ་མཇལ་ཡོངས་
བུད་མེད་རྩོམ་པ་པོ་ཚེ་རིང་སྐྱིད་ལགས་ལ་བཀའ་དྲིན་ཆེ་ཞུ
རྩོམ་ཡིག་འདི་བཀླག་རྗེས་བདག་གི་སེམས་པ་སྐྱིད་པོ་མ་བྱུང་།རྒྱུ་མཚན་ཅི་རེད་ཟེར་ན་གཅིག་ནི་ཨ་མ་ཆུང་ཆུང་དེའི་ད་ལྟའི་གནས་བབས་རེད།གཉིས་ནི་མཁྱེན་དཔྱོད་ཡངས་པ་ཁྱེད་ཀྱི་བརྩམས་ཆོས་ཚང་མ་བུད་མེད་ཀྱི་ཐོབ་ཐངས་སྐོར་ཏག་ཏག་ཡིན་པའི་རྒྱུ་མཚན་གྱིས་ཡིན།རབ་ཡིན་ན་རྗེས་ཕྱོགས་གླེང་གཞི་གང་ཞིག་ཐག་གཅོད་བྱེད་རྒྱུའི་སྐོར་ལས་བོད་ཀྱི་སྐྱེས་པ་ཚོའི་སྙིང་ལ་ཚིག་མཚོན་མ་གཏོང་། དོན་དག་འདིའི་ཐད་སྐྱེས་པ་དང་བུད་མེད་གཉིས་ཀྱི་སྐྱོན་ཆ་ལ་འདྲ་འདྲ་རེད་བསམ།དེ་ནི་ཁོ་མོ་ལ་ཨ་མ་བྱེད་རྒྱུའི་སྟ་གོན་བཟང་པོ་ཞིག་མེད་པས་ལན་པ་རེད། གལ་ཏེ་ཡོད་ན་དེ་འདྲ་བྱེད་ཀི་མ་རེད། སྐྱེས་པ་དེ་ལ་ལུས་འབྲེལ་བྱུང་ཡང་དེ་འབྲེལ་གྱི་ཐབས་ཤེས་སྤྱོད་རྒྱུ་ཡོད་པ་ངེས་པར་ཏུ་ཤེས་ཡོད་ཀྱི་རེད། དེ་བས་འདི་བརྗོད་གཞི་བྱས་ནས་ལུས་འབྲེལ་དང་སྦྲུམ་འགོག་གི་རྩ་བའི་ཤེས་བྱ་འགའ་སྤེལ་ན་རང་གཞན་གཉིས་ལ་སྨན་རྒྱུ་རེད་སྙམ།།
ཁྱོ་ཀ་ལྟས་ངན་དེའི་འོག་གི་བོང་མཇེ་དེ་བྲེགས་རྗེས་དམར་ཧྲེང་མར་ཁྲོམ་སྐོར་དུ་འཁྲིད་དགོས་པ་རེད། ཟེར་བ་སྙིང་སྦད་རླགས་ཟིན་པའི་འཆལ་གཏམ་ལས་མི་འདུག སྒོམ་སྡེ་ལྷ་རིམས་ནང་བཞིན་ཤཻས་ཡོན་ལྡན་པའི་སྐད་ཆ་བཤད་ན་བཟང་ས་རེད། གནས་ཚུལ་མང་པོ་ཞིག་རྒྱུ་མཚན་ལ་སྒྲང་ནས་གནས་ལུགས་བཙན་ན་དགེ་བ་མི་འདུག་གམ།
གཞན་སྡུག་ར་བསྐུལ་བ་དང་དམད་ར་རེ་བཏངས་ནས་སེམས་ན་སྙིང་རྗེ་ཡོད་ཡོད་བསྒྲགས་ཀྱང་དོན་དུ་སྐད་ཆ་བཤད་སྟངས་ནི་ཤཻས་ཡོན་སྤྱོད་ཚུལ་སྤུ་ཙམ་མི་ཡང་མི་སྣང་བར་གྱུར་ཤག
བདུད་འདུལ་རོལ་བའི་རྩལ་ཡང་སེམས་པ་ཆུང་ཆུང་ཞིག་རེད་འདུག དེ་འདྲའི་གནས་སྟངས་འདི་གཅིག་པོའི་གལ་ཚད། སྤྱི་ཚོགས་ནང་གོམ་པ་རྒྱོབ་དང་མང་པོ་མཐོང་ཡོང་ལ་དུས་སྐབས་མིག་ཆུ་བདྷཞུར་རྒྱུན་རིང་ཤོས་ཆགས་ངས།
གཙོ་བོ་གནས་ཚུལ་འདི་ལ་རྟེན་ནས་སྤྱི་ཚོགས་མ་འོང་བར་འདིས་རིགས་མི་འབྱུང་བར་ཐབས་ལམ་འཚོལ་དགོས་པ་ལས།་ ཚར་ཟིན་བྱ་བ་འཁང་ར་དངད་ཁྱད་གསོད་བྱས་ན་ཕན་ཐོག་ཡོད་རེ་ཀན།
ར་ལོ་ལགས
ངོ་མ་བདེན་པ་རེད སྤྱི་ཚོགས་ཁྲོད་དེ་འདྲའི་གནས་ཚུལ་མང་པོ་ཞིག་ཡོད་པ་ཀུན་གྱིས་མཁྱེན་སྲིད་པ་རེད རབ་ཡིན་ན་གནས་ཚུལ་འདིའི་རྒྱུ་རྐྱེན་ཤེས་རྒྱུ་གལ་ཆེན་རེད་མོད་དེ་མི་གླེང་བར་ཡོད་ཚད་ཕོ་གསར་དེའི་སྐྱོན་རེད་ཟེར་ན་ང་དེ་ལ་མི་འཐད་ཀི ཨ་མ་ཆུང་ཆུང་དེ་ཡིས་བཤད་པ་ཚང་མ་ཚད་མར་བཟུང་ན་འགྲིག་མིན་མི་ཤེས་ ཚེ་རིང་སྐྱིད་ཀྱི་རྩོམ་ཡིག་ལ་རྩ་བའི་ཆ་རྐྱེན་གཅིག་མཆིས་པ་ནི་བུད་མེད་ཀྱི་ཐོབ་ཐང་སྐོར་རེད་དེ་ལས་གཞན་ཅི་ཡང་ངས་མ་མཐོང་། དཔེར་ན་རྩོམ་ཡིག་འདིའི་ཁ་བྱང་ལས་གསལ་བོ་རྟོགས་ཐུབ།
རེད་རེད་བདུད་འདུལ་ཚང་། ད་དུང་ཨ་ཅག་མཛངས་མ་ཚེ་རིང་སྐྱིད་ཡང་ད་སྐབས་ཕྲུ་གུ་ཆུང་ཆུང་ཞིག་དང་ཁྱད་མི་འདུག མི་རེ་འགས་ཚིག་ངན་རེ་འཕངས་ཚེ། ཁ་བརྡ་ཚང་ལ་ཁ་ཕྱིར་འཁོར་ནས་ང་ལ་ཅིག་ཅིག་མ་མ་ཟེར་གྱིན་འདུག་དང་། ཁ་ནས་སྐྱག་གཟན་ཟེར་བའི་ཚིག་རེ་གཉིས་གང་ཟག་སྒེར་བ་ལ་་ངར་ཤུགས་ཆེན་པོ་བརྗོད་པ་ནི་ཨཨཧཧཧ།
ངོ་མ་རྐུུབ་རྟེགས་སྟེང་གི་ཁ་སང་འགྱང་ཉམས་ཅན་ཨེ་ཡིན་ན་བསམ་སོང་། བསམ་མེད་ཀྱི་ཁ་ལ་ཡིད་གཏད་མ་བྱེད་། སྤྱི་ཚོགས་ནང་སེམས་རྒྱ་་བསྐྱེད་དགོས་པའི་རྒྱུ་མཚན་ཡང་རག་མེད་པ་འདྲ་ཨང་། དེ་ཡིན་རྒྱ་མ་རེད།
གྲྭ་རྒན་ཀླུ་སྨྱོན་ནས་་ཨ་ཅག་ཚེ་རིང་སྐྱིད་ལ་ཁ་རྡུང་སྤྲོད་པ་འདྲ་་ཡིན་ན་ཡང་ ཚེ་རིང་སྐྱིད་ནི་ནམ་ཡང་འཛངས་མའི་གར་སྟེགས་ནས་འཆོང་མི་སྲིད་ ཧཧཧཧཧཧཧཧཧ
ད་ཚང་མས་སྐད་བརྒྱབ་མ་བརྒྱབ་ཡོད་ནི་མ་རེད། ཚེ་རིང་སྐྱིད་ཀྱིས་ཁ་སྔོན་ནས་བཤད་ཚར་སོང་། བརྒྱད་པའི་བཅུ་དྲུག་ནས་གནས་ལ་འགྲོ་རྒྱུ་ཟེར་སོང་། ད་ཁྱོ་ཀ་དང་ཁོ་གཉིས་ཝ་ཤིང་ཀྲོན་ཡིན་ན་ཝ་ཁུང་ནང་ཡིན་ན་ཅིག་ན་སྐྱིད་རྒྱགས་པའི་སྒང་རེད། ཁ་བརྡ་ནང་ལ་ཡོང་ཐུབ་ནི་མ་རེད།
ཨ་རོ། ངས་ཚེ་རིང་སྐྱིད་ལ་མི་འཚམ་པ་ཅང་བཤད་མ་མྱོང་གོ མྱི་རང་ང་འདུག་གི་བཞུགས་ན་ཧྲ་པ།
དྲ་ཐོག་འདི་ན་ངའི་དངོས་མིང་ཡེ་ཤེས་དང་པུར་མིང་ཀླུ་སྨྱོན་གཉིས་མ་གཏོགས་མིང་གཞན་ཡོད་ན་ང་མིན།
དེ་བདེན་པ་རེད། ཀླུ་སྨྱོན་འདིས་བླ་རྒན་དེ་ཚོར་ཚོགས་གཏམ་གཏོང་བ་ལས། བུད་མེད་ཅིག་མཐོང་སོང་ན་ད། ཚོགས་གཏམ་མ་དགོས་གདོང་པ་ལ་ཡང་ཡག་པོ་ཅིག་བལྟ་ཐུབ་ཀྱི་མ་རེད། དེ་ནས་ནང་ལ་ཡོང་ནས་ཁོའི་ཅིག་ནས་མཛེས་མ་ཅིག་ཅིག་ལ་ཁ་བརྡ་བྱས་པ་ཡིན་སོགས་བཤད་ན་ཐང་། དོན་དངོས་གང་ཡང་བཤད་ཐུབ་ནི་མ་རེད། དེ་སྡོམ་པ་སྲུང་རྒྱུར་སྐྲག་པ་མ་རེད། མཇེ་རྒོད་དེ་གཅིག་བུར་གནས་ཚེ་གནམ་ལ་ཀེར་ནས་ལངས།། བུད་མེད་མཐོང་ཚེ་ཤི་བའི་རོ་བཞིན་ཉལ་ནི་རེད་ཡ ཧཧཧཧཧཧཧཧཧཧཧཧཧཧཧཧ
ད་སྔགས་རྒན་ང་འདུག་གི་ཆུགས། དགེ་སློང་གི་སྡོམ་པ་བསྲུང་དགོས་ནི་ཚོར། ཕོ་མོ་གཉིས་སྨྱན་བྱེད་པ་དང་། །ཞེས་པའི་བསྲུང་བྱ་ཞིག་ཡོད་བསམས།