ང་དང་ཁྱེད་ཀྱི་རྐང་འོག་ནས་ཕྱིན་སོང་བ་དེ་ལོ་ཟླ་རེད།
ང་དང་ཁྱེད་ཀྱི་སེམས་ངོར་བབས་ཡོད་པ་ཡང་ལོ་ཟླ་དེ་རེད
ལོ་ཟླ་དེ་དག་གི་ངོས་སུ་རི་མོ་ཀྱ་ཀྱུ་གསལ་བ
ངས་སླར་ཡང་ལོ་ཟླ་དང་མཉམ་དུ་བསུབ་ན་མི་འདོད་ལ
ལོ་ཟླ་དེའི་བརྒལ་གཞུང་ནས་ང་ཁྱེད་ཀྱི་པང་དུ་འཁྱུད་མྱོང་བ་ཡང་རྒྱལ་ཕམ་ཞིག་ཏུ་གླེང་གིན་མེད
ནུབ་ཁ་དེར་ཕྱི་རོལ་དུ་ཆར་བ་ཤག་ཤག་ཏུ་འབབ་ཅིང་
རླུང་ནག་འདྲེས་མའི་འབྲུག་སྒྲས་ཀྱང་ས་གཞི་དང་བར་སྣང་ཁེངས
འཁྱམས་ར་ནས་ཆར་བ་འབབ་ཚུལ་ལ་ལྟས་ཏེ
ཐ་མག་གི་དུ་བ་དགུང་སྔོན་ལ་འཕྱོ་དུས
སྐད་ཆ་གང་ཡང་མི་དགོས་པའི་འུ་གཉིས་ཀྱིས
ཆར་བ་འབབ་སྟངས་དེ་སྙན་ངག་ཅིག་ཏུ་སྒོམ་མྱོང
རང་ཉིད་ཡུན་རིང་བྲལ་སོང་བའི་ལོ་ཟླ་དེ
ངས་ཨུ་ཚུགས་ཀྱིས་འདོར་དགོས་སོང་བ་རེད་དམ
ཡང་ན་ཁྱེད་ཀྱིས་སྟག་ཤ་ར་ཞིག་གི་ཚུགས་ཀ་ཤོར་སོང་བ་རེད་དམ
ད་དུང་ང་དང་འདྲ་བའི་སེམས་པ་ཆུང་བའི་བུ་མོ་མང་པོར
ཁ་ཚིག་འགྲིག་འགྲིག་གི་གཏམ་བཤད་པ་གོ་དུས
ངས་ཁྱེད་མཐོང་ནོར་བྱུང་སོང་ཡང་
ལོ་ཟླ་དེ་ནས་སྙན་ངག་གླེང་ཞིང
ལོ་ཟླ་དེ་ནས་བརྩེ་སེམས་གླེང་ཚུལ་ནི
བྲོ་བ་གཞན་ཞིག་སྟེ
ཁྱེད་ནི་སྙན་ངག་ལ་དགའ་བའི་ངའི་སྐྱེས་པ་དེ་ཁོ་ན་ཡིན་ཨང་།
མི་ཚོས་བཤད་ན་དགའ་ཕྱོགས་གཅིག་ན་སེམས་པ་མཐུན་མོ་ཡོད་ཟེར
དེར་བདེན་དུ་མཆིས་ཏེ། འུ་གཉིས་རང་ཁ་མ་འགུལ་ཡང་བསམ་ཚུལ་ཕན་ཚུན་གྱིས་ཀློག་འགྲོ
དེ་ལྟར་རུང་། ལོ་ཟླ་དེ་ཉི་འོད་མེད་ལ་དང་ངུ་སྒྲ་མ་ཆད་པའི་ལོ་ཟླ་ཞིག་ཡིན་པས
ལོ་ཟླ་དེ་རྨི་ལམ་འཁྲུག་པའི་དུས་ཤིག་དང་འཁེལ་ཡོད་ལ
ལོ་ཟླ་དེ་ད་དུང་ཆུ་ཚོད་འཁོར་ལོ་དེ་ཡང་ཆག་སྐྱོན་ཤོར་དུས་ཤིག་ཡིན་པས
ངས་ཁ་རོག་གེར་ལོ་ཟླ་དེར་འགྲམ་ལྕགས་བཞུས་པ་དྲན་ན
ཆ་རྐྱེན་གང་ཡང་མེད་པར་སེམས་པ་ཤོར་མྱོང་ས་ཁྱེད་དྲན་འོང
འུ་གཉིས་ཀྱིས་ཉི་འོད་དང་རྩི་ཤིང་
ཟླ་བ་དང་སྐར་ཚོགས་ཐ་དག་ཀྱང་སྙན་ངག་ཅིག་རེད་ཅེས་ཤོད་མྱོང་བ་དྲན་ན
ངས་དེ་དགོང་མཁའ་དབྱིམས་ལ་ལྟ་ཞོར
བུ་མོ་གཞན་ཞིག་གི་འགུལ་དུ་འཁྱུད་པའི་ཁྱེད་ཀྱི་སྣང་བརྙན་དྲན་ཡོང་
xxxxxxxxxxxx
ཕ་མ་དྲན་པའི་གདུང་བ་དང་། དགའ་བོ་དྲན་པའི་སྐྱོ་བ། ཕ་ཡུལ་དྲན་པའི་ཡིད་ཕམས། ང་ཚོས་མི་ཡུལ་ས་མཐའ་འདི་ན་ང་ཚོས་དུས་ཡུན་ག་ཚོད་མྱོང་དགོས་སམ།
ཚེ་རིང་སྐྱིད་ཀྱིས་སྐྱེས་པ་གྲངས་གཅིག་ཙམ་དྲན།
ཀརྡོ་རབ་འབྱམས་པས་སྐྱེས་མ་མང་དག་དྲན།
ཚེ་རིང་སྐྱིད་ཀྱིས་ཟླ་བ་བཅུ་གཉིས་ཙམ་དྲན།
ཀརྡོ་རབ་འབྱམས་པས་གསུམ་དྲུག་ལྔ་ཙམ་དྲན།
ལོ་གཅིག་མིག་འོག་ཏུ་ཐལ་བ་སུས་དྲན་ནམ།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དྲན།
གཞན་ཡང་་་་་་་་་་་་་་་་་་་་་་་་་་
ང་ཚོའི་ཁྱིམ་ཆུང་ཆུང་ཟེར་ཨེ།
བརྩེ་དུང་།
(ཚེ་རིང་སྐྱིད་ཀྱི་སྙན་ངག་ལས་སླར་ཡང་ང་ལ་ཕྱིར་དྲན་ཞིག་གི་འཆར་སྣང་བསླངས)
བརྩེ་དུང་གི་ཕམ་ཉེས་ཁུར་མ་མྱོང་བ་ཞིག་ལ་མཚོན་ན།
བརྩེ་དུང་གི་རིན་ཐང་རྟོགས་ཐུབ་པའི་གོ་སྐབས་མེད་ཟེར་བའང་བདེན།
སྐབས་མང་པོ་ཞིག་ཏུ་ངས་བརྩེ་དུང་ལ་རྨོངས་དད་ཆེ་དྲག་པ་དང།
སྐབས་མང་པོ་ཞིག་ཏུ་ངས་བརྩེ་དུང་གི་ཆ་རྐྱེན་མང་དྲགས་པའམ།
སྐབས་མང་པོ་ཞིག་ཏུ་ངའི་བརྩེ་དུང་གི་ལྟ་བ་མཐོ་ཆེ་བ།
སྐབས་མང་པོ་ཞིག་ཏུ་ངས་བརྩེ་དུང་ལ་ཚོད་འཛིན་མང་དྲག་པ་བྱུང་མྱོང་།
གང་ལྟར་ངའི་ཐོག་མའི་བརྩེ་དུང་དེ་བྲེལ་འཚུབ་ཞིག་གིས་འགོ་བརྩམས་མྱོང་ལ།
སྨྱོ་རྒྱུགས་ཤིག་གིས་ཀྱང་མཚམས་བཅད་མྱོང་།
དེ་ནས་བཟུང་ང་ལ་མཚོན་ན་བརྩེ་དུང་ནི་རྟོགས་དཀའ་བའི་གསང་བ་ཞིག་ཏུ་གྱུར་བ་མ་ཟད།
གླེང་མི་ཐུབ་པའི་གནད་དོན་ཞིག་ཏུའང་ཆགས་སོང་།
ལོ་གསར་ལ་བཀྲིས་བདེ་ལེགས།
ཅིག་བོར་ཐལ་ཉིག་དྲན་གི་མ་རེད་ཟེར་བར་ཤོག་ཡ།
བགྲང་བྱ་གཉིས་ལྷག་བཅུ་ཕྲག་གཉིས་རིང་གི །
སྙིང་གི་ཚུལ་ལུ་སྙིང་གི་དཀྱིལ་ལས་དོན། །
སྙིང་ལ་སྡུག་གིས་ཚོར་བ་ལྕི་བའི་ཚུལ། །
བཀོད་འདོད་ཆེ་ཡང་རང་ཚུགས་ཤོར་བ་དོགས། །
ཇི་བཞིན་སྨྲ་བའི་སྤོབས་པ་བག་ལ་ཞར། །
གཅིག་ན་གཞན་སེམས་འགུག་བྱེད་ཌོ་ལ་མེད། །
གཉིས་ན་ལྷན་སྐྱེས་གདོང་ལ་བཟོ་ལྟ་མེད། །
གསུམ་ན་གཡོག་འཁོར་རྒྱབ་སྐྱོར་སུ་ཡང་མེད། །
མེད་པ་གསུམ་གྱི་འདུས་མདོར་ལས་པས་འདྲ། །
ཁྱི་བཞིན་ལྕེ་ལྡབ་བྱེད་པའི་གོམས་སྲོལ་མེད། །
གཡོ་སྒྱུ་གཞན་མགོ་སྐོར་བའི་ལག་རྩལ་མེད། །
གཞན་སེམས་དཀུགས་པའི་རྒྱུ་འབྱོར་སྙན་གྲགས་མེད། །
མེད་པ་གསུམ་གྱི་འདུས་མདོར་ལས་པས་འདྲ། །
སྙིང་འདིར་སྡུག་གིས་གང་བའི་ལོ་རྒྱུས་ཏེ། །
སྙིང་སྡུག་སྙིང་དམར་ལྕགས་ལ་གྱུར་བའི་ཚུལ། །
སྙིང་གཏམ་མ་གསང་སྲོང་པོར་བརྗོད་འདོད་འདི། །
ཉིན་རེ་བཞིན་དུ་སྙིང་ལ་ཇེ་ལྩི་རེད། །
དྲང་པོར་བཤད་ན་ཁོང་གིས་ང་ལ་འདི་ལྟ་བྱེད་མི་འོས།
ངས་ཉིན་མ་གཅིག་ལ་གསལ་པོར་ཞིག་བཤད་འདོད་ཡོད།
སྐབས་དེར་སུའི་མཚན་སྙན་ལ་གནོད་ཀྱང་ང་ལ་དགོངས་འགལ་མེད་པར་ཞུ།།
སྦི་རག་འཇུངས་ཞོར་ཡི་གེ་ཞིག་བཀླགས་པ་ཡིན་མོད། ཡི་གེ་འདི་དག་ངའི་མིག་ལམ་ན་འགུལ་གྱིན་འདུག འགུལ་གྱིན་པའི་ཡི་གེ ལྡིང་བཞིན་པའི་ཡི་གེ འགྲོ་བཞིན་པའི་ཡི་གེ་བཀླགས་པ་ཡིན།
སྨོན་ལམ་སྟོང་པ་དེ་མིན་པར། ཅུང་ཙམ་ལྷ་ཡི་ང་རྒྱལ་དང་བཅས་ལོ་གསར་བའི་ནང་བྱ་བཞག་ལྷུན་གྲུབ་ཡོང་རྒྱུར། དམ་པ་ཚོར་ལད་ཟློས་བྱས་ནས་སྨོན་འདུན་ཞུ་རྒྱུ་ཡིན། སྨོན་འདུན་མཐའ་དག་ལ་གཟུགས་མེད། གཟུང་དུ་མེད། རེག་བྱ་མེད། ཁམས་མེད། མིའི་ཁམས་མེད་པ་ནས་ཁྱིམ་པའི་ཁམས་ཀྱི་བར་དུ་མེད་དོ། །
སྙན་ངག་འདིས་ཁྱེད་ཀྱི་འཇོན་ཐང་མངོན་འདུག་ག
བརྩེ་དུང་གིས་ཁ་ཡི་སྐད་ཆ་དང་ཁོག་གི་དོན་སྙིང་ཟོས་པའི་ཤུལ་ན།
ང་དང་ཁྱེད་ལ་ལྷག་པ་ནི་དབུགས་རིང་ཙམ་སྟེ།
དྲོད་དང་རླངས་པ་མེད་པའི་ངུད་མོ་འབའ་ཞིག
འདྲ་ས་མང་ལ་མི་འདྲ་སའང་མང་བའི་ཁྱེད་དང་ངའི་གཏམ་རྒྱུད་ལས།
ཅིས་ཀྱང་མངོན་དུ་འགྱུར་དགོས་པའི་གསང་བ་མང་པོ་ཞིག་མངོན་འདུག་ལ།
ཅིས་ཀྱང་བཤད་འོས་པའི་ཚོར་བ་ལྷོག་ལྷོག་འགའ་ཡང་ལྷིང་ལ་བུད་འདུག
ཁྱེད་ཀྱིས་སྐད་ཆའི་མཚོན་ཐབས་འདི་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་མ་རེད་མོད།
འོན་ཀྱང་རྨས་མ་ཞིག་གིས་རྨས་མ་གཞན་གྱི་ན་ཟུག་ལ་ཚོད་བགམ་བྱེད་ཐུབ་པ་བཞིན།
ཁྱེད་ཀྱི་ངུད་མོ་ལས་ངས་ཁྱེད་ཀྱི་ན་ཟུག་ལ་ཚོད་དཔག་བྱེད་ཐུབ་སོང་།
ཅིག་བྱས་ན་དེ་ནི་ངའི་ན་ཟུག་ཡིན་ནའང་ཐང་གི།